ཨ་འདུས་མིག་ཆུ།
རང་རིགས་སྤུན་ཟླ་ཚོ། བོད་རྒྱལ་ཁབ་ལས་གཞན་པའི་རྒྱལ་ཁབ་འདང་ཆེན་ཞིག་འཚོལ་ཅིག་ལབ་མཁན་ཞིག་ཡོང་ན། འུ་ཅག་གི་གནས་ཚང་དུ་གྱུར་བའི་རྒྱ་གར་གཞུང་དང་། དེའི་མི་མང་ནི་ནམ་ཡང་ང་ཚོས་བརྗེད་དུ་མེད་པའི་དྲིན་ལྡན་རྒྱལ་ཁབ་དང་། འདང་ཆེའི་མི་རིགས་ཤིག་ཡིན་པ་ནམ་ཡང་བརྗེད་ག་ལ་རུང་། རྒྱ་གར་གཞུང་མང་གཉིས་ཀྱིས་ནམ་ཡང་ང་ཚོ་བསྐྱབས་ཤིང་། ང་ཚོ་བསྐྱངས་ནས་ཡོད་པ་ག་ལ་བརྗེད་རུང་ཨང་། ཡིན་ནའང་སྤྱི་ཡག་པོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་བྱེ་བྲག་དེ་བཞིན་བཟུང་སྟེ། ཡིད་ཆེས་བློ་འགེལ་བྱེད་པ་ནི་རང་ཉིད་ཕོངས་ལ་སྦྱོར་བའི་ལམ་ཁ་གཙོ་བོ་རེད་སྙམ། ལྷག་པར་རྒྱ་གར་ཡུལ་མི་འགའ་ཞིག་གིས་བོད་མི་འགའ་ཞིག་གི་རྒྱས་སྤྲོས་ལ་བརྟེན་ནས་བོད་པ་ཡོད་དོ་ཅོག་ལ་དཔལ་འབྱོར་འབེལ་བོ་ཡོད་པའི་ལྟ་ཚུལ་འཛིན་པ་དང་། ཡང་འགའ་ཞིག་གིས་དེ་ལ་བརྟེན་པའི་ཕྲག་དོག་སོགས་ལ་བརྟེན་ནས། བོད་མིའི་ལག་ནས་དཔལ་འབྱོར་ལོན་ཐབས་ལ་སྒོ་གང་ཐད་ན་འབད་པ་བྱེད་ཁོ་ཐག་རེད་འདུག
དེ་ལྟར་ན་ནམ་ཡང་འུ་ཚོས་ཅ་ལག་ཉོ་དགོས་ཤིང་། ཅ་ལག་ཉོ་བ་དེ་ཡང་རྒྱ་གར་ཚོང་པའི་ལག་ནས་ཉོ་དགོས་དུས་ངེས་པར་ཕྱོགས་གང་ཐད་ནས་གཟབ་ནན་དང་། མགོ་སྐོར་མ་ཐེ་བ་ཞིག་བཟོ་རྒྱུ་ནི་ཆུ་མ་ཡོང་གོང་གི་རག་དང་། རྐྱེན་མ་ཡོང་གོང་གི་ཟློག་པ་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ད་བར་རྒྱ་གར་ཡུལ་མི་འགའ་ཞིག་དང་། བོད་པ་རེ་ཟུང་ལ་གནས་ཚུལ་མི་ལེགས་པ་བྱུང་པ་དེ་ཡང་། མཐར་གཏུགས་ན་སྒོར་མོ་ཏག་ཏག་ཅིག་མ་འགྲིག་པའི་ཐོག་ནས་ཡོང་བཞིན་པ་གསལ་པོ་རེད། རྒྱ་གར་ཡུལ་མི་འགའ་ཞིག་གིས་ཐད་ཀར་བསམ་བློ་གཏོང་བ་ལས། སྔ་འདང་ཕྱི་འདང་རྒྱག་པའི་ལུགས་སྲོལ་མེད་པ་དང་། བོད་པ་དག་ལ་ནི་ཕུགས་འདུན་ལ་བསམ་བློ་མ་བཏང་བར་ཐད་ཀའི་བསམ་བློ་བཏང་བ་གཅིག་པོས་འགྲིག་གི་མེད་དུས། གང་ལྟར་གཅིག་གིས་ཧམ་སམ་གྱི་ཟ་འདོད་དང་། གཞན་ལ་དཔལ་འབྱོར་བསྲི་ཚགས་ལ་བརྟེན་ནས་རྙོག་དྲ་འགའ་ཞིག་ལང་བཞིན་ཡོད་དུས། དེ་དག་ལ་བོད་པས་ངོས་ནས་བསམ་ཤེས་དང་སྔོན་འགོག་བྱ་རྒྱུ་ལས་མི་འདུག་སྙམ།
དཔེར་ན། ངས་རྒྱ་གར་སྐད་གང་ཡང་མི་ཤེས་མོད། ཁ་རྩང་རང་ཉིད་ཆུ་སྐོལ་གློག་ཆས་བཟོ་བར་འགྲོ་དུས་རྒྱ་གར་གཉིས་ཀྱིས་ངོ་འཛུམ་ཤིག་ཤིག་གིས་ངའི་ཆུ་སྐོལ་ཆས་དེ་སྐར་མ་ལྔ་ཡང་མ་འགོར་ལ་བཟོ་ཚར་སོང་། ང་ཡང་དགའ་སྣང་ལྷན་དུ་ག་ཚོད་རེད་ཅེས་རྒྱ་གར་སྐད་ཤེས་ལ་མི་ཤེས་པ་ཞིག་འཆད་དུས། སྒོར་ལྔ་བཅུ་རེད་ཅེས་ཟེར་ནས་གད་མོ་ལང་བཞིན་འདུག