མང་རའི་ཀླུ་ཚང་དགོན་པའི་དགེ་འདུན་པའི་ལོ་གསར་ཚེས་གཅིག་ཞི་བའི་ངོ་རྒོལ། Posted on 2009-02-272009-02-27 By གཡང་འབུམ་རྒྱལ་ 13 Comments on མང་རའི་ཀླུ་ཚང་དགོན་པའི་དགེ་འདུན་པའི་ལོ་གསར་ཚེས་གཅིག་ཞི་བའི་ངོ་རྒོལ། http://www.rfa.org/english/news/tibet/tibet-march-02262009163337.html གསར་འགྱུར།
གུང་ཇག་གི་མེ་མདའི་སོ་ཁ་ནས་རང་སྲོག་བློས་གཏོང་གི་ལས་འགུལ་འདི་འདྲ་སྤེལ་བ་མཐོང་ཐོས་བྱུང་སྐབས་སེམས་ལ་བཤད་མི་ཤེས་པའི་དགའ་སྐྱོའི་མིག་ཆུ་འཁོར་ཡོང་གི ཁོང་རྣམ་པའི་སྐུ་ཚེ་ལ་བར་ཆད་མེད་པ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།།
དེ་དེ་བཞིན་དུ་སྨོན་ལམ་འདེབས་ལགས། ཀླུ་ཚང་གི་ཕྱོགས་འདི་ནས་གུང་དམག་ཐོག་མར་སླེབས་སྐབས་ཀྱང་སྲོག་བློས་བཏང་ནས་འཛིང་པའི་ལོ་རྒྱུས་འདུག་ག། བོད་མི་རྣམས་རིམ་གྱིས་ཡར་ལངས་གི་མགོ་བཙུགས་པ་རེད་ལ། ང་ཚོ་ཕྱི་སྡོད་ཚོས་ཀྱང་སྨོན་ལམ་ཙམ་མ་ཡིན་པའི་ལས་ཀ་བྱེད་དགོས་ཀྱི་འདུག
གཞིས་ལུས་བོད་མའི་སྙིང་སྟོབས་འདི་ བཅ༹ན་བྱོལ་ནང་གི་བོད་པ་༷ཆོ༹ས་སྐྱབས་མགོན་རིན་པོ་ཆེའི་ བཀའ་སློབ་ལུང་དྲངས་པ་ལྟར་མ་ཡིན་པར་དངོས་ནས་ཁ་ཡོད་ལག་ཡོད་རེད། ཁོང་༷ཆོ༹འི་གཅེས་པའི་ལུས་སྲོག་ལ་བར་ཆད་མེད་པར་སྨོན།
ཀླུ་སྨྱོན་ལགས། ཀླུ་ཆ༹ང་ཕྱོགས་ཀྱི་གསར་འགྱུར་འདྲ་ཨེ་ཡོད། གསར་དུ་བྱུང་བའི་ཞི་རྒོལ་འདི་ཡང་དངོས་ནས་ཆ༹བས་ཆེན་རེད།
ད་ནང་ཞོགས་པར་ང་ལ་ཀླུ་ཚང་དགོན་པའི་གྲྭ་པ་ཕོར་ལན་ལ་བསྡད་ཡོད་པ་ཞིག་གིས་ཁ་པར་བཏང་སྟེ་སྐད་ཆ་དྲིས་སོང་། ངས་ཀྱང་གྲྭ་པའི་ཞི་བའི་གོམ་བགྲོད་དང་གྲྭ་པ་གསུམ་བཟུང་སོང་བའི་གསར་འགྱུར་དེ་ལས་གཞན་ཅང་མ་ཤེས། གསར་འགྱུར་དེ་ལས་མང་རྫོང་གི་དྲ་ཁང་ཡོད་ཚད་དང་ཁ་པར་སྐུད་ལམ་སོགས་གསར་འགྱུར་མཁོ་སྤྲོད་ཀྱི་ལམ་ཡོངས་རྫོགས་བཀག་ཡོད་ལུགས་འདུག་པས། ནམ་མཁའི་བླ་མ་དཀོན་མཆོག་གིས་མ་གཏོགས་དེ་རིང་ངས་ནི་ཅི་ཡང་མི་ཤེས། ཀླུ་ཚང་དགོན་འདི་ནི་མདོ་སྨད་མཚོ་སྔོན་ལ་མཚོན་ན་ཆོས་དང་རིག་གཞུང་གི་ཡང་ལྟེ་བ་ཞིག་ཆགས་བསྡད་ཡོད། དགོན་པ་དེ་རུ་མཚན་ཉིད་ཀྱི་བཤད་གྲྭ་ཅུང་འཐུས་ཚང་ཡིན་པ་ཞིག་ཡོད་པས་མདོ་སྨད་ཀྱི་ས་ཕྱོགས་མང་པོ་ཞིག་ནས་་གྲྭ་པ་སློབ་གཉེར་བ་ལྔ་བརྒྱ་ཙམ་འདུས་ཡོད་པ་དང་། རྩོད་པའི་རླབས་ཕྲེང་སོགས་དུས་དེབ་དང་ཚགས་པར་སྐོར་ཞིག་ཀྱང་འདོན་བཞིན་པ་དང་། མཚོ་སྔོན་གྱི་སློབ་གྲྭ་མང་པོ་ཞིག་གི་སློབ་དགེ་དང་སློབ་གྲྭ་པ་གང་མང་ཞིག་དབྱར་དགུན་གྱི་གུང་གསེང་སྐབས་ཀླུ་ཚང་དགོན་དུ་སོང་ནས་བོད་པའི་ཆོས་རིག་ལ་སློབ་སྦྱོང་བྱེད་བཞིན་ཡོད།
