གཡུ་རྩེ།
སྐྱིད་སར་དགོན་པ་མང་།
མཐོ་སར་ལ་བཙས་མང་།
བར་ལ་དད་ལྡན་མང་།
ཀུན་ཏུ་ཨ་མཆོད་མང་།
དབུས་པ་ཁ་བདེ་མང་།
མི་འཇོན་སྤྲེད་ལད་མང་།
གཙང་བ་མགོ་བདེ་མང་།
ཁེ་ཕོགས་བཟའ་ཤེས་མང་།
བྱང་བ་འཕྱོར་བོ་མང་།
བྱི་ལ་སྟག་བརྫུས་མང་།
སྟོད་པ་དྲང་མོ་མང་།
ནང་ཁོག་གྲུང་པོ་མང་།
ཁམས་པར་བླ་གྲྭ་མང་།
གཏེར་སྟོན་གྲུབ་ཆེན་མང་།
ཡིག་ངོ་མི་ཆོད་མང་།
རྒྱབ་རྩ་སྦྱིན་བདག་མང་།
ཨ་མདོར་ཁྲོན་པ་མང་།
ནང་ལ་སྦལ་ལྕོང་མང་།
ཀོ་བ་རློན་མཉེ་མང་།
གཡག་ཞར་རྩྭ་ཟན་མང་།
བླ་མ་ཀྲོག་ཀྲོག་མང་།
རྒྱ་མོའི་རིགས་མ་མང་།
གྲྭ་བ་ལྡོམ་པོ་མང་།
གསང་བའི་སྡོམ་ཤོར་མང་།
ཕོ་གསར་རྒྱན་ཤོར་མང་།
མོ་གཞོན་ལས་ཤོར་མང་།
རྒད་པོ་སྐྲག་ཤོར་མང་།
རྒན་མོ་བུ་ཤོར་མང་།
མཁས་པ་རྐུན་མ་མང་།
ལག་ཁྱེར་བཅོས་མ་མང་།
ཐོབ་ཐང་གཡར་མ་མང་།
ཡིན་མདོག་ཁ་པོ་མང་།
བརྙན་འཕྲིན་གསར་འགྱུར་མང་།
ཆེ་ཚུལ་མཐོ་ཚུལ་མང་།
རླུང་འཕྲིན་བརྡ་ཁྱབ་མང་།
བཟང་རབས་རྒྱན་རབས་མང་།
གསར་རྙིང་རྩད་རྩོད་མང་།
རིག་པ་འཕྲལ་འཕྲུལ་མང་།
སྣང་བ་བན་བུན་མང་།
དགག་ཡིག་ཐན་ཐུན་མང་།
དྲ་ཚུགས་དུས་དེབ་མང་།
དྲ་རྩོམ་ཡིག་ནོར་མང་།
ཐ་སྙད་བསྒྱུར་སྟངས་མང།
གོ་རྒྱུ་མེད་པ་མང་།
དཔོན་པོ་ཧེབ་རྒན་མང་།
དཔོན་ཕྲུག་ཡོག་ལུ་མང་།
མགོ་སྣ་མཚར་མཚར་མང་།
སྒལ་ཚིགས་སྙི་མོ་མང་།
ཚོང་བ་གཤོབ་རྐྱལ་མང་།
ཁ་བདེ་ལྕེ་བདེ་མང་།
སྐད་ཆར་ཕྱི་ནང་མང་།
ཆ་འཇོག་མེད་པ་མང་།
ལས་བྱེད་ཚོགས་འདུ་མང་།
རྒྱས་ཟ་རྒྱས་འཐུང་མང་།
ཁ་གཡར་ཁག་དཀྲི་མང་།
ལས་འཛོལ་འཐུས་ཤོར་མང་།
གཞུང་ལ་སྒོར་མོ་མང་།
ལས་གཞི་རྣམ་གྲངས་མང་།
ལྐོག་ཟ་ལྐོག་ལེན་མང་།
གོ་ས་འཕྲོག་རེས་མང་།
དོ་དམ་ལྟ་རྟོག་མང་།
མི་སེར་སྐྲག་ས་མང་།
སོ་པ་ཉུལ་མ་མང་།
མུན་ནག་ལྐོག་རྡོ་མང་།
འབྲོག་པ་ཡིག་རྨོངས་མང་།
