གཞུང་པ་ཚེ་དབང་བསོད་ནམས་ནས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དར་ནས་མི་ལོ་དྲུག་བཅུ་ལ་ཉེ་བ་དང་ཁྲིམས་ཀྱིས་དབང་བསྒྱུར་འོག་ཁ་ཕྱོགས་ནས་མི་ལོ་སུམ་བཅུ་ལ་ཉེ་བའི་སྐབས་འདིར་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མང་གཙོ་དང་དམངས་གཙོ་དོན་གཅིག་ལ་བསམ་ནས་བེད་སྤྱོད་བྱེད་བཞིན་པ་དང་རང་བཙན་དང་རང་དབང་གང་བསམ་ཁ་ནས་འདོན་བཞིན་པ་དེ་དག་་མ་དག་པའི་ཚིག་སྤྱི་ཚོགས་ཀྱིས་གོམས་གཤིས་སུ་དར་ནས་བེད་སྤྱོད་བྱེད་བཞིན་པ་དང་མང་གཙོ་ ( DEMOCRACY )ནི་མི་མང་བའི་རྗེས་ལ་མི་ཉུང་བ་འགྲོ་དགོས་པའི་ཆབ་སྲིད་ཀྱི་ལམ་ལུགས་ལ་མང་གཙོ་ ( DEMOCRACY. )ཟེར་བ་ལྟར་ང་ཚོའི་བཅའ་ཁྲིམས་ནང་མང་གཙོ་གྲངས་ཀྱི་གསལ་འབྱེད་རྩལ་དུ་སྟོན་པ་ལས་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་གསལ་འབྱེད་ཚིག་གཅིག་འཁོད་མེད་པ་དང་དམངས་གཙོ་ ( PROLETARIAN or CLASS ). གྲལ་རིམ་གྱི་གསལ་འབྱེད་ཡིན་པ་ནས་མི་ཉུང་བའི་དབང་འོག་ཏུ་མི་མང་བ་འཚོ་དགོས་པའི་ལམ་ལུགས་་ལ་དམངས་གཙོ་ ( PROLETARIAN or CLASS. )ཟེར་བ་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་གྲལ་རིམ་དམངས་གཙོ་གཅིག་བསྡུད་ལག་ལྟར་བྱེད་བཞིན་པ་ནས་མི་མང་གི་འཚོ་བ་ལ་བདེ་སྐྱིད་བསྐྲུན་མ་ཐུབ་ནས་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་སྲིད་གཞུང་ལ་ངོ་རྒོལ་རྒྱེན་ལང་བྱེད་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་འདི་ཡང་དོན་དངོས་ཐོག་ང་ཚོའི་བསམ་ཞིབ་བྱ་སྐབས་མི་མང་གི་བསམ་སྤྱོད་རང་དབང་ལ་སྲིད་གཞུང་ནས་ཁྲིམས་མཐུན་གྱིས་འགན་ཁུར་མ་ཐུབ་ནས་ལུང་པའི་བདེ་འཇག་དང་མི་མང་གི་འཚོ་བ་ཉེན་ཁའི་ནང་ལྷུང་པ་ནས་དམངས་གཙོ་མང་གཙོ་ལ་ཁ་ཕྱོགས་འདོད་པའི་གསར་བརྗེའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་དང་རང་བཙན་ནི་རྒྱལ་ཁབ་ལ་མངའ་དབང་ ( SOVEREIGNTY POWER ) ཡོད་པའི་ལུང་པ་ལ་རང་བཙན་གྱི་རྒྱལ་ཁབ་. ( INDEPENDENCE NATION ) ཟེར་བ་དང་རང་དབང་ནི་ ( FREEDOM ) འགྲོ་བ་མི་དང་སེམས་ཅན་ལ་གོ་བས་མི་གི་རང་དབང་དང་དུད་འགྲོའི་རང་དབང་ ( freedom for human beings and Animals ) ལྟབུ་དང་རང་དབང་ལ་ཚད་གཞི་མེད་པ་ནས་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་འོག་ཡུལ་མིའི་བྱེད་ཆོག་པ་དང་བྱེད་མི་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་རྒྱུད་ནས་མི་མང་གི་འཚོ་བ་ལ་སྲིད་གཞུང་ནས་འགན་ཁུར་ལེན་དགོས་པ་དང་ཡུལ་མིའི་རྒྱལ་ཁབ་ ( REPUBLIC ) ཟེར་བའི་མང་གཙོའི་ལྟ་གྲུབ་ནང་གསལ་བའི་ཁྲིམས་མཐུན་གྱི་ཐ་སྙད་དེ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པ་དེ་དག་ཁྲིམས་་བཟོ་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔའི་ཚོགས་དུས་དང་པོའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་རྒྱལ་ཁབ་ཀྱི་ཆབ་སྲིད་རང་བཞིན་ཟེར་བའི་ནང་ནས་ནག་སྲུབ་གཏང་ནས་མང་གཙོའི་རིག་པའི་གཞུང་ལུགས་ ( DEMOCRACY THOERY ) ནང་རྩལ་ནས་སྙེད་རྒྱུ་མེད་པའི་ཐ་སྙད་གསར་པ་ ༼ ཡུལ་མིའི་སྲིད་སྐྱོང་་༽ ལ་ཁ་ཕྱོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསར་འཇུག་གནང་བའི་ཡུལ་མིའི་སྲིད་སྐྱོང་ཟེར་བའི་གོ་རྟོགས་དཀའ་བའི་ཐ་སྙད་འདིའི་གོ་དོན་དུས་ད་ལྟ་ཡང་ཤེས་ཐུབ་མ་སོང་ན་ང་ཚོའི་མང་གཙོའི་ལམ་ལུགས་དེ་ནུབ་ཕྱོགས་ཡར་འཐོན་མང་གཙོའི་རྒྱལ་ཁབ་སྤྱི་དང་མཐུན་པ་ཞིག་དགོས་པ་ལས་མིང་ཚིག་མང་གཙོ་ལ་ཁ་ཕྱོགས་ཐུབ་པ་ཙམ་གྱི་མང་གཙོ་ཡང་དག་པ་ཡིན་པ་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་ནི་རྒྱ་ནག་གི་དམངས་གཙོའི་ལམ་ལུགས་ནས་ང་ཚོར་ངོ་སྤྲད་པ་ནི་དམངས་གཙོ་ཡིན་ལ་གཅིག་བསྡུད་ཡིན་ཟེར་བ་དང་མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡིན་ཟེར་བ་ནས་དབང་པོ་ནུས་མེད་ཡིན་ན་ལས་དེ་མིན་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་དང་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་ཁ་བྲལ་ནས་ཟུར་དུ་མང་གཙོའི་ལམ་ལུགས་གསར་གཏོད་བྱེད་པ་དེ་ནི་།
ཡངས་པའི་རྒྱལ་ཁམས་མ་མཐོང་བས་།
ས་འཐིལ་བླུན་པོ་རང་མཐོང་ཆེ་།
ཟེར་བའི་སྔ་མོའི་བོད་ཀྱིས་གཏམ་དཔེ་དེ་ལས་མ་འདས་པ་དང་དོན་དངོས་ཐོག་རྒྱལ་ཁབ་དང་སྲིད་གཞུང་གིས་འགོ་འཁྲིད་དེ་དག་མི་མང་ནས་འདམས་པའི་མི་ཞིག་དགོས་པ་ལྟར་ཡུལ་མིའི་རྒྱལ་ཁབ་ ( REPUBLIC )ཟེར་བའི་ཐ་སྙད་འདི་ལ་འགན་ཁུར་ནས་མང་གཙོའི་སྲིད་གཞུང་སྐྱོངས་བཞིན་པ་ནི་ང་ཚོའི་མིག་གིས་མཐོང་ཡུལ་དུ་ཡོད་པའི་ནུབ་ཕྱོགས་ཡར་འཐོན་རྒྱལ་ཁབ་ཀྱི་་མང་གཙོའི་ལམ་ལུགས་ལ་ང་ཚོའི་བསླབ་བྱ་ལེན་ཆོག་པ་དང་ང་ཚོའི་མང་གཙོའི་ལམ་ལུགས་འདི་མང་གཙོ་སྤྱིའི་ལྟ་གྲུབ་ནས་ཁ་དགྱེས་ནས་ཟུར་དུ་མང་གཙོའི་ལྟ་གྲུབ་གསར་གཏོད་འོག་བོད་ཀྱི་མང་གཙོ་འཛིན་སྐྱོང་བྱེད་འདོད་པ་ནི་འདས་པའི་མི་ཐོག་མང་པོའི་རིང་ང་ཚོ་གངས་རིའི་ཁྲོད་ཁེར་ཀྱང་དུ་ཟུར་འཚོ་བསྐྱངས་པའི་ཉམས་མྱོང་ནས་ང་ཚོར་མཁེ་གྱོང་ཇི་བྱུང་བོད་མི་རིགས་ཀྱི་བློ་ཡུལ་དུ་ཕྲ་ལྷམ་མེར་གསལ་ཡོད་པ་དང་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་གསར་པ་འདིའི་རྒྱལ་སྤྱིའི་མང་གཙོའི་འཕེལ་རིམ་ནང་ནུས་པ་ཇི་ཙམ་འདོན་ཐུབ་མིན་དང་མ་འོངས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་འགན་ཁུར་ཇི་ཙམ་ཐུབ་མིན་ནི་ཚོད་དཔག་གི་ཡུལ་ལས་འདས་པ་དང་ཡུལ་་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་་ང་ཚོའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གསུམ་པའི་ནང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བསྐྱར་བཅོས་གནང་བའི་ཐ་སྙད་གསར་པ་ (ཡུལ་མིའི་སྲིད་སྐྱོངས་ )ཟེར་བའི་ཐ་སྙད་འདི་འདས་པའི་བོད་ཀྱི་ཆབ་སྲིད་ལོ་རྒྱུས་དང་ཆོས་འབྱུང་རྒྱལ་རབས་ནང་མཐོང་མ་སོང་ལ་གོ་ཡང་མ་མྱོང་ལ་རྒྱལ་བའི་བཀའ་འགྱུར་དང་རྟེན་འགྱུར་ནང་དུ་ཡང་མཇལ་མ་མྱོང་ན་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་ཁྲིམས་མཐུན་ཚད་སྒྲུབ་ཡིན་མིན་འཐེ་འཚོམས་ཆེན་པོའི་ནང་དུ་ལྷག་པ་མ་ཟད་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཞིག་ཀྱང་ཡིན་པའི་ངོས་འཛིན་དང་བཅས་མང་གཙོ་དང་རང་དབང་ཁྲིམས་ཀྱིས་དབང་བསྒྱུར་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབས་ནས་གང་ཟག་སྒེར་གྱིས་བསམ་ཚུལ་གླེང་པ་འདིས་ཀྱང་མ་འོངས་བོད་ཀྱི་མང་གཙོའི་ལམ་ལུགས་འདི་རྒྱལ་སྤྱིའི་མང་གཙོ་སྤྱིའི་ལྟ་གྲུབ་ཀྱི་རྗེས་ཟིན་ཐུབ་པའི་སྨོན་ལམ་དང་བཅས་ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༨/༡༠/༢༨ ཉིན་ཟིན་བྲིས་སུ་བཏབ་།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་གནང་འཆར།
རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་གནང་འཆར།
http://tibettimes.net/2018/10/29/173004/
བོད་དེ་རྒྱ་དཀར་ནག་སུའི་འོག་ལ་ཡོད་རེད། ཡང་ན། སུའི་མཉམ་དུ་སྡོད་ཐུབ་བམ། ཡང་ན། གཉིས་ཀའི་འོག་ལ་སྡོད་དགོས་སམ། ཡང་ན། རང་བཙན་ངེས་པར་དུ་དགོས་སམ། ལགས།། །།
ཁ་དྲོ། ཚིག་དུམ་ཁ་ཤས་ཀྱིས་དེ་མོ་མང་པོ་ཞིག་དཔྱོད་ནི་མ་རེད།
དུས་ཚོད་ཆུད་ཟོས་སུ་གཏོང་མ་བསྡད་་་ཁྱེད་རང་སྐད་ཆ་རྙིང་པ་འདྲ་བཤུསཅང་བྱས་ནཕན་ཐོག་མེད།་་་་དེ་ལས་མ་ཎི་གསོག་སྒྲུབ་བྱས་ན་བཟང་། མ་གཞི་ཁྱོད་རང་འདོད་མོས་རེད།
བོད་ཀྱི་ སྤྱི་དོན་ལ་ བྱུས་གཏོགས་ མི་བྱེད་མཁན ་དེ་ཚོ་ ཚང་མ་ ཚོར་མེད་ ཀླདེ་མེད་ རྐྱང་རྐྱང་ རེད་དོ།།
སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།
མིང་རྫུན་འོག་ཏུ་རྩོམ་ཡིག་སྤེལ་མཁན་དང་།
མིང་རྫུན་འོག་ཏུ་མཆན་འགོད་འདེབས་མཁན་དང་།
མིང་རྫུན་འོག་ཏུ་སྤྱི་ཚོགས་དཀྲུགས་མཁན་དང་།
མིང་རྫུན་འོག་ཏུ་ལྟོ་གོས་འཚོལ་མཁན་མང་།
སྨྲ་བརྗོད་རང་དབང་རེད་ཅེས།
མི་ཉེས་མེད་ལ་མི་གསོད་རེད་ཅེས་བཤད་ན།
ཁྲིམས་ཁང་ནས་ཁུངས་སྐྱེལ་མེད་པར།
ངའི་བསམ་ཚུལ་ཡིན་ཞེས་བཤད་ཀྱང་།
ཁྱོད་རང་འགྲོ་ས་བརྩོན་དང་།
ཁྱོད་ལ་ཐོབ་པ་ཁྲིམས་ཆད་རེད།
འདི་ཡང་དམངས་གཙོའི་རྩ་བའི་འགྲོ་སྟངས་རེད།
སྨྲ་བརྗོད་རང་དབང་ཡོད་ཀྱང་། གང་དྲན་སྨྲས་ནས་ཁྲིམས་ཡོད་རེད།
ཤེས་རྨོངས་ཀླད་མེད་འདི་ཚོ་འུར་ཚ་བ་ལ།
བཙོན་ཁང་
མྱི་ལྟིག་གིས།
https://www.facebook.com/lha.amdo/videos/1956597637733093/