ཤར་ཕྱོགས་ཁུག་རྟ།
མི་མང་གི་མངོན་འདོད་གཞིར་བཟུང་ཁྲིམས་སྒྲིག་གིས་དབང་བསྒྱུར་བའི་ལམ་ལུགས་ལ་མང་གཙོ་ཟེར་ཞིང་། ཁྲིམས་སྒྲིག་དེས་མི་མང་ལ་ཚུར་དབང་བསྒྱུར་དགོས་པ་ནང་བཞིན། ཡུལ་དུས་གནས་བབ་དང་གནས་ཚུལ་དམིགས་བསལ་ཅན་གྱི་འོག་ཁྲིམས་སྒྲིག་དེར་མི་མང་གིས་དུས་ནས་དུས་སུ་བསྐྱར་ཞིབ་བསྐྱར་བཅོས་གནང་དགོས་པ་སྨྲས་མེད་མ་ཟད། ཡོངས་སུ་རྩིས་མེད། ཡོངས་སུ་བརྗེ་བསྒྱུར་སོགས་སྣ་ཚོགས་ཤིག་ཡོང་ཆོག་པ་ནི། མི་མང་མང་གཙོའི་ལམ་ལུགས་ཀྱི་ཁྱད་ཡོན་གོང་ན་མེད་པ་དེ་ཡིན་པས། ནེའུ་ཡོག་དང་ནེའུ་ཇེ་སིར་ཁ་སང་སྐོང་འཚོགས་གནང་བའི་མི་མང་གི་ཚོགས་འདུ་དེ་ནི་ཡང་དག་པའི་མང་གཙོའི་རིང་ལུགས་དོན་དམ་པར་ཕྱག་བསྟར་གནང་བའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་མི་གནང་ཐབས་མེད་ཡིན་ལ། ངོས་འཛིན་གནང་འདོད་མེད་པར་བསྙད་པ་དག་ལ་རྒྱུ་མཚན་ཡང་དག་མེད་པའང་ཞུ་ག་ལ་དགོས།
ས་གནས་གཞོན་ནུའི་རྒྱུན་ལས་མི་ ༡༡ གི་ཤ་ཉེ་སྤུན་མཆེད་མི་གྲངས ༣༦༠ སླེབས་ཏེ་འོས་ཤོག་བླུགས་འདུག་ཅེས་ལབ་ན་བོད་མི་ས་ཡ་དྲུག་ཡིད་ཆེས་ཡོང་རྒྱུ་དཀའ་ནའང་། ད་ལམ་གསར་གནས་ཁག་ཏུ་གནས་ཚུལ་ཁུངས་ལྡན་ཐོན་གསལ་ལྟར་ན་ཁྱོན་འོས་ཤོག་འཕེན་མཁན་ ༣༦༠ བྱུང་ཡོད་པ་ལས་ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་གནས་དགོས་པར་རྒྱབ་སྐྱོར་གནང་མཁན་ ༣༤༢ དང་། ས་གནས་མི་དགོས་པར་འོས་ ༡༦ ། འོས་ཤོག་ངོས་སྟོང་པར་བཞག་ཡོད་ ༢ རྩིས་མེད་ཕྱིན་བཅས་བྱུང་ཡོད་སྟབས། ནེའུ་ཡོག་དང་ནེའུ་ཇིར་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་རྒྱུན་ལས་རྣམ་པ་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ནེའུ་ཡོག་དང་ནེའུ་ཇི་སིའི་སྐབས་འདིའི་ས་གནས་རྒྱུན་ལས་མི་གྲངས་བཅུ་གཅིག་གིས་བོད་སྤྱི་བའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་དམ་ཚིག་ལ་རྩིས་མེད་གཏོང་མཁན་རེ་ཟུང་ཡོད་པ་དང་། བྱེ་བྲག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གཏོར་བཤིག་གཏོང་མཁན་གྱི་མི་སྣ་བློ་མ་སད་པ་རེ་འགའ་ཡོད་པ་བཅས་ངོས་འཛིན་ཐེར་འདོན་དང་འབྲེལ། དེ་དག་གིས་བྱས་ཉེས་ལ་ཐ་ཚིག་ནན་པོ་བསྒྲགས་ཏེ། མི་རབས་རྒན་པ་ཚོའི་བྱས་རྗེས་དང་། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཛུགས་དགོས་པའི་དམིགས་ཡུལ་གོང་ན་མེད་པ་རྣམ་དཔྱོད་ལྡན་པས་གསལ་བསྒྲགས་གནང་བ་ནི་དངོས་དོན་རང་དུའང་རླབས་ཆེན་སྤྱི་ཕན་གྱི་བྱས་རྗེས་ཤིག་ཆགས་ཡོད་པ་ཧ་ཅང་གསལ་བོ་རེད་འདུག་པས། འདི་ནས་ཀྱང་བསྟོད་བསྔགས་དང་ཡི་རངས་ཞུ་བཞིན་ཡོད།
ཁོ་བོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རབས་དང་། དམིགས་ཡུལ་དོན་ཚན་བཞི། གྲོས་ཆོད་རིམ་པ་ཁག་ལ་མྱང་ཞིབ་བྱས་པ་ལྟར་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་དོན་དམིགས་ཡུལ་༼༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞིའི་འོག་ཤར་བསྐྱོད་ཀྱིས་དབུ་འོག་དཔུང་འདེགས་བྱ་རྒྱུ་ཉག་ཅིག་༽གཙོ་བོར་བཟུང་ཡོད་པ་གསལ་བོ་རེད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་བའི་སྐད་ཆ་དེ་སྐབས་དེའི་གཞུང་གི་ལངས་ཕྱོགས་དང་བསྟུན་ཏེ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་ཙམ་ལས། དམིགས་བསལ་དུས་དང་གནས་སྐབས་གང་དུའང་རང་བཙན་འདོར་གྱི་མིན་ཞེས་པའི་དོན་མིན་པའང་བློ་གསལ་རྒན་གཞོན་སེར་སྐྱ་ཕོ་མོ་ཚོས་ངེས་པར་དུ་མཁྱེན་རྟོགས་གསལ་བོ་གནང་དགོས་པ་རེད། དེ་ལྟར་མིན་པར་བསྙད་པ་རེ་ཟུང་ཡོང་ངེས་ཀྱང་དེ་དག་ལ་རིག་པས་མི་གནོད་ཅིང་། རྒྱུ་མཚན་ལྡན་པའི་གསལ་བཤད་ཞུ་རྒྱུ་མེད་པ་གསལ་བོ་ཡིན་པའང་འདིར་ཞོར་དུ་གསལ་བོ་ཞུ་འདོད་བྱུང་།
༧གོང་ས་ལྔ་བ་ཆེན་པོས། སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇིག་པ་མ་ལུས་པ།། ཞེས་གསུང་བ་ལྟར། དུས་འདིར་བོད་བསྟན་སྲིད་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་བསམ་སྦྱོར་ངན་པའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་རེ་འགའ་ཡོད་པ་ཀུན་གསལ་ལྟར། གཟུགས་མེད་དམ་སྲི་དོལ་རྒྱལ་དང་དེ་ཁ་ཁྱེར་ཚོས་རྒྱལ་ཕུང་དམངས་གསོད་ཀྱི་ལས་ཅི་བྱས་མཐོང་གསལ་འདི་བཞིན་དང་། དེ་ལས་ཚབས་ཆེ་བ་ཞིག་ནི། བསམ་སྦྱོར་ངན་པའི་ནག་ཕྱོགས་གཟུགས་ཅན་པ་རེ་ཟུང་གིས་རང་བཙན་ཁ་ཁྱེར་གྱིས། མུན་ནག་ནང་གཏོར་བཤིག་གཏོང་ཅི་ཐུབ་ཀྱི་ལྐོག་གྲོས་འཆར་གཞི་ལྡན་པ་བྱས་ཏེ། མི་མང་བག་མི་ཕེབས་པ་བཟོས་དང་བཟོ་འཆར་རྣམས་དུས་ལྟར་ངོས་འཛིན་མཐིལ་བརྟོལ་གྱིས་དགྲ་གཉེན་མགོན་གསུམ་ནོར་མེད་གནང་དགོས་པ་ང་ལྟ་བུས་ཞུ་ག་ལ་དགོས་ལ། དེ་ལྟར་གནང་ན་ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཅེས་པའི་བོད་ཀྱི་ཡབ་མེས་ཚོའི་སྤྱི་སྡོམ་དེ་ང་ཚོས་མྱངས་མི་དགོས་པའང་གསལ་བོ་རེད།
ང་ཚོ་བོད་མི་ཚོ་གཞན་ཡུལ་ལུང་པར་ལྟོ་རྒྱབ་ཀྱི་གནད་དོན་ཕར་ཞོག ཆབ་སྲིད་དང་མང་གཙོའི་རང་དབང་ཚད་མཐོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་དག་མཐར་གཏུགས་ན། བོད་མི་ས་ཡ་དྲུག་གི་གཅེས་པའི་སྲོག་དང་དཔྲལ་བའི་མིག བོད་མི་རིགས་ཀྱི་སྲོག་ཤིང་༧གོང་ས་མཆོག་གི་བཀའ་྄དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པའང་ཚང་མས་གནད་འགག་གི་སྐབས་འདི་འདྲར། དེ་བས་ཀྱང་ཡིད་ལ་དྲན་དགོས་པ། དམ་སྲི་དོལ་རྒྱལ་དང་མཚན་སྨོད་ཞུ་མཁན་རེ་གཉིས་བཅས་ནག་ཕྱོགས་གཟུགས་ཅན་གཟུགས་མེད་རེ་འགའ་ཡིན་ན་མ་གཏོགས་ཞུ་མི་དགོས་པའང་ཞོར་དུ་ནན་བརྗོད་ཞུ་འདོད་བྱུང་། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
༢༠༡༥། ༡༢། ༢༧། ཉིན།།
ཧཧཧཧཧ་་་་་་བོད་མི་ཀླད་མེད་ཅིག་གིས་སྐར་ལྔའི་དར་དམར་ལག་ཏུ་ཁུར་ནས་བདེན་པ་ཉིད་རྣམ་པར་ག་འདྲ་སེ་རྒྱལ་གྱི་རེད་དམ། ད་དུང་བསམ་བློ་པ་ཡིན་བཟོ་འདིར་་་་་་་་་
དོན་མེད་ནང་འཁྲུག་ནི་་་་་་གཞན་དགའ་་་་རང་སྡུག་རེད་་་་་དམངས་གཙོ་དང་རང་དབང་གི་མཛེས་པས་ཅི་ཙམ་སྤྲས་ཀྱང་སྟོང་བ་རེད་་་་
རྒྱ་ནག་གི་མི་སེར་བྱས་ནས་རྒྱ་ནག་གི་སྐར་ལྔའི་
དམག་དར་ལག་ཏུ་འཕྱར་ནས་བོད་མི་དཔའ་བོ་དཔའ་
མོ་ཚོའི་རོ་སྟེང་གཞས་ཁྲབ་མཁན་ཤར་ཁུག་སོགས་བོད་མི་རིགས་ཀྱིས་བླ་རྩོང་མཁན་མིན་ན་བོད་ཀྱི་
རྒྱལ་རབས་ལོ་བརྒྱུས་དེ་ཚོ་ཡིག་མཛོད་ནང་མ་
བཞག་ན་ཡག་གི་རེད་ལ་སློབ་དེབ་ནང་བོད་ཀྱིས་ལོ་