བཟའ་རྒྱུ་རྫས་འགྱུར་མང་།
ཞིང་བ་མེད་པོ་མང་།
གོན་རྒྱུ་ཐེད་པོ་མང་།
བྱིས་པ་ཁེར་སྐྱེས་མང་།
ལོ་ལོན་བདག་མེད་མང་།
མཚེར་ཤུལ་སྟོང་བ་མང་།
མི་ཤུལ་ཆད་པ་མང་།
རྒྱ་མཁར་གྲོང་བརྡལ་མང་།
ཇ་སྟོན་ཟས་སྟོན་མང་།
ནང་མ་ཆང་ཁང་མང་།
དོན་ལ་བཤང་ཁང་མང་།
སྐྱེ་བོ་འདྲ་མིན་མང་།
རྒྱ་མིན་བོད་མིན་མང་།
ཕོ་ལུས་མོ་ཁ་མང་།
ཕྱི་མཛེས་ནང་སྟོང་མང་།
ཕྲ་མ་དབྱེན་སྦྱོར་མང་།
ཁྱི་ཚོགས་ནང་དམུར་མང་།
ལས་མེད་དམིགས་མེད་མང་།
ཕུགས་མེད་འཕྲལ་རྩོད་མང་།
ཕྱིར་བསྐོར་ཝ་མོ་མང་།
ནང་ཐུག་སྟག་ཕྲུག་མང་།
བར་བལྟས་ཁྲམ་པ་མང་།
ཕན་ཚུན་དོགས་པ་མང་།
ཁ་ནས་ལྷ་བཞེངས་མང་།
མགོ་ཡོད་མཐའ་མེད་མང་།
སྤྱི་ལ་ཁ་གཡར་མང་།
གཞན་ལ་ཁྱད་གསོད་མང་།
བདག་གཞན་གོ་འཛོལ་མང་།
དགྲ་ངོ་མི་ཤེས་མང་།
ཁ་དཀར་གཏིང་ནག་མང་།
གྲོགས་སེམས་མི་ལོན་མང་།
ཚོང་རྫས་རྫུན་མ་མང་།
ཕྱི་ཐུམ་ཡག་པ་མང་།
སྨན་རིགས་གྲགས་ཅན་མང་།
ནད་ལ་མི་ཕན་མང་།
ཟས་རིགས་དུག་ཅན་མང་།
རྫས་རིགས་འགྱིག་ཅན་མང་།
གཤིས་ལུགས་འབིག་ཅན་མང་།
དམར་ལུགས་གཅིག་ཅན་མང་།
ཁྲིམས་མེད་ལུགས་འགལ་མང་།
བདག་མེད་དབུལ་བོ་མང་།
བཙན་ལ་ཐབས་ཤེས་མང་།
གཉོམ་ལ་སྡུག་གྱོང་མང་།
བདེ་སྡུག་མཐོ་དམན་མང་།
མི་སེམས་ན་ཚ་མང་།
ན་ཚ་འབྲས་སྐྲན་མང་།
མཇེ་ནད་སྟུ་ནད་མང་།
དབྱར་རྩྭ་དགུན་འབུ་མང་།
རྐོ་མཁན་དེ་ལས་མང་།
སྦྲང་ནག་ཙི་ཙི་མང་།
དེ་ལས་ཙི་ན་མང་།
བྲིན་པའི་གཏེར་རྫས་མང་།
ད་ལྟ་ཤོར་བ་མང་།
དྭངས་པའི་གཙང་ཆུ་མང་།
དེ་རིང་རྙོག་པ་མང་།
སྐམ་པའི་མཚེའུ་མང་།
རྫོགས་པའི་ཉ་སྲམ་མང་།
ད་དུང་དེ་ལས་མང་།
བཤད་ནས་ཚར་མེད་མང་།
ང་ལ་བཤད་རྒྱུ་མང་།
ཁྱོད་ལ་འགོག་རྒྱུ་མང་།
ང་ལ་འབྲི་རྒྱུ་མང་།
ཀུན་ལ་གོ་རྒྱུ་མང་།
༢༠༠༧་༠༡ ་༢༡་ལ་གཡར་ཤག་ཅིག་ཏུ།