ཀླུ་སྨྱོན་ལགས། ཁྱེད་ཀྱང་གདན་ས་འདིར་ཞུགས་མྱོང་པ་ཨེ་རེད། འཚེ་མེད་ཞི་བའི་མར་མེ་ཁྲོམ་སྐོར་མཛད་པ་དེ་ནི་ངོ་མ་སེམས་ནས་དུངས་དུངས་ཞིག་རེད། ཁོང་ཚོའི་བདེ་འཇགས་ལ་བློ་འཚབ་ཆེ་མོད། བདེ་ས་འཇམ་ས་ནས་བསྡད་དེ་ཁོང་ཚོའི་སྐོར་ལ་འགན་འཁུར་མེད་པའི་སྐད་ཆ་མང་པོ་ཞིག་བཤད་འདུག་རྒྱུར་ངོ་ཚ་བ་ཞིག་ཀྱང་རེད། གལ་སྲིད་ཁྱེད་ཀླུ་ཚང་དགོན་ནས་ཡིན་ན། དེ་ཙམ་གྱིས་ཀྱང་སེམས་སུ་མགུ་བཀང་བ་ཞིག་འདུག
ངའི་སྤུན་མཆེད་དང་ཨ་ཞང་། ཆོས་གྲོགས་དང་སྨྱུག་གྲོགས་སོགས་སེམས་ནས་བློས་མི་ཐོངས་པ་གང་མང་ཞིག་དེ་རུ་ཡོད། ཆུང་ཆུང་ཡིན་དུས་སྤུན་མཆེད་དང་ཨ་ཞང་ཡོད་སར་འགྲོ་དུས་ཨ་ཞང་མཁའ་སྤྱོད་མའི་རྣལ་འབྱོར་བ་ཞིག་ཡོད་པ་དེས་ཀ་ར་རེ་ཉོ་སྤྱད་ཀྱི་སྒོར་རྡོག་འགའ་རེ་བྱིན་པ་དེ་ནམ་ཡང་བརྗེད་ཐབས་མི་འདུག ཉིན་ཤས་སྔོན་གྱི་མཚན་མོ་ཞིག་ལ་དེ་སེམས་ནང་དྲན་ནས་ཨ་ཞང་ལགས་སུ་མཆོད་མེའི་ཞལ་འདེབས་སུ་དམིགས་པའི་སྒོར་རྡོག་འགའ་ཕུལ་ཏེ་བཀའ་དྲིན་རྗེས་དྲན་ཞིག་བྱེད་དགོས་པའི་འདུན་པ་ཞིག་སྐྱེས་བྱུང་། ང་ཡང་དེར་ཁྱུག་ཙམ་རིང་བསྡད་དེ་ཆོས་གྲྭར་སོང་བ་ཡིན་མོད་རང་ཉིད་མི་བླུན་རྒན་ཞིག་ཡིན་པས་དཔེ་ཆ་ཤེས་མ་སོང་།
ང་ལའང་དགོན་པ་འདིར་ཕལ་ཆེར་ཁྱེད་དང་ན་མཉམ་གྱི་ངོ་ཤེས་གྲྭ་བ་ཞིག་ཡོད་ལ། ཁ་སང་ནས་ཁོང་གི་བཞིན་རས་སེམས་ལ་ཡང་ཡང་འཁོར་ཡོང་གི ཚང་མ་བདེ་འཇགས་ཡོང་བའི་སྨོན་ལམ།
སྤྱིར་དུས་ཚོད་ཁེལ་སྟངས་ཤིག་རེད་མ་གཏོགས་ཀླུ་དགོན་གྱི་གྲྭ་པ་ཚོས་སྤེལ་བའི་ལས་འགུལ་དེར་ཆབ་སྲིད་ཀྱི་དོགས་གཞི་ཆེན་པོ་ཞིག་སྐྱེས་དགོས་དོན་ཨེ་ཡོད་བསམ། སྤྱིར་ན་གྲྭ་པའི་ལས་ཀ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་ལ་གྲྭ་པ་ཚོས་ལོ་གསར་པའི་ནང་དེ་ལྟར་ཡོང་བའི་སྨོན་ལམ་བརྒྱབ་པ་ཙམ་ཞིག་རེད། ཡིན་ན་ཡང་ལས་འགུལ་འདིའི་མགོ་འཛུགས་ས་དེ་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་གཟིམ་ཁང་གསར་བ་དེ་ནས་ཡིན་འདུག་ལ། ཁོང་གིས་ཐར་ཤུལ་དགོན་གསར་འདེབས་གནང་བ་ནས་ད་བར་གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་ཞེས་པ་དེ་ཚོགས་འདོན་དུ་བཙུགས་གནང་བས། དེ་ལ་བསམས་ཚེ་རྟེན་འབྲེལ་གྱི་གནད་ཅིག་ཀྱང་ཡོད་ངེས་རེད། ད་ནི་གང་ལྟར་གསར་འགྱུར་འདི་འཛམ་གླིང་རང་བཞིན་ཅན་ཞིག་ཏུ་འགྱུར་མགོ་ཚུགས་སོང་བས་མཇུག་འབྲས་ག་འདྲ་ཞིག་འབྱུང་རྒྱུ་ཡིན་སུས་ཤེས།