རྒྱུས་རྒྱལ་རབས་སོགས་མ་བཞག་ན་ཡག་ལི་རེད་།
ནེའུ་ཡོག་གཞོན་ལྷན་ཟེར་བས་སྤོ་རྨོ་ཀླད་མེད་གཞོན་ལྷན་ཚོགས་མི་ཙམ་ཀྱང་མིན་པས་གཞོན་ལྷན་གྱི་ཐག་ཆོད་བྱེད་ཚུལ་འདི་ཚོགས་པའི་སྒྲིགས་ཁྲིམས་འགྲོ་སྟངས་ཙམ་ཀྱང་མི་ཤེས་མཁན་གྱིས་བྱེད་སྟངས་དེ་ཚོ་ཚོགས་པའི་ཁྲིམས་དང་ཡུལ་ཁྲིམས་འགལ་བས་ཁྲིམས་བཏུག་བྱེད་དགོས།། དེ་དང་མཉམ་དུ་ཤར་ཁུག་ཀྱང་འཇུག་དགོས།
ངོ་ཚ་ཟེར་པ་ཞིག་མི་འདུག ཁ་ཡར་གྲག་ལ་༧གོང་ས་མཆོག ཁ་མར་གྲག་ལ་༧གོང་ས་མཆོག བློ་སེང་གིས་ཕྱིར་འབུད་བཏང་པ་ནོར་མི་འདུག
བློ་བཟང་སེངྒེའི་མཛད་རྗེས་རང་ལ་ངེས་འཛིན་དགོས་སོ་།། །།
བོད་ཀྱི་ཤར་ཕྱོགས་པ། རྩོམ་ཡིག་གནད་ལ་འཁེལ་བ་བྲིས་འདུག་པས་རྗེས་སུ་ཡི་རང་ཡོད། ད་བར་ཁྱེད་ལ་དེ་ཙམ་རིང་ཐང་བཞག་མེད་མོད་ཕྱོགས་ཞེན་དང་ནད་དུག གཡམ་རྒྱུག་གིས་ཁྱབ་པའི་སྤྱི་ཚོགས་འདིའི་ནང་ཁྱོད་ལྟ་བུའི་དཔའ་བོ་མཁོ་ངེས་ཅན་རེད།
བོད་པའི་སྤྱི་ཚོགས་ནི་ཧམ་པ་ཅན་ཁ་ཤས་ཀྱིས་རྩེད་མོ་རྩེད་ས་མིན་ལ། ཁ་ཤུགས་ཆེ་ཆུང་དང་བློ་ཁོག་ཡོད་མདོག་གི་སྨྱོན་པ་འགས་དབང་ཡོད་བྱེད་སའང་མིན། ཉི་མ་དེ་རིང་ནས་རྟ་མཉམ་རྒྱུག་གི་ཀི་རིང་མཉམ་དུ་འདེབས། མདའ་ལི་མ་ཡི་རྣོ་ཁ་གཅིག་ལ་གཏོད་ངེས་ཡིན་པས། ཕ་བཟང་ཀི་བུ་མུ་མཐུད་ཤུགས་རྒྱོབ།
ཤར་ཁུག་རྒྱ་མིའི་རྒྱུག་ཁྱི་ངོ་མ་རེ་ཤག ལོ་རྒྱུས་ཐོག་བོད་རང་བཙན་མ་ཡིན་ཟེར་བ་དང གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཚོའི་ཁྲིམས་མཐུན་ཡིན་ཟེར ཚོགས་གཙོ་ལགས་སྐུ་ཉིད་ནས་ཤར་ཕྱོགས་ཁུག་རྟ་དང་མཉམ་དུ་དུས་དེབ་ཁྱབ་བསྒྲགས་བྱས་ནས་མཉམ་དུ་མཐུན་མདོག་གི་པར་དེ་ཚོ་གང་ས་ལ་ཁྱབ་བཞིན་པ་རེད ཤར་ཁུག་རྒྱལ་བཙོང་བ་སྐད་ཆ་དེ་ལ་གཟིགས་ཚུལ་གང་ཡོད གསལ་སྟོན་གནང་བའི་དུས་ལ་བབས་ཡོད བོད་པ་ཚོ་གཟབ་གཟབ་གནང་མ་གཏོགས་དབུ་མའི་ལམ་པ་ཚོས་ལོ་རྒྱུས་ཐོག་བོད་རང་བཙན་མིན་ངོ་ཟེར་ན་ངོ་མ་ཧ་གོ་ས་མ་རེད མེ་མེད་ན་དུ་བ་ཡོང་དོན་མེད བོད་ཀྱི་བཙོང་ཡ་ཚང་མ་བཙང་ཟིན་ཡོད གཅིག་རང་ལྷག་ཡོད་པ་ནི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དེ་རེད་