Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་ཚོགས་ལ་འགན་ཁུར་ནས་མདུན་ལ་ཕེབས་རོགས།

Posted on 2016-01-312016-01-31 By ཁ་བརྡ 14 Comments on མང་ཚོགས་ལ་འགན་ཁུར་ནས་མདུན་ལ་ཕེབས་རོགས།

imageཚུལ་ཁྲིམས་དཔལ་ལྡན།
 
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཉེ་བའི་ལོ་བཞི་ལྷག་རིང་གི་བཀའ་ཤག་དང་སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་དང་། དེར་ཁོང་གི་ངོས་ནས་ལྟ་སྟངས་མང་པོ་ཞིག་གླེང་སློང་གནངས་དང་གནང་བཞིན་པ་རེད། ཏག་ཏག་དུས་ཚོད་འདི་འདྲ་ཞིག་ལ། རྒྱ་ཆེའི་མང་ཚོགས་ནས་རང་ཉིད་ཀྱི་གཞུང་དང་། འཛིན་སྐྱོང་གི་ལས་དོན་བྱེད་པོ་དག་གི་ངོ་གདོང་གསལ་པོ་ཞིག་མཐོང་ཐུབ་པར་བྱས་སོང་ཞེས་གླེང་མཁན་ཇེ་མང་དུ་འཕེལ་བཞིན་པ་རེད།

གླེང་སྟངས་གཞན་ཞིག་ནི། སྲིད་སྐྱོང་བློ་བཟང་སེང་གེས་སྤྱི་འཐུས་རྣམས་ཀྱི་དྲི་བར་ལན་འདེབས་བྱས་པ་ནི་གཡོལ་ཐབས་འབའ་ཞིག་བྱས་པ་ཆགས་ཡོད་ཅེས་སྤྱི་འཐུས་ཚོས་གྲོས་ཚོགས་ར་བའི་གྲོས་ལ་དབང་བ་ཚོས་ལན་དུ་མར་སྤྱི་ཚོགས་ནང་གླེང་སློང་གནང་བ་དེ་ཆགས་ཡོད། དེར་བརྟེན། ད་ཆ་མང་ཚོགས་མང་པོ་ཞིག་ནས་གྲོས་ཚོགས་ཀྱི་ལས་རིམ་བརྙན་འཕྲིན་ལ་ཡང་སྐྱར་ཉན་བལྟ་བྱེད་ཀྱིན་འདུག མང་ཚོགས་ཀྱི་ལྟ་སྟངས་འགྱུར་ས་གཅིག་གྲོས་ཚོགས་ཀྱི་ལས་རིམ་བརྙན་འཕྲིན་ལ་བསྐྱར་བལྟ་བྱེད་སྟངས་འདི་ཆགས་འདུག མང་ཚོགས་ཀྱིས་ད་ལྟ་ཞིབ་ནན་བྱེད་མགོ་ཚུགས་སོང་། ད་ནི་མང་ཚོགས་ཀྱིས་དངོས་འབྲེལ་གྱི་བསྐྱར་ཞིབ་ཅིག་ལ་ལག་པ་འཆང་བསྡད་འདུག

སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་གཙོ་སྤེན་པ་ཚེ་རིང་གི་མཉམ་དུ་བགྲོ་གླེང་བྱེད་པར་གཡོལ་ཐབས་འཚོལ་གྱིན་ཡོད། ག་རེ་བྱས་ནས་གཡོལ་ཐབས་འཚོལ་བ་རེད་དམ། མང་ཚོགས་ནང་ལ་གླེང་གཞི་ཞིག་ཆེ་རུ་འགྲོ་བཞིན་པ་འདི་རེད། གལ་སྲིད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དངོས་ཡོད་གནས་སྟངས་གླེང་བའི་གསལ་ཁ་ཇེ་དོད་དུ་བཏང་བ་ཡིན་ན། མང་ཚོགས་ཀྱི་མདུན་ནས་ལམ་སང་གཡོལ་ཐབས་ཚད་ལྡན་ཞིག་བྱེད་པར་དཀའ་ངལ་ཞིག་རང་བཞིན་གྱིས་ཡོང་རྒྱུ་དེ་སྲིད་སྐྱོང་གིས་ཤེས་ཡོད་པས་རེད་ཟེར་བ་འདི་རེེད།