བོད་ནང་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པ་དང་བསྟུན་ནས། ཕྱི་ལོགས་ནས་ཀྱང་གནས་དུས་དང་འཚམ་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་གྲགས་ཆེན་རབས་དང་རིམ་པ་སྤེལ་དགོས་ཆགས་ཡོད། འོན་ཀྱང་བོད་ཕྱི་ལོགས་ནས་དུས་རྒྱུན་གྱི་ཆོ་ག་ལྟར་དུས་ཆེན་དང་གུང་གསེང་གི་སྐབས་དང་བསྟུན་ནས་སྐད་འབོད་བརྒྱབ་པ་ཙམ་མ་ཡིན་པར། རྒྱལ་སྤྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགོད་རིན་ཡོད་པའི་ལས་འགུལ་རྡོག་རྡོག་ཅིག་སྤེལ་དགོས་པ་རེད། ཕྱི་ལོགས་ཀྱི་བོད་མི་ཚོས་ཤ་གསེང་རུས་པའི་གཏིང་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་ཕྱི་ནང་གཉིས་ཀར་མཐོང་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་ཆགས་འདུག དེ་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ལས་ཡོད་ཚང་མས་ཨ་སྒོར་སྟོང་ཕྲག་རེ་བསྡུ་ནས་བོད་ནང་གི་སྡུག་པོ་མྱོང་བཞིན་པ་དང་། ས་བྱི་ལོའི་ཞི་རྒོལ་སོགས་ཀྱི་ལས་འགུལ་གྱི་རྐྱེན་པས་རི་འགོ་སོགས་སུ་གབ་ཡིབ་བྱས་ནས་བསྡད་ཡོད་པ་ཚོར་འཕྲོད་ཐབས་ལ་འབད་བརྩོན་བྱེད་དགོས། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་མི་དམངས་ཀྱི་བར་ལ་དཔལ་འབྱོར་སོགས་ཀྱི་ཐོག་ནས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ཞིག་འཛུགས་ཐུབ་རྒྱུ་གལ་ཆེ་མཐོང་། ཞི་རྒོལ་གྱི་སྣེ་ཁྲིད་པ་གཙོ་བོའི་རིགས་ཕྱི་ལོགས་སུ་ཐར་ཐབས་ལ་འབད་བརྩོན་བྱེད་དགོས་པ་རེད། ཡིན་ནའང་སྟབས་ཉེས་པ་ཞིག་ང་ཚོར་བློ་བཀལ་ཆོག་པའི་བཀའ་ཁྲི་ཞིག་ཅིག་མེད། ཕྱི་ལོགས་ཀྱི་བོད་མི་ཚོར་སྐྱབས་བཅོལ་ཁོ་ན་ལ་བརྟེན་དགོས་པ་བརྗོད་མེད་རེད། དེའི་ཕྱིར་ཕྱི་ལོགས་ཀྱི་བོད་མི་རེ་རེ་མཚོན་ན་སྐྱབས་བཅོལ་གྱི་ཐོབ་ཐང་ཐོབ་དགོས་རྒྱུ་བོད་གཞུང་གི་ལས་འགན་ཨང་དང་པོ་ལྟ་བུ་ཆགས་ཡོད་ཀྱང་། ཟམ་གདོང་རིན་པོ་ཆེས་བོད་མི་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་གྱི་ཐོབ་ཐང་མ་རག་ཆེད། ཁྲིམས་ལ་ཁ་གཡར་ནས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་སྐྱབས་བཅོལ་བ་ཚོའི་མདུན་ལམ་ཧ་ཅང་གུ་དོག་དང་དཀའ་སྡུག་ཅན་བསྒྱུར་དང་བསྒྱུར་བཞིན་པར་བརྟེན། བོད་ལོགས་ཀྱི་བོད་མི་ཚོར་དེ་ཙམ་གྱི་ནུས་པ་དང་སེམས་ཤུགས་མེད་པ་མ་ཟད། ཟམ་གདོང་རིན་པོ་ཆེའི་བྱེད་སྤྱོད་དྲན་ན་ཡིད་ཐང་ཆད་ནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་ཐོག་ནུས་པ་འདོན་ཁག་པོ་ཆགས་འདུག