སྐུ་རྩེད་ཡིན་ངེས་སྙམ་ནས་དེ་འདྲ་མ་ལབ་མར་ཏོག་ཙམ་གཅོག་རོག་ལབ་པ་ཡིན། མཐར་ཨུ་ཚུགས་བརྒྱབ་ནས་སྒོར་སུམ་ཅུར་ཕབ་སོང་། དོན་དངོས་བྱས་ན་དེ་ལ་སྒོར་ལྔ་ཡང་མི་འགྲོ་མོད། སྐད་མི་ཤེས་པ་དང་། དང་པོ་ནས་གོང་ཚོད་ཏག་ཏག་མ་བཟོས་པའི་རྐྱེན་གྱིས་ཁོང་ཁྲོ་ཟ་བཞིན་སྒོར་སུམ་ཅུ་སྤྲད་ནས་མི་འགྲོ་རང་འགྲོ་ཆགས་སོང་། སྐབས་དེར་ངས་བཟོད་སྒོམ་བྱས་མེད་ཚེ་ཆག་སྒོ་ཞིག་ལངས་ཡོད་ཁོ་ཐག་ཡིན། དེ་རིང་ཡང་སྒོ་ང་ཞིག་ཉོ་བར་ཕྱིན་པ་ཡིན། ང་ཚོའི་སློབ་གྲྭའི་ཟ་ཁང་གི་སྒོ་ང་གོང་ཚད་ཆེ་བར་དོགས་ནས་ཆེད་དུ་རྒྱ་གར་ཚང་ཁང་ཞིག་ལ་ཉོ་བར་ཕྱིན་པ་ཡིན་ལ། རྒྱ་གར་པ་དེ་དང་ངེད་གཉིས་ཏོག་ཙམ་ངོ་ཤེས་འདྲ་ཞིག་ཡིན་པས་དང་པོར་གོང་ཚད་མ་དྲིས་པར་སྒོ་ང་གྲུ་བཞི་མ་གཅིག་ལབ་པ་ཡིན་ལ། ཁོང་གིས་ཀྱང་ངོ་ཤེས་ཤེས་ཀྱིས་སྒོ་ང་སྒམ་གཅིག་དེ་སྐུད་པ་ཞིག་གིས་ལེགས་པོ་ཞིག་བསྡམས་སོང་། སླར་ཡང་ངས་སྒོར་ག་ཚོད་རེད་ལབ་པ་ཡིན་མོད། ཡིད་མ་ཆེས་པ་ཞིག་ལ་སྒོར་བརྒྱ་དང་ཉེར་ལྔ་རེད་ཅེས་ཟེར། ངས་ག་རེ་དེ་འདྲ་ག་རེ་རེད། ཉིན་ཤས་སྔོན་ལ་ཁྱེད་ཀྱིས་ང་ལ་སྒོར་བརྒྱ་བྱས་ནས་བཙོང་སོང་ལབ་མོད། ཁོས་ཁྱོན་ནས་དེ་འདྲ་བྱས་བཙོང་མེད་ཅེས་ཨུ་ཚུགས་བྱེད་བཞིན་འདུག སྐབས་དེར་རྒྱ་གར་པ་རྐྱང་རྐྱང་རེད་ལ། ས་ཡང་རུབ་ལ་ཡོད་དུས་ངས་རྙོག་དྲ་གང་ཡང་མ་བཟོས་པར་སྒོར་དེ་སྤྲད་ནས་རླུང་ལངས་བཞིན་ཡོང་བ་ཡིན།
གང་ལྟར་ང་ཚོ་བོད་མི་ཚོས་གཟབ་ནན་བྱེད་དགོས་པ་ནི། ངའི་ད་ལྟའི་འདི་དོན་དག་ཆུང་ཆུང་ཞིག་ཡིན་དུས་གལ་དེ་འདྲ་ཞིག་མེད་མོད། སྤྱིར་བཏང་ཅ་ལག་ཆེ་མ་ཆུང་གསུམ་གང་འདྲ་ཞིག་ཉོས་ཀྱང་། གོང་ཚད་དང་པོ་འདྲི་དགོས་པ་དང་། རྙོག་དྲ་མེད་པ་ཞིག་ཐོག་མ་ནས་བཟོ་དགོས་པ་ནི། ངོ་མ་ཁ་ཚ་དགོས་གཏུགས་ཤིག་རེད། མཐར་རྙོག་དྲ་ཆུང་ཆུང་ཞིག་ལ་བརྟེན་ནས་ཆེན་པོ་ཞིག་ལ་མི་གཏུགས་པ་དང་། རྐྱེན་ངན་སྔོན་འགོག་བྱེད་དགོས་དུས་རྒྱ་གར་པར་ཅ་ལག་འདྲ་ཞིག་ཉོས་ཚེ། གོང་ཚད་སྔོན་ལ་འདྲི་དགོས་པ་དང་། སིལ་སྒོར་ཞིག་སློག་དགོས་ན་དང་པོ་སློག་འཇུག་དགོས་པ་ལས་སྔོན་ལ་དངུལ་སྒོར་སྤྲད་རྒྱུ་མི་འདུག འདི་དག་གི་ཐད་ནས་བསམ་ཤེས་དང་འགྲོ་ཤེས་ཡོད་པ་ཞིིག་བཟོ་དགོས་ས་རེད་སྙམ། ངས་འདི་ལྟ་བྲིས་པ་ནི། བོད་པ་དང་རྒྱ་གར་ཡུལ་མི་སྤྱིར་བཏང་ནས་དཔེ་འཆམ་པོ་ཡོད་ཀྱང་། སྐབས་སྐབས་སུ་ཏོག་ཙམ་རྙོག་དྲ་ཆུང་ཆུང་རེ་སླེབ་བཞིན་པ་འདི་དག་རྩ་ཡལ་སོང་ན་སྙམ་ནས་བྲིས་པ་ཡིན་ལགས།
རྒྱ་གར་པས་བོད་ལ་འགོ་སྐོར་བཏངས་པ་རྣམས་བགྲང་ཚོད་ཡོད་པ་མ་རེད། དང་པོ་རྒྱ་གར་བའི་སྲིད་འཚིན་ནེ་རོ་ནས་བཟུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངོ་ཚ་མེད་ནིའི་མྱི་རིགས་སྡུག་ཐུག་ཡོད་ཀི་ཡ། ཧུན་སྒོར་ཁ་ཤས་ཤིག་གི་དོན་ལ་དཀོན་མཆོག་གསུམ་ཟ་རྐྱང་རེད། ཇི་ཙམ་ཆ་རྒྱུས་ཡོད་ན་དེ་ཙམ་གྱིས་མགོ་སྐོར་གཏོང་ཁུལ་བྱེད་ཀི ཁྱི་ཁ་ལ་བསྐྱིལ་ན་ངོ་ལ་མཆོང་ཟེར་དེ་རང་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་རེག་བར་དུ་མགོ་བོ་མ་སྒུར་རང་སྒུར་རེད། དེ་ནས་མགོ་བོ་འདི་སྨད་ནས་སྨད་ཚོད་ཅིག་ཡོད་ས་མ་རེད། ལོ་འདི་དག་གི་རིང་ལ་བློ་གཏད་ཡོད་སའི་རྒྱ་གར་གཅིག་ལ་ཡང་ཐུག་མ་སོང་། གཅིག་ལ་ལྟོས་ན་གཅིག་ངན་གི ཨ་ནམ་མཁའི་བླ་མ་དཀོན་མཆོག།
