ཆབ་མདོ་ངག་དབང་ཕུན་ཚོགས།
སྐྱིད་པའི་གངས་ཅན་གྱི་ལྗོངས་སུ།།
བཙན་རྒྱལ་རྒྱ་མི་ཡི་དམར་པོས།།
དམངས་ལ་ཕན་བདེ་ཡི་སྒྲུབ་མཁན།།
ཡིན་ཚུལ་ཁ་དབྱངས་ཀྱི་སྙན་སྒྲོག།
གངས་ལྗོངས་བཙན་འཕྲོག་ལ་བྱས་སོང་།།
ལེ་བར་བརྒྱ་ཕྲག་ལ་བརྒལ་ཏེ།།
སྐུ་འཁོར་ཧྲག་བསྡུ་དང་བཅས་པ།།
རང་རེའི་རྩ་དོན་གྱི་ཆེད་དུ།།
ངལ་བ་བརྒྱ་ཕྲག་ལ་བཞེས་ཏེ།།
མི་ཡུལ་ཕེབས་དགོས་དེ་བྱུང་བ།།
སྐད་དང་གོམས་གཤིས་དེ་མི་གཅིག།།
མི་ཡུལ་འཕགས་པ་ཡི་ཞིང་དུ།།
བཙན་བྱོལ་བོད་མི་ཡི་སྒྲིག་འཛུགས།།
ཆགས་གཞི་གོ་རིམ་ལ་ལྡན་པའི།།
སྒྲིག་འཛུགས་སྲ་བརྟན་དེ་སྐྲུན་མཛད།།
རིམ་པའི་དེང་རབས་ལ་མཐུན་པའི།།
བོད་ལྗོངས་མང་གཙོ་ཡི་ལམ་བཟང་།།
བསྐྱོད་དགོས་རིན་བྲལ་གྱི་བཀའ་སློབ།།
རིམ་པ་ཡང་ཡང་ལ་གནང་བས།།
དེང་རབས་མང་གཙོ་དེ་བསྐྲུན་མཛད།།
མང་གཙོའི་ལམ་བཟང་དེ་བསྐྲུན་ནས།།
མི་ལོ་ང་གཅིག་ལ་འཁོར་བའི།།
རྟེན་འབྲེལ་ཉིན་མོ་ཡི་དེ་ལ།།
གཞིས་བྱེས་མཉམ་འཛོམས་ལ་ཡོང་བའི།།
གསོལ་བ་སྨོན་ལམ་དེ་འདེབས་སོ།།
སླར་ཡང་ཉིས་སྟོང་གི་ལོ་ལ།།
༸རྒྱལ་བ་ཡིད་བཞིན་གྱི་ནོར་བུས།།
རིན་བྲལ་བཀའ་སློབ་ཀྱི་ལམ་སྟོན།།
ཐད་ཀར་འོས་འདེམས་ལ་གནང་བའི།།
བཀའ་བློན་ཁྲི་པ་དེ་གདམ་ཡོད།།
༸རྒྱལ་བའི་རྒས་ཡོལ་ལ་ཡིན་པ།།
རིམ་པ་ཡང་ཡང་ལ་ཕེབས་སྐབས།།
གངས་ལྗོངས་བོད་འབངས་ལ་ཡོངས་ཀྱིས།།
མུ་མཐུད་ཆབ་སྲིད་ཀྱི་ཐུགས་འགན།།
བཞེས་གནང་ཡོང་བ་ཡི་གསོལ་འདེབས།།
ཉིས་སྟོང་བཅུ་གཅིག་གི་ལོ་ལ།།
༸རྒྱལ་བ་ཡིད་བཞིན་གྱི་ནོར་བུས།།
ཐུགས་དགོངས་རླབས་ཆེན་ཞིག་བཞེས་ནས།།
བཙན་བྱོལ་བོད་མི་ཡི་རྩ་ཁྲིམས།།
བསྒྱུར་བཅོས་དགོས་པ་ཡི་གསུང་འཕྲིན།།
ཁྲིམས་བཟོ་ལྷན་ཚོགས་ལ་གནང་སྟེ།།
སྲིད་ཀྱི་སྐུ་དབང་ལ་ཡོད་ཚད།།
བོད་མིའི་འོས་འདེམས་ལ་བྱས་པའི།།
བོད་ཀྱི་སྲིད་སྐྱོང་ལ་གནང་བས།།
གཟུར་གནས་སྐྱེ་བོ་ཡི་ཀུན་གྱི།།
ཡི་རངས་བསྔགས་བརྗོད་དེ་གནང་ཡོད།།
མང་གཙོ་ལམ་བཟང་བོད་ལ་བསྐྲུན།།
མང་གཙོའི་གསར་བཞད་གླུ་དབྱངས་ལེན།།
མང་གཙོའི་གསར་པའི་འོད་སྣང་ཁྱབ།།
མང་གཙོ་ཟེར་ཞིང་ཀུན་གྱི་གླེང་།།