དངོས་ཡོད་གནས་སྟངས་ལའང་། ཉེ་ཆར་ཚོགས་པ་དང་བརྒྱུད་ལམ་ཁ་ཤས་ནས་སྲིད་སྐྱོང་འོས་མི་གཉིས་ལྷན་དུ་བགྲོ་གླེང་གི་ལས་རིམ་བཀོད་སྒྲིག་ལ་ཤུགས་བརྒྱབ་ཡོད་ཀྱང་། སྲིད་སྐྱོང་གིས་དུས་ཚོད་མེད་པ་ལ་ཁ་གཡར་ནས་མཉམ་ཞུགས་ལ་གཡོལ་ཐབས་བྱས་ཡོད། དངོས་འབྲེལ་བྱས་ན། ཉེ་བའི་ལོ་བཞི་ལྷག་རིང་བྲེལ་བ་དེ་ཙམ་མེད་པ་ལ། ད་ཆ་གཞི་ནས་སྔར་མེད་ཀྱི་བྲེལ་བ་ཆགས་ས་མི་འགྲོ་བ་ལྟ་བུ་རེད། ད་ལྟའི་གནས་སྐབས་སུ། མང་ཚོགས་ཀྱི་མདུན་ལ་ཐོན་ནས་གསལ་བཤད་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་ལས། གཡོལ་ཐབས་འཚོལ་རྒྱུ་གལ་ཆེན་པོ་མ་རེད།

སྲིད་སྐྱོང་ལ་ལོ་ངོ་བཞི་ལྷག་གི་རིང་གི་གྲུབ་འབྲས་ཤོད་ལབ་ན། ཨ་རིའི་གཞུང་ནས་སྒོར་མོ་ས་ཡ་དྲུག་རེག་ཡོད་ཟེར། སྤྱི་ཚོགས་ལྷིང་འཇགས་ཆགས་ཡོད་ཟེར། ཡིན་ན་འང་། གྲུབ་འབྲས་གླེང་སྟངས་འདི་ཡང་མང་ཚོགས་ཀྱི་ངོས་ལེན་ར་བའི་ནང་ནས་ཟགས་མགོ་ཚུགས་སོང་། གྲུབ་འབྲས་འདི་གཉིས་མ་ཡིན་པ་རེ་བསྟན་དུ་ཡོད་ན། སྟོན་དགོས་པའི་ཚོད་རེད།

སྲིད་སྐྱོང་འོས་མི་གཉིས་ཀྱི་སུ་ཡིན་ནའང་། མང་ཚོགས་ཀྱི་མདུན་ལ་ཐོན་ནས་རང་ཉིད་ངོ་སྤྲོད་དང་། ལས་དོན་གྲུབ་འབྲས་རྩིས་གཙང་ཞིག་འབུལ་རྒྱུ་གལ་པོ་རེད། ད་ནི་སྦས་ནས་ཕན་གྱི་མ་རེད། སྐུང་ནས་ཕན་གྱི་མ་རེད། གཡོལ་ནས་ཕན་གྱི་མ་རེད། མདུན་ལ་ཐོན་རོགས་ཞུ་བ་ཡིན། ཕྱི་གསལ་ནང་གསལ་བྱས་ནས་མདུན་ལ་ཐོན་ཡོང་རོགས་ཞུ་བ་ཡིན། ཇི་ཙམ་མང་ཚོགས་ཀྱི་མདུན་ལ་ཐོན་པ་དེ་ཚོད་ཀྱིས་མང་ཚོགས་ལ་འགན་ཁུར་གྱི་ཡོད་པ་ཞིག་ཆགས་ཡོད། མང་ཚོགས་ཀྱི་མདུན་ལ་ཕེབས་ནས། ན་ཚ་ཡོད་མེད་ལ་གཟིགས་བཅུག་ན་ཡག་གི་རེད།

གསལ་བཤད།

Post navigation

Previous Post: དོ་སྣང་དགོས་པའི་གསུང་བཤད།
Next Post: མི་ཚེ་ཟད་བྱེད་ཀྱི་བསྡུས་གྲྭའི་སྐོར།

Comments (14) on “མང་ཚོགས་ལ་འགན་ཁུར་ནས་མདུན་ལ་ཕེབས་རོགས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-31 at 8:26 pm

    བློ་སེང་ཁོང་སྤེན་ཚེ་ས་ནས་བྱོལ་དགོས་པའི་རྒྱུ་མཚན་གཏན་ནས་ཡོད་མ་རེད་སྙམ། གྲུབ་འབྲས་བྱུང་མིན་ལ་མ་བལྟས་པ་མང་ཚོགས་ལ་གསལ་པོ་བཟོ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེ་བས་དེར་བློ་སེང་གིས་ངེས་པར་དུ་བཟོ་དང་བཟོ། སྤེན་ཚེས་ལོ་ངོ་ཉི་ཤུ་ནང་གི་ལག་རྗེས་སྟོན་དང་བློ་སེང་གིས་ལོ་ལྔའི་ནང་གང་བྱས་གསལ་སྟོན་བྱེད་པར་ཐེ་ཚོམ་ཡོད་མ་རེད་དོ།།

