གནས་ཚུལ་འཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ། ༩༨༨༢༦༠༣༩༩༡ / ༨༦༧༩༠༤༤༤༠༥
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ཉིན་མགོ་ལོག་པདྨ་མ་རྫོང་གྱི་མཁར་ཡུལ་ཚོར་བོད་མི་ཞིག་རྒྱ་དམག་གིས་དམར་གསོད་བཏང་འདུག དེ་ཡང་གནས་ཚུལ་ཡོངས་ཁུངས་ནས་རྗོད་པ་ལྟར་ན་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོའི་མཁར་ནང་ཚོ་བ་དང་། རྟོག་རྟོག་ཚོ་བ། གྱི་མཁར་ཡུལ་ཚོའི་གྱི་ལུང་ཚོ་བ་བཅས་ཀྱིས་སྟར་མཁར་ཡུལ་ཚོའི་སྟེང་དུ་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་རྒྱ་གཞུང་གི་རྒྱལ་དར་མར་ཕབ་པ་སོགས་བྱས་པར་རྟེན་མི་མང་པོ་ཞིག་ཉིན་དེ་ནས་བཟུང་རིའི་སྒང་ལ་བྲོས་བྱོལ་བྱེད་དགོས་ཁེལ་ཡོད་པ་དང་། ཉིན་དེ་ནས་བཟུང་ས་གནས་ཡོངས་ལ་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་མཁར་ཡུལ་ཚོའི་ཐོག་ཏུ་གོང་ཚེས་ཉིན་ཞི་རྒོལ་ནང་མཉམ་ཞུབས་བྱེད་མཁན་གྱི་མཁར་ཡུལ་ཚོའི་ཕ་སྟོབས་རྒྱས་དང་། མ་སྦེ་ལོ་གཉིས་ཀྱི་བུ། སྟོབ་དབང་འཛིན་བཟུང་བྱེད་སྐབས། ཆོས་རིས་དང་། འཇམ་དཔལ་བློ་གྲོས། དཀར་ཁོ་སོགས་ཀྱིས་བར་འདུམ་བྱས་པར་ཉེན་རྟོག་པ་དང་དམག་མིས་གང་བྱུང་མེ་མདའ་རྒྱབ་པར་རྟེན། ཆོས་རིས་ཀྱི་གདོང་མདོར་མེ་མདའ་ཕོག་ཏེ་ས་གནས་དེ་གར་སྐུ་གྲོངས་ཡོད་པ་དང་། གཞན་ཕ་ལུག་རེས་དང་། མ་སྦོ་རྡེས་གཉིས་ཀྱི་བུ་སྐར་ཁོ་དང་། འཇམ་དཔལ་བློ་གྲོས་གཉིས་ལ་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་ད་སྐབས་མགོ་ལོག་ཁུལ་ཐོག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག
ཆོས་རིས་ནི་དར་རྒྱས་དང་། པིར་རྡོག་གཉིས་ཀྱི་བུ་ཡིན་ལ། ད་སྐབས་ཁོང་རང་ལོ་ ༢༨ཡས་མས་ཡིན་འདུག་ལ། ཁོང་གི་ཆུང་མའི་མིང་པུག་མོ་ཟེར་ཞིང་། ཁོང་གཉིས་ལ་ཕྲུ་གུ་གཅིག་ཡོད་འདུག
ད་སྐབས་མགོ་ལོག་པདྨ་རྫོང་ནས་དམག་མི་ཕོན་ཆེན་ས་གནས་དེར་སྐྱོད་བཞིན་ཡོད་པའི་གནས་ཚུལ་འདུག
དེ་འདྲ་ཁྱབ་བསྒྲིགས་བྱས་པ་ལ་རྗེས་སུ་ཡིད་རིང་གྲངས་མེད་ཡོད་མུ་མཐུད་བཞིན་དུ་བཏང་རོགས་་་་་་་་
རང་དབང་ཞིག་མ་ཐོབ་ན་བོད་མི་བསད་ནས་ཚར་རྒྱུ་རེད། རྒྱ་དམར་ཚང་ངེད་ཅག་འདུག་ཏུ་མི་འཇིག་རྒྱུ་རེད།
ད་ག་རེ་བྱས་ན་ཡག