མང་གཙོའི་གོ་རྟོགས་ཉིན་བཞིན་འཕེལ།།
མང་གཙོའི་ལག་བསྟར་ཀུན་དང་མཚུངས།།
ཞེས་པ་འདི་ནི་མང་གཙོའི་དུས་ཆེན་དབུས་བརྙེས་ནས་མི་ལོ་ང་གཅིག་འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་སེམས་ནང་དུ་གང་ཤར་བ་རྣམས་ཐོས་བྱུང་དུ་བྲིས་པ་ཞིག་ཀྱང་ཡིན་ནོ།
༧ ། །སླར་ཡང་གངས་ཅན་ལྗོངས་སུ། །གཞིས་བྱེས་མཉམ་འཛོམས་ཤར་ཏེ། །མང་གཙོ་རང་དབང་དཔའ་ལ། །ཅི་དགའ་ལོངས་སུ་སྤྱོད་དེ། །འཛམ་གླིང་ཞི་བདེའི་ཡང་རྩེར། །ཁ་བ་གངས་རིའི་ཡུལ་དུ། །ཆོས་སྲིད་རང་དཔའ་ཡོན། །མྱུར་དུ་ཤར་བ་སྨོན་ཡོད། །ད་ཆར་གཞིས་བཞུགས་སྤུན་ཟླ། །གང་མགྱོགས་སྡུག་བསྔལ་གྲོལ་ཆེད། །རྒྱལ་དབང་བསྟན་འཛིན་རྒྱལ་མཚོ། །མྱར་དུ་གདན་འདྲེན་ཞུ་ཡོང་། །སེམས་ཚོར་སྤྱོ་སྣང་དང་འདྲེས། །ལྷོ་མཐའ་སེ་ར་དགོན་ནས། །རང་ཡུལ་བསིལ་ལྡན་ཞིང་དུ། །ཕུལ་ཡོད་མྱུར་དུ་མཇལ་ཡོང་།།
ཆིག་སྟོང་དགུ་བརྒྱའི་རེ་གཅིག །
དགུ་པའི་གཉིས་པའི་དུས་སུ། །
བོད་ཀྱི་མང་གཙོ་དབུ་བརྙེས། །
ལོ་འཁོར་ང་གཅིག་འཁོར་སོང་། །
གངས་ལྗོངས་ལྷ་མི་ཡོངས་ཀྱིས།།
སྙིང་ལ་བརྣགས་པའི་རེ་བ།།
མང་གཙོ་ཀ་བ་གསུམ་གྱིས།།
དབུ་འཕང་དགུང་ལ་རེག་ངེས།།
བོད་ལྗོངས་ལྷ་སྡེ་མི་སྡེ་ཡིས། །
ལས་དང་སྨོན་ལམ་ཐབས་ཤེས་དང་། །
༸གོང་ས་བསྟན་འཛིན་རྒྱ་མཚོ་ཡིས། །
གསར་གཏོད་མང་གཙོ་དར་རྒྱས་ཤོག །
མང་གཙོ་ལམ་ལུགས་དམངས་ཀྱིས་མཁྱེན་པ་དགོས།
མང་གཙོ་ཡང་དག་དམངས་ཀྱིས་སྤྱོད་ཤེས་དགོས།
མང་གཙོ་ཐོབ་ཐང་དམངས་ཀྱིས་ལེན་ཤེས་དགོས།
མང་གཙོ་རང་དབང་དམངས་ཀྱི་བདེ་སྐྱིད་ཡིན།
མང་གཙོ་གོ་དོན་དམངས་ཀྱིས་མཁྱེན་པ་དགོས།
མང་གཙོ་འདྲ་མཉམ་དམངས་ཀྱིས་སྤྱོད་ཤེས་དགོས།
མང་གཙོ་དོན་འཁྱོལ་དམངས་ཀྱིས་སྒྲུབ་ཤེས་དགོས།
མང་གཙོ་ཁྲིམས་མཐུན་དམངས་ཀྱི་བདེ་སྐྱིད་ཡིན།
སྲ་བརྟན་སྤུན་མཆེད་རྒྱལ་ཁབ། །རང་དབང་ལྡན་པའི་རྒྱལ་ནང་། །བཙན་བྱོལ་བོད་རིགས་སྤུན་ཟླ། །མང་གཙོའི་ཉི་མ་ཤར་སོང་། །མི་ལོ་ང་གཅིག་འཁོར་བའི། །དྲན་གསོའི་གཏམ་གཅིག་ཞུས་ན། །བོད་དོན་བདེན་མཐའི་ཆེད་དུ། །འཚེ་མེད་ལུགས་གཉིས་རྒྱས་ཤོག།