ཁུངས། ཐའེ་ཝན་དབུས་རྒྱང་སྒྲོག་ལས་ཁུངས།
སྒྱུར། ནགས་ཤོད་སད་མི།
ཉེ་བའི་ཆར། བོད་ཀྱི་ས་ཁུལ་དུ་བོད་མི་ལོ་གཞོན་ཚོས་རང་ལུས་མེར་བསྲེག་གི་དོན་རྐྱེན་ཐེངས་མང་བརྩམས་པ་རེད། འདི་སྐོར་རྒྱ་ནག་གིས་བོད་མིར་སྐྱོན་བརྗོད་ཤུགས་དྲག་བྱས་དོན། བོད་མིའི་རང་ལུས་མེར་བསྲེག་གི་བྱ་འགུལ་འདི་མངོན་མཚན་མིན་པའི་འཇིགས་སྐུལ་ལུགས་ཤིག་རེད་ཅེས་བཤད་པ་མ་ཟད། ད་དུང་ནན་བརྗོད་བྱས་དོན། བཙན་དྲག་གི་ལག་ཐབས་སྤྱད་དེ་ས་གནས་ཀྱི་སྤྱི་ཚོགས་སྒྲིག་ལམ་རྒྱུན་འཁྱོངས་ཐུབ་པ་བྱ་དགོས་ཟེར། འདི་ཐད་ཚེས ༢༠ ཉིན་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ལན་འདེབས་བྱས་དོན། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་མིར་དམག་གི་དྲག་གནོན་བྱས་པ་རེད། འདིས་རྐྱེན་པས་བོད་མི་ཚོར་ཡ་ང་བའི་ཐབས་ལམ་འདི་མ་བརྟེན་ཐུ་མེད་ཆགས་པ་བཟོས་ཡོད། དེས་ན། རྒྱ་ནག་སྲིད་གཞུང་འདི་འཇིགས་སྐུལ་རིང་ལུགས་ངོ་མ་དེ་རེད།
བོད་ཁུལ་ནས་རྒྱུན་ཆད་མེད་པར་བོད་ཀྱི་གྲྭ་བཙུན་དང་གཞོན་སྐྱེས་ཚོས་རང་ལུས་མེར་བསྲེག་གི་ངོ་རྒོལ་དོན་རྐྱེན་འདི་ཁྱབ་ཡོང་གི་ཡོད། རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་ཅང་ཡུས་ནས་ཚེས ༡༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཏེ། ཏཱ་ལའི་བླ་མ་དང་དེ་བཞིན་འདི་དོན་རྒྱབ་སྐྱོར་བྱ་མཁན་དག་ལ་ཁ་རྡུང་བཏང་བ་རེད། རང་ལུས་མེར་བསྲེག་གི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་མཁན་དེ་ནི་མངོན་མཚན་མིན་པའི་འཇིགས་སྐུལ་རིང་ལུགས་པ་ཞིག་རེད་ཅེས་དང་། དེ་དང་མཉམ་དུ་ནན་མོ་བརྗོད་དོན། འབྲེལ་ཡོད་ཚན་པས་བཙན་དྲག་གི་ལག་ཐབས་སྤྱད་ནས། ས་གནས་ཀྱི་སྤྱི་ཚོགས་སྒྲིག་ལམ་རྒྱུན་འཁྱོངས་ཐུབ་པ་བྱ་དགོས་ཟེར།
ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འདིར་ལན་འདེབས་གནང་དོན། ཐེངས་དང་པོ་བོད་མིའི་རང་ལུས་མེར་བསྲེག་གི་དོན་རྐྱེན་བྱུང་སྐབས ༸ སྐུ་མདུན་ནས་འདི་ལྟ་བུའི་ངོ་རྒོལ་བྱ་ཐབས་ལ་རྒྱབ་སྐྱོར་མེད་གསུངས་པ་ལས། རྒྱ་གཞུང་གིས་བཤད་པ་བཞིན་ངོ་རྒོལ་བྱེད་སྟངས་འདིར་ལ་རྒྱབ་སྐྱོར་གནང་མེད།
