འཇིགས་མེད།༼ཁེ་ན་ཊ༽
བསླུ་མེད་དཀོན་མཆོག་གསུམ་ལ།།
སྙིང་ཁོངས་རུས་པའི་གཏིང་ནས།།
གསོལ་བ་ཕུར་བཙུགས་བཏབ་སྟེ།།
མི་ལོ་ལྔ་བཅུ་འཁོར་སོང༌།།
སྔོན་བསགས་ལས་ཡིན་དག་ཡོད།།
ལས་བསྐོས་ཡིན་ཡང་རྗོགས་ཡོད།།
གཟིགས་ནས་མ་བཞུགས་བཞེངས་དང༌།།
པུར་རྒྱལ་བོད་ཀྱི་ལྗོངས་ལ།
དུཿཁས་མནར་དོན་གང་ཡིན།།
ཁ་བའི་ལྗོངས་ཀྱི་འགྲོ་བར།།
སྤྱན་གཅིག་དམིགས་བསལ་གཟིགས་ནས།།
གངས་ཅན་བོད་མི་རྣམས་ཀྱི༌།།
སྡུག་བསྔལ་གནས་ལས་སྐྱོབས་མཛོད།
སྙིང་ཁོང་རུས་པའི་གཏིང་ནས༌།།
བཟོད་མེད་གདུང་འབོད་ཐལ་སོང༌།།
གཟིགས་དཔྱད་དགོངས་གསུམ་གནང་ནས།།
ཉམ་ཐག་འགྲོ་རྣམས་སྐྱོབས་མཛོད།།།