འཇམ་དབྱངས་དཀར་པོ།
སྔོ་ལྡུམ་ཟས་རིགས་མང་པོས་ཁྱེད་ཀྱི་མཆིན་པ་བདེ་ཐང་དང་གཙང་མར་སྡོད་པར་མཐུན་རྐྱེན་རོགས་རམ་ཧ་ཅང་མང་པོ་བྱེད། འདི་དང་མཉམ་དུ་འགོ་འཛུགས་རྒྱུ་ཡིན་པའི་ཟས་རིགས་རྩེ་གྲས་ ༡༠ ཡིས་བདེ་ཐང་མེད་པ་ལས་སྲུང་ཞིང་མཆིན་པ་གཙང་བཟོར་ཕན་འདོགས་པར་བྱེད།
༡) ཚོད་མ་ལྗང་ཁུ།
ཚོད་མ་ལྗང་ཁུའི་རིགས་ནི་མཆིན་པ་གཙང་མ་བཟོ་བར་ཧ་ཅང་ལེགས་ཤིང་ནུས་པ་ཆེན་པོས་གྲོགས་བྱེད་མཁན་གཅིག་ཡིན། བཅུད་ནུས་མཐོ་བའི་སྔོ་རྩི་ལྗང་ཁུའི་རིགས་ཀྱིས་ཏག་ཏག་ཁོར་ཡུག་བཙོག་པ་ཆགས་ཏེ་ཁྲག་རྒྱུན་འབག་བཙོག་ལས་སྐྱོབ་རོགས་བྱེད། སྔོ་ཚལ་གཅིག་པུའི་མཉམ་དུ་ངོ་བོ་ལྕི་བའི་ལྕགས་རྫས་བཟའ་དང་། འབུ་དུག རྫས་སྦྱོར་སོགས་ཀྱིས་མཆིན་པའི་མ་ལག་ལ་གནོད་སྐྱོན་བྱེད་པ་ནུས་མེད་དུ་གཏོང་བའི་ཁྱད་ནུས་ལྡན། སྔོ་ཚལ་རིགས་ལས་དཔེར་ན། ཀ་བེད་ཏིག་མོ་དང་ཁུར་མོང་། ཅི་ཀོ་རི། ཀུན་ཐལ། པད་ཁ་སྔོན་པོ་བཅས་ནི་ཁྱོད་ཀྱི་རྒྱུན་སྤྱོད་ཟས་རིགས་ཡག་ཤོས་དག་ཡིན། སྔོ་ཚལ་འདི་དག་གིས་མཁྲིས་པའི་གཤེར་ཁུ་གཙང་བཟོ། ཁྲག་དང་དོན་ལྔ་སྣོད་དྲུག་ནང་གི་སྙིགས་རོ་རྣམས་ཕྱིར་སྐྲོད་པར་བྱེད།
༢) སྒོག་པ།(Garlic)
སྒོག་པ་ལ་ལུས་པོའི་ནང་གི་སྐྱེ་ལྡན་དུག་རྫས་གཙང་བཟོ་དང་། འཇུ་བྱེད་གཤེར་ཁུ་དང་མཁྲིས་པ་ནུས་ལྡན་དུ་གཏོང་བའི་ནུས་པ་ལྡན། ད་དུང་གློག་རྫས་དང་སྒོག་ཁུ་མཉམ་སྡེབ་ལ་མཆིན་པ་གཙང་བཟོར་རོགས་བྱེད་པའི་ནུས་གྲངས་ཧ་ཅང་ཚད་མཐོ།
༣) གམ་བུ་རའི་ཤིང་འབྲས།(Grapefruit)
གམ་བུ་རའི་ཤིང་འབྲས་སྲོག་འཛིན་རླུང་རྫས་དང་ཚོ་བཅུད་C ཡིས་ཕྱུག་ཅིང་། རང་བཞིན་གྱིས་མཆིན་པ་གཙང་མ་བཟོ་བའི་ཁྱད་ཆོས་ལྡན། གམ་བུ་རའི་ཤིང་འབྲས་ཁུ་བ་ཤེལ་ཕོར་གང་རེས་མཆིན་པའི་དུག་སེལ་བ་དང་། ཟས་འཇུའི་མ་ལག སྐྱེ་ལྡན་ཕྲ་རབ་དུག་རྫས། འབྲས་ནད་སློང་རྒྱུ་བཅས་གཙང་སེལ་བྱ་བར་ཧ་ཅང་ཕན་འདོགས།