  2. འབོར་བློ་བཟང་རྒྱ་མཚོ། says:
    2016-01-31 at 11:44 pm

    ཡག་པོ་བྲིས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 1:07 am

    ལོ་བཞི་ལྔའི་བྱེས་རྗེས་དང་ནོར་འཁྲུལ་དང་། ལོ་ཉི་ཤུའི་བྱས་རྗེས་དང་ནོར་འཁྲུལ་ག་ཚོད་ཕྱིན་ཡོད་མེད་འགྲན་བསྡུར་བྱེད་བཅུག་བགྱི་ཡིན་ཨེ། འདི་དངོས་ནས་ཡག་པོ་འདུག་གདའ།
    ཁོང་གཉིས་ཀྱི། ཞབས་བཀྱག་གཉིས། སྒང་ལ་བཞུགས་སུ་བཅུག་ནས། གསར་འགོད་པའི་འདྲི་རྩད་དགོས་པ་ནི། མང་གཙོའི་འགྲོ་ལུགསརེད། འདི་སུས་ཀྱང་གཡོལ་ཐབས་མེད། ད་ལྟ་ནས་བློ་སེང་གིས་གཡོལ་སོང་ཟེར་བ་ལ་ཡང་ཡིད་ཆེས་མེད་པས། ཡོད་པའི་ཁུངས་ཡོད་ན་འདིར་དྲོངས་ཤིག

  4. ལིང་ནག says:
    2016-02-01 at 3:10 am

    ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས་དངོས་གནས་ཡག་མོ་བྲི་འགུ་་་ད་དུང་བྲིས་པ་དྲང་མོར་ཡང་རེད་འགུ་གདའ་་་་་་

  5. ཇུང་ཏོག་ says:
    2016-02-01 at 3:29 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་གསར་འགྱུར་
    སྡེ་ཚན་ཁག་ནས་འགན་འཁུར་བཞེས་དགོས་པ་ལས་གསར་
    འགོད་ཚོར་མཁེ་ཕན་ལ་གཟིགས་ནས་བཙན་བྱོལ་སྤྱི་ཚོགས་འདི་དུམ་བུར་གཏོང་རྒྱུའི་ལས་འགུལ་རིགས་མ་སྤེལ་ན་ཡག་ལི་མ་རེད་དམ་

  6. རེབ་གླེན་པ། says:
    2016-02-01 at 6:20 am

    མཚམས་འདི་ནས་ངས་་ཁ་བརྡ་ཚང་ན་ཅི་བཞིན་བསྡོད་བཟོ་ཐུབ་ཀི་མེད་པའི་་༼ཀརྡོ་གཉེར་་ཕྱག་པ༼་དང་གཅིག་༼བསོད་ནམ་༽དང་གཉིས་༼ཧྲེ་ཧོར་བྱམས་པ་རིན་ཆེན༽དང་གསུམ།༼སྤོ་པ་མཐའ་ཡས༽དང་བཞི། ད་དུང་ཇིང་ཏོག་སོགས་མི་འདི་ཚོའི་ངོ་གདོང་དེ་རིག་རྒྱུ་ན་བསམ་གྱིན་འདུག རྒྱུ་མཚན་མི་འདི་ཚོ་ནི་རྒྱལ་ཞེན་ཅན་དང་། ལྷག་བསམ་ཅན།གཞོན་ཐང་དང་ཤེས་ཡོན་ཅན་རྐྱང་རྐྱང་ཡིན་པ་ཁ་གདང་ན་ཁོག་རིག་ཟེར་བ་ལྟར་མཆན་རྒྱག་སྟངས་ལ་བལྟས་ན་ཚོད་ཐིག་གྱིནའདུག ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ་ཁོ་ཚོའི་ངོ་གདོང་ནི།ཤིན་ཏུ་ལྐོག་གྱུར་པ་ཏག་ཏག་ཅི་ལྟར་ཡིན་དགོས་སོང་བ་དེ་རེད།