ཟམ་གདོང་རིན་ཆེས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོར་ཁྲིམས་འགལ་བའི་མིང་བཏགས་ནས་གནོན་ཤུགས་རིམ་པ་སྤྲོད་བཞིན་པ་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་ནི་མི་སྒེར་ཞིག་གི་མདུན་ལམ་འཕྲོ་བརླག་ཏུ་བཏང་བ་ཙམ་མ་ཡིན་པར། བོད་མིའི་སྤྱི་ཚོགས་ཡོངས་ཀྱི་ནུས་པ་ཡར་རྒྱས་ལ་འཀག་འགོག་བཟོ་གི་ཡོད་པ་རེད། གང་ལྟར་ཕྱི་ལོགས་ཀྱི་བོད་མི་ཚོས་དངུལ་ཕོན་ཆེན་པོ་བསྡུ་ནས་བོད་ནང་ལ་རོགས་པ་བྱེད་འཆར་གྱི་གསར་འགྱུར་ཆེན་པོ་ཞིག་བཟོ་དགོས་པ་དང་། དེ་བཞིན་དོན་དངོས་ཀྱི་ཐོག་ནས་ཀྱང་དངུལ་བསྡུས་ཏེ་བོད་ནང་ལ་རོགས་པ་བྱེད་ཆེད་གཏོང་དགོས་པ་རེད། བོད་ནང་གི་བོད་མི་ལུས་དང་སྲོག་ཀྱང་གཏོང་ཐུབ་ས་ནས། ཕྱི་ལོགས་ཀྱི་བོད་མི་ཚོས་ཨ་སྒོར་གཅིག་སྟོང་རེ་བསྡུ་མ་ཐུབ་ན་ང་ཚ་དགོས་པ་ཞིག་རེད། ཕྱི་ལོགས་ནས་དཔལ་འབྱོར་གྱི་ཐོག་ནས་རོགས་ཐུབ་ན་ཐུབ་རེད། དེ་མིན་གྱི་ཕན་ཐོགས་ཡོད་པ་གང་ཡང་ལས་རྒྱུ་ཡོད་པ་མ་རེད། འོན་ཀྱང་དངུལ་འདི་བོད་ནང་ཛ་དྲག་གི་གནས་སྟངས་ཐད་ཀར་ཕན་ཐོགས་ཡོད་པ་བྱེད་དགོས་པ་ལས། བཙན་བྱོལ་བོད་གཞུང་དང་བཀའ་ཤག་གི་ཆེད་མ་རེད།
རྒྱ་དོགས་པས་ཕོངས། བོད་རེ་བས་ཕོངས་ཟེར་བ་ལྟར་རེད། མར་མེ་ཁྲོམ་སྐོར་ཕར་ཞོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འབོད་སྐུལ་དང་ལས་འགུལ་ཙམ་ལའང་ཆབ་སྲིད་ཀྱི་དོགས་གཞི་འཛིན་གྱི་ཡོད་པ་ནི། ཆབ་ཆའི་འགོ་འཁྲིད་ཟུར་བ་དོན་འགྲུབ་རྒྱལ་སོགས་དཔེ་མཚོན་མང་པོ་ཡོད། གོ་ཐོས་སུ་རྒྱ་ནག་གིས་ཁ་བརྡ་དྲ་དེབ་འདི་ལང་དོགས་ཟོན་གྱིས་ད་སྐབས་བོད་དུ་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་ཡོད་སྐད། སྟག་སྨྱོན་གྱི་འབོད་སྒྲ་ཙམ་མ་གཏོགས་ང་ཚོའི་བརྗོད་གཞི་གཙོ་བོ་ནི་ཚིག་ཕྲད་དང་དགེ་སྐོས་བཙན་པོ། ཡི་གེའི་དག་ཆ་བཅས་ཀྱི་སྐོར་རེད། འདི་ལ་དོགས་གཞི་བྱེད་རྒྱུ་ཅི་ཞིག་ཡོད་དམ། ཐ་ན་བོད་མི་དམར་རོ་ཕུན་དབང་ལའང་ལོ་རབས་ལྔ་བཅུའི་ལོ་སྟོད་ནས་བཟུང་དོགས་པ་ཟོས་ཡོད་པས། རྒྱ་ནག་གཞུང་གིས་ཚེ་བརྟན་སྒྲོལ་མའི་གུང་ཁྲན་བསྟོད་གླུའི་རིགས་མིན་པའི་བོད་ཀྱི་གཏམ་སྤྱོད་གང་རུང་ལ་དོགས་གཞི་འཛིན་གྱི་ཡོད་པ་འདྲ་ཞིག་འདུག ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཡོང་སྒོ་དང་ཁྲོམ་རའི་དཔལ་འབྱོར་གྱི་སྲིད་ཇུས་གཉིས་མིན་ཚེ། དེང་སང་གི་བོད་ནང་གི་རིག་གནས་ཀྱི་འཛུགས་སྐྲུན་འདི་ཡང་མཐོང་རྒྱུ་ཨེ་ཡོད་བསམ།
