འཇིགས་མེད།
གངས་ལྗོངས་ཕ་ཡུལ་ཟེར་མཁན་མང་པོ་རེད།།
ཕ་ཡུལ་གཅེས་པར་འཛིན་མཁན་ཉུང་ཉུང་རེད།།
དྲིན་ཆེན་བླ་མ་ཟེར་མཁན་མང་པོ་རེད།།
བླ་མའི་བཀའ་བཞིན་སྒྲུབ་མཁན་ཉུང་ཉུང་རེད།
བཅའ་ཁྲིམས་རིན་ཆེན་ཟེར་མཁན་མང་པོ་རེད།།
བཅའ་ཁྲིམས་ནང་དོན་རྟོགས་མཁན་ཉུང་ཉུང་རེད།།
མང་གཙོ་སྤྱི་དོན་ཟེར་མཁན་མང་པོ་རེད།།
དངོས་སུ་ལག་བསྟར་བྱེད་དུས་སྒེར་འཛིན་མང།།
ཆོལ་གསུམ་སྤུན་ཟླ་ཟེར་མཁན་མང་པོ་རེད།།
སྤུན་ཟླ་མཐུན་སྒྲིལ་བཟོ་མཁན་ཇེ་ཉུང་རེད།།
རྩ་དོན་སྒྲུབ་དགོས་ཟེར་མཁན་མང་པོ་རེད།།
རང་དྲང་རང་བདེན་ཟེར་མཁན་མང་པོ་རེད།།
འཇིགས་མེད་ཀྱིས་གཟའ་མཇུག་རྩོམ་ཅུང་ཡིན།