༤) སྣུམ་སིལ་ལྗང་ཁུ།(Avocado)
སྣུམ་འབྲས་ལྗང་ཁུ་ནི་ལུས་ཕུང་ནང་གི་སྲོག་འཛིན་རླུང་སླར་གསོ་དང་། མཆིན་པར་གནོད་པའི་སྔོ་ཚལ་དུག་རྫས་གཙང་བཟོ་བྱེད་པར་ཧ་ཅང་གལ་ཆེ།
༥) སྐྱུར་འབྲས།(Lemon)
སྐྱུར་འབྲས་རིགས་ལ་རང་བཞིན་གྱིས་ཟས་རིགས་གཙང་བཟོ་བྱེད་པའི་ནུས་པ་ལྡན། བཙོག་རླུང་གིས་ལུས་པོའི་ནང་གི་ཕྲ་ཕུང་ཉམས་པ་སླར་གསོ་དང་། ཚོ་བཅུད་ E དང་ལྷག་པར་ཚོ་བཅུད་ C ཧ་ཅང་མང་། འདིས་མཆིན་པའི་འཇུ་བྱེད་གཤེར་ཁུ་བསྐྱར་གསོ་ལ་ནུས་པ་འདོན་པར་མ་ཟད། ཁྱེད་རང་ལ་ནུས་ཤུགས་ལྷག་མ་ཡང་སྟེར།
༦) ཀུ་ཤུ(Apple)
ཀུ་ཤུའི་རིགས་ལ་འབྱར་བག་མང་བས། ལུས་པོའི་ཆ་ཤས་གང་ཞིག་གིས་རྫས་སྦྱོར་གྱི་འདུས་རྫས་རིགས་བཟུང་བ་གཙང་བཟོ་བྱེད་པ་དང་། དབང་པོའི་འཇུ་བྱེད་མ་ལག་ལས་སྐྱེ་ལྡན་དུག་རྫས་ཕྱིར་འདོན་དང་གཟུགས་པོ་གཙང་བཟོ་བྱེད་པར་ཧ་ཅང་གལ་ཆེ། ཀུ་ཤུས་མཆིན་པས་སྐྱེ་ལྡན་དུག་རྫས་ཞུ་འཇུ་བྱེད་པར་རོགས་རམ་བྱེད་པ་དང་མཉམ་དུ་མཆིན་པ་གཙང་བཟོ་བྱེད།
༧) སྟར་ཀ(Walnut)
སྟར་ཀ་ནི་རོ་བསྐ་ལ་སྦྱོར་རྟ་ཕུན་སུམ་ཚོགས་པའི་འབྲས་བུ་ཞིག་ཡིན། འདི་ལ་ཨོ་མེ་གྷ་༣པ་དང་ཚོ་རྫས་མང་ལ། ལུས་པོའི་ནང་གི་སྲོག་འཛིན་རླུང་རྫས་དང་། མཆིན་པས་རྒྱུན་ལྡན་རང་ཉིད་གཙང་མ་བཟོ་བར་རྒྱབ་སྐྱོར་བྱེད།
༨) ཙོང་།(Onion)
ཙོང་གི་རིགས་ལ་སྒོག་རྫས་ཤུགས་ཆེ་ཞིང་། མཆིན་པའི་འཇུ་བྱེད་ཀྱི་ཆ་ཤས་གང་ཞིག་གཙང་འདོན་བྱེད་པར་རོགས་བྱེད། ཙོང་ལ་གློག་རྫས་དང་དུག་སེལ་དཀར་པོ་དང་། སྦྱོར་འདུས་རྫས། འཕྲོད་བསྟེན་གྱི་མཐུན་ཕྱོགས་བཅས་མང་བས། ཁྱེད་ཀྱི་འཚོ་བཅུད་མ་ལག་ལ་འཚེ་བར་བྱེད་པའི་སྔོ་ཚལ་དུག་རྫས་དང་རྫས་སྦྱོར་དུག་རྫས་ཕྱིར་སྐྲོད་བྱེད།
