ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
སྲིད་སྐྱོང་མཆོག་གིས་ལས་ཁུར་གནང་སྟེ་ལོ་གསུམ་འཁོར་བའི་དུས་ཚེས་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་པ།
༄༅།།ཕྱི་ལོ་༢༠༡༤ ཟླ་༨ ཚེས་༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་གནང་སྟེ་ལོ་གསུམ་ཧྲིལ་པོ་འཁོར་བ་དང་། ལས་ཡུན་ལོ་གསུམ་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས་གདོང་གྲོགས། ཁྱད་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་མཐུན་འགྱུར་བཅས་ལ་བརྟེན་ནས་ཕྱི་ནང་གི་ལས་དོན་ཆེ་ཕྲ་གང་ཅི་གེགས་མེད་ལམ་ལྷོང་བྱུང་བའི་བཀའ་དྲིན་བཏང་རག་མཚོན་ཕྱིར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཚེ་སྒྲུབ་དང་། ད་ཕན་བོད་བསྟན་སྲིད། མི་རིགས་སོགས་ཀྱི་དོན་དུ་གཞིས་བྱེས་གཉིས་སུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་པ་སྤྱི་དང་།
ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གནང་མཁན་འདས་གསོན་འབྲེལ་ལྟོས་ཡོངས་ཀྱི་ཆེད་དུ་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་འབོད་གསོལ་འདེབས་ཞུ་སླད་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་དབུ་འཛུགས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཀྱི་ཁག་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ།
གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་དམངས་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཆུ་ཚོད་ ༦།༠༠ བར་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་བ་བཅས། །
ལོ་ངོ་གསུམ། དུས་ཡུན་ལོ་ལྔའི་རིང་གི་དུས་ཚོད་མང་ཤོས་དེ་རྫོགས་ཟིན། འདས་པའི་ལོ་ངོ་གསུམ་ནང་མཆོད་འབུལ་སྨོན་ལམ་དེ་གང་རྒྱས་ཤིག་གནང་སོང་། ཡིན་ན་ཡང་། བོད་ཀྱི་དཀའ་རྙོག་ནི་སྔར་བས་ཇེ་ཆེ་ལས་ཇེ་ཆུང་དུ་ཕྱིན་མི་འདུག