  7. ཟླ་གསལ། says:
    2016-02-01 at 7:01 am

    འཛིན་སྐྱོང་ཉམས་མྱོང་སྣ་གཅིག་མེད་པའི་སྤེན་ཚེ། རང་གི་གོ་གནས་དང་མིང་གི་ཆེད་དུ་སོ་སོའི་སྒྲིག་འཛུགས་ཁ་གཏད་དུ་ལངས་ནས་གང་བྱུང་བཤད་མཁན་གྱི་སྤེན་ཚེ། རག་བཟི་ཡི་ཡོད་ན་གཉིད་ཡག་པོ་མི་ཁུག་པ་ཡིན། སྐད་ཆ་ནོར་འཁྲུལ་ཅན་མང་པོ་བཤད་མཁན་གྱི་སྤེན་ཚེ། ཆོལ་ཁའི་བར་དབྱེ་སྦྱོར་ར་བྱེད་མཁན་གྱི་སྤེན་ཚེ། གང་ལྟར་མང་ཡ།

  8. ཆུ་ཐིགས་སྔོན་མོ says:
    2016-02-01 at 3:42 pm

    ཟླ་གསལ་ལགས་་་རང་ལ་སྐད་ཆ་འདི་འདྲ་བཤད་རྒྱུར་ངོ་ཚ་གི་མི་འདུག་གམ་་་་རང་གིས་བཤད་སྟངས་ལ་བལྟས་ནས་རང་གི་ཀླད་པའི་ནང་ཅི་ཡོད་གསལ་ཐང་དུ་བསྟན་འདུག་པ་ཅི་འདྲའི་གད་མོ་ཤོར་བ་ཞིག་རེད་

  9. སྤྱང་ཤོག says:
    2016-02-01 at 4:04 pm

    ཚོགས་གཙོ་མཆོག་གི་ལྟ་གྲུབ་དང་མི་མཐུན་པའི་གང་ཟག་ཞིག་གིས་མཉམ་དུ་ལྡིང་ཆ་གཅིག་གི་ཐོག་བགྲོ་གླེང་གནང་གི་མིན་གསུང་པ་རེད། འདི་ནི་དམངས་གཙོ་རང་དབང་ཡིན་གསུང་སོང། ངས་ལྟས་ན། ཆོས་ཐོག་ནས་བཤད་ན། ༧གོང་ས་མཆོག་གསུང་ཞལ་བརྫུན་ལ་བསྒྱུར་བ་དང། བོད་ཀྱི་བླ་མ་ཞིག་འདས་སྐྱེན་དང་འབྲེལ་བ་ཡོད་པ་དང་། སྲིད་ཕྱོགས་ནས་བཤད་ལྟས་ན། གཞན་གྱི་ཆུང་མ་བཙན་འཕྲོག་བྱེད་མཁན་ཞིག་དང་བོད་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་གཏོར་གཤིག་བཏོང་མཁན་གྱི་མི་ཞིག་ཡིན་དུ། དེ་འདྲ་མིང་ཆད་ཡོད་པའི་མི་ཞིག་གི་གཉམ་དུ། བོད་མིའི་སྲིད་སྐྱོང་གིས་ལྡིང་ཆ་གཅིག་གི་ཐོག་ལ་བགྲོ་གླེང་གི་ཆེ་མཐོང་སྤྲད་དགོས་པ་ཞིག་མཐོང་གི་མེད།

  10. ལིང་ནག says:
    2016-02-01 at 6:46 pm

    སྤྱང་ཤོག་ལགས་་་་དྲ་འབུ་རེད་གདའ་་་་འབུ་སྐད་འདྲ་ཙམ་ལས་ཅི་མི་གདའ་་་སྤེན་ཚེ་ལགས་ཀྱིས་སུའི་ཆུང་མར་བཙན་འཕྲོག་བྱས་སོང་ངམ་་་་ཁྱེད་ལ་བདེན་དབུང་ཡོད་ན་ཁོང་ཁྲིམས་ལ་མི་སྦྱོར་བར་བོད་ཀྱི་ཁྲིམས་བཟོ་ལྷན་ཁང་གྱི་ཁྲི་ཐོག་ལ་ཅི་ལ་བཀུར་བ་གདའ་འམ་་་་་འདི་ནས་འབུའི་ལུས་བླང་ནས་ངན་ངུས་ཅི་བྱེད་ཀྱི་ཡོད་འགུ་འམ་་་་་ཨྱོན་སྟོབས་རྒྱལ་གྱི་མངགས་ཨེ་རེད་གདའ་ཧཧཧཧཧཧཧཧ

