དེ་རིང་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ལ། མགོ་ལོག་དར་ལག་རྫོང་གི་རྫོང་ཐོག་ནས་དགུང་ལོ ༤༢ སོན་པའི་བཟོད་པ་སྤྲུལ་སྐུས་རང་ལུས་མེར་སྲེག་བཏང་འདུག ཁོང་གི་མཚན་དངོས་ལ་བསོད་ནམས་རྒྱལ་མཚན་ཞུ་ཞིང་། ཁོང་ནི ༢༠༠༩ ནས་རྩིོས་ན་རང་ལུས་སྲེག་མཁན་གྱི་མི་ ༡༦ པ་དང་། ༢༠༡༢ ལོ་ནས་རྩིས་ན་མི་གསུམ་པ་ཆགས་ཡོད། རང་ལུས་མེར་སྲེག་སྐབས་ཁོང་གི་ཞལ་ནས་” བོད་རང་དབང་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་སྐད་འབོད་གནང་འདུག་པ་དང་། དེ་དང་མཉམ་རླུང་རྟ་གཏོར་བ་དང་ཁོང་གི་མངོན་འདོད་ཡི་གེ་སྦྱར་འགྲེམས་སོགས་བྱས་འདུག
སྦྱར་ཡིག་སྟེང་། “རང་ཉིད་ནི ༢༠༠༩ ནས་བྱུང་བའི་བོད་མིའི་རང་ལུས་མེར་སྲེག་ལ་རྗེས་དྲན་ཞུ་མཁན་ཞིག་ཡིན་ལ། དེའང་ཆོས་དད་རང་དབང་དང་མི་རིགས་རང་དབང་། མི་ལུས་རང་དབང་དང་སྨྲ་བརྗོད་རང་དབང་ལ་སོགས་པའི་ཆེད་དུ་ཡིན་པ་ལས། སྒེར་གྱི་ཁེ་ཕན་ཆེད་གཏན་ནས་མིན། གཞན་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཆེད་དང་། བོད་མིའི་མ་འོངས་པའི་ཆེད་མཐུན་སྒྲིལ་དང་ཧུར་བརྩོན་བྱས་ཏེ། ཡིད་ཆེས་མ་བརླག་ན། ང་ཚོ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཡོད་ངེས་ཡིན་”ཞེས་བྲིས་འདུག
གསར་འགྱུར་ཡོངས་ཁུངས། འོད་ཟེར་གྱི་ངོ་དེབ་ལས།
དཀོན་མཆོག་མཁྱེན། དངོས་ནས་བསམ་བློ་གཏོང་གིན་གཏོང་གིན། གཞིས་ལུས་བོད་མི་དག་གི་སྙིང་སྟོབས་ཀྱི་མེ་ལྕེ་འདི་མཆེད་སྟངས་ལ་སེམས་པ་སྐྱོ་བ་དང་མིག་ཆུའི་བྲང་ཁོག་བརླན་ཞོར་དུ། ཁོང་ཚོའི་རྣམ་ཤེས་དག་པའི་ཞིང་དུ་སྐྱེ་བར་སྨོན་ལམ་དང་། རིགས་རུས་གཅིག་པའི་སྤུན་ཟླ་ཡོངས་ཀྱིས་ཕྱིས་སུ་འདི་འདྲའི་ཚེ་སྲོག་གོད་ཆག་བསྟུད་མར་མི་བྱུང་བར་འགན་འཁུར་དང་བསམ་ཤེས། དང་ལེན་བཅས་བྱེད་ཐུབ་པར་རེ་སྐུལ་ནན་པོ་ཞུ། ང་ཚོ་གསོན་པའི་ཆེད་དུ་