གནས་ཚུལ་མཁོ་གཏོང་བ། རྨོག་རུ་བསྟན་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཇམ་མོའི་མངའ་སྡེ་ནང་ཞུ་གཏུགས་དང་ལས་འགུལ་གྲུབ་མཚམས་ཧི་མ་ཅལ་མངའ་སྡེ་ཡི་རྒྱལ་ས་སིམ་ལར་འབྱོར་ཡོད་པ་དང་། ཕྱི་ཚེས་༣ ཉིན་གྱི་ཞོགས་པར་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྒྱལ་སྲས་བེ་བྷ་རྡར་སན་མཆོག་མཇལ་འཕྲད་ཀྱིས་རྒྱལ་སྲས་མཆོག་གསར་ཏུ་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་ཕེབས་པར་འཚམས་འདྲི་དང་། ལྷག་དོན་བོད་ནང་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་བོད་ནང་ལག་བསྟར་བྱེད་བཞིན་པ་དག་ལ་གཞུང་མང་གཉིས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
སྤྱི་ཁྱབ་བློན་ཆེན་མཆོག་གིས་མཛའ་བརྩེ་ཆེན་པོས་འཚམས་འདྲི་དང་འབྲེལ་ཁོང་ཉིད་ནམ་ཡང་བོད་པའི་བདེ་སྡུག་དང་མཉམ་དུ་ཡོད་ཚུལ་སོགས་ཀྱི་བཀའ་མོལ་གནང་ཡོད། དེ་བཞིན་མངའ་སྡེ་ཡོང་འབབ་ཁྲལ་བསྡུ་ལས་ཁུངས་ཀྱི་བློན་ཆེན་སོགས་ས་གནས་ཀྱི་གནད་ཡོད་ཁག་ཅིག་ལ་མཇལ་འཕྲལ་གྱིས་ཞུ་གཏུགས་ཀྱི་དགོས་འདུན་ཁག་གསལ་བཤད་བྱས་ཡོད། མངའ་སྡེ་ཡི་གྲོས་ཚོགས་འཐུས་མི་རྣམས་རྡ་སར་ཚོགས་འདུར་ཕེབས་པས་མཇལ་འཕྲལ་བྱུང་མེད་ཀྱང་འབྲེལ་ཡོད་ཀྱི་ཐོག་ནས་བོད་མིའི་དགོས་འདུན་ཞུ་ཡིག་ཁག་འབུལ་ལམ་སོགས་བྱས་ཡོད་འདུག
ཕྱི་ཚེས་༤ ཉིན་གུང་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་བ་དང་གསར་འགོད་པ་བཞི་བཅུ་ལྷག་ཅིག་གིས་དོ་སྣང་ཆེན་པོས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་བབ་ཀྱི་སྐོར་དང་། རྒྱ་ནག་གཞུང་གིས་ཆུ་བོ་ཁ་བསྒྱུར་དང་། མཐོ་སྒང་སྦགས་བཙོག་གི་ལས་འགུལ་ལ་བརྟེན་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་གང་འདྲ་འབྱུང་མིན་སྐོར་སོགས་ཀྱི་དྲི་བ་དང་དྲི་ལན་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་༤ བའི་སྟེང་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་གི་གོ་སྒྲིག་འོག་སེར་སྐྱ་མི་མང་མཉམ་ཞུགས་ཀྱིས་མར་མེ་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་སྐབས་ཧི་མ་ཅལ་མངའ་སྡེ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བེ་རྡེ་ཡ་ས་སྒར་ནེ་རྒེ་མཆོག་གིས་རྒྱ་གར་དང་བོད་པའི་རིག་གཞུང་གི་འབྲེལ་ལམ་དང་། རྒྱ་གར་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་རྒྱས་པར་གནང་ཡོད་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་སྐད་ཀྱིས་མི་མང་ལ་གསུང་བཤད་གནང་། སྤུ་ཏེ་བུ་མོ་བསྟན་འཛིན་ལགས་ཀྱིས་ཧིན་སྐད་ཀྱིས་གསུང་བཤད་གནང་། དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་ལས་འགུལ་གྲུབ་ཡོད་པ་རེད།
