སྟག་སྨྱོན།
སྔོན་མ་བོད་ལ་བླ་མ་དང་གྲྭ་བ་མང་དྲགས་ནས་སྐྱོན་ཆེན་པོ་ལྷག་པ་རེད། དེང་སྐབས་བོད་ལ་རྩོམ་པ་པོ་ཡིན་ཟེར་མཁན་མང་དྲགས་པའི་རྙོགས་དྲ་ཞིག་འགོ་ཚུགས་འདུག འོན་ཀྱང་བོད་ཀྱི་སྤྱི་ཚོགས་དང་སྒེར་གྱི་མི་ཚེ་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཆེ་བ་ནི་རྩོམ་པ་པོ་དང་སློབ་སྦྱོང་ཡོད་ཁུལ་གྱི་སློབ་གྲྭ་བ་དང་བླ་མ་གྲྭ་བ་ཁ་བདེ་བོ་ཚོ་མ་རེད། དཔེར་ན། གྲོས་ཚོགས་ནང་གི་ངོ་ཚ་རྒྱུ་མེད་པའི་གྲྭ་བ་འདི་ཚོ་རེད། འདི་ཚོ་དགོས་མཁོ་མེད་པའི་གད་སྙིགས་རེད། འདི་ཚོ་ཁྱི་ནང་བཞིན་ངར་ངར་བྱེད་རྒྱུ་ཙམ་ལས་གང་ཡང་མཇོན་གི་མ་རེད། བོད་ལ་མཁོ་བ་ནི་ས་ལས་རྡོ་ལས་སོགས་ལག་ཤེས་ཡོད་མཁན་དང་ལས་ཀ་ལས་ཐུབ་མཁན་མང་པོ་རེད། དེ་ནི་མི་འདུག ད་ལྟའི་ཤེས་ཡོན་སྲིད་ཇུས་ནི་བོད་ཕྲུག་ཚང་མ་ཁ་བདེ་བོ་བཟོ་རྒྱུ་ཙམ་རེད། བོད་ཕྲུག་ཚོའི་ཀླད་པར་ཤེས་ཡོན་སྤྲོད་རྒྱུ་ལས་ཀྱང་བོད་ཕྲུག་ཚོའི་ལག་པར་ལག་ཤེས་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཤོས་རེད། དུས་རབས་འདིའི་ནང་ལག་ཤེས་ནི་འབྲོག་པའི་ནོར་ལུག་དང་རོང་བའི་ས་ཞིང་གི་དོད་རེད། ལག་ཤེས་མེད་པའི་མི་རིགས་དང་རྒྱལ་ཁབ་དེ་པ་མགོ་རེད། བོད་མི་རིགས་ཀྱི་ལག་པས་ལས་ཀ་ཆུང་ཆུང་ཞིག་ཀྱང་ལས་མི་ནུས་པའི་ཞ་བོ་རེད། འདི་ལ་ཕན་པའི་སྲིད་ཇུས་ཞིག་མཁོ། བོད་ལ་མཚོན་ན་ལག་ཤེས་ནི་དཔལ་འབྱོར་གྱི་ཡོང་ཁུངས་རེད། ཤེས་ཡོན་ནི་རྙོགས་དྲ་བཟོ་སྤྱད་རེད། ལག་ཤེས་དཔལ་འབྱོར་རེད། ཤེས་ཡོན་རྙོག་དྲ་རེད།
(སྟག་སྨྱོན་གྱི་ཟིན་བྲིས་ནས་བླངས། )
སྟག་སྨྱོན་ལགས་ཀྱིས་གོང་གི་རྩོམ་ཡིག་ནང་དུ། (དཔེར་ན། གྲོས་ཚོགས་ནང་གི་ངོ་ཚ་རྒྱུ་མེད་པའི་གྲྭ་བ་འདི་ཚོ་རེད། འདི་ཚོ་དགོས་མཁོ་མེད་པའི་གད་སྙིགས་རེད། འདི་ཚོ་ཁྱི་ནང་བཞིན་ངར་ངར་བྱེད་རྒྱུ་ཙམ་ལས་གང་ཡང་འཇོན་གི་མ་རེད། )ཅེས་དབྱུག་པས་ལེབ་རྡུང་བྱས་ན་ངས་བལྟས་ན་ཚང་མ་དེ་འདྲ་ཞིག་རེད་ཟེར་ན་གཏན་ནས་ཡིན་རྒྱུ་མ་རེད་སྙམ། སྤྱིར་ལག་ཤེས་དགོས་ངེས་རེད་ཟེར་ན་དེ་ལ་གནས་ལུགས་འདུག