ཕྱི་རྒྱལ་ལ་ཡོད་པའི་བོད་པ་མ་ཡིན་པས་བོད་པ་ཞིག་ཡིན་ན་རྒྱ་གར་ནག་གཉིས་ཀྱི་བརྙས་བཅོས་འོག་ལ་འདུག་དགོས་པ་སྨྲོས་མེད་རེད། དེ་བཞིན་ང་ནི་དུས་རྒྱུན་སྡ་སའི་ཡོང་གླིང་སློབ་གྲྭའི་ཞབས་ལ་བསྡད་ནས་ལོ་གཅིག་ཙམ་ཕྱིན་སོང་། ངའི་སྡད་སའི་ལམ་ཡར་འཁོར་ལ་རྒྱ་གར་མགྲོན་ཁང་ཞིག་དང་མཉམ་དུ་ཚོང་ཁང་ཆུང་ཆུང་ཅིག་ཡོད་ཚོང་བདག་ནི་རྒན་པོ་སྐྲ་དང་སྨ་ར་གཉིས་ཀ་དཀར་པོ་ཡིན་པ་མ་ཟད་དུས་རྒྱུན་གྱོན་གོས་ཡང་དཀར་པོ་རྐྱང་རྐྱང་གྱོན་མཁན་ཞིག་ཡིན། ཁོང་གི་ཚོང་ཁང་ནང་ནས་བདུན་ཕྲག་རེ་ལ་བོད་པ་མཉམ་དུ་འཁྲུག་པ་ཞིག་ཡོད་ཡོད་པ་རེད་ཡིན་ན་ཡང་བོད་པ་ཚོ་ག་དུས་ཡིན་ན་ཁོས་ལག་ཏུ་ཕམ་ཕམ་ཁ་རེད། ད་དུང་ཁོའི་ཉལ་སའི་ཟུར་དུ་བོད་པ་ཚོ་བརྡུང་བྱེད་རྒྱུག་པ་ཞིག་ཡོད། བོད་པ་ཞིག་རྡུང་དགོས་ན་ཁོ་ལག་མྱུར་ཁ་མྱུར་ལྡན་པ་ཞིག་ཡིན། དེ་རིང་ཡང་བོད་པ་ཕོ་སར་ཅིག་གི་ཁོའི་ཚོང་ཁང་ནས་འོ་མ་ཞིག་ཉོས་ནས་མཐའ་མ་ཁོ་གཉིས་ཕར་ཚུར་རྩིས་འཁྲུགས་ནས་བོད་པ་ཕོ་སར་ཏེ་ཁོས་ལག་ནས་མ་ཤི་ཙམ་ཞིག་བཟོས་སོང་།
དང་པོ། སྤྱིར་བཏང་སྐད་མ་ཤེས་པ་དེའི་བརྙས་བཅོས་ཆེ་བ་བྱེད་ཀྱི་འདུག ང་རྡ་ས་དང་བལ་ཡུལ་གཉིས་སུ་མི་ཚེ་གང་མཚམས་བསྡད་པ་ཡིན། ངས་བལ་སྐད་དང་ཧིན་དྷི་སྐད་ཡག་པོ་ཤེས་ཀྱི་ཡོད། བྱས་ཙང་དེ་འདྲའི་བརྙས་བཅོས་བྱེད་མ་་མྱོང་། གཉིས་པ། བོད་ནས་ཡོང་མཁན་མང་ཆེ་བ་ཧམ་པ་ཆེན་པོ་དང་འཁྲུགས་པ་རྒྱག་མཆོག་མཆོག་ཡོད། ཁོང་ཚོ་སོ་སོའི་ལུང་པ་མཚར་ལོང་བྱུང་ཙང་རང་བཞིན་གྱི་ཧམ་པ་ཆེ་བ་ཡོད། ད་དུང་དམར་ཤོག་གི་ལུང་པའི་མི་ཚང་མ་ཧམ་པ་ཆེ་བ་ཡོད། དེ་འདྲའི་ཤེན་བཞུགས་ཡོད། ང་ཚོ་བཙན་བྱོལ་དུ་སྐྱེས་ཙང་ཧམ་པ་ཆུང་བ་ཡོད། ལྷག་པར་ཕ་མ་དང་སློབ་གྲྭའི་དགེ་རྒན་ཚོས་ང་ཚོར་སྐྱབས་བཅོལ་བ་རེད་ལུང་པ་ཡོད་མ་རེད་ཅེས། ག་དུས་ཡིན་ནའང་སེམས་ཞུམ་དུ་བཅུག་གི་ཡོད། ་འདི་ཡང་ནོར་འཁྲུལ་རེད་ཤག ཕྱི་རྒྱལ་ཡར་ཐོན་ལུང་པར་དེ་འདྲ་རེད་མི་འདུག ཁོང་ཚོས་སེམས་གཟེངས་སུ་བསྟོད་བཅུག་གི་འདུག གང་ལྟར་དྷ་སར་བོད་པར་བརྙས་བཅོས་བྱེད་མཁན་མང་པོ་འདུག ལྷག་པར་དུ་གསར་འབྱོར་བ་ཚོར་བརྙས་བཅོས་མང་བ་བྱེད་ཀྱི་འདུག ང་ལ་རྒྱ་གར་ངོ་ཤེས་པ་ཞིག་གི་རྡ་སར་ཨ་མདོ་གསར་འབྱོར་དེ་ཚོ་ཡག་པོ་མི་འདུག་ལབ་མྱོང་། གང་ལྟར་འདོད་ན་མ་འདོད་ན་ཡུལ་མི་དང་མཐུན་ལམ་བྱེད་རྒྱུ་དང་། ཡུལ་མིའི་གོམ་སྲོལ་དང་བསྟུན་དགོས་པ་དང་དེ་བཞིན་ཡུལ་ཁྲིམས་ལ་བརྩི་བཀུར་བྱེད་དགོས།