ཕྱི་ཚེས་༥ ཉིན་གྱི་ཞོགས་པར་སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ། སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་གངས་ལྷ་མོ། ཧིན་སྐད་སྐད་བསྒྱུར་བ་བསྟན་འཛིན་སོགས་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་རྡེ་ར་རྡུམ་ཁུལ་དུ་བསྐྱོད་ཡོད་པ་དང་། ཕྱི་ཚེས་༥ ནས་ས་གནས་དེར་ཞུ་གཏུགས་ལས་འགུལ་འགོ་འཛུགས་གནང་འཆར་ཡོད་པ་རེད།
ཕྱི་ལོ་༢༠༡༣།༡།༤ ཉིན།
༼སྤུ་ཏེ་༽བུ་མོ་བསྟན་འཛིན་ལགས་ཀྱིས་ཧིན་སྐད་ཀྱིས་གསུང་བཤད་གནང་། ཟེར་བའི་སྤུ་ཏེ་ཟེ་ན་ག་རེ་རེད།
སྤུ་ཏེ་ཟེར་ན། ངས་བསམ་ཚུལ་ཡིན་ན་སྤི་ཏི། གར་ཞྭ་དང་། སྤི་ཏི་ཟེར་རྒྱུ་ཅན་ཡིན་འགྲོ་དྲན། སྔོན་མ་ཀརྨ་པ་དངུལ་གྱི་ནག་ཉེས་ཡོང་སྐབས་དེ་དུས་མོས་བོད་མི་ཚོས་མར་མེ་ཁྲོམ་སྐོར་སོགས་བྱས་སྐབས་སུ་སྤི་ཏི་བུ་མོས་བཀའ་སློབ་ཡག་པོ་གསུངས་སོང་བ་དེ་ཡིན་ས་རེད་། མ་གཞི་དུས་བབ་ཚང་གི་ཡ་མཚན་ཅན་མིང་ཚིག་མང་བྲིས་ཡོང་འདུག། དཔེ་མཚོན་ཞུས་ན།France མིང་ལ་་ཧྥ་རནསི། བྲིས་ཀྱིས་འདུག་ད་དེ་ངོ་མ་རྒྱ་ཡི་བྲིས་བཏང་རེད། འདི་ཚིག་འདྲ་བོས་བོད་ཡིག་ལ་དྲ་འབུ་དུག་ཅན་འདྲ་བོ་རེད། བྱས་ཙང་སྔོན་ལོ་ཨ་མདོ་བུ་མོ་ཨོ་རྩེད་རྩེད་མོ་བ་ ཆོས་དབྱིངས་སྐྱིད་་་་choeying Kyed མིང་ཚིང་འདི་འདྲ་དོན་ལ་གནས་ཀྱང་། རྒྱ་ཡིག་མིང་ཚིག་བཞིན་བཀོད་ qoeng འདྲ་བྲིས་ཡོད་པ་རེད། དེ་བཞིན་་ཇོ་མོ་གླང་མ་། Joni langma ….qumolangma བྲིས་ཀྱིས་དེ་ཚོ་ཚང་མ་རྒྱ་ཡི་མིང་ཚིག་དེས་བོད་ཡིག་རྩ་མེང་བཟོ་རྐྱེན་ཡིན་ཚང་མས་གཟབ་དགོས།
སྤུ་ཏེ་ཟེར་ན། ངས་བསམ་ཚུལ་ཡིན་ན་སྤི་ཏི། གར་ཞྭ་དང་། སྤི་ཏི་ཟེར་རྒྱུ་ཅན་ཡིན་འགྲོ་དྲན། སྔོན་མ་ཀརྨ་པ་དངུལ་གྱི་ནག་ཉེས་ཡོང་སྐབས་དེ་དུས་མོས་བོད་མི་ཚོས་མར་མེ་ཁྲོམ་སྐོར་སོགས་བྱས་སྐབས་སུ་སྤི་ཏི་བུ་མོས་བཀའ་སློབ་ཡག་པོ་གསུངས་སོང་བ་དེ་ཡིན་ས་རེད་། མ་གཞི་དུས་བབ་ཚང་གི་ཡ་མཚན་ཅན་མིང་ཚིག་མང་བྲིས་ཡོང་འདུག། དཔེ་མཚོན་ཞུས་ན།France མིང་ལ་་ཧྥ་རནསི། བྲིས་ཀྱིས་འདུག་ད་དེ་ངོ་མ་རྒྱ་ཡི་བྲིས་བཏང་རེད། འདི་ཚིག་འདྲ་བོས་བོད་ཡིག་ལ་དྲ་འབུ་དུག་ཅན་འདྲ་བོ་རེད། བྱས་ཙང་སྔོན་ལོ་ཨ་མདོ་བུ་མོ་ཨོ་རྩེད་རྩེད་མོ་བ་ ཆོས་དབྱིངས་སྐྱིད་་་་choeying Kyed མིང་ཚིང་འདི་འདྲ་དོན་ལ་གནས་ཀྱང་། རྒྱ་ཡིག་མིང་ཚིག་བཞིན་བཀོད་ queingའདྲ་བྲིས་ཡོད་པ་རེད། དེ་བཞིན་་ཇོ་མོ་གླང་མ་། Joni langma ….qumolangma བྲིས་ཀྱིས་དེ་ཚོ་ཚང་མ་རྒྱ་ཡི་མིང་ཚིག་དེས་བོད་ཡིག་རྩ་མེང་བཟོ་རྐྱེན་ཡིན་ཚང་མས་གཟབ་དགོས།
སྤུ་ཏི་ཟེར་ན་ནེ་པ་ལིའི་སྐད་ལ་སྟུ་ལ་ཟེར་བ་རེད།
ཧ་མེ་ཏོག་དཀར་པོ་སྙིང་རྗེ་མོ་ཞིག་བསྒྱུར་འདུག
དེ་ངོ་མ་རེད་བལ་པོའི་སྐད་དུ་པུ་ཏི་དང་སྤུ་ཏི་ཟེེར་ན་མོ་མཚན་ལ་བརྗོད་པ་རེད།
༢༽ ཏི་སི་ལགས་ཀྱིས།
སྤུ་ཏེ་ཟེར་ན། ངས་བསམ་ཚུལ་ཡིན་ན་སྤི་ཏི། གར་ཞྭ་དང་། སྤི་ཏི་ཟེར་རྒྱུ་ཅན་ཡིན་འགྲོ་དྲན། ་་་ཟེར་བ་འདི་རང་ཡིན་པ་འདྲ། སྤི་ཏི་ཚིག་འདི་སྤྱི་ཏི་ཚིག་གི་ཟུར་ཆག་ཡིན་པ་ཅིག་ཀྱང་མཐོང་མྱོང་ལགས།