ངས་དེ་རིང་ཕ་ཡུལ་གྱི་ལས་བྱེད་ཅིག་དང་ཁ་བརྡ་བྱས་པ་ཡིན། བོད་ནང་ལོགས་ཀྱི་བོད་མི་ཚོས་དེང་སྐབས་རྒྱ་ནག་གི་བོད་ནང་ཚད་ལས་འདས་པའི་དྲག་གནོན་བྱེད་ཀི་ཡོད་པ་དེས་རྒྱ་ནག་བོད་མི་རིགས་ལ་ག་ཚོད་ཅིག་སྐྲག་གི་་ཡོད་པ་མཚོན་པ་རེད་ཟེར། རྒྱལ་སྤྱིའི་ཐོག་གི་ཆེ་མཐོང་དང་ཚོང་འབྲེལ་སོགས་ཡོད་ཚད་བློས་བཏང་སྟེ། རྒྱ་ནག་གིས་སྟོབས་ཤུགས་ཡོད་ཚད་ནས་སྤྱད་ནས་དྲག་གནོན་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་འུ་ཐུག་པ་རེད། སྲོག་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་ཕོད་མཁན་ནམ་ཡང་རྫོགས་ཀི་མ་རེད་བརྗོད་བྱུང་། ཡང་ཁོས་”ལོ་འདི་གཉིས་ལ་བོད་མི་རིགས་ཀྱིས་ངོ་མ་ཅིག་དཀའ་སོང”ཟེར་བྱུང་བས་དོན་དངོས་ཀྱི་སྐད་ཆ་དེས་ང་རང་དབང་མེད་པར་སྐྱོ་བཅུག་སོང་།
གུང་ཇག་གི་མེ་མདའི་སོ་ཁ་ནས་རང་སྲོག་བློས་གཏོང་གི་ལས་འགུལ་འདི་འདྲ་སྤེལ་བ་མཐོང་ཐོས་བྱུང་སྐབས་སེམས་ལ་བཤད་མི་ཤེས་པའི་དགའ་སྐྱོའི་མིག་ཆུ་འཁོར་ཡོང་གི ཁོང་རྣམ་པའི་སྐུ་ཚེ་ལ་བར་ཆད་མེད་པ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།།
དེ་དེ་བཞིན་དུ་སྨོན་ལམ་འདེབས་ལགས། ཀླུ་ཚང་གི་ཕྱོགས་འདི་ནས་གུང་དམག་ཐོག་མར་སླེབས་སྐབས་ཀྱང་སྲོག་བློས་བཏང་ནས་འཛིང་པའི་ལོ་རྒྱུས་འདུག་ག། བོད་མི་རྣམས་རིམ་གྱིས་ཡར་ལངས་གི་མགོ་བཙུགས་པ་རེད་ལ། ང་ཚོ་ཕྱི་སྡོད་ཚོས་ཀྱང་སྨོན་ལམ་ཙམ་མ་ཡིན་པའི་ལས་ཀ་བྱེད་དགོས་ཀྱི་འདུག
གཞིས་ལུས་བོད་མའི་སྙིང་སྟོབས་འདི་
བཅ༹ན་བྱོལ་ནང་གི་བོད་པ་༷ཆོ༹ས་སྐྱབས་མགོན་རིན་པོ་ཆེའི་
བཀའ་སློབ་ལུང་དྲངས་པ་ལྟར་མ་ཡིན་པར་དངོས་ནས་ཁ་ཡོད་ལག་ཡོད་རེད།
ཁོང་༷ཆོ༹འི་གཅེས་པའི་ལུས་སྲོག་ལ་བར་ཆད་མེད་པར་སྨོན།
ཀླུ་སྨྱོན་ལགས།
ཀླུ་ཆ༹ང་ཕྱོགས་ཀྱི་གསར་འགྱུར་འདྲ་ཨེ་ཡོད།
གསར་དུ་བྱུང་བའི་ཞི་རྒོལ་འདི་ཡང་དངོས་ནས་ཆ༹བས་ཆེན་རེད།
ད་ནང་ཞོགས་པར་ང་ལ་ཀླུ་ཚང་དགོན་པའི་གྲྭ་པ་ཕོར་ལན་ལ་བསྡད་ཡོད་པ་ཞིག་གིས་ཁ་པར་བཏང་སྟེ་སྐད་ཆ་དྲིས་སོང་། ངས་ཀྱང་གྲྭ་པའི་ཞི་བའི་གོམ་བགྲོད་དང་གྲྭ་པ་གསུམ་བཟུང་སོང་བའི་གསར་འགྱུར་དེ་ལས་གཞན་ཅང་མ་ཤེས། གསར་འགྱུར་དེ་ལས་མང་རྫོང་གི་དྲ་ཁང་ཡོད་ཚད་དང་ཁ་པར་སྐུད་ལམ་སོགས་གསར་འགྱུར་མཁོ་སྤྲོད་ཀྱི་ལམ་ཡོངས་རྫོགས་བཀག་ཡོད་ལུགས་འདུག་པས། ནམ་མཁའི་བླ་མ་དཀོན་མཆོག་གིས་མ་གཏོགས་དེ་རིང་ངས་ནི་ཅི་ཡང་མི་ཤེས། ཀླུ་ཚང་དགོན་འདི་ནི་མདོ་སྨད་མཚོ་སྔོན་ལ་མཚོན་ན་ཆོས་དང་རིག་གཞུང་གི་ཡང་ལྟེ་བ་ཞིག་ཆགས་བསྡད་ཡོད། དགོན་པ་དེ་རུ་མཚན་ཉིད་ཀྱི་བཤད་གྲྭ་ཅུང་འཐུས་ཚང་ཡིན་པ་ཞིག་ཡོད་པས་མདོ་སྨད་ཀྱི་ས་ཕྱོགས་མང་པོ་ཞིག་ནས་་གྲྭ་པ་སློབ་གཉེར་བ་ལྔ་བརྒྱ་ཙམ་འདུས་ཡོད་པ་དང་། རྩོད་པའི་རླབས་ཕྲེང་སོགས་དུས་དེབ་དང་ཚགས་པར་སྐོར་ཞིག་ཀྱང་འདོན་བཞིན་པ་དང་། མཚོ་སྔོན་གྱི་སློབ་གྲྭ་མང་པོ་ཞིག་གི་སློབ་དགེ་དང་སློབ་གྲྭ་པ་གང་མང་ཞིག་དབྱར་དགུན་གྱི་གུང་གསེང་སྐབས་ཀླུ་ཚང་དགོན་དུ་སོང་ནས་བོད་པའི་ཆོས་རིག་ལ་སློབ་སྦྱོང་བྱེད་བཞིན་ཡོད།