ལོ་རེ་ལ་ལོ་འཁོར་དུས་དྲན་དང་མིང་རེ་བཏགས་པ་བཅས་ལ་གཞིགས་ཚེ། བོད་ཀྱི་སྲིད་དོན་གྱི་ལས་འགན་ཉག་གཅིག་ཕྲག་སྟེང་དུ་བབས་པ་ལ་ཅི་མི་སྙམ་པར། མ་འོངས་པའི་ལོ་ངོ་གཉིས་ཀྱང་འདི་ལྟར་ཆོས་མཛད་ཅིག་གི་རྣམ་ཅན་ངང་ནས་བསྐྱལ་རྒྱུ་ཡིན་ལོས་ཆེ།
བློ་སེང་མགོ་དྲོགས་དྲོགས། མཆོད་འབུལ་འདྲ་བྱས་སྡོད་མཁན་འདྲ་ཞིག་འདུག རྒྱ་བོང་ལི་ཞོན་གྱིས་ཁྱོད་ལ་ཚོགས་གཏམ་རོ་འདྲ་ཞིག་བཏང་འདུག་མཐོང་སོང་ངམ།
ཏག་ཏག་རེད་སྨོན་ལམ་གང་རྒྱས་འཚོགས་ ༡༩༥༩གང་ལ་ཡང་སྨོན་ལམ་ཆེན་མོ་དག་གཏོར་རྒྱབ་ཆེན་མོའི་ངང་ནས་བོད་རྒྱ་ལ་ཤོརབ་རེད་ ད་དུང་རང་གི་རང་ལ་བསྟོད་ར་གཏང་ནས་སྡད་ན་ ད་དཀོན་མཆོག་མཁྱེན
གང
བོད་ཀྱི་བདེན་མཐའ་གསལ་འགྱུར་ཅིག །
བོད་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག །
སྲིད་སྐྱོང་ནི་སྲིད་སྐྱོང་མིན་པ་འདྲ། སྲིད་སྐྱོང་ནི་ཆོས་སྐྱོང་ཡིན་པ་འདྲ། དེ་རིང་ནས་བོད་མི་ཚོས་ཁོ་ལ་ཆོས་སྐྱོང་རང་ངོས་འཛིན་དགོས་རེད།སྤྱིར་རྡ་སའི་གཞུང་དེ་བྱ་ཚང་འཐོར་བ་བཞིན་ཡོད་པ་ཁག་མེད་རེད་འདུག
ལྷ་རྒྱལ་ལོ་ བོད་རྒྱལ་ལོ་
དྲ་གྲོགས་ཚོར་ཞུ་རྒྱུར་དུས་རྟག་ཏུ་རང་གི་བསྒྲིགས་འཛུག་དང་དབུ་འཁྲིད་དེ་བཞིན་སྲིད་བྱུས་སོགས་ལ་སྐྱོན་འཛུགས་དང་ཁ་བརྡུང་ཀྱང་མ་བཏང་བར་སྐབས་རེ་རང་སྒེར་གྱི་བོད་དང་བོད་མི་མང་ལ་ཕན་པའི་ལས་ཀ་གང་བྱས་ཡོད་པའང་ཞུ་དག་ལེགས་པར་བཏང་ནས་གསུངས་ན་རན་པོ་མེད་དམ་ རྒྱ་གཞུང་ཀྱི་བོད་མི་མང་རྣམས་ལ་རྡུང་བརྡེད་དང་ཁ་རྡུང་སོགས་གཏོང་རྒྱུ་ལས་གཞན་ཐབས་ལམ་མེད་གང་ལ་ཟེར་ན་བདེན་པ་ང་ཚོར་ཡོད་པས་རེད། མ་ཟད་སྐབས་རེ་ཕྱག་ལས་གནང་མཁན་དེར་རྒྱབ་བསྐྱོར་དང་སེམས་ཤུགས་སྤར་རྒྱུའི་བཀའ་མོལ་ལེགས་པ་རྣམས་ཀྱང་དྲ་ཐོག་གསུངས་མ་ཆོག་པ་དེ་འདྲ་མ་རེད། གཟིགས་དང་གོང་གི་མཆན་བུ་ལྔ་ནས་གཅིག་མ་ཏོག་གཞན་ཚང་མ་ངུ་མཁན་ཀྱང་རེད་འདུག།
