གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།
མགྲོན་བརྡ།
མི་མངོན་སེམས་ཀྱི་གསང་བའི་སྣང་བརྙན་ཀུན།།
མ་འདྲེས་རྣམ་པར་བཀྲ་བ་ངག་གི་འཕྲུལ།།
སྒྱུ་རྩལ་ཚོར་འདུ་གཡོ་བའི་མཛའ་ན་མོ།།
རྩོམ་རིག་ལང་ཚོས་འཇིག་རྟེན་བཟི་གྱུར་ཅིག །
སྒྱུ་རྩལ་ལ་དགའ་ཞིང་རྩོམ་རིག་ལ་དུང་པའི་རིགས་མཐུན་གྱི་མཆེད་གྲོགས། ཕ་སྐད་ལ་བརྩེ་ཞིང་མ་ཡིག་ལ་དུངས་པའི་སྤུན་ཟླ། གུས་པས་ཁ་ལ་དཔོག་པའི་སོ་དང་ལུས་ལ་རན་པའི་གོས་ཀྱི་དཔེ་ལྟར། རྩོམ་རིག་གི་དེབ་གསར《བོད་ཀྱི་རྩོམ་རིག་འཇུག་སྒོ》དང་《བོད་ཀྱི་རྩོམ་རིག་སྤྱི་བཤད》ཅེས་པ་གཉིས་པར་བསྐྲུན་ཞུས་པ་འདི་བཞིན། སྤྱི་ལོ ༢༠༡༤།༦།༡༣། ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྒོ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཞུ་འཆར་ལ། སྐུ་ཉིད་མཛད་སྒོའི་ཐོག་དུས་ཐོག་ཆར་པ་ལྟར། རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་ངེས་ཕེབས་གནང་སྐྱོང་བཀའ་དྲིན་བརྩེ་གཟིགས་མཁྱེན་ཞུའི་མགྲོན་བརྡར།
གུས་བེ་རི་འཇིགས་མེད་ཀྱིས། སྤྱི་ལོ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་གུས་ཕུལ།
འབྲེལ་བ་གནང་ཡུལ་གྱི་ཞལ་པར། ༨༨༩༤༦༡༠༥༤༡ / ༩༨༡༦༡༦༩༤༥༨ / ༠༨༩༥༣༡༢༣༣༠༡
མཛད་རིམ་སྙིང་བསྡུས།
༡ 》 ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་རྣམ་པ་བཞུགས་གྲལ་དུ་འཁོད་གྲུབ་མཚམས་རྩོམ་པ་པོས་དཔེ་དེབ་གསར་སྐྲུན་དང་འབྲེལ་བའི་གསུང་བཤད་གནང་རྒྱུ།
༢》 ཆུ་ཚོད་ ༡༠ སྐར་མ་ ༡༥ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དཔེ་དེབ་དབུ་འབྱེད་དང་འབྲེལ་བཀའ་སློབ་གནང་རྒྱུ།
༣》 ཆུ་ཚོད་ ༡༠ དང་ཕྱེད་ཐོག་དམིགས་བསལ་སྐུ་མགྲོན་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་ནས་གསུང་བཤད་གནང་རྒྱུ། 《གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུ་རྒྱུ།》
༤》 ཆུ་ཚོད་ ༡༠ དང་སྐར་མ་ ༤༥ ཐོག་མཛད་སྒོའི་གཙོ་སྐྱོང་པ་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས་ནས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་རྒྱུ།
སྤྱི་ལོ ༢༠༡༤།༦།༡༣། ཉིན་་་་་་་་་་་་་་་་་་་་་་་་་་་་ཧ་ཧ་ཧཧཧཧཧཧཧཧཧཧཧཧཧཧ
༢༠༡༤ ༦ ༡༣ ་ཉིན་ནི་ཡོལ་ཟིན་༢༠༡༤ ༧ ་/ ་༨ ཉིན་ལ་གསལ་བསྒྲགས་སྤེལ་དུས་ཁེལ། ་ངོ་མ་མགོ་ཐོམས་སོང་། གང་ལྟར་འཚམས་འདྲི་ཞུ། དེབ་དེ་ལྡི་ལི་ནས་ཉོས་ནས་ཀློག་བཞིན་ཡོད