ཀླུ་སྨྱོན་ལགས། ཁྱེད་ཀྱང་གདན་ས་འདིར་ཞུགས་མྱོང་པ་ཨེ་རེད། འཚེ་མེད་ཞི་བའི་མར་མེ་ཁྲོམ་སྐོར་མཛད་པ་དེ་ནི་ངོ་མ་སེམས་ནས་དུངས་དུངས་ཞིག་རེད། ཁོང་ཚོའི་བདེ་འཇགས་ལ་བློ་འཚབ་ཆེ་མོད། བདེ་ས་འཇམ་ས་ནས་བསྡད་དེ་ཁོང་ཚོའི་སྐོར་ལ་འགན་འཁུར་མེད་པའི་སྐད་ཆ་མང་པོ་ཞིག་བཤད་འདུག་རྒྱུར་ངོ་ཚ་བ་ཞིག་ཀྱང་རེད། གལ་སྲིད་ཁྱེད་ཀླུ་ཚང་དགོན་ནས་ཡིན་ན། དེ་ཙམ་གྱིས་ཀྱང་སེམས་སུ་མགུ་བཀང་བ་ཞིག་འདུག
ངའི་སྤུན་མཆེད་དང་ཨ་ཞང་། ཆོས་གྲོགས་དང་སྨྱུག་གྲོགས་སོགས་སེམས་ནས་བློས་མི་ཐོངས་པ་གང་མང་ཞིག་དེ་རུ་ཡོད། ཆུང་ཆུང་ཡིན་དུས་སྤུན་མཆེད་དང་ཨ་ཞང་ཡོད་སར་འགྲོ་དུས་ཨ་ཞང་མཁའ་སྤྱོད་མའི་རྣལ་འབྱོར་བ་ཞིག་ཡོད་པ་དེས་ཀ་ར་རེ་ཉོ་སྤྱད་ཀྱི་སྒོར་རྡོག་འགའ་རེ་བྱིན་པ་དེ་ནམ་ཡང་བརྗེད་ཐབས་མི་འདུག ཉིན་ཤས་སྔོན་གྱི་མཚན་མོ་ཞིག་ལ་དེ་སེམས་ནང་དྲན་ནས་ཨ་ཞང་ལགས་སུ་མཆོད་མེའི་ཞལ་འདེབས་སུ་དམིགས་པའི་སྒོར་རྡོག་འགའ་ཕུལ་ཏེ་བཀའ་དྲིན་རྗེས་དྲན་ཞིག་བྱེད་དགོས་པའི་འདུན་པ་ཞིག་སྐྱེས་བྱུང་། ང་ཡང་དེར་ཁྱུག་ཙམ་རིང་བསྡད་དེ་ཆོས་གྲྭར་སོང་བ་ཡིན་མོད་རང་ཉིད་མི་བླུན་རྒན་ཞིག་ཡིན་པས་དཔེ་ཆ་ཤེས་མ་སོང་།
ང་ལའང་དགོན་པ་འདིར་ཕལ་ཆེར་ཁྱེད་དང་ན་མཉམ་གྱི་ངོ་ཤེས་གྲྭ་བ་ཞིག་ཡོད་ལ། ཁ་སང་ནས་ཁོང་གི་བཞིན་རས་སེམས་ལ་ཡང་ཡང་འཁོར་ཡོང་གི ཚང་མ་བདེ་འཇགས་ཡོང་བའི་སྨོན་ལམ།
སྤྱིར་དུས་ཚོད་ཁེལ་སྟངས་ཤིག་རེད་མ་གཏོགས་ཀླུ་དགོན་གྱི་གྲྭ་པ་ཚོས་སྤེལ་བའི་ལས་འགུལ་དེར་ཆབ་སྲིད་ཀྱི་དོགས་གཞི་ཆེན་པོ་ཞིག་སྐྱེས་དགོས་དོན་ཨེ་ཡོད་བསམ། སྤྱིར་ན་གྲྭ་པའི་ལས་ཀ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་ལ་གྲྭ་པ་ཚོས་ལོ་གསར་པའི་ནང་དེ་ལྟར་ཡོང་བའི་སྨོན་ལམ་བརྒྱབ་པ་ཙམ་ཞིག་རེད། ཡིན་ན་ཡང་ལས་འགུལ་འདིའི་མགོ་འཛུགས་ས་དེ་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་གཟིམ་ཁང་གསར་བ་དེ་ནས་ཡིན་འདུག་ལ། ཁོང་གིས་ཐར་ཤུལ་དགོན་གསར་འདེབས་གནང་བ་ནས་ད་བར་གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་ཞེས་པ་དེ་ཚོགས་འདོན་དུ་བཙུགས་གནང་བས། དེ་ལ་བསམས་ཚེ་རྟེན་འབྲེལ་གྱི་གནད་ཅིག་ཀྱང་ཡོད་ངེས་རེད། ད་ནི་གང་ལྟར་གསར་འགྱུར་འདི་འཛམ་གླིང་རང་བཞིན་ཅན་ཞིག་ཏུ་འགྱུར་མགོ་ཚུགས་སོང་བས་མཇུག་འབྲས་ག་འདྲ་ཞིག་འབྱུང་རྒྱུ་ཡིན་སུས་ཤེས།