རྒྱ་ནག་གིས་བཙན་དྲག་གི་བྱེད་ཐབས་སྤྱད་དགོས་བཤད་པ་དེར། ཟླ་བ་ཚེ་རིང་གིས་ལན་འདེབས་གནང་དོན། ང་འདི་དོན་ཅི་ཡང་ཧང་སང་གི་མེད། གང་ཞེ་ན། རྒྱ་ནག་གིས་རྒྱུན་གཏན་ནས་བོད་མིར་ཛ་དྲག་གི་ཐབས་ལམ་སྤྱོད་ཀྱིན་པ་རེད། ཁོང་གིས་ནན་བརྗོད་གནང་དོན། རྒྱ་ནག་གི་བཙན་དྲག་སྲིད་ཇུས་འདིས་བོད་མི་རྣམས་འ་ཆད་འུ་ཐུག་ནས་ག་བྱེད་འདི་བྱེད་མེད་པ་བཟོས་སྟབས། བོད་མིས་ཤ་ཚ་དགོས་པའི་རང་ལུས་མེར་བསྲེག་གི་ཐབས་ལམ་འདི་འདྲ་བརྟེན་དགོས་ཐུག་པ་རེད། དེས་ན་རྒྱ་ནག་གུང་ཁྲན་རང་ཉིད་འཇིགས་སྐུལ་རིང་ལུགས་པ་ངོ་མ་དེ་རེད་ཅེས་དང་། ཟླ་བ་ཚེ་རིང་གིས་ལན་འདེབས་གནང་དོན། ༼ མ་སྐད ༽ ༼ བོད་མིར་ཡ་ང་བའི་ཐབས་ལམ་འདི་ཁོ་ནས་ངོ་རྒོལ་བྱ་དགོས་པ་བཟོས་ཡོང་དུས། ཁོ་ནི་དངོས་གནས་དྲང་གནས་ཀྱི་བཙན་རྒྱལ་རིང་ལུགས་དང་། དངོས་གནས་དྲང་གནས་ཀྱི་འཇིགས་སྐུལ་རིང་ལུགས་པ། རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་ཞིག་ཀྱང་རེད། ༽ འདི་ལྟ་བུའི་འཇིགས་སྐུལ་རིང་ལུགས་པས་ནི་ལུས་སེམས་སོགས་ལ་འཇིགས་སྣང་སྐུལ་བ་ཁོ་ན་ཙམ་མིན་པར། རིག་གཞུང་དང་། ཆོས་ལུགས། མང་གཙོའི་ཁྱབ་ཁོངས་སོ་སོའི་འཇིགས་སྐུལ་རིང་ལུགས་པ་ཡང་རེད།
ཟླ་བ་ཚེ་རིང་གིས་གསུངས་དོན། བོད་ཀྱི་གཞོན་སྐྱེས་ཚོའི་རང་ལུས་མེར་བསྲེག་གི་ལས་འགུལ་འདིར་རྒྱལ་སྤྱིས་དོ་སྣང་མཐོ་ཚད་ཅན་དུ་སླེབས་པ་རེད། བོད་མི་དམངས་ཀྱི་རེ་དམིགས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཅོལ་ཡོད་པས། རྒྱལ་ཚོགས་ཀྱིས་འདི་དོན་བརྩད་ཞིབ་ལ་ཞུགས་ནས། དྲང་བདེན་གྱི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་འབོད་སྐུལ་ཞུས།
2011-10-21
ཐུགས་རྗེ་ཆེ་ལན་འདེབས་ཡག་པོ་གནང་འདུག
མི་མངོན་པའི་འཇིགས་སྐུལ་པ་ཡིན་པར་བསྙོན་འཛུགས་པ་འདི་ནི་དོན་ངོ་མར་ཁོ་རང་ཚོ་བདེན་པའི་ནུས་པ་འདི་རིགས་ལ་མི་མངོན་པའི་འཇིགས་སྣང་ཞིག་རེད།