ད་དཀའ་ལས་ཁག་པོ་རེད། གསར་འབྱོར་ལ་བརྙས་བཅོས་གཅིག་པོ་དང་སྐད་ཤེས་པ་ཙམ་གྱིས་ཕན་མི་ཐོག་པར་བོད་མི་རིགས་ལ་བརྙས་བཅོས་བྱེད་ཀྱི་ཡོད་པ་ཧ་གོ་ཡོད། ཡིན་ནའང་ང་ཚོ་ལ་བྱ་ཐབས་གཞན་པ་ཡོད་མ་རེད།
༤༽ ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་གསུངས་པ་འདི་ཡི་ནང་ལ་ཐུགས་བསམ་བཞེ་དགོས་པ་མང་པོ་འདུག་སྙམ་ལགས།
རྒྱ་གར་སྐྱག་ལངས་གཏོང་མཁན་བོད་མི་རང་ཉིད་ཚོ་རེད།
བོད་ཕྱིན་ནང་གཉིས་སུ་བོད་རིགས་ཚོས་ཉམས་མྱོང་གང་མང་བསགས་ནས། མཐར་བོད་ནང་ལ་འཛུགས་བསྐུན་བྱ་དགོས་པ་དེ་བསླབ་བྱ་ལེན་ཐུབ་པར་བྱེད་དགོས།
སྤྱིར་བཏང་ཁྱི་སྒོ་ཁའི་བཙན་ཟེར་སྲོལ་ཡོད་པ་ལྟར་རེད། བོད་ནས་ཀྱང་། རྒྱ་རྒན་ཁོ་ལོ་བ་ཚོར་ཕོད་ག་ཚོད་བཙུག་པ་མ་རེད་དམ། འགྲུལ་སྐྱོལ་རླངས་འཁོར་གྱི་གླ་སྡུ་མ་ཚོར། ངུ་མ་ཤེས་དགོད་མ་ཤེས་པ་བཟོས་ཡོད་ནི་རེད། ས་འདི་བར་སླེབས་དུས་སོ་སོ་ལ་ཚུར་དེ་འདྲ་བཟོ་ཡི་འདུག རྒྱ་མའི་ཁྲིམས་དང་དམག་དཔུང་གིས་ང་ཚོ་མགོ་རྒུར་རྒུར་དང་། ཉྭ་ཞུམ་ཞུམ་བཟོས་ནའང། རུ་ཡོང་རྒྱ་རྒན་ཚོར་མགོ་རྒུན་ནི་མ་རེད། དེ་ཡང་རང་ས་རང་ཡུལ་དང་སྡེ་ས་སྡེ་ཡུལ་གྱི་ཁྱད་པར་ཞིག་རེད་འདུག དོན་དངོས་ཐོག་དེ་ནི་བློ་ཁོག་ཅིག་རེད་མི་འདུག
ཨ་འདུས་ལགས།ངོ་མ་བདེན་པ་རེད། ལྔ་དགུ་ལོ་ནས་ད་ལྟ་་བར་ང་ཚོ་ལ་རྒྱ་གར་བ་ཚོས་མགོ་སྐོར་ག་ཚོད་ཅིག་བཏང་ཡོད་དམ། ད་དུང་དེ་ནས་ཀྱང་ཡིད་སྐྱོ་བ་ཞིག་ནི་རྡ་ཤོད་ཀ་ཅ་རའི་ན་བདུན་ཕྲག་རེའི་གཟའ་མིག་དམར་དང་ཕུར་བུ། པ་སངས། སྤེན་པ་བཅས་ཀྱི་ཉིན་མོ་དེ་རེད་ཨང་། ང་ཡང་དེར་ཐེངས་གསུམ་ལ་སོང་བ་ཡིན། འདི་ལྟར་བོད་པ་ཚོས་ས་ཡིག་ཅིག་གི་ཆེད་དུ་ཉིན་གང་བོར་སྒུག་སྒུག་ཏེ་དགོང་མོར་ས་ཡིག་ཏེ་རག་དུས་ཡུན་རིང་བོར་བའི་ནོར་བུ་ཞིག་ལོན་པ་ལྟར་ལོག་འགྲོ་བའི་སྣང་ཆུལ་དེ་རེད་ཨང་། ང་ཚཽར་ད་དུང་འདི་ལྟར་རྒྱ་གར་བ་ཚོས་ཁ་ངོའི་དཀར་ནག་འཚོས་ཏེ་ལོ་ངོ་ག་ཚོད་ཅིག་འདུག་དགོས་སམ།
གནས་ཚུལ་འདིའི་རིགས་གསར་རྙིང་ལ་དབྱེ་བ་མེད་པར་བོད་པ་འདུས་བསྡོད་བྱེད་སའི་རྒྱ་གར་ས་གནས་གང་སར་ནད་ཡུམ་འདི་ཡོད་ཡོད་པ་རེད། དེ་ཡིན་དུས་སྐྱབས་བཅོལ་ནི་སྐྱབས་བཅོལ་རང་ཡིན་དུས་ཡིད་གཟབ་ངང་སྙོམས་ཁུར་དེ་འདུག་རྒྱུ་་གལ་ཆེན་པོ་རེད།
ཧུན་སྐད་ཤེས་དང་མ་ཤེས་ལ་ཁྱད་པར་ཡོད་རྒྱུ་རེད། དེ་ནི་ལག་མ་ཐུག་གི་སྔོན་ལ་ཁ་ཕོ་འཐེན་པ་ནི་མི་རིགས་འདིའི་མི་གཤིས་ཁུར་སྟངས་ཤིག་རེད། ཁ་ཕོ་འཐེན་ཤེས་ན་དགེ་མཚན་ཡོད་རྒྱུ་རེད། དེ་མིན་ཨ་ཕྲུག་ཚོ་ལ་མི་དགའ་བ་ནི་ཨམ་ཕྲུག་ལ་རྒྱུ་ཡོད་པས་མ་རེད་དེ། དབྱིན་མོ་ངང་མོ་ཆ་བོའི་བཟའ་སྐལ་ལག་ནས་ཤོར་འགྲོ་བས་ན་རེད། ཕོ་སྐྱེ་མེད་ན་ཡོང་རྒྱུ་དེ་ག་རང་ཟེར་བ་རེད།