དགོན་པའི་གྲྭ་བ་སྐལ་བཟང་རྒྱལ་མཚན་དང་། བཀྲ་ཤིས་རྒྱ་མཚོ། འཇམ་དབྱངས་མཁྱེན་རབ་ཟེར་བ་གསུམ་བཟུང་སོང་ཟེར།
བོད་ནང་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པ་དང་བསྟུན་ནས། ཕྱི་ལོགས་ནས་ཀྱང་གནས་དུས་དང་འཚམ་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་གྲགས་ཆེན་རབས་དང་རིམ་པ་སྤེལ་དགོས་ཆགས་ཡོད། འོན་ཀྱང་བོད་ཕྱི་ལོགས་ནས་དུས་རྒྱུན་གྱི་ཆོ་ག་ལྟར་དུས་ཆེན་དང་གུང་གསེང་གི་སྐབས་དང་བསྟུན་ནས་སྐད་འབོད་བརྒྱབ་པ་ཙམ་མ་ཡིན་པར། རྒྱལ་སྤྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགོད་རིན་ཡོད་པའི་ལས་འགུལ་རྡོག་རྡོག་ཅིག་སྤེལ་དགོས་པ་རེད། ཕྱི་ལོགས་ཀྱི་བོད་མི་ཚོས་ཤ་གསེང་རུས་པའི་གཏིང་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་ཕྱི་ནང་གཉིས་ཀར་མཐོང་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་ཆགས་འདུག དེ་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ལས་ཡོད་ཚང་མས་ཨ་སྒོར་སྟོང་ཕྲག་རེ་བསྡུ་ནས་བོད་ནང་གི་སྡུག་པོ་མྱོང་བཞིན་པ་དང་། ས་བྱི་ལོའི་ཞི་རྒོལ་སོགས་ཀྱི་ལས་འགུལ་གྱི་རྐྱེན་པས་རི་འགོ་སོགས་སུ་གབ་ཡིབ་བྱས་ནས་བསྡད་ཡོད་པ་ཚོར་འཕྲོད་ཐབས་ལ་འབད་བརྩོན་བྱེད་དགོས། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་མི་དམངས་ཀྱི་བར་ལ་དཔལ་འབྱོར་སོགས་ཀྱི་ཐོག་ནས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ཞིག་འཛུགས་ཐུབ་རྒྱུ་གལ་ཆེ་མཐོང་། ཞི་རྒོལ་གྱི་སྣེ་ཁྲིད་པ་གཙོ་བོའི་རིགས་ཕྱི་ལོགས་སུ་ཐར་ཐབས་ལ་འབད་བརྩོན་བྱེད་དགོས་པ་རེད།
ཡིན་ནའང་སྟབས་ཉེས་པ་ཞིག་ང་ཚོར་བློ་བཀལ་ཆོག་པའི་བཀའ་ཁྲི་ཞིག་ཅིག་མེད། ཕྱི་ལོགས་ཀྱི་བོད་མི་ཚོར་སྐྱབས་བཅོལ་ཁོ་ན་ལ་བརྟེན་དགོས་པ་བརྗོད་མེད་རེད། དེའི་ཕྱིར་ཕྱི་ལོགས་ཀྱི་བོད་མི་རེ་རེ་མཚོན་ན་སྐྱབས་བཅོལ་གྱི་ཐོབ་ཐང་ཐོབ་དགོས་རྒྱུ་བོད་གཞུང་གི་ལས་འགན་ཨང་དང་པོ་ལྟ་བུ་ཆགས་ཡོད་ཀྱང་། ཟམ་གདོང་རིན་པོ་ཆེས་བོད་མི་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་གྱི་ཐོབ་ཐང་མ་རག་ཆེད། ཁྲིམས་ལ་ཁ་གཡར་ནས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་སྐྱབས་བཅོལ་བ་ཚོའི་མདུན་ལམ་ཧ་ཅང་གུ་དོག་དང་དཀའ་སྡུག་ཅན་བསྒྱུར་དང་བསྒྱུར་བཞིན་པར་བརྟེན། བོད་ལོགས་ཀྱི་བོད་མི་ཚོར་དེ་ཙམ་གྱི་ནུས་པ་དང་སེམས་ཤུགས་མེད་པ་མ་ཟད། ཟམ་གདོང་རིན་པོ་ཆེའི་བྱེད་སྤྱོད་དྲན་ན་ཡིད་ཐང་ཆད་ནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་ཐོག་ནུས་པ་འདོན་ཁག་པོ་ཆགས་འདུག