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་དུས། ང་ཚོ་མི་གཅིག་ཡིན་ཡང་། གཏན་ནས་ཤི་མི་རུང་། ཤི་ལས་གསོན་པ་ནི་བདེན་པའི་འཐབ་རྩོད་བྱེད་པའི་ལམ་ཁ་ཆེས་མང་བ་ཡིན། ལྷག་དོན་དུ་བོད་དོན་ལ་སེམས་ཤུགས་མེ་ལྟར་འབར་བའི་དབའ་རྒོད་དག་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་ཕེབས་མི་རུང་གི གཞུགས་དགོས་ཀྱི་འདུག གསོན་དགོས་ཀྱི་འདུག གསོན་པ་དེ་ཡང་༧གོང་ས་རྒྱལ་བའི་དབང་བོའི་དུས་དབང་དུ་གསུངས་མ་ཐག་པ་བཞིན། འཚེ་མེད་ཞི་བའི་ལམ་ཁོ་ནར་བསྟེན་ནས་ང་ཚོའི་བདེན་པའི་འཐབ་རྩོད་བྱེད་དགོས་པ་ཡིན། ངས་འདི་ནས་ལག་ཟུང་སྙིང་གར་སྤྱར་ནས་བོད་མི་སེམས་ཤུགས་མེ་ལ་འཕུད་པར་གྲྭ་སྒྲིག་བྱེད་མཁན་དག་ལ་ཞུ་བ་བྱེད། རང་ལུས་མེ་ལ་མ་བསྒྲོན་རོགས། མེ་ཡིས་ང་ཚོ་ལ་རང་དབང་མི་སྤྲོད། མེ་ཡིས་ང་ཚོའི་སྙིང་སྟོབས་ཚིག་པ་རེད། སྐུ་མཁྱེན། མེ་ལ་མ་སྒྲོན་རོགས། ཞུ་བ་བྱེད། ཞུ་བ་བྱེད། བོད་རིགས་སྤུན་ཟླ་ཚོ། ངའི་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བ་བྱེད། ང་ཚོ་གསོན་དགོས། གསོན་པའི་ཆེད་དུ་ང་ཚོའི་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ལགས།
༄། བརྒྱད་གཉིས་བཅུ་དྲུག་ལང་ཚོ་མེ་ལྕེས་འཚིགས།
བཞི་བཞི་བཅུ་དྲུག་དར་མ་མེ་ལ་བསྲེག
གཅིག་གཅིག་གཉིས་སུ་མེད་པའི་མི་ཚེ་འདིར།
གཉིས་གཉིས་བདེན་པ་བཞི་ཡི་དོན་ལ་སོམས།
སྐུ་མཁྱེན། མེ་ལ་མ་སྒྲོན་རོགས།
སྐུ་མཁྱེན། མེ་ལ་མ་སྒྲོན་རོགས།
སྐུ་མཁྱེན། མེ་ལ་མ་སྒྲོན་རོགས།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། བདག་གི་དགེ་རྩ་གང་ཡོད་པ་ཐམས་ཅད་ཁྱོད་རྣམས་ལ་བསྔོས་སོ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། འཕགས་མཆོག་སྤྱན་རས་ཧཟིགས་དབང་མཁྱེན་ནོ། རྒྱལ་བ་བསྟན་འཛིན་རྒྱ་མཚོས་མཁྱེན་ནོ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