རྒྱ་གར་བའི་ལག་འོག་ལ་བོད་པ་ཚོ་ཉམ་ཆུང་གྲོག་མ་བཞིན་དུ་སྡད་ན་ཡང་ད་དུང་བརྙས་གཅོས་བྱེད་ཀྱང་བྱེད་ཀྱི་ཡོད། ཡི་ན་ཡང་བཙན་བྱོལ་ལ་སྐྱེས་པའི་མི་མང་པོ་ཞིག་གིས་བོད་ལས་ཀྱང་རྒྱ་གར་ལ་དགའ་ཞེན་ཆེ་བ་བྱེད་ཀྱི་ཡོད་པ་དང་། ཤ་རུས་གཅིག་པའི་གསར་འབྱོར་བ་ཚོར་དགྲ་མཐོང་མཐོང་བྱེད་ཀྱི་ཡོད་པ་ནི་ཇི་འདྲའི་ཐབས་སྡུག་ཞིག་རེད།
གོང་ཚད་སྔོན་ལ་འདྲི་བ་གལ་ཆེ། གལ་སྲིད་གོང་ཚད་བློ་མ་འབབ་ན། དགོངས་དགས། ངས་ཉོ་གི་མིན། བཅས་ལབ་ནས་ཚོང་ཁང་གཞན་པར་སོང་ན་འགྲིག་ངེས། དེ་ལ་རྒྱུ་མཚན་མང་པོ་དང་ཚིག་རྩུབ་སྨྲ་ནས་བརྩོད་དགོས་པ་མ་མཐོང་། སྤྱི་བཏང་བོད་པ་ཚོས་རེད་མ་རེད་ཙམ་རྒྱ་གར་འདི་ཚོ་ཟེར་ནས་བཤད་བཤད་བཏང་རྐྱང་བྱེད་དུས། རྒྱ་གར་ཚང་པ་མང་ཆེ་བས་བོད་སྐད་གང་མཚམས་ཤེས་མཁན་ཡིན་དུས། ཕར་ལ་རྩིས་འཇོག་མེད་ན་ཕྱིར་མཐོང་མི་བཞག་པ་ཤེས་ཤེས་པ་རེད། ངས་རྒྱ་གར་དང་འཁྲུག་པ་རྒྱག་མྱོང་། དོན་མེད་གོ་བརྡ་མ་འཕྲོད་ནས་བྱུང་སོང་། གཉིས་ཀ་ཁག་མི་འདུག་ལ་གཙོ་བོར་བོད་པས་ཚིག་རྩུབ་སྔོན་ལ་ལབ་མཁན་མང་བ་མཐོང་། དེའི་ཕྱིར་ཕར་ཚིག་རྩུབ་མ་ལབ་ན་བཙན་དབང་བཏང་འདོག་ཁག་པོ་མ་རེད་བསམ་འདུག སྤྱི་བཏང་འབྱུང་རྩ་དེ་ཕར་ལ་རྩིས་འཇོག་མེད་ན་ཕྱིར་མཐོང་མི་བཞག་པ་ཤེས་ཤེས་པ་དེ་རེད། བོད་པ་ཚོ་སྐྱབས་བཅོལ་པ་ཡིན་རུང་། ་རྒྱ་གར་མཐོང་དུས་བཤད་མི་ཤེས་པའི་ངར་རྒྱལ་དང་སྤོབས་པ་ཞིག་འདུག རྒྱུ་མཚན་དང་ཁུངས་མེད་པའི་རང་སྣང་མཐོ་པོ་ཞིག་འདུག དེ་འདྲ་མིན་ན་རྒྱ་གར་ཚོ་སྡུག་ཅག་དེ་འདྲ་ཞིག་མཐོང་མ་སོང་། འགོ་མ་ཚུད་མཁན་ལག་ནས་ཁེ་སང་ཏད་ཙམ་ཟ་བ་ནི་ཚོང་པའི་རང་གཤིས་རེད། བོད་ནང་གི་བོད་པ་ཚོ་ཡང་དེ་འདྲ་རེད།
ང་རྒྱ་གར་སླེབས་ནས་ད་བར་བོད་པའི་ཚོས་པས་འགོ་རྡུང་བ་ནི་རྒྱ་གར་ཚོང་པས་འགོ་རྡུང་ལས་མང་བ་ཡོད། ཚོང་པ་ནི་ཁེ་སང་རྗེས་ལ་རྒྱུག་པ་ལས་ཚུལ་ཁྲིམས་སྲུང་ནས་བསྡོད་མཁན་མ་རེད། རྒྱ་བོད་ཚང་མ་གཅིག་མཚུངས་རེད།
་་་་ སྤྱི་བཏང་འབྱུང་རྩ་དེ་ཕར་ལ་རྩིས་འཇོག་མེད་ན་ཕྱིར་མཐོང་མི་བཞག་པ་ཤེས་ཤེས་པ་དེ་རེད། བོད་པ་ཚོ་སྐྱབས་བཅོལ་པ་ཡིན་རུང་། ་རྒྱ་གར་མཐོང་དུས་བཤད་མི་ཤེས་པའི་ངར་རྒྱལ་དང་སྤོབས་པ་ཞིག་འདུག རྒྱུ་མཚན་དང་ཁུངས་མེད་པའི་རང་སྣང་མཐོ་པོ་ཞིག་འདུག དེ་འདྲ་མིན་ན་རྒྱ་གར་ཚོ་སྡུག་ཅག་དེ་འདྲ་ཞིག་མཐོང་མ་སོང་། འགོ་མ་ཚུད་མཁན་ལག་ནས་ཁེ་སང་ཏད་ཙམ་ཟ་བ་ནི་ཚོང་པའི་རང་གཤིས་རེད། བོད་ནང་གི་བོད་པ་ཚོ་ཡང་དེ་འདྲ་རེད། ་་་་་ཟེར།