མང་པོ་ཡོད་པ་ཚང་མ་ཁྱོས་བྲིས་འདུག་གཱ ད་ངས་ནི་ཅང་འབྲི་རྒྱུ་མ་རྙེད་ཐལ། གང་ལྟར་བཀླགས་སྤྲོ་བོ་བྱུང་། སྐྱིད་པོ་ཞིག་བྲིས་འདུག
མང་མང་གི་བརྩོམ་དེ་སྙན་པོ་བྱུང་། དོན་ངོ་མ་གཞན་ལ་ཁ་ངན་བསྒྲགས་ཡག་རེད་འདུག
ཁ་བདེ་བཤོད་ཁན་མང་
ལག་བདེ་བྲི་ཁན་མང་
སྒེར་དོན་གྲུབས་ཁན་མང་
བོད་དོན་གྲུབས་ཁན་ཉུང་།
མི་དགོས་ཉོག་བཤད་མང་ན་ཡང་དོན་ལྡན་ལེགས་བཤད་ཤིན་ཏུ་ཉུང་། །
མི་རིགས་སྣ་ཚོགས་མང་ན་ཡང་གངས་ཅན་བོད་རིགས་ཤིན་ཏུ་ཉུང་། །
གཞན་སྐྱོན་མཐོང་བ་མང་ན་ཡང་རང་སྐྱོན་མཐོང་མཁན་ཤིན་ཏུ་ཉུང་། །
རྩ་དོན་བཤད་པ་མང་ན་ཡང་ལག་ཏུ་ལེན་མཁན་ཤིན་ཏུ་ཉུང་། །
སྐྱེ་བ་ངན་པ་མང་།།
སྣང་བ་སྐྱིད་པ་མང་།།
སྙིང་བོ་ཤོར་པ་མང་།།
ཐོབ་སྙམ་སྟོན་མཁན་མང་།།
ཤེས་རྒྱ་ཆེ་བའང་མང་།།
མིག་རྒྱང་རིང་པའང་མང་།།
ཕུགས་འདུན་རུམ་པའང་མང་།།
གཡུ་རྩེ་དྲན་རྒྱུ་མང་།།
ཁོག་ཏུ་གཡོ་སྒྱུ་མང་།།
ཕྱོགས་ཞེན་འཐེན་ཁྱེར་མང་།།
ཉོག་གཏམ་བཤད་རྒྱུ་མང་།།
རྒྱུ་རྐྱེན་སེམས་སྡུག་མང་།།
དེའི་ཕྱིར་འཐུང་རྒྱུ་མང་།།
འཐུང་ནས་བཟི་གཏམ་མང་།།
གཏམ་ལ་དོན་མེད་མང་།།
དོན་མེད་འབྲི་རྒྱུ་མང་།།
བྲིས་ནས་ཡིག་ནོར་མང་།།
གཡུ་རྩེས་སྙིང་མ་རྗེ། །
འཁྲུལ་སྣང་བག་ཆགས་ཟད། །
མིག་ཟུང་མཐོང་ལམ་ན། །
སྐྱོན་ལྡན་རྭ་ཅན་རྐྱང་། །
ཚེ་འདིར་ད་དུང་ཡང་། །
འཁྲུལ་སྣང་བདེན་སྣང་ཤར། །
ཕྱི་མར་དེ་བས་ཀྱང་། །
འཁྲུལ་བ་ཇི་ལྟར་ལྡོག །
དེ་ལྟར་འཁྲུལ་སྣང་ལ། །
གོམས་པ་ཚད་མེད་ན། །
སྣང་ཞིང་སྲིད་པ་ཀུན། །
དགྲ་རུ་ལང་བར་ངེས། །
དེ་བས་ད་ནས་བཟུང་། །
དག་སྣང་མི་འབྱུང་རུང་། །
མིག་རྣ་ལག་པ་ཡིས། །
འགེབ་པའི་ལས་ལ་བརྩོན། །
གཡུ་རྩེས་སྙིང་མ་རྗེ། །
འཁྲུལ་སྣང་བག་ཆགས་ཟད། །
མིག་ཟུང་མཐོང་ལམ་ན། །
སྐྱོན་ལྡན་རྭ་ཅན་རྐྱང་། །
ཚེ་འདིར་ད་དུང་ཡང་། །
འཁྲུལ་སྣང་བདེན་སྣང་ཤར། །
ཕྱི་མར་དེ་བས་ཀྱང་། །
འཁྲུལ་བ་ཇི་ལྟར་ལྡོག །
འདིའི་ནང་ལ་ཡིགནོར་ག་ཚོད་མིན་འདུག
ཤློོཀ་དང་པོ་དེ་སྟོབ་པ་ཡིནནམ་སྨད་པ་ཡིན་མ་ཤེས།
ཁྱེད་ཀྱིས་བྲིས་པ་མང་།
ང་ཡིས་གོ་བ་མང་།
རང་བཙན་ཤོད་པ་མང་།
རང་དོན་བྱེད་པ་མང་།
ང་ལ་དགའ་རོགས་མང་།།
ཁྱོད་ལ་འདོད་པ་མང་།།
ང་ལ་ཆགས་པ་མང་།།
ཁྱོད་ལ་སྦྱོར་བ་མང་།།
ཀུན་ལ་ཕྲག་དོག་མང་།།
ཁ་ནས་བཤད་རྒྱུ་མང་།།
ང་ལ་ཁམས་དམར་མང་།།
ཁྱོད་ལ་ཁུ་བ་མང་།།
ཕར་དགའ་ཚུར་དགའ་མང་།།
འདོད་པར་ཀློང་འཇུག་མང་།།
གྲྭ་བཙུན་དེ་ལས་ཕུད།།
གཡུ་བརྩེ་ལགས་་་་་་་་ཁྱེད་ཀྱིས་མང་བ་མང་དག་ཞིག་བརྗོད་པ་ལ་བཞིག་་ན་་་་་་ང་ཚོ་བོད་པ་ཚང་ལ་་་་་་མ་མིན་མེད་མི་་་་་་བཅས་བྲལ་འདུག་པས་་་་་་་ང་ཚོ་ལ་དགོས་རྒྱུ་འང་དེ་མ་རེད་དམ་་་་་་་་་་་་་་་་་་
འདིའི་ནང་ལ་ཡིགནོར་ག་ཚོད་མིན་འདུག
ཤློོཀ་དང་པོ་དེ་སྟོབ་པ་ཡིནནམ་སྨད་པ་ཡིན་མ་ཤེས། །ཞེས་ཉམ་ཆུང་བྲིས་པ་འདིར་ཡིག་ནོར་ག་ཚོད་འདུག ཨ་ལེ་རྩེད་མཚར་ཡིན་ཉམ་ཆུང་ལ་ཐུབ་ཚོད་གཏོང་ག་ལ་རུང་།
གཡུ་རྩེ་གཡུ་ཡི་ཤེལ་མིག་ལས་།
ཁ་དོག་གཅིག་ལས་མི་མཐོང་གི
ཁྱེད་ཀྱིས་ཤེལ་མིག་མ་གྱོན་ན་།
འཇིག་རྟེན་འདི་ན་ཁ་ཏོག་མང་།
གཡུ་རྩེ་ང་རྒྱལ་ཆེ་དྲེགས་པའི་།
གཞན་སྐྱོན་མ་གཏོགས་མི་མཐོང་གི
རང་སྐྱོན་རང་གིས་མ་རིགས་པས
སེམས་ལ་གང་ཤར་བྲིས་ཡོང་གི
གཡུ་རྩེས་སྦྱངས་བ་ཆེས་དམན་པས་།
རྩོམ་ལ་རྩོམ་གྱི་ཁྱད་ཆོས་དབེན་།
གཡུ་རྩེས་ཞིབ་འཇུག་ངན་དྲེགས་པས་།
གཞན་ཟེར་ཁོ་ནས་རྗེས་སུ་འགྲོ
ཀྭ་ཡེ་ནུ་ཁའི་ལྗང་ལོ་འཇིགས་ཆེན་པོ།
ཁ་མཚར་ཙམ་ཞིག་བྱུང་རྒྱལ་བཀོད་པ་ཡིས།
ག་སར་མ་སྐྱིད་པ་ཡིས་བཀབ་ཡོད་ན།
ང་ཡི་དག་སེལ་འདི་ལ་ལན་གཅིག་གསོན་།
ཅི་ཡང་མེད་པའི་ཨབ་ཕྲུག་སྣ་ནག་ང་།
ཆུ་འཁྱག་བདུད་རྩིར་བསྒོམ་པའི་བླུན་པོ་ཞིག
ཇེ་མང་འགྲོ་བའི་སྣང་ཚུལ་མ་བཟོད་པར་།
ཉོག་གཏམ་བཟི་བོའི་འོལ་ཚོད་ཐེངས་གཅིག་བཟླས།