རང་རེའི་བོད་རིག་ཟླ་རྣམས་ལྷག་བསམ་དང་སྙིང་སྟོབས་ལ་གུས་བསུ་ཞུས་ཡོད། སླད་དུ་འདི་འདྲ་རང་ལུས་མེ་མཆོད་མ་གནང་རོག་ བོད་བསྟན་སྲིད་དོན་འདི་ལྟར་ལྷག་་བསམ་དང་སྙིང་སྟོབས་གནང་བར་། ང་བྱིས་ལ་ཡོད་མཁན་ཚོས་ཐུགས་བསམ་གནང་རོག་་མཆོད་འབུལ་དང་དགེ་རྩ་ཡག་པོ་བསྔོ་གནང་རོག
༄། གཞི་ལ་བཞུགས་མཁན་བོད་རུག་སྤུན་ཟླ་ཚོ་ད་འདྲིག་སོང་།་ཁྱོད་ཀྱི་སྙིང་སྟོབས་དེ་རྟོགས་སོང་། ཚེ་སྲོག་ལ་བདག་སྐྱོང་གནང་རོག
བོད་རིག་མདོ་སྨད་དུ་བཞུགས་མཁན་རྣམས་། ཁྱོད་ཀྱི་ལྷག་བསམ་ཤེས་སོང་། ཚེ་སྲོག་ལྡན་དགོས།
སྐུ་ཚེ་རིང་ཁྱོད་རྣམས་ཀྱི་དཔའ་རྩལ་མཇལ་སོང་། ཚེ་སྲོག་རིན་པོ་ཆེ་སུ་ཡི་མེ་མཆོད་ལ་མ་སྦྱོན་། ཡུལ་ལྗོངས་ལ་མི་ལུས་རིན་པོ་ཆེ་ཚེ་སྲོག་་ལྡན་དགོས། ཚེ་སྲོག་ལ་འཕྲོད་རྟེན་དང་ཤེས་ཡོན་དགོས།་ད་ནས་བཟུང་སུ་གང་གིས་ཚེ་སྲོག་འདི་ལ་་ཤེས་ཡོན་གྱིས་རྒྱན་པར་དགོས། ཚེ་སྲོག་ཡུན་རིང་དུ་གནས་དགོས། སྐུ་མཁྱེན།
དོན་ཆེན་བསྒྲུབ་ན་ངང་རྒྱུད་རིང་དགོས་ཞེས་༧གོང་ས་མཆོག་གིས་གསུང་གི་འདུག དེའི་ཕྱིར་བོད་མི་ཚོས་མུ་མཐུད་རང་ནུས་ཅི་འཇོན་གྱིས་ཨུ་ཚུགས་བརྒྱབ་ནས་འཚོ་དགོས་པ་ལས། འདི་ལྟར་མི་ལུས་རིན་པོ་ཆུད་ཟོས་གཏོང་མི་རུང་མཐོང་། འདི་ལྟར་བྱེད་པར་ཁ་ཕྱོགས་གསུམ་མཐོང་གི་འདུག
༡། དང་པོ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་དོ་སྣང་ཐོབ་ཆེད་རེད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནི་ཁེ་ཕན་ཆེ་སར་ཇུས་གཏོགས་བྱེད་པ་ལས། བོད་དོན་ཇུས་གཏོགས་བྱས་ནས་ཁེ་ཕན་ཆེན་པོ་མཐོང་གི་ཡོད་པ་མ་རེད། དེའི་ཕྱིར་བོད་མི་ཚོས་རང་ལུས་བསྲེགས་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་འགུག་ཐུབ་རྒྱུའི་ཡིད་ཆེས་མེད་པ་བྱེད་དགོས།