གུས་པ་བོད་ལ་སྐྱེས་ཤིང་། རྫེ་བོ་འགྲོ་བའི་སྐབས་སུ་བོད་ཡིག་སྡོ་དང་གངས་དཀར་གང་ལ་བྲིས་ནས་དང་ སྒྲུང་ཡིག་མང་པོ་ཀླག་ནས་བོད་ཡིག་འདོན་ཡག་ལ་དཀའ་ངལ་མེད་པ་་ཆག་སོང། བོད་ཉི་མ་ལྷ་ས་ལ་ཇོ་བོ་རིན་པོ་ཆེ་འཇལ་བ་རང་ལོ་བཅུ་གཉིས་སྐབས་ཕྱིན་པ་ཡིན། ནི་པ་ལི་ཁ་ཚ་ར་ཞིག་ནས་ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཞེས་པའི་དེབ་དེ་ཐོག་མར་གུས་པ་རག་སོང་ལ་མཐོང་སོང་།། དགའ་སྐྱོ་གཉིས་ཀྱིས་ཉི་མཚན་མང་པོར་ངུས་པ་ཡིན། ད་ཡིན་ན་རྒྱ་གར་ལ་འགྲོ་ནས་ རྒྱལ་བ་རིན་པོ་ཆེ་མཇལ་ནས་བོད་ལ་ཚུར་ཡོངས་བསམ་སོང། གཅེས་པའི་ཕ་མ་དང་ དུང་བའི་ཕུ་ནུ་གང་ཡོད་བཞག་ནས་རྒྱ་གར་ལ་ཡོང་བ་ཡིན། ལམ་བར་ལ་རི་མཐོ་དང་བྲག་གཟར་དང་ཆུ་ཆེན་སོགས་ལ་རྒྱ་རོའི་དམག་མིས་མཐོང་དོགས་གིས་མཚན་མོ་རྒྱུ་བ་དང་ཉི་མོ་ཉལ་བ་ཡིན། རོག་པ་གཉིས་ཙམ་ཆུ་ལ་ལྷུང་ནས་རོ་ཡང་མཐོང་ཡག་མི་འདུག། དེ་ནས་རྒྱ་གར་ཡོངས་ནས་དམན་ལ་་ཅིག་ཏུ་རྩེ་བའི་བདག་ཉིད་གོང་ས་མཆོག་ཐོག་མར་གསེར་ཞལ་མཇལ་སོང། ཡང་དེའི་དགོང་མོ་མཚན་ལ་གཉིད་ཅིག་ཡང་ཁུག་མ་སོང། གང་ཡིན་ཞེ་ན་ངས་བསམ་པར་རྒྱལ་བ་རིན་པོ་ལྷ་རེད་བསམ་གྱི་ཡོད་། ཐང་ག་ནང་ཡོད་པའི་སྤྱན་རས་གཟིགས་ནང་བཞིན་ཡིན་གྱི་རེད་བསམ་པས་ཡིན། དོན་དངོས་ལ་ གཞོན་ཤ་ཆག་ལ་ ཞལ་མཛུམ་གྱི་ཁེང་ལ་ གསུངས་ཤུགས་ཆེ་ལ་མི་རང་རེད་འདུག། དེ་ནས་མགོན་པོ་གང་གི་ཞལ་ནས་བོད་དོན་བདེན་གསལ་བའི་སྐྱ་རིང་ཤར་ཡོད་གསུངས་ཀྱི་འདུག་། འོ་ད་ཡིན་ན་སློབ་སྦྱོང་གང་ཐོབ་བྱེད་ནས་བོད་རང་བཙན་རག་སྐབས་བོད་ལ་ལོག་ནས་བཀའ་དྲིན་ཅན་གྱི་ཕ་མ་གཉིས་མཇལ་བསམ་ནས་སྒུག་པ་ཡིན། ད་ཕ་མ་གཉིས་ཡང་ཕྱི་མའི་ལྔ་ལམ་དུ་སོང་ནས་ལོ་བཅུ་ཕྲག་འགྲོ་བཞིན་འདུག། མ་འོང་པར་བོད་་ལ་ལོག་དུས་ཁུར་རྒྱུ་རྒྱ་གར་་ནང་སྡད་རིང་ནང་ཆོས་དང་བོད་ཀྱི་རིགས་གཞུང་གང་ཤེས་སྦྱང་པ་ཡིན། དེ་ནས་བཀའ་ཁྲི་དང། སྲིད་སློན། སྲིད་སྐྱོང། རང་བཙན་། བདེན་པའི་ཨུ་ཚུག། དབུ་ལམ་དང་ཆུ་བཞིའི་རྙོག་དྲ། དོལ་རྙོག།སོགས་སྡུག་བསྔལ་མང་པོ་ཞིག་མཐོང་སོང། དབུ་ལམ་དེ་དང་པོ་ཡག་པོ་རེད་བསམ་སོང་ལ་ གོང་ས་མཆོག་ལ་དད་པ་འབའ་ཞིག་གིས་རྒྱར་སྐྱོར་བྱེད་པ་ཡིན། དེ་ནས་ཟམ་གདོང་རིན་པོ་སོགས་ནས་དབུ་ལམ་ཕྲ་རུ་ཕྲ་རུ། སྡུག་རུ་སྡག་རུ་གཏང་ནས་་ཙི་ཙི་སྔ་མ་ནང་བཞིན་ཞིག་བཟོས་སོང། ཡང་གཞོན་ནུ་བྱེ་བྲག་པ་ཞིག་གིས་ནོར་འཁྲུལ་ལབ་པ་རྟེན་ནས་གཞོན་ནུ་སྤྱི་ལ་ངོ་རྒོལ་མང་པོ་བྱུང་སོང་། ད་དུང་ཡང་ཁྲ་ཚང་འོག་གི་བྱ་ཚང་དང། སྤྱང་ཚང་འོག་གི་ལུག་ཚང་ཞེས་པ་ལྟར་གྱི་བློ་ཕམ་དང་མི་ལ་བཤད་མ་ཕོད་པའི་གནས་ཚུལ་མང་པོ་ཞིག་མཐོང་སོང། འདས་པའི་ལོ་རྒྱུས་དང་དངོས་ཡོད་ཉམ་མྱོང་གང་ལ་བསམ་་ན་རྒྱ་དམར་པོ་དང་། རྒྱ་ནང་པ་། རྒྱ་ཡིན་ཕྱིན་ཆད་བོད་ལ་དོན་དངོས་ལ་ཕན་པའི་ལས་ཀ་དང་རོག་་པ་བྱེད་མཁས་མེད་པ་མཐའ་ཅིག་ཏུ་ཡིད་ཆས་ཡོད། གུས་པ་རྒྱ་གར་ལ་ཡོང་བ་་དེ་བསོད་སྐམ་དང་བསོད་ཅན་གཉིས་ཀ་ཡིན་བཞིན་་བསམ་བཞིན་ཡོད། གཅེས་པའི་ཕ་མ་དང་དུང་བའི་མི་སྲིང་སོགས་དང་བྲལ་བ་དང་ རིང་ནས་སྙིང་དུ་བཅང་པའི་རང་བཙན་དེ་། དབུ་ལམ་དང་ དབུ་ལམ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་འདུག་རྒྱའི་ཙི་སྔ་ཆག་པ་དེས་གུས་པ་རྒྱ་གར་ལ་ཡོང་བ་དེ་བསོད་སྐམ་ཡིན། ཡང་གཞན་ཞིག་ནས་བསམ་ན་སྔོན་མེད་པའི་སངས་རྒྱས་གཉིས་པ་། ཚན་ཆོས་ཟུང་འབྲེལ་གྱི་ཤིང་རྟ་ཆེན་པོ། མཐོང་མོང་སྣང་ངོ་ལ་ཡང་བྱང་ཆུབ་སེམས་པ་དཔའ་ཆེན་པོ། དམན་ལ་ཅིག་ཏུ་རྩེ་བའི་བདག་ཉིད་ཆེན་པོ་༧གོང་ས་མཆོག་དང་ཞལ་མཇལ་གསུང་ཐོས་ནས་དད་པ་རྩེ་ཅིག་ཏུ་དང། ནང་ཆོས་ལ་ཡང་མི་དམན་ཙམ་གྱི་ཤེས་་ནས་དད་པ་ཐོབ་པ་དེ་་བསོད་ཅན་ནང་གི་བསོད་ཅན་སྐལ་ལྡན་ཞིག་ཡིན་་བསམ་བཞིན་ཡོད། ད་དཀོན་བླ་མ་མཁྱེན་ནོ།
ད་དཀོན་མཆོག་དང་བླ་མ་མཁྱེན་ནོ་ཞེས་བཅོས
དྲ་འབུ་ཁྱོད་ཚོ་བོད་དོན་ཆེད་དུ་ཉིན་ཅིག་ལ་ཁྲོམ་སྐོར་ཞིག་ལ་ཡང་འགྲོ་ཨེ་མྱོང་། ད་དུང་སྲིད་སྐྱོང་ལ་ཅིག་བཤད་ཁུལ་བྱེ་པ་ནི་ངོ་ཚ་མེད་པའི་སྤྱོད་ངན་ཞིག་རེད།
དྲང་མོར་བཤད་ན། ད་ལྟའི་དུས་འདི་ནི་མཆོལ་འབུལ་བྱེད་ནིའི་དུས་ཤིག་མིན། སྲོག་འབུལ་བྱེད་པའི་དུས་ཤིག་ཤར་ཡོད། མདའ་གཅིག་གི་མ་རྩ་ནི་མེད་རུང་། ཁ་འཆམ་པའི་ཁུ་བཙུར་ཞིག་ཡོད་རྒྱུ་ན་ཨ། རྒྱལ་ཁབ་ཤོར་སོང་བ་དེ་རག་མ་ཐུབ་ན་ཡང་། མ་རག་བར་དུ་མི་སྐྱུར་བའི་དམ་བཅའ་ཞིག་འབུལ་ལོས་དགོས། ཕམ་ཁ་ལས་རྒྱལ་ཁ་ལེན་པ་ནི། དེ་རིང་གི་ཁུ་བཙུར། སང་ཉིན་གྱི་ཚེ་སྲོག། གནངས་ཉིན་གྱི་རེ་བ། གཞེས་ཉིན་གྱི་རྒྱལ་ཁ་མིན་ན་ཅི་ཡིན། བོད་པ་ཚོ། བརྩེགས་ནས་མ་སྡོད། ལངས་ནས་ཤོག། ལོངས་ཡ། དཀྱིལ་ཀྲུམ་ཀོར་སེ། སེམས་མ་ལྷོད་སེར་བསྡད་ན། ཕར་གྱི་དགྲ་ངོ་མ་ཆོད། ཚུར་གྱི་རང་ངོ་མ་ཆོད་པར། ལོ་དང་ཟླ་བ་བརྩིས་ནས། ཉལ་བསྡད་ན་ཡོང་ཡ་མེད་པ་མི་ཤེས་འམ།
རྒྱལ་ཁབ་ཤོར་བའི་མི་རིགས་ཤིག་ལ་མཚོན་ན་གཟབ་ནན་བྱེ་དདགོས་པའི་དགྲ་གཉིས་ཡོད་དེ། རྒྱལ་ཁབ་འཕྲོག་པའི་ཕྱི་དགྲ་དང་ནང་ཁུལ་དཀྲུགས་པའི་ནང་དགྲ་གཉིས་ཡིན། ད་ལྟའི་ཆར་བཙན་བྱོལ་གཞུང་མང་གཉིས་ལ་དུས་སུ་བབ་པའི་ལས་འགན་གལ་ཆེ་ཤོས་ཅིག་ཡོད་པ་ནི་རྒྱལ་ཁབ་ཕྱིར་ལེན་གྱི་ཕྱི་དགྲ་མ་ཐུབང་ཀྱང་ནང་ཁུལ་ཉོག་དཀྲུག་གི་ནང་དགྲ་མགོ་ནོན་ཐུབ་ན་དེས་ཆོག་པ་འདུག འོན་ཀྱང་གནད་དོན་དེའི་ཐོག་ཏུ་ཡང་ཡ་སེ་ཡོལ་སེ་ཞིག་དང་ར་བེ་རིབ་བེ་ཞིག་ལས་ནན་ཅོག་ཅོག་གནང་ཐུབ་ཀི་མི་འདུག ངས་ཟེར་ཡག་ལ་ནང་དགྲ་ལ་སྤྱིར་བཏང་མང་ན་ཡང་ད་ལྟའི་དུས་འདིར་བོད་མའི་ནང་དགྲ་ནི་དོལ་ཚོགས་ཟེར་པ་དེ་ལ་ཟེར་པ་ཡིན།
ཡར་མཆོད་འབུལ། མར་སྦྱིན་གཏོང་། རང་གི་ལས་དོན་ཚུལ་བཞིན་བསྒྲུབས་ན། བསམ་པའི་དོན་མི་སྒྲུབ་པ་མེད་པས་་་་་
སྲིད་སྐྱོང་མཆོག་གི་་གཟི་བརྗིད་དང་ནུས་པ་ནི་གཞན་དང་མི་འདྲ་བའི་ནུས་ལྡན་ཞིག་རེད། ང་ཚོས་ཇི་ལྟར་བྱས་ཀྱང་ཁ་གཏག་གཅོག་ས་དེ་ནུས་པ་ཆེ་སོང་བས་་འདི་ལས་ལྷག་ཞིག་ཅི་ཡང་བྱ་རྒྱུ་མེད། ཁ་ནས་རྫིག་གཏམ་བཤད་ཤེས་ཀྱང་ལག་་ལེནའཁེལ་བ་ཤེས་མཁན་བརྒྱ་ལ་རེ་འགའ་ཙམ་རེད། གོང་དུ་མཆན་འདོག་མཁན་དེ་ཚོས་བཤད་སྟངས་ལ་་ལྟོས་དང་། འདི་ཚོ་ཚང་མ་ཐམས་ཅད་ཁ་ནས་བོད་མི་རིགས་བཤད་པ་ཙམ་མ་གཏོགས་དོན་དུལྷག་་བསམ་མེད་མཁན་རྐྱང་རྐྱང་ཡིན་པ་མངོན་སུམ་དུ་གྲུབ་འདུག ཡང་མིན་ན་འདི་ཚོར་དམིགས་ཡུལ་གཞན་ཞིག་ཡོད་པ་གཏན་འཁེལ་རེད། དོན་དུ་་འདི་འདྲའི་རང་གི་མི་འཇོན་པར་སྐྱོན་བརྗོད་བྱེད་མཁན་གྱི་མྱི་ངན་ཁྱི་རྒན་འདྲ་བོ་དེ་དག་གི་ཁར་ནམ་ཡང་མ་ཉན་པར་ང་ཚོ་བོད་མི་རྣམས་མཐུན་སྒྲིལ་་ནུས་སྟོབས་གཅིག་སྒྲིལ་བྱས་ཏེ། སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་རྒྱུ་ནི་ང་ཚོ་བོད་པའི་འཕྲག་ལ་བབ་པའི་འགན་འཁྲི་ཡིན
མཆོད་འབུལ་བྱས་པ་ཙམ་གྱིས་ཧ་ལས་རྒྱུ་གང་ཡང་མི་འདུག མདོ་ཧྲིལ་གྱིས་དྲིལ་ན་༸གོང་ས་མཆོག་གིས་ལོ་ངོ་མང་པོར་སྐུ་ངལ་བརྒྱ་ཕྲག་སྒོ་ནས་གསོ་སྐྱོང་གནང་བའི་བཙན་བྱོལ་བོད་མིའི་སྒྲིག་འཇུགས་འདི་སྲ་བརྟན་དང་གཞི་བྱེས་ལྷན་འཛོམས་གང་མྱུར་འོང་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུ་ནི་གང་ཉིད་ཀྱི་དམ་བཅའ་རེད། བཀྲ་ཤིས་བདེ་ལེགས།
མཆོད་འབུལ་བྱས་ན་རང་གཞན་གྱི་ཚོགས་ཆེན་རྫོགས་པར་ཕན་པ་ཆེན་པོ་ཡོད་པས་བཟང་ངོ་།
དྲ་གྲོགས་སྤེན་ཚེ་ལགས། ངས་བྱས་ན་ཁྱོད་རང་གིས་ཁྱོད་རང་ལ་ཞུ་དག་བཏང་ན་ལེགས་པར་ངེས།
དེ་མིན་ངུ་མཁན་ངོ་མ་མཆན་བུ་བ་ཚོ་མ་ཡིན་པར་ཐོན་མི་སམ་བྷོ་ཌའི་རྣམ་ཤེས་དེ་ཡིན་རྒྱུ་རེད། གང་ལགས་ཟེར་ན་གཤམ་དུ་གཟིགས་དང་།
དྲ་གྲོགས་ཚོར་ཞུ་རྒྱུར་དུས་རྟག་ཏུ་རང་གི་༼བསྒྲིགས་འཛུག་༽དང་༼དབུ་འཁྲིད་༽དེ་བཞིན་སྲིད་བྱུས་སོགས་ལ་སྐྱོན་འཛུགས་དང་༼ཁ་བརྡུང་༽༼ཀྱང་༽མ་བཏང་བར་སྐབས་རེ་རང་སྒེར་༼གྱི་༽བོད་དང་བོད་མི་མང་ལ་ཕན་པའི་ལས་ཀ་གང་བྱས་ཡོད་པའང་ཞུ་དག་ལེགས་པར་བཏང་ནས་གསུངས་ན་རན་པོ་མེད་དམ་ རྒྱ་གཞུང་༼ཀྱི་༽བོད་མི་མང་རྣམས་ལ་༼རྡུང་བརྡེད་༽དང་ཁ་རྡུང་སོགས་གཏོང་རྒྱུ་ལས་གཞན་ཐབས་ལམ་མེད་གང་༼ལ་༽ཟེར་ན་བདེན་པ་ང་ཚོར་ཡོད་པས་རེད། མ་ཟད་སྐབས་རེ་ཕྱག་ལས་གནང་མཁན་དེར་༼རྒྱབ་བསྐྱོར་༽དང་སེམས་ཤུགས་སྤར་རྒྱུའི་བཀའ་མོལ་ལེགས་པ་རྣམས་ཀྱང་དྲ་ཐོག་གསུངས་མ་ཆོག་པ་དེ་འདྲ་མ་རེད། གཟིགས་དང་གོང་གི་མཆན་བུ་ལྔ་ནས་གཅིག་༼མ་ཏོག་༽གཞན་ཚང་མ་ངུ་མཁན་༼ཀྱང་༽རེད་འདུག།
ད་དུང་གསལ་བོ་བཟོ་དགོས་པ་ཞིག་ལ་ཁྱོད་རང་གིས་བཤད་པ་ལྟར་བྱས་ན་ང་ཚོས་ཐོག་མར་༧གོང་ས་མཆོག་ལ་ཁ་གཏད་གཅོག་དགོས་པ་འདྲ། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་དུས་རྒྱུན་སྐད་ཆ་ཡག་པ་དང་བསྟོད་བསྔགས་དེ་མི་གཞན་གཏོང་དུ་བཅུགས། སོ་སོས་སོ་སོར་ཞུག་དག་དང་སྐྱོན་གང་ཡོད་པ་རྣམ་ཕན་ཚུན་བརྗོད་རེས་བྱས་ན་ཡག་པ་འདུག་ཅེས་གསུངས་ཀྱི་ཡོད། མ་རེད་པས་ལགས། སྐུ་ངོ་མི་ཆེན།