རྒྱ་གཞུང་གི་སྐད་ཆ་འདིའི་ཤུགས་བསྟན་ངོ་མ་ནི། ༼བོད་མི་ཚོ་གསོད་འོས་པ་རེད་༽ཅེས་པ་འདི་རེད། ལོ་ཤས་གོང་རྒྱ་རིགས་རེ་ཟུང་གིས་པེ་ཅིན་བོད་ཐོག་ལ་ཨུ་ཐུག་དུས་ཀྱི་མཐའ་མའི་ཐག་གཅོད་ཅི་ཡིན་བཤད་པ་ནས་བཟུང་། ད་ནི་ཅི་བྱེད་ན་བྱེད། མགོ་ཐོག་ལ་ཡོང་རྒྱུ་གཅིག་པ་རེད་དྲན། དེ་བས་རྒྱ་གཞུང་གི་ཁ་སང་གི་ཉེས་འཛུགས་འདིའི་རྒྱབ་ཀྱི་སྐད་ཆ་ཡང་འབབ་ས་གཅིག་པ་རེད་འདོད།
ད་སྐབས་གེ་སར་སྒྲུང་གླུ་ལ་ཉན་བསྡད་ན་ཅུང་ཕན་ཐོགས་འདྲ་འདུག
ལོ་འདི་འགའི་བོད་ཀྱི་མེ་ལྕེ་གསོན་པོ་དེ་ཚོས། ཀྲུང་ནན་ཧེའི་འཆམ་མཐུན་སྤྱི་ཚོགས་ཀྱི་གྱང་ཁ་དབྲལ་
བས། སེམས་ནད་མ་ཁྱོག་པར་སྐད་ངན་འདི་ཤོར་བ་འདྲ།
རྒྱ་གཞུང་ལ་སྐད་ཆ་འདི་མ་གཏོགས་ཤོད་ཡག་མེད་པྰ།
ཁོ་ཚོས་ག་དུས་ཡིན་ནའི་སྐད་ཆ་འདི་འདྲ་རང་ཤོད་ཀི་རེད།
རང་བཙན་གཡུག་ཞོག གཉིས་མོས་ཀྱི་དབུ་མའི་ལམ་དུ་འགྲོ་ཟེར་ན། མིན། ཁྱེད་ཚོའི་དེ་མངོན་མཚན་མ་ཡིན་པའི་རང་བཙན་རེད་ཟེར་གི་རེད།
ཡང་། མེ་མདའ་དང་མཚོན་ཆ་སྤང་ནས་རང་ལུས་རང་གིས་མཆོད་མེར་སྒྲོན་ན་ཡང་མངོན་མཚན་མ་ཡིན་པའི་འཇིགས་སྐུལ་རིང་ལུགས་པ་རེད་ཟེར།
ད་ང་ཚོས་ག་རེ་བྱས་ནའང་ཁོ་ཚོས་རྟག་པར་འདི་འདྲ་མ་གཏོགས་གཞན་ཤོད་ཡག་ཡོད་མ་རེད།
སྤྱང་ལྟོགས་རྐུན་མའི་མདུན་ནས་འབའ་འབའ་ལུ་གུས་ག་རེ་བྱེད་ཀྱང་སྤྱང་ལྟོགས་ཁོ་ལ་དམིགས་བྱ་གཅིག་ལས་མེད་ཙང་ཕན་ཐོགས་ཡོང་གིན་མ་རེད།
སྔོན་ཆད་ཡིན་ནའི་དེ་འདྲ་རེད་ལ། ད་ལྟའང་དེ་འདྲ་རེད། མ་འོངས་པར་ཡང་དེ་འདྲ་རང་བྱེད་གི་རེད།
དེ་ང་ཚོས་ཧ་གོ་བ་བྱེད་དགོས།
རྒྱ་དམར་གུང་ཁྲན་གཞུང་གིས་ད་ལྟ་བོད་ཐོག་འཛིན་་་བཞིན་པའི་སྲིད་ངན་འོག། རྒྱལ་གཅེས་པ་རྣམས་ཐབས་ཤེས་ཟད་ནས་གཅེས་པའི་ལུས་སྲོག་བློས་བཏང་གནང་བར། རྒྱ་གཞུང་ནས་མངོན་མཚན་མིན་པའི་འཇིགས་སྐུལ་རེད་ཅེས་འཛམ་གླིང་མི་མང་རྣམས་ལ་རྫུན་གཏམ་བསྒྲགས་པ་དེས་ག་རེ་མཚོན་གྱི་ཡོད་ཅེ་ན། གུང་ཁྲན་འཇིགས་སྐུལ་གཞུང་ནས་བོད་མིར་སྔར་ལས་ལྷག་པས་དྲག་གནོན་བྱ་རྒྱུ་ཡིན་ཞེས་བཤད་པ་མཚོན་གྱི་ཡོད།།