ལུང་རྟོགས་སོགས་བཤད་པ་དེ་གཅིག་བྱས་ན་བདེན་པ་ཡིན་རུང་། གཅིག་བྱས་ན་རྒྱུ་མཚན་གཞན་ཞིག་ཡོད་དོགས་རེད། ཐོག་མར་ཕར་ཚིག་རྩུབ་སྨྲ། ཕྱིར་འཁོན་ལན་ལོག་དུས་ད་གཟོད་སོ་སོར་སྐྱབས་བཅོལ་ཡིན་པ་དྲན་ནས་མཉམ་མཉམ་ཉམ་ཆུང་བྱས་ནས་བསྡོད་ན་ཕྱིར་དྲགས་པ་དང་རང་གིས་སྡུག་གྱོན་ཉོས་པ་མིན་ནམ། དེ་འདྲ་མང་པོ་བྱས་ན་རྒྱ་གར་པ་ཡང་སྐྱག་ལོངས་མ་ཤོར་རང་ཤོར་མ་རེད་དམ། ག་དུས་ཡིན་ན་རང་ལ་མཐོང་ཞིག་དགོས་ན་ཐོག་མར་ཕར་རྩིས་འཇོག་བྱ་དགོས། ཕར་ལ་རྩིས་འཇོག་མེད་ན་ཕྱིར་མཐོང་མི་བཞག་པ་ཤེས་ཤེས་པ་རེད། ་གོང་ནས་ཁག་གཅིག་གིས་བཤད་པ་བཞིན་འཁྲུག་པ་རྒྱག་ཆོག་ཆོག་བྱས་མཁན་ཚོ་བོད་ནས་ཡོང་མཁན་མང་པ་འདུག་ཟེར་བ་དེ་རྒྱུ་མཚན་མེད་པ་རང་མ་རེད། བོད་མི་ཁག་གཅིག་གིས་ཕྱི་རྒྱལ་འགྲོ་རྩིས་དམིགས་ནས་ར྄ྱ་གར་གནས་སྐབས་ཙམ་བསྡོད་པའི་བསམ་བློ་འཁུར་ནས་སྔར་བསམ་ཕྱིར་འདུན་མ་རྒྱག་ན། གྱོང་དེ་འདིར་བསྡོད་མཁན་བོད་པ་དང་། རྗེས་མ་ཡོང་མཁན་གསར་འབྱོར་ཚོའི་མགོར་ལྷུང་བ་ནི་རང་བཞིན་ཡིན་པས། ང་ཚོས་སྡུག་སྐད་ཁོ་ན་རྒྱག་ན་མི་ཕན་པར་གཟབ་གཟབ་བྱེད་པ་གལ་ཆེ་མཐོང་།
ནུབ་ཕྱོགས་གངས་ཕྲུག་གི་བཤད་པར་ཡིད་ཟབ་བྱེད་གལ། གསར་འབྱོར་དང་གཞིས་ཆགས་གི་དབྱེ་བ་ཧ་ཅང་མང། དེ་འདྲའི་གཏམ་ངན་བོད་པ་ཚང་ལ་ཉུང་ན་བཟང། དེ་འདྲིའི་གཏམ་ངན་མཆན་ལ་མི་འཇོག་ཞུ།
མ་གཞི་ནས་ཁྱེད་ཚོ་ཡ་རབས་དང་ བཟང་སྤྱོད་ཀྱི་ཁྱིམ་ཚང་དང་སྤྱི་ཚོགས་ནང་འཁྲུངས་ཡོད་ན་ བོད་མི་རིགས་ལ་ཕན་པའི་བཟང་སྤྱོད་ག་ཚོད་ཞིག་བསྒྲུབས་མྱོང་ངམ། ངས་བལྟས་ན་དེ་ལས་གནོད་པ་མང་བར་མཐོང་…………………………………….
སྒོར་ལ་ཐུག་དུས་རྒྱ་གར་བས་གང་ཡང་བྱེད་ཐུབ། ཕ་གཅིག་ལ་བུ་གཉིས་ཡོད་པའི་དབང་དུ་བཏང་ན་ཕ་གྲོངས་པའི་རྗེས་སུ་བུ་དེ་གཉིས་ཀྱི་དབར་ལ་ཕའི་རྒྱུ་རྫས་ཐོབ་ཤོར་གྱི་རྩོད་རྙོག་ཡོང་རྒྱུ་ཡིན་པ་རྒྱ་གར་བ་བརྒྱ་ཆ་བརྒྱད་ཅུའི་གནས་སྟངས་ཀྱི་ཐོག་ནས་མཐོང་ཐུབ་ཀྱི་འདུག དེར་མ་ཟད་ཁྲིམས་ཐོག་ནས་ཕ་མའི་རྒྱུ་ནོར་གྱི་བདག་དབང་རང་ལ་ཐོབ་ཚེ་ཕ་མ་སྒོར་འཕུད་པ་དང་ཐ་ན་གསོད་པའི་གནས་ཚུལ་ཡང་མང་པོ་ཡོད་པ་རེད། གྲོགས་པོ་ཅི་འདྲ་ཞིག་ཡིན་རུང་སྒོར་གྱི་ཁེ་ཕན་ལ་ཐུག་དུས་མགོ་སྐོར་གཏོང་ཨེ་ཐུབ་བལྟ་བ་ལས་གྲོགས་ཀྱི་འདུ་ཤེས་ཟེར་བ་ཞིག་བསམ་པའི་གཏིང་ནས་ཡོད་པ་མ་རེད། འདི་ལྟ་བུའི་རྒྱ་གར་བ་ཤིན་ཏུ་མང་། བོད་གཅིག་པོར་དེ་ལྟར་བྱས་པ་མ་རེད། འདི་ད་ལྟའི་ཆར་རྒྱ་གར་གྱི་མྱི་རབས་གསར་པའི་འཇིག་རྟེན་ན་མྱུར་ཚད་དང་སྟོབས་ཤུགས་གཉིས་ཀ་རྒྱས་བཞིན་པའི་ནད་ཡམས་ཤིག་རེད། དཔལ་འབྱོར་གྱི་དུས་རབས་ཤིག་ཡིན་པ་ཤེས་ཀྱང་དཔལ་འབྱོར་གྱི་དུས་རབས་ཤིག་སྐྱོང་སྟངས་མ་ཤེས་པའི་རྨོང་འཐོམ་གྱི་བྱ་སྤྱོད་ཅིག་རེད། འདི་འདྲའི་ཆེས་ཁྲེལ་མེད་དང་ཆེས་བསམ་མེད་ཀྱི་དཔལ་འབྱོར་འདུ་འགོད་ཁྲོད་ནས་མཐར་ཐུག་གི་གྱོང་གུད་འཁུར་མཁན་ནི་དབུལ་པོ་རྣམས་རེད། དབུལ་པོ་མང་ཤོས་ཡིན་པའི་རྒྱ་གར་གྱི་གནས་བབས་འདི་འདྲ་ཞིག་ཡིན་པས་རྒྱ་གར་གྱི་མི་འབོར་མང་ཆེ་བ་དེ་ལྟའི་སྡུག་བསྔལ་མྱོང་མཁན་ཡིན་པ་རེད་ལ་རྒྱ་གར་བའི་གོམས་གཤིས་འདི་འདྲ་ཞིག་ཏུ་གྱུར་ཟིན་པས། གོ་སྐབས་བྱུང་ན་རྒྱ་གར་བ་མང་ཆེ་བ་དེ་ལྟའི་སྡུག་བསྔལ་སྐྲུན་མཁན་ཡང་ཡིན་པ་རེད།