༩) ལྒ་སེར།(Turmeric)
ལྒ་སེར་གྱིས་ཆང་དང་ཐ་མ་ཁས་མཆིན་པར་གནོད་སྐྱེལ་བ་ཕྱིར་གསོ་དང་། འཇུ་བྱེད་གཤེར་ཁུ་ལ་རོགས་བྱས་ཏེ། ཟས་སྙིགས་དང་འབྲས་ནད་སློང་རྒྱུ་ཕྱིར་སྐྲོད་བྱེད།
༡༠) ཇ་ལྗང་ཁུ།(Green Tea)
ཤེས་གསལ་ལྟར་འདི་ནི་མཆིན་པ་ལ་དགའ་བའི་རིགས་ཀྱི་བཏུང་བ་ལྟ་བུ་ཞིག་དང་། འདི་ལ་ཁམ་ཚིག་ནག་པོའི་ནུས་བཅུད་ལྡན་ལ། འདིས་མཆིན་པའི་མ་ལག་ལ་རོགས་བྱེད། མ་ཟད་ཇ་ལྗང་ཁུ་འཐུང་བ་ནི་ཁྱོད་ཀྱི་ཟས་སྤྱོད་སྤྱི་ཡར་རྒྱས་གཏོང་བར་ཐབས་ལམ་ཡག་པོ་ཞིག་ཡིན།
འཕྲོད་བསྟེན་གྱི་སྐོར་ལ་བྲིས་པ་དེ་ཡག་བྱུང་་་འོན་ཀྱང་གོང་གི་ཚོད་མ་དེ་རིགས་ཀྱི་མིང་ཡོངས་སུ་གྲགས་པའམ་རྒྱུན་བཀོལ་གྱི་མིང་མཆན་བུར་བྲིས་ན་ལེགས་དེ་མིན་སྨན་གཞུང་རྙིང་པ་ལོ་བརྒྱ་ཕྲག་གི་གོང་དུ་བྲིས་པའི་མིང་དེ་ཚོ་གོ་ཐུབ་ཀྱི་མ་རེད།
ལུས་པོ་བདེ་ཐང་ཆེད་ཟས་རིགས་མ་འདྲ་བ་ཚུ་བསྟེན་སྟངས་ཤེས་དགོས་གལ་ཆེ། འདིར་བཀོད་གནང་བར་དགའ་བསུ་ཞུ།
འཕྲོད་བསྟེན་གྱི་སྐོར་ལ་བྲིས་པ་འདིར་དགའ་བོ་བྱུང་།
འོན་ཀྱང་བསྒྱུར་རྩོམ་ཞིག་དང་འདྲ་བར་གོ་དཀའ་བའི་སྣང་བ་བྱུང་།
གོང་མཆན་ཞིག་གི་གསུངས་པ་བཞིན་ངས་ཀྱང་ཚལ་རིག་གི་མིང་རྣམས་སླར་གསལ་མཆན་ཞིག་གནང་རེ་བ་ཤིན་ཏུ་ཆེ། ད་དུང་བསྟེན་དྲག་ན་གནོད་གཞི་ཡོད་མེད་ཁ་གསལ་དང་མུ་འཐུད་དེ་དེ་རིགས་རྩོམ་ཡིག་དྲྭ་ཐོག་ཏུ་བསྐུར་བའི་རེ་བ་ཤིན་ཏུ་ཆེ།
༡ སྔོ་ཚལ་ལྗང་གུ་ཟེར་ན་ཅི་རེད། གང་འདྲ་ཞིག་ཡོད་རེད།
དེབ་གཞན་ནས་ཤུས་པ་མིན་ནམ་སྔོ་ཚལ་ལྗང་ཁུ་གོ་ཡག་མི་འདུག་