  11. སྤྱང་ཤོག says:
    2016-02-01 at 9:41 pm

    ལི་ནག་ལགས། སྨར་ཁམས་ཀྱི་བླ་མ་ཀ་སྟ་སྤྲུལ་སྐུའི་ཆུང་མ་འཕྲོག་པ་དང་དེའི་སྐྱེན་བྱས་ནས་ཀ་སྟ་སྤྲུལ་སྐུ་གྲོངས་སོང་བ་ཚང་མས་མཁྱེན་ཀྱི་རེད། བོད་ཀྱི་ཁྲིམས་བཟོ་ལྷན་ཁང་གྱི་ཁྲིམས་ལ་ཟླ་བ་ཚེ་རིང་དང་སྤན་པ་ཚེ་རིང་སོགས་ཀྱི་རང་དོན་དུ་ཐུག་དུས་རྩི་གི་མེད་པ།

  12. ལིང་ནག says:
    2016-02-02 at 2:31 am

    སྦྱང་ཤོག་ལགས་་་་་
    དེ་ན་སྨ་ཁམས་སྤྲུལ་སྐུ་ཀ་སྟ་ལགས་ཀྱི་སྲས་མོས་ད་ལྟ་ཡིན་ནའང་སྤེན་ཚེ་མཆོག་ལ་ཕ་ལྟར་རྩིས་བཞིན་པ་ཤེས་ཨེ་འགུ་ལེ།་་དེ་ཞིན་སྤེན་ཚེ་མཆོག་གི་སྲས་མོ་ཁོང་བོད་ཁྱིམ་སློབ་གྲའི་ཧྥ་རན་སི་སྐད་བསྒྱུར་ལ་བཞག་གནང་བ་ཤེས་ལེ།་
    དྲ་འབུ་་་་མིག་ཆུང་ཁོག་དོག་མོ་ལགས་ཧཧཧཧཧཧཧཧཧཧཧ

  13. སྤྱང་ཤོག says:
    2016-02-02 at 4:33 pm

    ཀ་སྟག་སྤྲུལ་སྐུའི་་ཆུང་མ་འཕྲོག་ནས་བླ་མ་གྲོངས་སྐྱེན་བཟོས་ཚར་དུས། དྭ་ཕྲུག་སྲས་མོ་དེ་ལ་སྐུ་ངོས་སྤེན་ཚེ་ཕ་དོད་བྱས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཀ་སྟག་སྤྲུལ་སྐུའི་བཀའ་དྲིན་རྗེས་དྲན་ཞུས་པ་འདྲ། ཧཧཧཧཧ།

  14. ལྡོང་ངག་དབང་ཕུན་ཚོགས། says:
    2016-02-10 at 2:54 am

    “སྤྱང་ཤོག་”ཟེར་བ་དང་”ལིང་ནག་”ཟེར་བ་ཁྱོད་གཉིས་པོར་དངོས་གནས་ཀ་སྟག་སྤྲུལ་སྐུའི་སྐོར་བརྗོད་འདོད་ཡོད་ན་སོ་སོ་དངོས་སུ་བུད་ནས་བརྗོད་ཤོག །རང་དབང་དང་ཐོབ་ཐང་ཡོངས་སུ་ཚང་ཡོད་རེད། སོ་སོ་དངོས་སུ་བུད་ཟིན་པའི་རྗེས་སུ་ཁྱོད་གཉིས་ཀས་གནས་ལུགས་བརྗོད་རེས་བྱེད་ཀྱིན་ཡིན་ན་རྗོད། སྐྱག་རྫུན་བརྗོད་རེས་བྱེད་ཀྱི་ཡིན་ན་རྗོད་དང་ཆོག །གོ་ནོར་ཐེབས་ས་སུ་གང་མེད་པར་གྱུར་ཚར་རེད། དེ་མིན་མིང་རྫུན་འོག་ཏུ་ཡིབས་ནས་ཀ་སྟག་སྤྲུལ་སྐུའི་སྐོར་བརྗོད་མ་འོང་རོགས། སོ་སོ་ཡིབས་སྡོད་པ་ཡིན་ན་རྗོད་མཁན་སུ་ཡིན་དང་རྗོད་དགོས་དོན་གང་ཡིན་སོགས་གནད་དོན་མང་པོ་ཞིག་ཕར་ཚུར་མང་པོ་ཞིག་ལ་གོ་ནོར་ཐེབས་མི་སྲིད་པ་མ་རེད། ཁ་ཁར་འདུག་རོགས་གནང་ཞུའོ།།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྨར་ཁམས་པ་ལྡོང་ངག་དབང་ཕུན་ཚོགས་ནས་སྤེལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme