དེ་རིང་ཁ་བརྡའི་མཆན་དང་དེ་བཞིན་དུས་བབ་ཟིན་བྲིས་ཀྱི་མཆན་དེ་དག་མཐོང་ནས་བསམ་ཚུལ་འགའ་སླེབས། བཤད་མི་དགོས་པ་ཞིག་ནི། ང་ཚོས་རང་གི་བསམ་ཚུལ་བཤད་སའི་རྒྱ་ཆེ་རུ་སོང་བ་ཙམ་དུ་མ་ཟད། བཤད་མཁན་ཀྱང་ཇེ་མང་དུ་སོང་ཡོད། དེ་ནི་དཀའ་ངལ་ཞིག་མ་རེད། འོན་ཀྱང་བསམ་ཚུལ་བཤད་སྐབས་རྗོད་མཁན་གྱི་མིང་ངོ་མ་མེད་པ་དང་། མིང་ཚབ་བྲིས་པ་དེ་དག་ཀྱང་འབྲི་མཁན་གྱིས་རང་གི་སྨྱུག་མིང་ཞིག་གམ་མིང་ཚབ་ཅིག་ཡོད་བཞིན་པ་དེ་འབྲི་རྒྱུའི་ཚབ་ཏུ། རྩོད་པའི་ཁོངས་སུ་སླེབས་པའི་མི་གཞན་གྱི་མིང་དེ་དག་བྲིས་ནས། མཐའ་ན་ཀློག་མཁན་དང་ཟིན་བྲིས་བདག་པོ་དག་ཀྱང་མགོ་འཐོམ་མེར་བཟོ་བ་དེ་རེད། དེ་དཀའ་ངལ་དེ་རེད། དོན་འདི་ལ་དུས་བབ་རྩོམ་སྒྲིག་པས་གསལ་བཤད་ཅིག་ཀྱང་གནང་འདུག
དཀའ་ངལ་འདི་ནི། བོད་ཡིག་ཟིན་བྲིས་ཀྱི་དཀའ་ངལ་ཞིག་ཡིན་ནམ། ཕལ་ཆེར་ཡིན་མདོག་ཁ་བོ་མ་རེད། ངས་ཚོད་ལྟ་ཞིག་བྱས་པ་ཡིན། ནིའུ་ཡོག་དུས་བབ་ཀྱི་དྲ་རྒྱའི་ཐོག་མཆན་འབྲི་མཁན་ཚོའི་ཁྲོད་དུའང་མིང་སྣ་ཚོགས་བྲིས་འདུག དཔེར་ན། ཧྲང་ཧེའི་ཤོར་མ། ཇིམ་41 མཚོ་མཐའ་གསུམ་པ། འདི་དག་ལྟ་བུ་རེད། ཕ་ཡུལ་དྲ་རྒྱའི་མཆན་འབྲི་མཁན་དག་ཀྱང་། དཔེར་ན། བོད་ཀྱི་བུ། བདེན་པའི་གནས་ཚུལ། ལྟ་བུ་བྲིས་འདུག་
ང་ཚོ་ནི་དྲ་བ་ཆེན་པོ་ཞིག་གི་ནང་ན་འདུག་ དྲ་བ་དེས་གོ་ལ་ཧྲིལ་པོ་ཧྲིལ་གྱིས་གཡོགས། དྲ་ཐག་གི་སྣེ་མོ་དར་སྐུད་ས་ཡ་མང་པོ་ལ་འདྲེས། སྣེ་མོ་རེ་རེ་ནས་སྐད་ཅོར་རེ་རེ་བརྒྱབ་ཡོང་དུས། སུ་ཡིན་དང་དེ་རེད་ཅེས་པའི་ངོས་འཛིན་བྱ་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་ཡིན་པ་ཐག་གིས་ཆོད་འདུག དཀའ་བ་དེ་དག་གི་བོད་ཡིག་ཁོ་ན་མ་ཡིན་པར། ཟིན་བྲིས་ཡོད་པའི་སྐད་ཡིག་ཚང་མ་ལ་གཅིག་མཚུངས་རེད་དྲན། འོན་ཀྱང་རླུང་རྟ་མ་རྒྱུགས་པའི་ཉི་མ་ཞིག་ཤར་ཚེ། བརྩད་གཅོད་གཏོང་མཁན་དག་གིས་བརྩད་མི་ཆོད་པའི་གསང་བ་ཞིག་གཏན་ནས་མེད་པ་ནི། གོང་གསལ་དྲ་ཐག་གི་སྣེ་མོ་ལ་འཇུས་ནས་རྐུན་མ་དང་ཉེས་ཅན་པ་འཛིན་བཟུང་བྱས་དང་བྱེད་བཞིན་པ་ནི་ང་ཚོའི་ཉིན་རེའི་གསར་འགྱུར་ལས་མཐོང་ཡོང་བ་དེ་རེད་ལགས།
དེས་ན། མཆན་དང་མཆན་འབྲི་མཁན་གྱི་གསང་བ་འདི་ནི། གསང་དུ་མེད་པའི་གསང་བ་ཞིག་རེད། དྲ་བ་ཞེས་པའི་ཡོངས་ཁྱབ་ཀྱི་ལག་མཐིལ་དུ་སྐྱུ་རུ་ར་བཞིན་བཞག་པའི་གསང་བ་ཞིག་རེད། མ་རེད་དམ།
དུས་བབ་རྩོམ་སྒྲིག་པས་རེ་སྐུལ་ཞུས་པ་བཞིན། ང་རང་ཚོ་ལ་ཆ་བཞག་ན། མུ་མཐུད་ནས་བཟང་སྤྱོད་དང་འོས་འགན་ཞེས་པ་འདིའི་དར་ཆ་དེ་འཕྱར་བཞིན་གོག་བགྲོད་བྱེད་རྒྱུ་དང་། མཚམས་རེར་ལན་རེར་རྐུན་མ་འཇུས་ནས་ཨམ་ཆོག་གཅོད་པའམ། མཚམས་རེར་ལན་རེར་རྐུན་མ་མ་འཇུས་ནས་ཨམ་ཆོག་སུས་གཅོད་ལ་རྩོད་པ་རྒྱག་རྒྱུ་ཙམ་ཞིག་ད་ལྟའི་བགོ་སྐལ་ཞིག་ཡིན་པ་འདྲའོ།།
ཉིན་འདི་དག་གི་རིང་ངས་ཁ་བརྡ་དང་། དྲ་དཔོན་ལགས་ཀྱིས་བྲིས་གནང་པའི་མཆན་བུ་འགའ་མཐོང་རྗེས་བཀའ་སློབ་ཅིག་ཞུ་དགོས་བསམ་སོང་།
རྒྱུ་མཚན་ང་རང་ལ་སྒེར་གྱི་ཟིན་བྲིས་ཐབས་ཆག་ཞིག་ཡོད་མོད། རྒྱུ་མཚན་མེད་པར་མང་པོ་ཞིག་གིས་མིང་སྣ་ཚོགས་བཀོད་ནས་སྡུག་ར་གཏོང་གིན་འདུག དྲ་དཔོན་གྱིས་གསུང་སྟངས་ལ་བལྟས་ན། མཆན་འདེབས་མཁན་སུ་ཡིན་བརྩད་གཅོད་བྱེད་ཐུབ་པའི་ལམ་ཁ་ཞིག་ཡོད་ཚུལ་འདྲ་བོ་འདུག ཡིན་ན་ཡང་།
ཚང་མས་མཁྱེན་གསལ་ལྟར། རྒྱ་གར་དང་བལ་ཡུལ། བོད་ནང་ཁུལ་དུ་མཚོན་ན་དྲ་ཐོག་ཏུ་རྩོམ་ཡིག་ཞིག་འབྲི་དགོས་ཚེ། དྲ་ཁང་དུ་འགྲོ་དགོས། དྲ་ཁང་རེ་རེའི་ནང་དུ་རྩིས་འཁོར་མང་པོ་ཡོད་ལ། རྩིས་འཁོར་རེ་རེ་ཉིན་རེར་མི་ག་ཚོད་ཀྱིས་བེད་སྤྱོད་གཏོང་གི་ཡོད་པ་སུས་ཀྱང་ཤེས་རྒྱུ་མ་རེད།
ང་ཚོའི་ཚོགས་པར་མཚོན་ན་བོད་ཡིག་སྦྱོར་ཀློག་ཤེས་པའི་སྐྱ་སེར་ལྔ་དྲུག་ཞིག་ཡོད་ཅིང་། བོད་ཡིག་གཏག་ཐུབ་པའི་རྩིས་འཁོར་གཅིག་མ་གཏོགས་མེད། ལས་ཀའི་སྔ་དགོང་རྣམས་སུ་བོད་ཡིག་ཡོད་པའི་རྩིས་འཁོར་དེ་ཐོབ་ཤ་བྱེད་བཞིན་ཡོད།
དེ་བཞིན་ཆོས་ཚོགས་དང་། ལས་ཁུངས། ཉམས་ཞིབ་སྡེ་ཚན་སོགས་མང་པོར་རྩིས་འཁོར་གཅིག་མི་མང་པོས་བེད་སྤྱོད་གཏོང་གི་ཡོད་པ་ཡང་མངོན་གསལ་རེད། དེ་བཞིན་དྲ་བྱང་བཟོ་སྐབས་མིང་དང་གནས་ཡུལ་སོགས་ཀྱང་གང་དགར་བྱེད་ཆོག དེ་འདྲ་ཡིན་དུས་ཟིན་བྲིས་ཐོག་མཆན་འདེབས་མཁན་སུ་ཡིན་བརྩད་གཅོད་ཇི་ལྟར་གཏོང་དགོས་སམ། ཐབས་ལམ་ཅི་ཞིག་ཡོད་དམ། གལ་ཏེ་མི་སྒེར་བ་ཞིག་གིས་ཁོ་རང་གིས་རང་གི་རྩིས་འཁོར་ཐོག་ཟིན་བྲིས་སྤེལ་ཚེ། དེ་སུ་ཡིན་རྩིས་འཁོར་ཐོག་ནས་བརྩད་གཅོད་བྱེད་ཐུབ་པའི་དབང་དུ་བཏང་ན་ཡང་། མི་གཞན་ཞིག་གིས་མི་དེའི་རྩིས་འཁོར་བེད་སྤྱོད་བཏང་ན། ང་ཚོས་ཐག་གཅོད་ཐུབ་རྒྱུ་ཕར་ཞོག གཅིག་བྱས་ན་དོན་མེད་ཀྱི་མི་ལ་ཕོག་ཐུག་གཏོང་རྒྱུའི་ཉེན་ཁ་ཡང་འདུག
དེས་ན་དེའི་ཐད་དྲ་དཔོན་ལགས་དང་དྲ་གྲོགས་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་བཀའ་ལན་གསལ་བོ་ཞིག་གནང་རོགས་ཞུ་བ་ཡིན། དེས་གུས་པ་གཅིག་པོ་མ་ཡིན་པར་མི་མང་པོ་ཞིག་ལ་ཕན་ཐོགས་འབྱུང་སྲིད།
ཐུགས་རྗེ་ཆེ།
ཐེམ་ཆེན་ལགས། དྲི་བ་དང་པོའི་ལན་ནི། གལ་སྲིད་ཁྱེད་ལ་ཟིན་བྲིས་ཡོད་ཚེ། དེའི་ཐོག་ནས་ ཨ་ཡེ་ པི་ ཁ་བྱང་བརྒྱུད་ནས་བརྩད་གཅོད་བྱེད་རྒྱུ་དེ་རེད། དེ་ཅི་ཙམ་ཐིག་པོ་ཡོད་མེད་ངས་མི་ཤེས། དྲི་བ་གཉིས་པ་ལ་ནི། ང་ལ་དངོས་གནས་ལན་ཞིག་མེད། ངས་མི་ཤེས། བོད་ཡིག་སྤྱོད་མཁན་ཚོ་ལ་དངོས་གནས་དཀའ་ལས་ཤིག་ཡིན་པ་ཞུ་ག་ལ་དགོས། འོན་ཀྱང་ང་ཚོའི་ཟིན་བྲིས་ལ་འཇུག་མཁན་ཕལ་ཆེ་བའམ་བརྒྱ་ཆའི་ ༩༩ ཡན་ནི་བོད་དང་བོད་ཡིག་ལ་ཤ་ཞེན་ཡོད་མཁན་ཡིན་སྟབས་ང་ཚོ་འདི་ལ་འཇུ་རྒྱུ་ལས་གཞན་ཅི་བྱེད། གཤམ་གསལ་གྱི་དྲ་རྒྱ་ནི་ ཨ་ཡེ་པི་ཁ་བྱང་བརྩད་ཞིབ་བྱེད་སྟངས་དེ་རེད། གཟིགས་རོགས།
http://www.geobytes.com/ipLocator.htm
གཞན་ ཨིས་མེལ་ཁ་བྱང་བརྩད་གཅོད་གཏོང་ས་འདུག་མོད་སྒོར་མོ་དགོས་ཞེས་བརྗོད་ཀྱིན་འདུག གུས་བཅས།
འོ་ཡ། ད་ཡིན་ན་ཁ་མཆུ་ཆེན་པོ་ཅིག་ལ་ཕྲད་ཡོད་པ་འདྲ་འདུག འདིའི་ནང་ན་རྐུ་མ་འཛིན་རྒྱུའི་ཁྱབ་བསྒྲགས་ཡང་འདུག དཀོན་མཆོག་མཁྱེན། རབ་གསལ་ར་མ་མགོ་འདིས་ང་ཚོ་ཅི་ཞིག་བྱེད་རྩིས་ཡོད་ན།། །།
གཞོན་ནུ་ཟླ་མེད་ལགས། དགོངས་པ་མ་ཚོམ་རོགས། ངས་ཚིག་གི་རྩེད་མོ་དེ་རྩེད་མོ་རང་དུ་སོང་མེད་པ་འདྲ། ངེད་ཀྱིས་ཀྱང་དྲ་ངོས་ནས་མཆན་འགོད་པ་དག་ལ་རྒྱུ་མ་ཕུ་འདེད་བྱས་ནས་རྙེད་རྒྱུ་ཁག་པོ་འདུག་ཅེས་ངོས་ལེན་ཞུས་ནས། དེའི་མཇུག་དེར་ཨ་མདོའི་གཏམ་དཔེ་ “རྐུན་མ་མ་བཟུང་བར་རྣ་ཅོག་སུས་གཅོད་རྩོད་པ་བྱེད།”ཟེར་བ་དེ་དཔེ་རུ་དྲངས་ནས་རྩེད་མཚར་ཞིག་བསླངས་པ་ཡིན། ངས་ ཁ་བརྡ་ལ་ཞུགས་མཁན་ཚོར་ ༼རང་དང་ལྟ་བ་མཐུན་པ་དང་མི་མཐུན་པ་གང་ཡིན་ཡང་༽གུས་བརྩི་ཆེན་པོ་ཞུ་བཞིན་ཡོད། ཁ་མཆུ་མེད་ལགས། དགོངས་པ་མ་ཚོམ།
དེ་རིང་ཡང་དུས་ཚོད་ཁ་ཤས་ཤིག་འཕྲོ་བརླག་དུ་མ་བཏང་ཐབས་མེད་བྱུང་ཐལ། དང་པོ་དུས་བབ་ཀྱི་འགན་འཛིན་ལུང་རིགས་ལགས་དང་། ཁ་བརྡའི་འགན་འཛིན་དགེ་རབ་ལགས། དྲ་གྲོགས་ཨ་རིག་དགེ་མཐོང་སོགས་སྟག་སྨྱོན་ཕུད་པའི་གུས་པ་བསམ་གཏན་གྱི་སྟེང་དུ་དགོངས་པ་འཚོམས་མཁན་གང་ན་སུ་ཡོད་ཡོངས་ལ་སྙིང་ཁོངས་རུས་པའི་གཏིང་ནས་དགོངས་དག་ལན་བརྒྱར་ཞུ་བ་ཡིན།
དེ་ལྟར་དགོངས་དག་སྔོན་ཏུ་བཏང་ནས་ཐབས་མེད་ཨུ་ཐུག་གི་ལོ་རྒྱུས་མདོ་ཙམ་ཞུ་ན། དང་པོ་སྟག་སྨྱོན་ཟེར་བ་འདིས་བོད་གཞུང་ལ་རེ་བ་བཅད་ཡོད་ཚུལ་དང་། རང་བཙན་ལག་དེབ་ལ་དངུལ་སྤྲོད་རྒྱུ་མིན་ཚུལ། ༧སྐྱབས་མགོན་རིན་པོ་ཆེའི་འོག་ཏུ་བོད་ཕྱི་ནང་གཉིས་ལ་འགྲན་གྱི་དོ་མེད་ཟམ་གདོང་རིན་པོ་ཆེར་དགྲ་དགའ་གཉེན་སྡུག་གི་སྐྱོིན་བརྗོད་དང་། ཟམ་སྟོང་བསམ་སྟོང་སེམས་སྟོང་སོགས་ཀྱི་མཚན་སྨོད། བོད་གཞུང་ལ་གཞི་མེད་བསྙོན་འཛུགས་ཀྱི་སྐྱོན་བརྗོད་བར་མ་ཆད་དུ་བྱས་པ་དང་། ཟམ་གདོང་རིན་པོ་ཆེ་བཀའ་བློན་ལ་ཕེབས་དུས་བཀྲ་མི་ཤིས་པའི་རྟགས་སུ་བཀའ་ཤག་ལ་ཐོག་བརྒྱབ་པ་རེད་ཅེས། ཀྲུང་གོའི་བོད་ལྗོངས་ཟེར་བའི་དུས་དེབ་དེའི་ཐོག་ཏུ་བྲིས་པའི་རྩོམ་རྣམས་དང་གཅིག་པ་གཅིག་རྐྱང་ལྟ་བུ་བྲིས་པ་དང་། ཡང་སྔ་འགྱུར་བསྟན་པའི་ཉི་མ་སྐྱབས་རྗེ་པད་ནོར་རིན་པོ་ཆེ་ཞིང་དུ་ཕེབས་སྐབས། རིན་པོ་ཆེའི་ཞལ་སློབ་དང་རྗེས་འཇུག་ས་ཡ་མང་པོའི་མཆི་མ་རླུང་གིས་མི་ཆོད་པའི་སྐབས་སུ། པད་ནོར་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ཡོངས་དང་འབྲེལ་བ་སྤུ་ཙམ་མེད་པའི་གཞི་མེད་ཀྱི་སྐྱོན་བརྗོད་བླ་རྒན་འདི་ཚོས་རྒྱ་དམག་བོད་དུ་བོས་པ་རེད་ཅེས་དང་། བོད་དུམ་བུར་བཏང་བ་རེད་ཅེས་དང་། ཡང་མ་ཡིན་ཡིན་མདོག་གིས་ཕྱི་གླིང་བ་རྣམས་མགོ་སྐོར་བཏང་བ་རེད་ཅེས་དང་། ཡང་སྒོར་མོ་དང་ལྷ་ཁང་ལ་ཆགས་ནས་ཤི་ལམ་དུ་འགྲོ་རྒྱུ་མིན་ཚུལ་སོགས་ཀྱི་སྙིང་ཚིམ་བྲོ་བརྡུང་ཉི་མ་དྲུག་བདུན་ཅིག་ལ་བར་མེད་དུ་བྱས་ཤིང་། ཁོ་བོ་ཐེ་བའི་དྲ་གྲོགས་སྐོར་ཅིག་གིས་དགག་ཆ་བྱས་པར་དགོངས་སེལ་ཞུ་རྒྱུ་ཕར་བཞག། ད་དུང་དོལ་ཚོགས་དང་། རྒྱ་མིའི་སོ་བ། དོགས་གཞི་ཅན་གྱི་མི་སོགས་ཀྱི་མིང་ངན་བཏགས་ཤིང་། ད་དུང་མི་ཚེ་ཟད་དོམ་ཆུ་འཐུང་གི་སྒོ་ལ་སླེབས་པ་ཡིན་ཚུལ་སོགས་མེ་འདའ་ལག་ཏུ་མེད་པ་གཅིག་པོ་མ་གཏོགས་རྒྱ་ནག་བཅིང་གྲོལ་དམག་གིས་ལས་ཀ་ཡོངས་རྫོགས་ཁོས་བྱས་བྱུང་བས་ང་འུ་ཐུག་ནས་ཁོ་དང་ཤི་གསོན་ཐག་གཅོད་ཀྱི་དྲ་འཛིང་འདིའི་ལམ་ལ་མ་ཞུགས་ཐབས་མེད་བྱུང་། བར་སྐབས་ཤིག་ནས་བསམ་གཏན་རྫུན་མ་ཞིག་སླེབས་ནས་མགོ་ལོག་དམ་ཆོས་ལ་ཁ་རྡུང་བཏང་བ་དང་། སྟག་སྨྱོན་ལ་དགོངས་དག་ཞུས་པ་སོགས་ཀྱི་མཆན་རྫུན་མ་བྲིས་འདུག་ཀྱང་། རྗེས་ནས་ཁ་བརྡའི་དྲ་དཔོན་གྱིས་དེ་བསམ་གཏན་རྫུན་མ་ཡིན་པའི་ཁྱབ་བསྒྲགས་གནང་བ་རེད། ད་ནི་དྲ་དཔོན་རྣམས་ཀྱིས་ཀྱང་སྟག་སྨྱོན་སྐྱག་རྒན་དང་ངེད་གཉིས་ལ་བཀའ་བཀྱོན་གནང་གི་འདུག་པས་སྟག་སྨྱོན་གྱིས་ཆ་རྐྱེན་གཅིག་བསྒྲུབ་ན་ངས་ངོས་ནས་མཚམས་འཇོག་བྱས་ཀྱང་ཆོག
འོན་ཀྱང་ང་ལ་ཆ་རྐྱེན་གཅིག་ཡོད། ཆ་རྐྱེན་གཅིག་པོ་དེ་གོང་དུ་བཤད་པ་རྣམས་ལ་སྟག་སྨྱོན་གྱིས་དྲ་ཐོག་ཏུ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཐོག་ནས་མི་སེམས་འགུལ་བའི་དགོངས་དག་ཞུ་དགོས། དེ་ཡང་ཕྱེད་དགོངས་དག་དང་ཕྱེད་མཁྲེགས་པོ་ལྟ་བུ་མ་ཡིན་པར། བརྒྱ་ཆ་བརྒྱ་ཐམ་པའི་དགོངས་དག་མི་སེམས་འགུལ་བ་ཞུ་དགོས། ཞུ་ཡུལ་ཡང་བཙན་བྱོལ་བོད་གཞུང་ལ་རེ་ལྟོས་འཆའ་བའི་བོད་ཕྱི་ནང་གི་བོད་མི་རྣམས་དང་། ཞིང་གཤེགས་གྲུབ་དབང་རིན་པོ་ཆེའི་སློབ་ཚོགས་དང་རྗེས་འཇུག་གང་ན་སུ་ཡོད་ཡོངས་ཀྱི་མཚན་ཐོག་ཏུ་དགོངས་དག་ཞུ་དགོས། ང་བསམ་གཏན་ལ་གསོད་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་པ་དང་། ཉི་མ་གཅིག་ལ་ངའི་ཕ་མ་གཉིས་ཀྱི་མགོ་བཅད་ནས་ངའི་ལག་ནང་དུ་གཡུག་རྒྱུ་ཡིན་ཚུལ་སོགས་ཀྱི་སྡིག་ར་བྱས་པར་དགོངས་དག་ཞུ་མི་དགོས་ལ། དེའི་ཐོག་ནས་ང་ལ་སེམས་འཛིན་ཡང་ཅི་ཡང་མེད། གལ་ཏེ་ད་དུང་ཁོས་དགོངས་དག་མ་ཞུས་པར་སྟག་ཉལ་ཉལ་དང་། འབྲོང་སྒུར་སྒུར་བྱས་ནས་བསྡད་ན་ངས་ངོས་ནས་ཤི་རག་བར་ཏུ་མཚམས་མི་འཇོགས་ཁོ་ཐག་ཡིན། དྲ་དཔོན་རྣམ་པ་དང་དྲ་གྲོགས་གཞན་རྣམས་པས་ཁོ་བོར་ཁ་རྡུང་བཏང་ན་ཡང་ཆོག་ལ་ཕྱག་འཇུག་གནང་ན་ཡང་ཆོག ཁོ་བོས་ཁྱེད་རྣམས་ཀྱི་མདུན་དུ་པུས་བཙུགས་ཐལ་སྦྱར་གྱིས་རང་ཉེས་ངོས་ལེན་ཞུ་རྒྱུ་དང་། ཁྱེད་རྣམ་པས་ཁོ་བོ་ཁྲིམས་ཁང་དུ་བསྐྱལ་ཡང་ཐུགས་བདེན་ཞུ་རྒྱུ་མ་གཏོགས་འཁང་ར་མེད། འོན་ཀྱང་ཁྱེད་རྣམས་ལ་དུས་དང་དུས་སུ་དགོངས་དག་ཕྲེང་སྐོར་རེ་ཞུ་ཞོར་ཡང་མི་ཤ་རློན་ཟ་བྱེད་པའི་སྟག་རྒན་གྱི་སྔུན་ལ་ལྕེབས་རྐྱང་མི་བྱེད་ཀ་མེད་ཡིན།
དེ་ནས་སྟག་སྨྱོན་ལ་ཐ་ཚིག་བསྒྲགས་རྒྱུར། གོང་དུ་དྲ་བདག་ཁག་དང་དྲ་གྲོགས་རྣམས་ལ་གསལ་བོར་ཞུས་ཟིན་པ་ལྟར་ཁྱོད་ཀྱིས་གང་མགྱོགས་གྱིས་ཡིན་ལུགས་ཚུལ་ལྡན་གྱི་དགོངས་དག་མ་ཞུས་ན། ངས་ཁྱོད་བོད་ཡིག་གི་དྲ་ཚིགས་ཁག་ནས་གཏན་དུ་སྒུག་རྒྱུ་དང་། གལ་ཏེ་དྲ་བདག་ཁག་གིས་ངའི་མཆན་བུ་འགོག་གི་ཡོད་ན་ཡང་མིང་གཞན་པའི་ཐོག་ནས་ཁྱོད་དང་ཐུག་ཆོག་ཅིང་། མིང་རེ་རེའི་ཐོག་ནས་རྒྱག་རེས་སྐོར་ཁ་ཤས་རེ་བརྒྱབ་རྗེས་མི་དེ་ང་བསམ་གཏན་ཡིན་པའི་གསལ་བཤད་བྱེད་ཆོག ཇི་སྲིད་འཇིག་རྟེན་ན་གློག་ཀླད་དང་དྲ་རྒྱ་ཡོད་པ་དེ་སྲིད་མིང་དང་གློག་ཀླད་གློག་ཕྲིན་དྲ་བྱང་རྣམས་ལ་མཐའ་མེད་པས་ཨ་རིའི་གསང་བའི་ལས་ཁུངས་ཡིན་རུང་འགོག་ཐུབ་ཀྱི་མེད་ན་གཞན་པས་ག་ལ་ཐུབ། དེས་ན་ཁྱོད་ཀྱིས་རེ་བར་བོད་ཡིག་གི་དྲ་ཚིགས་ཁག་གིས་བསམ་གཏན་གཏན་དུ་བཀག་སྟེ། ཡང་ཁྱོད་ལ་ཞི་མི་མེད་ས་ནས་ཙི་ཙི་གནམ་ལ་ལྡིང་རྒྱུའི་ཀོ་སྐབས་ཤིག་ཡོང་སྣང་ཤེས་ན་དེ་ནི་བརྒྱ་ཆ་བརྒྱ་ཐམ་པའི་ནོར་འཁྲུལ་རེད་ཅེས་ཤོད་རྒྱུ་ཡིན། སྐྱག་རྒན་ཁྱོད་ཀྱི་སེམས་ལ་ཟུངས།
གྲོགས་པོ་བསམ་གཏན་ལགས།
ཐོག་མར་ང་ཚོ་ཚང་མ་མི་རེད། དེའི་ནང་ནས་བོད་རིགས་གཅིག་པ་རེད། དེ་ནས་ཁ་བརྡ་འདི་ནི་ང་ཚོ་ཐུན་མོང་གི་སྦྱང་བཤད་བྱེད་ས་ཞིག་རེད། ཐུགས་རྗེས་གཟིགས། འདི་འདྲའི་ཚིག་རྩུབ་མ་གསུངས་རོགས། ཨ་རི་ན་ཡང་ལྟ་ཚུལ་མི་མཐུན་པ་རྣམས་ཀྱིས་སྦྱང་བཤད་བྱེད་ཀྱི་འདུག་ག ཁ་སང་དེ་རིང་འཕྲོད་བསྟེན་གྱི་སྐོར་ལ་ག་ཚད་འཛིང་གི་འདུག ཡིན་ན་ཡང་འདི་འདྲའི་ཚིག་རྩུབ་ཤོད་རེས་མཐོང་མ་བྱུང་། སྟག་སྨྱོན་གྱིས་བཤད་པ་ལས་བྱས་པ་ཞིག་མ་རེད་དྲན། བཤད་པ་དང་བྱས་པ་གཉིས་ལ་ཁྱད་པར་ཡོད་པ་རེད་དྲན། བཤད་པ་ཙམ་ལ་བརྟེན་ནས་འདི་འདྲའི་འཁོན་འཛིན་མ་གནང་རོགས། དེ་ནས། ཁྱེད་དང་སྟག་སྨྱོན་གཉིས་ཁ་བརྡའི་ཐོག་ཏུ་ཤུགས་ཆེ་ཆུང་དང་དབང་ཆེ་ཆུང་འདྲ་འདྲ་རེད། ཚིག་མཚོན་མེད་པར་རྩོད་པ་ལ་ཞུགས་དང་དེས་འགྲིག་གི་རེད་བསམས།
གོང་དུ་དགེ་འ་དུན་རབ་གསལ་ལགས་ནས་དགོངས་འཆར་དང་བསམ་ཚུལ་སྤེལ་གནང་བར་དགའ་བསུ་ཡོད། ང་ཚོས་ཁ་བརྡ་དྲ་རྒྱ་དེ་སྤྱི་ཡོངས་ཀྱི་བསམ་ཚུལ་སྤེལ་ས་ཞིག་ཏུ་བེད་སྤྱོད་བྱ་བཞིན་ཡོད་ལ། དེ་ཡང་བོད་ཡིག་བེད་སྤྱོད་གཏོང་མཁན་ཚོས་བེད་སྤྱོད་བྱ་བཞིན་ཡོད། ང་ཚོས་སུ་ཡིན་ངོ་ཤེས་ཏེ་མི་ངོའི་གདོང་ལ་བལྟས་ཏེསྐད་ཆ་བཤད་དགོས་དོན་མེད་པར། མི་རིགས་ལ་ཤ་ཞེན་ཡོད་པའི་མི་ཞིག་གིས་མི་རིགས་སོ་སོའི་སྐད་ཡིག་བེད་སྤྱོད་བྱས་ཏེ་བསམ་ ཚུལ་སྤེལ་གྱི་ཡོད་སྟབས་མིང་ཚབ་སྤྱད་དེ་མི་ངོ་མ་སུ་ཡིན་ཤེས་འཇུག་འདོད་མེད་པ་འ་དི་དོ་བདག་རང་སོ་སོར་གདམས་ག་ཡོད་པ་ཞིག་རེད་བསམ་གྱི་འདུག འོན་ཏེ་མི་འདི་སུ་ཡིན་ ཨེ་པེ་ ཨང་རྟགས་བརྒྱུད་ནས་འཚོལ་ཐབས་བྱས་ཀྱང་དངོས་སུ་གཏམ་རྫུན་དང་རྙོག་གླེང་ བཟོ་མ
ཁན་ཞིག་ཡིན་ཚེ་ཁོས་ས་གནས་གང་ཞིག་ནས་ཀྱང་དྲ་གནས་བེད་སྤྱོད་བྱ་སྲིད་པས་ཤེས་རྟོགས་བྱུང་བའི་ཨེ་པེ་དེ་བརྒྱུད་ བེད་སྤྱོད་བྱ་ཡུལ་ས་གནས་འདིར་ཁོ་པ་རྒྱུན་དུ་བསྡད་ཀྱི་ཡོད་མེད་ཀྱང་ཐེ་ཚོམ་ཡིན་ལ། རྒྱ་གར་ནི་དེ་བས་ཀྱང་དྲ་གནས་རིག་པའི་ཐད་ཆེས་སྔོན་ཐོན་གྱི་རིག་རྩལ་གྱི་གྲས་སུ་ཚུད་ཀྱི་ཡོད་པས་ ཨེ་པེ་རྫུན་མ་བེད་སྤྱོད་གཏོང་མཁན་ཡང་གང་བྱུང་ཡོད་སྲིད་པས་བསམ་ཚུལ་ཐུང་ངུ་རེ་བྲིིས་ཏེ་མཆན་འཇོག་རྒྱུར་ཡང་དེ་འདྲ་བརྩད་གཅོད་བྱ་དགོས་དོན་མེད་པ་ལྟ་བུར་མཐོང་གི་འདུག འོན་ཏེ་ཚད་ལས་འདས་པའི་རྙོག་གཏམ་སྤེལ་གྱི་ཡོད་ཚེ་ཏན་ཏན་མི་དེ་ངེས་པར་ཤེས་རྟོགས་ཐུབ་རྒྱུ་འདི་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཏེ་གང་ཟག་སྒེར་ལ་སྐྱོན་འཛུགས་བྱ་མཁན་དེ་ཚོས་མིང་བརྗེད་ འགྲོ་བ་ལས་གཞུང་དང་སྤྱི་དོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ བོད་རང་བཙན་མ་རེད་ ཟེར་བ་སོགས་གང་བྱུང་འབྲི་མཁན་ཁག་ཅིག་ནི་སུ་དང་སུ་ཡིན་དྲ་གནས་བདག་པོས་འདས་པའི་དུས་ཚོད་ནང་གསལ་པོ་ཤེས་ཀྱི་ཡོད་པས་དོ་ བདག་སོ་སོར་ཉེན་བརྡ་གཏོང་རྒྱུ་དེ་གལ་ ཆེན་པོ་རེད་བསམ་གྱི་འདུག
tibet
ང་ཚོ་བོད་པར་སྐད་ཆ་སྙན་པོ་མཛེས་པོ་ཞིག་མ་གཏོགས་སྐྱོན་གྱི་ཆ་ནས་གཏོགས་ཙམ་ཞིག་ཀྱང་གླེང་ས་མེད་པ་འདི་དུས་རབས་ཀྱི་འགྱུར་གྲོས་དང་འཛམ་གླིང་སྤྱིའི་གནས་ཚུལ་ལ་གོ་རྟོགས་ཆུང་དྲག་པས་མ་ཟད་སྨྲ་བརྗོད་རང་དབང་ལ་རྩི་བཀུར་མེད་པས་དན་རྟགས་གསལ་པོ་ཞིག་རེདསྙམ་་་་་་་་་་
ད་དུང་ཁ་ཤས་ཀྱིས་མི་ངན་ལ་དབང་ཡོད་ན་ཆུ་ངན་བྲེ་ཡིས་འཇལ་པའི་དཔེ་ལྟར་གཏམ་འགོ་གླེང་ནས་འཇུག་ཀྱང་མ་རྫོགས་གོང་ཁུངས་ལུང་དང་རྒྱུ་མཚན་ཡོད་མེད་སོགས་ཀྱི་རྒྱབ་ལྗོངས་ལ་གཏན་ནས་བསམ་བློ་མ་གཏོང་ལོང་མེད་པར་ངའི་བསམ་ཚུལ་དང་ངའི་ལྟ་བ་དང་མ་མཐུན་པའི་སྐད་ཆ་ཤོད་ཡག་ཧ་ལམ་རྨི་ལམ་ལ་དྲན་ནའང་དཔེ་རེད་མདོག་མདོག་དང་མ་ཟད་ཁྱོད་འདི་དང་འདིའོ་ཞེས་མ་ཉེས་ཁ་གཡོག་དང་གཉའ་གནོན་ཤུ་ཤོག་བཏང་ཀྱང་བྱས་པ་འདི་སྐྱང་ལང་ལ་ཤོར་དྲག་པའི་མངོན་རྟགས་ཞིག་ཡིན་པ་གསལ་པོ་མ་ཡིན་ནམ་་་་་་་་་་་་
སྟག་བསམ་ཁྱོད་གཉིས་སུ་ཡིན་ཡང་སྤྱི་མཚུངས་ཀྱི་མཆན་འགོད་མཁན་ཞིག་གི་ཐོབ་ཐང་དང་སྒྲིག་གཞི་རང་དབང་བཅས་ཡོད་པ་ལས་དེ་ལས་བརྒལ་པའི་དབང་ཆ་ཁྱོད་གཉིས་སུ་ལའང་ཨེ་ཡོད་སྙམ་་་་་་ དེ་འདྲ་ཡིན་དུས་སྒེར་གྱི་བཟའ་རྩོད་དེ་ཁྱོད་གཉིས་སུའི་ཕྱོགས་ནས་རྒྱབ་ནའང་ངེད་ཀློག་པ་པོ་དང་རྩོམ་པ་པོ་མི་ཉུང་ཞིག་ནས་ཐ་གཅིག་ཏུ་ངོ་རྒོལ་ཡོད་་་་་་་་་་་་་་་་་་་ ཞིབ་ཏུ་སོམས་་་་་་་་་་་་་་་
གལ་ཏེ་རང་རྟོགས་ཀྱི་འདུ་ཤེས་མེད་ན་དཀའ་མོ་རེད།
མི་སྒེར་སོ་སོ་ནས་རང་གི་འགན་འཁྲིའི་འདུ་ཤེས་དེ་ཇི་ཙམ་གྱིས་ལྡན་པར་བྱེད་ཐུབ་ན་ལས་གཞན་ཞིག་གིས་ཅིག་བཤད་དགོས་དུས་སྤྱིར་བཏང་ནས་ཅང་ས་རྒྱ་ཆོད་ཀྱི་མ་རེད་ལ་རྔོ་ཐོགས་རྒྱུ་ཡང་ཁག་པོ་རེད།
སྟག་བསམ་སོགས་སུ་ཡིན་རུང༌། རང་རང་གི་འགན་འཁྲིའི་འདུ་ཤེས་དེ་དང་དུ་ལེན་རོགས།
ང་ཚོ་ཚང་མ་རང་མི་རིགས་ལ་ཤ་ཞེན་ཡོད་པའི་རྒྱུ་མཚན་གྱིས་སྤྱང་ཀི་ཤ་ལ་རྔམ་པ་ལྟར་བོད་ཡིག་གི་དྲ་རྒྱ་དག་གི་སྒང་ན་དབྱངས་གསལ་སོ་བཞིའི་ཐོབ་ཐང་བསམ་སྟེ་ཉུལ་གྱིན་མེད་དམ།
དྲ་གྲོགས་ཚོ། ད་གཡུག་ཞོག་ཡ། ཆོས་འཛོམས་རྟག་ཏུ་ངུ་བའི་ཁ་ལ་བལྟ་ཡ་ག་རེ་ཡོད་པ་རེད། གཅིག་བྱས་ན་འདི་གཉིས་གཟའ་ཚང་ཡིན་ས་རེད་འདུག ཁོ་གཉིས་ཀྱི་དེ་ནི་གཟའ་འཛིང་ལྟ་བུ་རེད་འདུག་ག ཁོ་གཉིས་ལ་ངོ་ནས་རོགས་པ་བྱ་འདོད་ན། gay street of new york city བསྐྱལ་བཞག་ན་གཅིག་བྱས་ན་gay comenity ནས་ཁོ་གཉིས་ལ་རོགས་པ་གནང་གི་རེད་ཡ།། །།
དེ་མིན་ན་ངས་འདི་གཉིས་ལ་བཀྲ་ཤིས་བརྩེགས་པ་ཅིག་འདོན། ཀླུ་སྨྱོན་ནས་ཁ་མཆུ་ནག་པོ་ཞི་བར་བྱེད་པའི་གཟུངས་ཅིག་ཐོན། དེ་ནས་ཁོ་གཉིས་འགྲིག་འགྲོ་གི་རེད།།
བཀུར་འོས་སྐུ་ཞབས་རབ་གསལ་ལགས་ཀྱིས་དྲིས་ལན་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན་ལ། ཁྱེད་ཀྱིས་གསུང་པར་མོས་མཐུན་ཡོད། བོད་ཞེན་ལྡན་པའི་བོད་མི་རྣམས་ཀྱིས་བོད་ཡིག་སྤྱད་ནས་བོད་རྩོམ་དང་བོད་མཆན་བཏབ་ཡོང་དུས། དེ་ལ་དགའ་བསུ་ཞུ་རྒྱུ་ལས་དེ་སུ་ཡིན་བརྩད་གཅོད་བྱས་ན་དོན་དག་ཅང་མི་འདུག འོན་ཀྱང་བོད་མིའི་རྩ་དོན་ལ་རྒྱབ་གཏོད་དང་། ༧གོང་ས་ཆེན་པོར་མཚན་སྨོད། བོད་ཀྱི་རིག་གནས་དང་ཡུལ་སྲོལ་སོགས་ལ་མཐོང་ཆུང་བྱེད་མཁན་ཚོ་བཏང་སྙོམས་སུ་གཏན་ནས་འཇོག་མི་རུང་། དེའི་དྲ་བདག་སོ་སོ་ནས་ཐུགས་གཟབ་གནང་རོགས།
གང་ལྟར་དྲ་བདག་སྐུ་ཞབས་ལགས་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ང་ལ་སྙིང་ཐག་པ་ནས་རེ་བ་ཞིག་ཡོད། དེ་ནི་ངེད་ཅག་ཚང་མ་བོད་ཡིན་པས་ཡིན། བོད་པ་ཟེར་ནས་བོད་དོན་ཆེད་དུ་ཉིན་མཚན་དུས་དྲུག་ལ་རྒྱ་ནག་པོའི་སྲིད་གཞུང་ལ་རྩོད་པ་རྒྱག་རྒྱུའི་དུས་ཚོད་ཅིག་བསྐྱེལ་མ་ཐུབ་ཀྱང་། ནང་ཁུལ་ཁ་རྩོད་དོན་མེད་དང་དགོས་པ་རྒྱུ་མཚན་མེད་པ་དེ་འདྲའི་ཚིག་སྣེ་ལ་འཇུས་དེ་དགྲ་ཤ་ལེན་རྒྱུ་ཡོད་པ་ལྟ་བུ་བྱེད་པ་དེ་ནི་གཏན་ནས་བོད་མི་ཞིག་གི་བོད་མི་ཞིག་ལ་བྱེད་སྟངས་མིན་པ་ཁྱེད་བསམ་གཏན་ལགས་དང་། སྟག་སྨྱོན་རྣམ་གཉིས་ཀྱི་མཁྱེན་གསལ་རེད། སྐད་ཆ་བཟང་ངན་ཕྲན་པུ་ཙམ་རེ་ཡོང་སྲིད་ཀྱང་། དགོས་པ་རྒྱུ་མཚན་ལ་བལྟས་དེ་ལན་འདེབས་དགོས་སར་ལན་མི་དགོས་སར་ཁ་རོག་གེར་བཞག་ན་མ་འགྲིག་པ་ཅི་ཞིག་འདུག སྙིང་ན་བ་དང་ཟུག་གཟེར་མ་འཁྱག་པ་གང་ཞིག་འདུག དངོས་ནས་དེ་འདྲ་ཞིག་ཡོད་ན་ནི་རྒྱ་ནག་པོའི་སྟེང་ལ་ཡོད་དགོས་པ་ལས་བོད་པ་ནང་ཁུལ་ལ་དེ་འདྲའི་ཞིག་ཡོང་ཤེས་ཀྱི་མེད་པ་རེད། དེས་ན་དེ་རིང་ནས་བཟུང་དེ་སྤུན་ཟླ་ཁྱེད་གཉིས་ཀྱིས་སུ་ཡིན་རང་རང་ཚུགས་འཛིན་མི་དགོས་སར་རང་ཚུགས་མཁྲེགས་པོ་ཞིག་མ་བཟུང་བར་བོད་དོན་མཉམ་གླེང་། བོད་ཞེན་མཉམ་འཁུར་འོག སྐབས་རེར་བསམ་ཚུལ་ཕྲན་པུ་རེ་མི་མཐུན་པ་ཡོང་སྲིད་ཀྱང་། གཅིག་གི་གཅིག་ལ་བསམ་ཤེས་དང་སྤུན་ཟླ་དག་གི་ཁ་བརྡ་དང་རེ་སྐུལ་ཉན་ཤེས་གནང་རྒྱུ་དེ་ནི་ཁྱེད་གཉིས་ཀྱང་སྨྲ་ཤེས་པ་ནས་དོན་གོ་བའི་འཁྲིས་སུ་འཚུད་པའི་མཁྱེན་ན་རེད་ལགས། འདི་ནི་བདག་གི་རང་གི་རིགས་ལ་བཅིངས་པའི་བསམ་ཚུལ་ཤར་མར་ཞུས་པ་ལས་ཁྱེད་གཉིས་སུ་ཡང་བདག་གི་ངོ་ཤེས་དང་གྲོགས་རྙིང་བ་དེ་འདྲ་གང་ཡང་མིན་ལ། གཅིག་བྱས་ན་ངས་ཁྱེད་གཉིས་མཐོང་མྱོང་ཡང་མེད་སྲིད་ངེས། གང་ལྟར། མཐོང་མྱོང་ཡོད་མེད་དང་ངོ་ཤེས་ཡིན་མིན་མི་གཙོ་སྟབས། དྲ་ཐོག་འདི་ནས་གནད་དོན་ལ་དྲ་ཐོག་གི་སྤུན་ཟླ་དག་གི་འགན་ལེན་བྱེད་དགོས་ཀྱི་ཡོད་པས་འདི་རུ་རེ་སྐུལ་ཞུས་པ་ཡིན།
དགེ་དང་སྐྱོན་་་་་་་་ འགན་ཁྲི་དང་འགན་ཁྲི་མ་ཡིན་པ་་་་་་་་་་་ ཞེན་ཁོག་དང་མགོ་ཁྲེགས་་་་་་ ལྷག་བསམ་དང་བཅོལ་ཆུང་་་་་་་་་ མཁས་པ་དང་བླུན་པོ་་་་་་་་་་ ཡ་རབས་དང་མ་རབས་་་་་་་་་ ཆོས་དང་འཇིག་རྟེན་སོགས་ཀྱི་ས་མཚམས་རིག་པ་ཡང་ན་ཉམས་མྱོང་རྐྱང་པས་གཞལ་དཀའ་བ་དག་ལས་འཇིག་རྟེན་ན་ལེགས་དང་ཉེས་པའི་ཚོགས་གླེང་འོས་པ་དང་གླེང་ཆོག་པ་འབུམ་ཁྲག་མང་པོ་ཡོད་བཞིན་དུ་ང་ཚོ་རྩོམ་པ་པོ་རྣམས་གཅིག་གིས་གཅིག་ལ་ངན་སྨྲས་དང་ཁ་བརྡུང་གཏོང་ཡག་མ་གཏོགས་ལྷག་མེད་པའི་མུ་གེ་དེ་བརྗོད་གཞིའི་ཐོག་རྒྱབ་པ་ཞིག་མ་རེད་སྙམ་་་་་་་་་་་་་་་་
འོན་ཀྱང་གང་ཟག་སྒེར་སོ་སོའི་རྣམ་དཔྱོད་ལ་མུ་གེ་ཐེབས་ཏེ་རིག་པའི་གོ་རྟོགས་ཀྱི་ནུས་པ་ནུ་འཐུང་བྱིས་པའི་ཚད་ཙམ་ལས་མེད་པ་དག་བག་དང་ལྡན་པ་ཞིག་བྱས་ན་མི་ལེགས་སམ་སྙམ་མོ་་་་་་་་་་་
སྟག་བསམ་ཁ་ན་བོད་ལ་གནོད་བྱའི་དུག་རླང་སྔོ་མོ་ཕོ་ཐུལ་ལི་ལི། ཁ་བརྡའི་སེམས་པ་ཤོག་ངོས་དཀར་པོ་གནོག་རྒྱུར་སེམས་པ་ཚ་ཤུར་ཤུར། ནང་ལ་མི་མཁོ་སྥྱི་ལ་མི་ཕན་གཏམ་ངན་སྐྱག་པའི་དྲི་མ་ཅན། དྲ་ངོས་འདི་ནས་གཏོར་བརྒྱག་དང་བཅས་མ་ཧྰ་ཙི་ནའི་ཡུལ་ཏུ་སྥྱུགས།