སྤྱིར་རྩོམ་པ་པོ་མང་ན་གད་སྙིགས་ག་ལ་ཡིན། མི་ཆ་མཉམ་གྱི་ཡིག་རྨོངས་སེལ་བའི་མ་ཚད་ད་དུང་ཆ་མཉམ་གྱི་ཤེས་ཡོན་ཅན་དུ་འགྱུར་བཞིན་པ་རེད། དེས་ན་རིག་གཞུང་དར་སྤེལ་ཟེར་བ་དེ་ཡང་དེ་ལས་ལྷག་ཅིག་ཅི་ཡོད། འོན་ཀྱང་སྟག་སྨྱོན་ཁོ་རང་ལྟ་བུ་ཡིན་ན་གད་སྙིགས་ནང་གི་ཡང་སྙིགས་རེད། ལྟོས་དང་། སྤྱི་འཐུས་གྲོས་ཚོགས་ལ་རྙོག་དྲ་ཡོང་ནས་ལོ་གཅིག་རེད། སྟག་སྨྱོན་གྱི་ད་དུང་དེ་གཅིག་པོ་བསྐྱར་གླེང་ཡང་གླེང་བྱེད་ཀྱི་འདུག སྟག་སྨྱོན་གྱིས་གྲོས་ཚོགས་ལ་རྒོལ་བའི་རྩོམ་དང་། ནང་ཁུལ་ལ་དཀྲུགས་ཤིང་བརྒྱབ་པའི་རྩོམ་དེ་ཚོའི་བརྒྱ་ཆའི་གཅིག་ཙམ་ཞིག་དགྲ་བོ་རྒྱ་ནག་གི་ཕྱོགས་ལ་རྒོལ་ཨེ་མྱོང་། དམིགས་བསལ་རྒྱ་གཞུང་གི་ལས་ཀ་ཡོད་མཁན་རེ་ཡིན་ན་མ་གཏོགས་མི་འདིས་ད་བར་རྒྱ་ནག་དང་། རྒྱ་ནག་གི་བརྙས་བཅོས། རྒྱ་ནག་གི་འཁྱོག་བཤད་སོགས་རི་ལྟར་སྤུངས་ཡོད་པ་གཅིག་ཀྱང་མཐོང་མི་འདུག ཁྱེད་ཚོ་སྟག་སྨྱོན་གྱི་ཟིན་བྲིས་ནང་དུ་སོང་དང་། རྩོམ་ཡིག་བརྒྱ་ཆའི་བརྒྱ་པོ་ནང་ཁུལ་ལ་རྒོལ་བའི་གཏམ་རེད། ཡིན་ན་ཡང་ཁོ་རང་སྒེར་ལ་མཚོན་ན་ནི་རང་བཙན་ལག་དེབ་ཀྱང་མེད་མཁན་ཞིག་རེད། འོ་ན་ད་མི་འདི་ཅན་པོ་ལ་འགྲེལ་བཤད་ཅི་འདྲ་ཞིག་རྒྱག་དགོས་སམ།
བོད་དང་བོད་མིར་དགོས་ཡ།
བླ་མ་ལ་ཆོས་དགོས།
གྲྭ་པ་ལ་ཁྲིམས་དགོས།
རྩོམ་མཁན་ལ་རྩོམ་དགོས།
དཔོན་པོ་ལ་ཁ་དགོས།
གཡོག་པོ་ལ་ལས་དགོས།
སློབ་ཕྲུག་ལ་དགེ་རྒན།
དགེ་རྒན་ལ་སློབ་ཕྲུག
ཡུལ་པ་ལ་ཡུལ་ཁྲིམས།
མི་སེར་ལ་ལག་འཁྱེར།
ཡུལ་གྱར་ལ་ཡིག་ཆ།
བཟོ་པ་ལ་ལག་རྩལ།
ཞིང་པ་ལ་ཞིང་ལས།
འབྲོག་པ་ལ་འབྲོག་ལས།
གླུ་པ་ལ་གླུ་གཞས།
དམག་མི་ལ་དམག་ལས།
བོད་མི་ལ་བོད་ས་དགོས།
བོད་ས་ལ་རང་དབང་དགོས།
རང་དབང་ལ་རང་ཁྲིམས་དགོས།
རང་ཁྲིམས་ལ་ཞུ་དག་དགོས།
ཞུ་དག་ལ་བློ་རིགས་དགོས།
སྟག སྨྱོན གྱི སྐད ཆར བྲོ བ འདུག ། ཁ ཡོད ལག ཡོད བོད ལ ཕན པའི སློབ གསོ སྤྲོད དགོས།
སྟག་སྨྱོན་གྱི་སྤྱི་འཐུས་ནང་དུ་ས་ལས་རྡོ་ལས་བྱེད་མཁན་དགོས་གི་འདུག་ཟེར་ནས་སྐད་རྒྱག་གི་ཡོད་ས་རེད། ཧཧ འདི་སྨྱོན་པ་ངོ་ནས་སྨྱོན་པ་ཞིག་རེད། སྤྱི་འཐུས་ལས་ཁུངས་དེ་ཞིང་ཁ་རྨོ་ཟ་མ་རེད། བཟོ་གྲྭ་ཡང་མ་རེད། ཟ་ཁང་ཡང་མ་རེད།
ད་དུང་བོད་ལ་རྩོམ་པ་པོ་ཁོ་རང་ལས་མེད་ན་བསམ་པའི་ངན་གཡོ་ཞིག་ཀྱང་འདུག འདི་སྙིང་རྗེ།