ང་ཐེངས་ཅིག་རྒྱ་གར་ཀ་ལི་མིན་ཀྲོང་ལ་སོང་བ་ཡིན། ཉིན་དེར་ངོ་ཤེས་འགའ་དང་མཉམ་དུ་ཇ་ཁང་ཞིག་གི་ནང་དུ་སྡོད་སྐབས་ཕར་ཕྱོགས་ཚོང་ཁང་ནང་དུ་བོད་པ་ཞིག་གིས་ལྷམ་མཐུར་ཅན་<>ཞིག་ཉོས། ཚོང་མཁན་རྒྱ་གར་པ་དེའི་ལག་ཏུ་བོད་པ་ཕོ་གསར་དེའི་དངུལ་གོ་ལྔ་བཅུ་ཅན་ལྟེབ་ཚིགས་རྒྱབ་པ་ཞིག་བཞག་པ་ང་རང་གིས་མིག་གིས་མཐོང་། དེ་ནས་ཕོ་གསར་དེའི་ལྷམ་མཐུར་ཅན་ཐང་ལ་བཞག་ནས་རྐང་པར་གྱོན་ནས་ལྟ་ཙམ་འགའ་བྱས། རྒྱ་གར་པའི་ཕོ་གསར་དེ་ལ་དངུལ་ཁུར་ཤོག་ཟེར། ཕོ་གསར་དེས་རྒྱ་གར་ལ་དངུལ་སྤྲད་ཟིག་པ་ཡིན་ཟེར། རྒྱ་གར་དེས་དངུལ་སྤྲད་རྒྱུ་མ་བྱུང་ཟེར། དེ་ནས་བོད་པ་ཕོ་གསར་དང་རྒྱ་གར་གཉིས་ལ་ཁ་རྩོད་ཤོར། བོད་པ་ཕོ་གསར་དེའི་ཧི་སྐད་ཡག་པོ་མི་ཤེས་པས་རྒྱ་གར་དེའི་མཐའ་ཁོར་གྱི་རྒྱ་གར་བ་མང་པོ་ཡོང་ནས་བོད་པ་དེར་ཁ་རུབ་རྒྱབ་པའི་མཐར་ལག་འཛིར་བྱས་ནས་ཕོ་གསར་དེ་མི་མང་གིས་རུབ་རྡུང་བྱས་མཐར་ཉེན་རྟོག་པར་རྩིས་སྤྲོད་བྱས་སོང་། ས་དེའི་བོད་པ་གཞིས་ཆགས་པ་མང་པོས་མཐོང་ཡང་ཕོ་གསར་དེ་གསར་འབྱོར་ཞིག་རེད་ཟེར་ནས་རྒྱབ་རོགས་མ་བྱས་པ་མ་ཟད་ད་དུང་ལྟད་མོ་ལྟས་ནས་འདུག ངས་ཉེན་རྟོག་པར་དྲང་བདེན་ཞིག་གནང་རོགས་མི་དེའི་ཚོང་བདག་ལ་དངུལ་སྤྲད་པ་མིག་གིས་མཐོང་སོང་ཅེས་བཤད་པ་ཡིན། ཉེན་རྟོག་པས་ང་ལ་ཁྱོད་སུ་ཡིན་ཟེར། ང་འདི་ཡིན་ཅེས་ལག་འཁྱེར་ཅིག་བསྟན་པ་ཡིན། དེ་ནས་གནས་ཚུལ་ཇི་མ་ཇི་བཞིན་བཤད་ནས་རྒྱ་གར་པ་དེའི་གློ་ཁུག་ནང་གི་ལྟེབ་ཚིགས་ཅན་གྱི་དངུལ་ལོ་ལྔ་བཅུ་ཅན་དེ་བླངས་དུས་ཕོ་གསར་དེས་དངུལ་དེ་ངའི་རེད་ཟེར། ཕོ་གསར་དེ་ཁམས་ཀོང་ཇོ་ནས་རེད། ས་ཆ་དེར་གཉེན་མི་སར་ཡོང་བ་ཡིན་ཟེར།
གཅིག་སྐད་མ་ཤེས་པའི་དཀའ་ངལ་དང་། གཉིས་ནས་བོད་པ་ཡིན་པས་གྱོང་དེ་འདྲ་རག་པ་རེད།
ཡག་ན་རེད་སྡུག་ན་རེད། ང་ཚོ་རྐང་པ་འཛུགས་ས་རྒྱ་གར་མ་གཏོགས་མེད། དེ་བོད་པ་མང་པོ་ཞིག་གིས་ཁྱོན་ནས་མགོ་ཚོས་ཀྱི་མི་འདུག ལམ་སེང་རྒྱ་གར་ལ་ཁ་གཏོང་རྐྱང་བྱེད་ཀྱི་འདུག ངོ་དེབ་ནང་ནས་ཀྱང་རྒྱ་ནག་གི་དཔོན་རིགས་ཁག་རྒྱ་གར་ལ་སླེབས་དུས་ང་ཚོར་བཀག་སྡོམ་ཅུང་ཙམ་བྱས་པ་ཙམ་གྱིས་དམིགས་འབེན་དགྲ་བོ་བརྗེད་ན་རྒྱ་གར་ཕྱོགས་ཁ་གཏོད་ཀྱི་འདུག དེ་ཚོ་ནོར་བ་རེད། གཟབ་གཟབ་བྱེད་དགོས་ཀྱི་འདུག གཙོ་བོ་བོད་པ་ཚོ་ཀུན་སྤྱོད་ཡག་པོ་བྱེད་དགོས་ཀྱི་འདུག་ མཚམས་ལར་བོད་པ་ཚོས་སོ་སོ་སྐྱབས་བཅོལ་ཡིན་པ་བརྗེད་ནས་རྒྱ་གར་ལ་འཇིང་པ་སྦོམ་པོ་བྱེད་ཀྱི་འདུག བཟོད་སྒོམ་བྱེད་ཐུབ་ན་ཡག་པོ་འདུག རྒྱ་གར་གཞུང་དམངས་གཉིོས་ལས་བོད་ལ་བཀའ་དྲིན་ཆེ་བ་ཞིག་མེད