པགས་པ་དམར་བཤུ་བྱས་པའི་ཤུལ་དེ་ཡི་།
ཕག་པའི་རོ་ལ་སྙིང་རྗེས་གཟིགས་གནང་དང་།
བག་ཆགས་ཟབ་མོ་འཇོག་པའི་དམར་མདོག་དེ་།
མག་མོག་ཙམ་ཞིག་ལོས་མཐོང་ཞར་མེད་ན་།
གཙང་ཆུ་ཤ་འོད་རེས་ཀྱིས་ཡོང་བ་བཞིན་།
ཚང་གི་སྒོ་ང་ཁུང་བུའི་འཕྱི་བ་ཡང་།
བརྫངས་པའི་དུག་རླངས་རིམ་པར་ཕོག་གྱུར་ན་།
ཝང་ཝང་ཟེར་ནས་མགོ་བོ་མི་ནའམ།
ཞ་དང་ཞོར་ལ་བྲིས་པའི་ཡིག་རྩོམ་ཞིག
ཟ་འོག་དར་བཞིན་མཛེས་པ་འོང་མིན་ལ།
འ་ཅག་མགུ་བྱེད་སྙན་ཆ་ཡེ་མེད་ཀྱང་།
ཡ་རབས་སྐུལ་ལ་མ་རབས་མཐོང་དགོས་སྙམ།
ར་མ་ལུག་གི་ལབ་རྡོལ་ཟ་ཟི་ཡིས།
ལ་ལུང་བསྐྱོམ་སྙམ་རི་བོང་གནམ་རྡིབ་སྡུག
ཤ་འཁོན་ལ་སྦྱར་ཅོ་འདྲི་བྱེད་པ་འདིས།
ས་རྒྱ་མ་ཆོད་ང་ནི་བཅོམ་ལ་ཁད།
ཨ་མདོར་ཅུང་ཟད་སྨད་པའི་ཟོལ་འདི་ཡང་།
ཨ་མར་བུ་ཡིས་འཁང་རའི་ངང་ཚུལ་ཙམ།
ཧ་ཅང་བློ་ཁོག་ཆུང་བའི་ང་རང་ནི་།
ཧ་ཤང་ཀརྨ་ཤི་ལར་ཐུག་བཞིན་འདར།
ནུ་ཁའི་ལྗང་ལོ་ལགས།
གཡུ་རྩེས་མིག་ཤེལ་གྱོན་ཡོད་དམ།
བླ་མ་ཀརྟི་ཚང་གིས་བཀའ་བསྒོ་ར་དམ་བཞག་མཛད་པའི་བཙན་པོ་གཡུ་རྩེ་རྟ་ནག་ཅན་སྐུ་གསོན་པོ་དངོས་སུ་ཕེབས་ཤིང་གསུང་དྲོན་མོ་དངོས་སུ་ཐོས་པ་བདག་ཅག་སྐལ་བ་བཟང་།
ཟས་རིགས་དུག་ཅན་མང་།
རྫས་རིགས་འགྱིག་ཅན་མང་།
གཤིས་ལུགས་འབིག་ཅན་མང་།
དམར་ལུགས་གཅིག་ཅན་མང་།
་་་་་་་་་་་་་་་་་་་་་འདི་ཡག་པོ་འདུག
གཡུ་རྩེས་ཕྱི་ཡི་ཤེལ་མིག་གྱོན་ཡོད་ངས་མ་མཐོང་།
གཡུ་རྩེའི་རྩོམ་ལ་ཁ་ཏོག་གཅིག་ལས་ངས་མ་མཐོང་།
གཡུ་རྩེའི་སེམས་ལ་ཀུན་སློང་གཅིག་ལས་ངས་མ་མཐོང་།
གཡུ་རྩེས་པིར་རྩེ་བསྐོར་ས་གཅིག་ལས་ངས་མ་མཐོང་།
ཧ་ཧ་གཡུ་རྩེ་དགོངས་པ་མ་ཚོམ་ཀུ་རེ་ཡིན་།
ཉིད་ཀྱི་རྩོམ་ལ་མཇལ་པའི་སྐལ་བ་ཨེ་མ་བཟང་།
ཁ་བརྡའི་སྟེང་ནས་ཡང་ཡང་མཇལ་པའི་སྨོན་ལམ་སྟེ་།
རྒྱལ་ཁམས་འགྲིམ་པའི་ནུ་ཁའི་ལྗང་ལོ་ང་ཡིས་འདེབས་།