༄༅།། དྲ་གྲོགས་གཞོན་ནུ་ཟླ་མེད་ལགས༌། སྟག་སྨྱོན་གྱིས་ས་ལས་དང་རྡོ་ལས་བྱེད་མཁན་དགོས་ཀྱི་འདུག་ཞེས་པ་དེ་སྤྱི་འཐུས་གཅིག་པོའི་ནང་ལབ་ཀྱི་ཡོད་པ་མ་རེད། དེ་ནི་བོད་རང་གི་དེང་གི་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་གསོ་སྤྲོད་སྟངས་གི་ཐོགས་ལ་བཤད་ཀྱི་ཡོད་པ་མངོན་སུམ་འཛེམས་མེད་དུ་འཁུམ། མ་ཟད་རྩོམ་པོ་ཁོ་རང་མ་གཏོག྄ས་མེད་པ་ཞིག་ཀྱང་རྩ་བ་ནས་སྨྲ་ཡི་མིན་འདུག། དེ་ནི་རང་ཉིད་འཁྲིས་ནད་ཅན་པས་གངས་རི་སེར་དུ་སྣང་ཞེས་པའི་བརྗོད་པའི་དོན་གྱི་ཉིང་ཁུ་ལས་ཐ་མི་དད་དོ། དེ་བས་རང་ཉིད་རང་གིས་མགོན་དུ་འཛིན་ནས་དེ་རིགས་ལ་བརྟག་དཔྱད་བྱ་རྒྱུ་ནི་དོན་གྱི་དམ་པ་ལགས།། ཁྱེད་རང་གིས་མཁྱེན་ས་རེད་ཤ་ཚ་བའི་ཁ་ན་སྙན་གཏམ་མེད་ཞེས་པའི་རྒྱབ་ལོག་གི་དོན་དེ་དངོས་གནས་ཁོང་གིས་རྟོགས་མིན་འདུག་གམ།།།།
commentless. no important. we no need waste time.
སྟག་སྨྱོན་ལགས་་་་་་་་་ ཁྱོད་དངོས་གནས་མ་འོང་བོད་ཀྱི་རྩོམ་རྩ་རེད་ལག་ཧཧཧཧཧཧཧ
སྟག སྨྱོན གྱི སྐད ཆར བྲོ བ འདུག ། ཁ ཡོད ལག ཡོད བོད ལ ཕན པའི སློབ གསོ སྤྲོད དགོས།
འཚོ་བྱེད་གཞོན་ནུ་ཡིས་བོད་ཡིག་འབྲི་སྟངས་འདི་གསར་པ་རེད་ལ།
ཚེགས་མེད་བོད་ཡིག་བར་སྟོང་ཅན།།
འཚོ་བྱེད་གཞོན་ནུས་གསར་དུ་བྱས།།
ཡག་ཉེས་གང་ཡིན་བཤད་མི་འདོད།།
འོན་ཏང་འདི་འདྲ་དེ་རིང་མཐོང་།།
རེད་སྟག་སྨྱོན། ཁོ་ཚོས་མ་མཇོན་བ་དང་ཁྱི་ནང་བཞིན་ངར་ངར་བྱེད་མཁན་ཡིན་པ་འཆར་གཞག། འདི་ནི་མཇོན་མཁན་དང་ངར་ངར་མ་བྱེད་པའི་སྤྱིར་དོན་བསྒྲུབས་མཁན་འདི་སུ་རེད། སྤྱི་ཚོགས་རིང་ལུགས་ནང་དུ་བཤད་དགོས་སར་ཤོད། ཁྲབ་དགོས་སར་ཁྲབ་ཟེར་བ་ལྟར་ལྡེང་འཆར་སྟེང་དུ་རྩོད་རྒྱུ་རེད། ཁྲིམས་མདུན་དུ་བཞག་ནས་སྤྱི་དོན་སྒེར་དོན་གང་ཡིན་ཡང་ལྡེང་འཆར་འདིར་ཐོག་གླེང་རྒྱུ་རེད་སྙམ།
རེད་མ་རེད་དྲ་གྲོགས་ཚོས།
སྟག་སྨྱོན་ལེགས། ཁྱེད་ཀྱི་བསམ་པ་ལ། ཁྱོད་རང་མ་ཏོག་བོད་ལ་རྩོམ་པ་པོ་མེད་བསམ་གྱི་ཡོད་པ་འདྲ། དེ་ནི་ཁྲོམས་པའི་ནང་གི་རུས་སྦལ་རེད། ཁྱེད་ལས་ལྷག་མང་པོ་ཡོད་རེད།
གྲྭ་བ་བླ་མ་དེ་ཚོ་ཁྱི་ནང་བཞིན་རེད་ཟེར་ན། བོད་ཀྱི་བླ་གྲྭ་ཚང་མ་ཁྱི་ནང་བཞིན་རེད་ཟེར་གྱི་ཡོད་དམ།
(དེ་ཚོ)ཟེར་ན་མང་ཚིག་ཡིན་པ་ཁྱོད་རང་རྩོམ་པ་པོ་ཞིག་གི་ཤེས་གྱི་མེད་པ་མ་རེད་དམ༎