རྡ་སའི་བོད་པ་ཚོས་རྒྱ་གར་བ་དངུལ་ལ་དགའ་བོ་རེད། ཅེས་ཁ་བཏང་རྐྱང་བྱེད་ཀྱི་འདུག དོན་དངོས་ལ་རང་གཞན་ཚང་མ་དངུལ་དང་དཔལ་འབྱོེར་ལ་དགའ་བོ་ཡོད་པ་སྨོས་མི་དགོས། བླ་གྲྭ་རྣམ་པ་ཡང་དངུལ་ལ་དགའ་ནས་ཕྱི་རྒྱལ་གང་མང་ཕེབས་ཀྱི་ཡོད། ལྷག་པར་ཐེ་ཝེན་དང་ཧོང་ཀོང་། སིང་ག་པུར་སོགས་བླ་གྲྭ་རྣམས་དངུལ་བཟོས་སླ་བ་ཡོད། ནུབ་ཕྱོགས་ལུང་པར་དེ་ལས་ཅུང་དངུལ་བཟོས་དཀའ་བ་ཡོད། ལོ་ངོ་ཉི་ཤུའི་རིང་བོད་པ་ཚོ་ཕྱིའི་རྒྱལ་ཁབ་མང་པོར་སོ་སོའི་དཔལ་འབྱོོར་ཆེད་ཁྲིམས་མཐུན་དང་ཁྲིམས་འགལ་ཐོག་སྟོང་ཕྲག་ཁ་ཤས་སླེབས་་ཡོད། གང་ལྟར་སོ་སོའི་སྐྱོན་ཤེས་དགོས། ད་དུང་རྒྱ་གར་ས་ཆ་དགར་བོད་པ་ཚོང་པ་ཚོས་དུག་ལོག་དང་ལྷམ་གོང་ཆེན་ཚོང་མཁན་དེ་ཚོས་རྒྱ་གར་མདོག་སྐྱོ་བོ་ཚོང་ཁང་ནང་འཛུལ་མ་ཐག ལམ་སེང་བརྙས་བཅོས་ཀྱི་ཁྱེད་རང་ཉོ་ཐུབ་ཀྱི་མ་རེད་ཕར་རྒྱུགས་ཅེས་དེ་འདྲ་ཟེར་མཁན་ཡང་ཡོད། ཡིན་ནའང་དྷ་སའི་taxi driver དེ་ཚོ་དངོས་གནས་མ་རབསཡོད། དྷ་རམ་ས་ལ་ལུང་ཁུག་སོང་ཙང་བོད་པ་ཚོས་རྒྱས་སྤྲོས་ལ་དགའ་བོ་ཡོད་པས་་ཡུལ་མིའི་མིག་ལ་མ་འགྲོ་བ་ཡོང་སྲིད། མདོར་ན་བོད་རིགས་ཚོ་ནུབ་ཕྱོགས་རྒྱལ་ཁབ་ལ་འགྲོ་ཐུབ་ན་རྒྱ་གར་དང་བལ་ཡུལ་གྱི་ཡུལ་མི་དང་ཁྲིམས། དཔལ་འབྱོར་གང་ཅིའི་ཐད་ནས་བཟང་བ་ཡོད་པས་དེར་འགྲོ་ཐུབ་ན་ལེགས།
རྒྱ་གར་ནས་འདུག་ཐུབ་པའི་ཆེད་དུ་རྒྱ་གར་ལ་ངོ་བསྟོད་བྱེད་པ་ནི་མ་རབས་རང་རེད། གོང་ས་མཆོག་གི་དགོངས་བ་དཀྲུག་གི་བསམ་ནས་མགོ་བོ་དམའ་ཙམ་བྱས་བ་ལས། ཐུབ་ཚོད་དང་གཉའ་གནོན་ནི་རྒྱ་གར་ནག་གཉིས་ཀས་སུས་བཏང་ན་ཡང་གཅིག་པ་རེད། མགོ་སྒུར་དགོས་དོན་མེད། འདུག་མ་ཐུབ་ན་རྒྱལ་ཁབ་གཞན་ཞིག་ལ་སོང་ན་འགྲིག་པ་རེད། དེང་སང་གི་སྐྱབས་བཅོལ་ནི་མཚོ་ལམ་དང་མཁའ་ལམ་ནས་གང་སར་འགྲོ་ཆོག་ཆོག་རེད། རྒྱ་གར་གྱི་སྐྱབས་བཅོལ་གྱི་བདག་དཔང་མེད་པའི་སྐྱབས་བཅོལ་རྫུན་མ་འདིས་ང་ཚོ་འཛམ་གླིང་འདིའི་སྟེང་ནས་ཡར་གྱི་ལྷ་གྲལ་ལ་མི་ཐོན་པ་དང་མར་གྱི་འདྲེ་གྲལ་ལ་མི་ཚུད་པ་ཞིག་བཟོད་ཡོད་པ་ཤེས་ན་བཟང་།
དངུལ་ཡོད་ན་རྒྱ་གར་བའི་དཔོན་པོ་རེད་དངུལ་མེད་ན་རྒྱ་གར་བའི་མི་གདུང་འདེག་གཏང་ས་རེད་སྟེ
་རྒྱ་གར་ཅིག་པོ་མ་རེད་་བོད་རྒྱ་ནག་འཛམ་གླིང་འདི་ཐོག་ཚང་མ་འདི་འདྲ་རང་རེད་
གང་ལྟར་བོད་རང་བཙན་ཐོབ་ན་བོད་ལ་འགྲོ་རྒྱུ་རེད་དེ་མ་ཐོབ་བར་དུ་རྒྱ་གར་ནང་འདུག་རྒྱུ་རེད་་་་་་་་་
རྒྱ་གར་བོད་མིར།
རྒྱ་གར་བཀའ་དྲིན།
རྒྱ་གར་ནང་ཆོས།
རྒྱ་གར་ཆོས་བརྒྱུད།
རྒྱ་གར་མི་རིགས།
རྒྱ་གར་སློབ་གསོ།
རྒྱ་གར་གློ་བརྙན།
རྒྱ་གར་འབྲས་རྡལ།
རྒྱ་གར་ཡུལ་ཆུ།
རྒྱ་གར་ང་ཚོའི།
རྒྱ་གར་མགོ་སྐོར།
ཧ་ཧ་ཧི་ཧི། །