གཞུང་པ་ཚེ་དབང་བསོད་ནམས།
སྤྱི་ ༡༩༥༩ ལོར་བོད་ས་ཤོར་ནས་ང་ཚོ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ལོ་ ༡༩༦༠ པའི་ལོའི་སྤྱི་ཟླ་དགུ་པའི་ཚེས་ ༢ ཉིན་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་ལས་སྒྲུབ་པའི་མི་མང་གི་འཐུས་མིའི་སྒྲིག་འཛུགས་སྤྱི་འཐུས་ལྷན་ཚོགས་བཙུགས་ནས་ང་ཚོ་མང་གཙོའི་ལམ་དུ་འགྲོ་རྒྱུའི་གོམ་པ་དང་པོ་སྤོས་པ་ནས་རིམ་པས་ཉམས་མྱོངས་བསགས་རིམ་བཞིན་སྤྱི་འཐུས་ཀྱི་གྲངས་ཚད་སྤར་རྒྱུ་དང་ས་གནས་འཐུས་མིའི་སྒྲིག་འཛུགས་གསར་འཛུགས་དང་། ཕྱི་རྒྱལ་ལུང་པའི་ནང་ཡོད་པའི་བོད་མི་འདུས་སྡོད་ས་ཁུངས་ཀྱི་འཐུས་མི་བསྐོ་རྒྱུ་སོགས་སྤྱི་ལོ་༡༩༩༡སྤྱི་ཟླ་༦པའི་ཚེས་༡༤ཉིན་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་གཏན་འབེབས་གནང་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་མཆོག་མཆན་མཚན་རྟགས་དེ་སྤྱི་ལོ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པའི་དུས་ཚེས་དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༡༥ ཡོད་པ་དེ་དག་ཁྲིམས་ཡིག་དུ་རྒྱུར་ནས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་འཛིན་སྐྱོང་སྡེ་ཚན། ༼Executive ༽ དང་། ཁྲིམས་བཟོ་སྡེ་ཚན། ༼ Legislature༽ ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ བཅས་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱིས་ཀ་བ་གསུམ། ༼ Three Pillar of Democracy Government ༽ འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ། ༼Check and Balance System ༽ ནས་སྡེ་ཚན་གསུམ་གྱིས་ལས་དོན་ཡོངས་རྫོགས་བཅའ་ཁྲིམས་ཀྱི་འོག་ནས་འགྲོ་དགོས་པ་ནས་མང་གཙོ་ཁྲིམས་ཀྱིས་དབང་བསྒྱར་ཟེར་བའི་གོ་དོན་ཡང་དེ་ཡིན་པ་ནི་གཅིག་གི་གཅིག་ལ་འགན་འཁུར་དགོས་པ་དང་ལན་རྒྱབ་དགོས་པ། ༼ Responsible and Answerable ༽ དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། བཅས་སྡེ་ཚན་གསུམ་ནས་ལས་དོན་ག་འདྲ་ཞིག་གནང་གི་ཡོད་རུང་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་མ་འགལ་བ་ཞིག་དགོས་པ་ནི་སྡེ་ཚན་སོ་སོའི་ལས་འཁུར་དམ་བཅའི་ཚིག་གཞི། ༼ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད། ༽ ཟེར་བའི་འོག་ཏུ་ལས་འགན་སྒྲུབ་དགོས་པ་ལས། སྤྱི་འཐུས་སྐབས་བཅུ་དྲུག་དང་། བཀའ་ཤག་སྐབས་བཅོ་ལྔ་གཉིས་ཀྱིས་ལས་དུས་སྐབས་ཁྲིམས་འགལ་གྱི་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་ནས་བཙན་བྱོལ་བོད་མིའི་མང་གཙོ་དེ་ཁྲིམས་ཀྱིས་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་དབང་བསྒྱུར་ལ་ཁ་ཕྱོགས་པའི་ཉི་མ་ནག་པོ་ཡིན་པ་དེ་བཙན་བྱོལ་བོད་མིའི་མང་གཙོའི་ལོ་རྒྱུས་ནང་སུབ་ནས་དུས་ནམ་ཡང་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ལེའུ་ཞིག་གསར་གཏོད་གནང་བར་ངོས་འཛིན་ཞུ་གི་ཡོད། སྤྱི་འཐུས་སྐབས་བཅུ་བདུན་པ་འདི་ལ་མི་མང་ནས་བདེ་སྙན་ག་ཚོད་ཕུལ་ཀྱང་བཀའ་ལན་ཕར་བཞག་ཡིག་གེ་འབྱོར་བའི་འབྱོར་ལན་ཙམ་ཡང་མེད་པ་ནས་འདི་དག་མི་མང་ལ་མཐོང་ཆུང་གིས་ཡིག་ཁྱམས་ལ་ངོས་འཛིན་གྱིས་དོན་དངོས་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་སྡུས་ལ་ཁ་ཕྱོགས་པ་མ་རེད་དམ།