༢། གཉིས་པ་བོད་མི་ནང་ཁུལ་ལ་སྐུལ་སློང་དང་ཆིལ་སྒྲིག་ཡོང་རྒྱུའི་སྐུལ་སློང་བྱེད་འདོད་པ་རེད། འོན་ཀྱང་བོད་མི་ཚོ་ནི་སེམས་ཤུགས་དང་ཆིལ་སྒྲིལ་ཡང་རྩེར་སོན་ཡོད་པ་རེད། དེ་ནི་གཅན་གཟན་གྱི་པགས་རིགས་བསྲེགས་སྐབས་དང་༢༠༠༨ ལོའི་བོད་ཡོངས་ཀྱི་ཞི་རྒོལ་སོགས་ཀྱི་ཐོག་ནས་མཐོང་ཐུབ་པ་རེད། དེའི་ཕྱིར་འདིའི་ཆེད་དུ་སྲོག་བཏང་ནས་བསྐུལ་སློང་མ་བྱས་ཀྱང་སྲ་ཐག་ཆོད་ཆགས་ཡོད་པ་རེད།
༣། གསུམ་པ་རྒྱ་དམར་གྱི་གཉའ་གནོན་བྱས་དྲགས་པས་རེ་ཆད་དང་འུ་ཐུག་པའི་ལས་འགུལ་ཞིག་རེད། རྒྱུ་མཚན་གསུམ་པ་འདི་ཡང་དང་ལེན་བྱེད་མི་འོས། གང་ཡིན་ཟེར་ན་ང་ཚོས་ག་ཚོད་ཛ་དྲག་གི་ལས་འགུལ་སྤེལ་ཡང་དུས་ཐུང་ནང་འགྱུར་བ་འགྲོ་མི་ཐུབ་པ་གསལ་བོ་རེད། དེའི་ཕྱིར་བོད་དོན་འཐབ་རྩོད་བྱེད་མཁན་ཚང་མ་ཚེ་རིང་པོ་གནས་རྒྱུ་རྩ་ཆེ་ཤོས་རེད། ང་ཚོས་མིག་དཔེ་ལྟ་དགོས་ས་གཅིག་ནི། Neson Mandela རེད། ཁོང་བཙོན་ཁང་ནང་མི་ལོ་ཉི་ཤུ་རྩ་དགུ་ ༢༩ ཡར་མར་ལ་ཨུ་ཚུགས་བརྒྱབ་ནས་བསྡད་རྗེས། གཞི་ནས་བདེན་མཐའ་གསལ་ནས་གཟེངས་རྟགས་དང་རྒྱལ་ཁ་ཐོབ་པ་རེད། གལ་སྲིད་ཁོང་ཨུ་ཐུག་ནས་སྔ་མོ་ནས་རང་ཤི་བརྒྱབ་ཡོད་ན། ཚར་ཚར་ཚར་བ་རེད། རྒྱལ་ཁ་དང་གྲུབ་འབྲས་ཆེན་པོ་དེ་ཚོ་ཆེས་སྔ་མོ་རྩ་མེད་སོང་ཟིན་པ་རེད། དེའི་ཕྱིར་ང་ཚོས་ཁོང་ལ་མིག་དཔེ་ལྟོས་ནས་ལོ་ག་ཚོད་འགོར་ནའང་སྡུག་རུས་དང་བཟོད་སྒོམ་བྱས་ནས་སྒུག་རྒྱུ་རེད། རང་ཤི་བརྒྱག་རྒྱུ་ནི་ཐབས་ལམ་ཞིག་ཏུ་ཡིད་ཆེས་བྱེད་མི་རུང་། ད་དུང་སྐུ་གཤེགས་པཎ་ཆེན་རིན་པོ་ཆེ་ལ་བསམ་བློ་ཐོངས་དང་། ཁོང་གིས་བཙོན་ཁང་ནང་ལོ་དགུ་ལྷག་ལ་སྡུག་པོ་མྱོང་མཐར་རང་དབང་ཕྲན་བུ་ཐོབ་ནས། བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་མཛད་རྗེས་ག་ཚོད་ཅིག་བཞག་མི་འདུག་གམ། གལ་སྲིད་ཁོང་གིས་བཙོན་ཁང་ནང་རང་ཤི་བརྒྱབ་ཡོད་ན་ག་འདྲ་ཆགས་ས་རེད། དེའི་ཕྱིར་ང་མིག་རྒྱངས་རིང་པོ་བྱས་ནས། ང་ཚོས་མཐར་ཐུག་གི་རྒྱལ་ཕམ་དེ་མིག་གིས་མཐོང་ཆེད་། སྡུག་པོ་ག་ཚོད་མྱོང་ནའང་རང་ཤི་བརྒྱག་རྒྱུ་མི་རུང་།