ཟམ་གདོང་རིན་ཆེས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོར་ཁྲིམས་འགལ་བའི་མིང་བཏགས་ནས་གནོན་ཤུགས་རིམ་པ་སྤྲོད་བཞིན་པ་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་ནི་མི་སྒེར་ཞིག་གི་མདུན་ལམ་འཕྲོ་བརླག་ཏུ་བཏང་བ་ཙམ་མ་ཡིན་པར། བོད་མིའི་སྤྱི་ཚོགས་ཡོངས་ཀྱི་ནུས་པ་ཡར་རྒྱས་ལ་འཀག་འགོག་བཟོ་གི་ཡོད་པ་རེད།
གང་ལྟར་ཕྱི་ལོགས་ཀྱི་བོད་མི་ཚོས་དངུལ་ཕོན་ཆེན་པོ་བསྡུ་ནས་བོད་ནང་ལ་རོགས་པ་བྱེད་འཆར་གྱི་གསར་འགྱུར་ཆེན་པོ་ཞིག་བཟོ་དགོས་པ་དང་། དེ་བཞིན་དོན་དངོས་ཀྱི་ཐོག་ནས་ཀྱང་དངུལ་བསྡུས་ཏེ་བོད་ནང་ལ་རོགས་པ་བྱེད་ཆེད་གཏོང་དགོས་པ་རེད། བོད་ནང་གི་བོད་མི་ལུས་དང་སྲོག་ཀྱང་གཏོང་ཐུབ་ས་ནས། ཕྱི་ལོགས་ཀྱི་བོད་མི་ཚོས་ཨ་སྒོར་གཅིག་སྟོང་རེ་བསྡུ་མ་ཐུབ་ན་ང་ཚ་དགོས་པ་ཞིག་རེད། ཕྱི་ལོགས་ནས་དཔལ་འབྱོར་གྱི་ཐོག་ནས་རོགས་ཐུབ་ན་ཐུབ་རེད། དེ་མིན་གྱི་ཕན་ཐོགས་ཡོད་པ་གང་ཡང་ལས་རྒྱུ་ཡོད་པ་མ་རེད། འོན་ཀྱང་དངུལ་འདི་བོད་ནང་ཛ་དྲག་གི་གནས་སྟངས་ཐད་ཀར་ཕན་ཐོགས་ཡོད་པ་བྱེད་དགོས་པ་ལས། བཙན་བྱོལ་བོད་གཞུང་དང་བཀའ་ཤག་གི་ཆེད་མ་རེད།
རྒྱ་དོགས་པས་ཕོངས། བོད་རེ་བས་ཕོངས་ཟེར་བ་ལྟར་རེད། མར་མེ་ཁྲོམ་སྐོར་ཕར་ཞོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འབོད་སྐུལ་དང་ལས་འགུལ་ཙམ་ལའང་ཆབ་སྲིད་ཀྱི་དོགས་གཞི་འཛིན་གྱི་ཡོད་པ་ནི། ཆབ་ཆའི་འགོ་འཁྲིད་ཟུར་བ་དོན་འགྲུབ་རྒྱལ་སོགས་དཔེ་མཚོན་མང་པོ་ཡོད།
གོ་ཐོས་སུ་རྒྱ་ནག་གིས་ཁ་བརྡ་དྲ་དེབ་འདི་ལང་དོགས་ཟོན་གྱིས་ད་སྐབས་བོད་དུ་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་ཡོད་སྐད། སྟག་སྨྱོན་གྱི་འབོད་སྒྲ་ཙམ་མ་གཏོགས་ང་ཚོའི་བརྗོད་གཞི་གཙོ་བོ་ནི་ཚིག་ཕྲད་དང་དགེ་སྐོས་བཙན་པོ། ཡི་གེའི་དག་ཆ་བཅས་ཀྱི་སྐོར་རེད། འདི་ལ་དོགས་གཞི་བྱེད་རྒྱུ་ཅི་ཞིག་ཡོད་དམ། ཐ་ན་བོད་མི་དམར་རོ་ཕུན་དབང་ལའང་ལོ་རབས་ལྔ་བཅུའི་ལོ་སྟོད་ནས་བཟུང་དོགས་པ་ཟོས་ཡོད་པས། རྒྱ་ནག་གཞུང་གིས་ཚེ་བརྟན་སྒྲོལ་མའི་གུང་ཁྲན་བསྟོད་གླུའི་རིགས་མིན་པའི་བོད་ཀྱི་གཏམ་སྤྱོད་གང་རུང་ལ་དོགས་གཞི་འཛིན་གྱི་ཡོད་པ་འདྲ་ཞིག་འདུག ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཡོང་སྒོ་དང་ཁྲོམ་རའི་དཔལ་འབྱོར་གྱི་སྲིད་ཇུས་གཉིས་མིན་ཚེ། དེང་སང་གི་བོད་ནང་གི་རིག་གནས་ཀྱི་འཛུགས་སྐྲུན་འདི་ཡང་མཐོང་རྒྱུ་ཨེ་ཡོད་བསམ།