འགའ་ཞིག་ཐོག་མར་མངར་ཡང་རྗེས་སུ་
ལ་ལ་ཐོག་མར་སྐྱུར་ཡང་རྗེས་སུ་
མངར་སྐྱུར་རེས་སུ་འཁོར་བའི་མི་
ང་དང་ཁྱོད་ཀྱི་ཟློག་མེད་འཚོ་བ་
དེ་རིང་བཞད་པའི་གདོང་གི་འཛུམ་
སང་ཉིན་མྱ་ངན་སྟོང་གི་ཁ་སྣོན་
ཁ་སང་མེད་མུག་འདོན་པའི་ཐན་སྐད་
དེ་རིང་དགའ་དང་སྤྲོ་བའི་གླུ་རུ་
མི་ཚེ་གང་བོར་བདེ་སྐྱིད་སུ་ལ་མེ
སྡུག་བསྔལ་རྐྱང་ལས་འདས་པ་སུ་ཡང་
དགའ་སྡུག་སྐྱོ་གསུམ་ཆུ་ཚོད་འཁོ
ཐུང་བའི་རྗེས་ལ་རིང་བས་དེད་ནས་
དུས་ཚུགས་ལ་ནི་དབྱར་དཔྱིད་སྟོན་
ཟླ་བ་ལ་ཡང་འཕེལ་འགྲིབ་རིམ་པ་གཉི
ཉི་མ་ཉི་ལྡོག་ཚ་གྲང་རིམ་པ་མང་།།
མི་ཡི་མི་ཚེ་གཅིག་ཏུ་ག་ལ་གནས།།
འགའ་ཤས་ངུ་ཞིང་ཁ་ཅིག་དེ་ལ་དགོད།
ང་ཡང་ངུ་ཞིང་དེ་བཞིན་དགོད་པར་བྱ
ང་རང་དགའ་བའི་དུས་སུ་ཁྱོད་ནི་སྐ
དགའ་སྐྱོ་མཉམ་གནས་བྱེད་པོ་སུ་ཞི
རྒྱུ་དང་འབྱོར་བས་དགའ་བ་ཤིན་ཏུ་
མེད་དང་མུག་གིས་སྐྱོ་བ་དེ་བས་
རྒྱུ་འབྱོར་དགའ་བའི་ནང་དུ་སྐྱོ་
མེད་མུག་སྐྱོ་བའི་ནང་དུ་དགའ་
དགའ་བ་ཁོ་ནའི་སྟན་ལ་སུ་ཞིག་བཞུ
གཏན་དུ་སྐྱོ་བའི་གཉའ་ཤིང་སུ་ཡི
མི་ཚེ་འཚོ་བའི་ཐག་གཅོད་སུ་ལ་མེ
མངར་སྐྱུར་འཚོ་བའི་ཚངས་ཐིག་རང་
དགེ་འདུན་ཆོས་འཕེལ་ཚེ་མཐའ་བཙོན་
འབའ་བ་ཕུན་ཚོགས་ལོ་ངོ་བཅུ་དྲུག་
སྣང་བ་མཐའ་ཡས་བགྲང་བྱ་བརྒྱད་རི
བཙོན་དུ་བཞུགས་པ་མངར་སྐྱུར་འཚོ་
རཱ་མ་ཎ་ཡིས་རྒྱབ་ཁབ་འཛིན་པའི་དུ
བཙུན་མོ་སྟོང་གི་དབུས་སུ་སྐྱིད་
རྒྱལ་ས་དོར་ཏེ་ནགས་ཁྲོད་འགྲིམ་
རི་དྭགས་རྨུག་རྗེས་དེད་དེ་ངལ་ལོ
མཐོ་བ་རྒྱལ་བོ་དམའ་བ་གཡོག་པོ་
འབྱོར་ལྡན་ཕྱུག་པོ་དབུལ་བོ་པ་
མངར་སྐྱུར་འཚོ་བའི་ཕྲེང་ལམ་མ་
སྐྱེ་བོ་སུ་ཞིག་འཇིག་རྟེན་འདི་
མངར་སྐྱུར་འཚོ་བ་གནམ་གཤིས་འགྱུ
ད་་ལྟ་དྲོད་ཅིང་རྗེས་སུ་འཁྱག་
འཁྱག་པ་དེ་ཡང་གཏན་དུ་མི་སྡོད་དེ
ཉི་མ་བཞིན་དུ་སྤྲིན་གྱི་གསེབ་
འདི་ནི་བདེ་ཞིང་ཀྱོག་པའི་ཕྲེང་
འདི་ནི་ཁྱོད་དང་ང་ཡི་མི་ཚེ་འོ།།
འདི་ནི་མི་ཚེ་གཅིག་གི་སྡོམ་ཚིག་
འདི་ནི་མངར་ཞིང་སྐྱུར་བའི་འཚོ་
༠༨/༠༣/༡༣
སྐྱིད་པའི་སྣེ་ན་མི་འདོད་སྡུག་བསྔལ་རེ། །
སྡུག་གི་མཐའ་ན་དགའ་བའི་འཛུམ་མདངས་རེ། །
སྐྱིད་སྡུག་རེས་སུ་འབར་བའི་འཁོར་བའི་གཤིས། །
སུ་དང་གང་གིས་བསྒྱུར་ཏུ་ནུས་མ་ལ། །
དང་བོར་མི་ལ་རུས་པས་སྐྱིད་པོ་མྱོང་། །
བར་དུ་ཨ་ནེའི་འོག་ནས་སྡིག་པོ་མྱོང་། །
མཐའ་མར་རྫོགས་སངས་རྒྱས་པའི་བར་དུ་ཡང་། །
སྐྱིད་སྡུག་རེས་མོས་མྱོང་བའི་རྣམ་ཐར་ཡོད། །
གཞོན་པའི་དུས་སུ་སྣང་བ་སྐྱིད་པོ་རེ། །
དར་མའི་དུས་སུ་ཁྱིམ་གྱི་སེམས་འཁྲལ་རེ། །
རྒས་དུས་བཟའ་གཏམ་མ་གོ་སྡུག་བསྔལ་རེ། །
མ་ཤི་བར་དུ་སྐྱིད་སྡུག་སྣ་མང་རེ། །