# 17 Tenlay Norbu་་ ཟེར་བ་གཅིག་གིས་གཞན་སྐྱོན་བརྗོད་བྱས་འདུག ཡིན་ནའངན་དྲ་གྲོགས་སྤེ་ཚེ་ལགས་ཀྱིས་བྲིས་པའི་ནང་ཡིག་སྐྱོན་ཅུང་ཙམ་ཡོད་ནའང་ལྷག་བསམ་རྣམ་དག་ཡིན་པས་རིན་ཐང་གཞལ་དུ་མེད་པ་ཞིག་རེད་བསམ་གྱི་འདུག ཁྱོད་ཀྱིས་བྲིས་པ་དེ་ཚོའི་ཡིག་ནོར་ཉུང་ནའང་བསམ་ངན་པའི་དབང་གིས་རིན་ཐང་ཅུང་ཟད་ཅིང་མེད་པ་མ་ཟད་ཁྱོད་དང་སྤེན་ཚེ་གཉིས་ཀྱི་རྩོམ་བརྡུར་ན་གནམ་སའི་ཁྱད་པར་འདུག ཁྱོད་ཀྱིས་བྲིས་པ་དེ་ཚོ་xxxxxབེད་སྤྱོད་མི་འདུག
དྲ་གྲོགས་ལྷན་རྒྱས་ལགས་སྐུ་ཁམས་བཟང་། དེ་རིང་སྐད་ཆ་ལྷོད་ལྷོད་ཅིག་བཤད་བསམ་སོང་། རྣམ་པ་ཚོས་རང་རེའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་སྐྱོན་འཛུགས་གནང་བ་ནི་མ་འགྲིགས་པ་དེ་འདྲ་མ་རེད་འདོད་། སྐྱོན་ལ་མཛུབ་མོ་དང་། སྐྲང་ལ་གཏར་ཁ་ཟེར་བའི་དཔེ་ལྟར་དེ་ལྟར་གནང་དགོས་པ་ཞིག་ཀྱང་རེད། འོན་ཀྱང་། བསམ་བློ་གཞན་པ་ཞིག་བཏང་ན་མིས་མི་བཀུར་ན་བླ་མ་དཔོན་པོ་དང་། ཤིང་གིས་ཤིང་བཀྱགས་ན་ལྷ་ཁང་མཆོད་ཁང་ཟེར་བ་བཞིན་ང་རང་ཚོའི་དཔོན་པོ། ང་རང་ཚོས་བཀུར་ན་ལས་རྒྱ་གུང་ཁྲན་གྱིས་བཀུར་གྱི་མ་རེད། དམངས་གཙོ་བྱས་ནས་མི་དམངས་ཀྱིས་འདོད་མུས་ཡོད་པའི་ཐོག་ནས་འཇོག་ས་ཞིག་ལ་བཞག་ཚར་བའི་ཉིན་ནས། ཐེག་ན་ཀླད་པའི་གཙུག་དང་མི་ཐེག་ཕྲག་པའི་ཁེའུ་བྱེད་དགོས་པ་ཞིག་རེད་། དེའི་མན་ལ་བབ་བཅུག་ན་གན་རྐྱལ་དུ་ལོག་ནས་གཅིན་པ་བཏང་བ་དང་གཅིག་པ་རེད། སོ་སོའི་ཁ་ནང་མ་གཏོགས་འབབ་ས་ཡོད་པ་མ་རེད། ང་རང་ཚོས་ང་ཚོར་དམའ་འབེབས་བཏང་བ་ལས་ཅི་ཡང་མི་འདུག དེ་བས་བསམ་ཚུལ་དང་། ཡང་ན་སྡུག་ར་སྐུལ་དགོས་ནའང་ཡིག་ཐོག་ཏུ་བྲིས་ཏེ་སོ་སོའི་མཚན་རྟགས་དང་ཁ་བྱང་སོགས་བཀོད་ནས། ཡི་གེ་ནི་ཁ་བ་འབབ་འབབ་བྱས་ཀྱང་། དེ་འོས་པ་ཞིག་དང་འགྲིགས་པ་ཞིག་རེད། དྲ་ཐོག་གི་འུར་སྒྲོག་འདི་ཚོ་ནི་འདྲེ་ཤར་སྒོ་ནས་བཞག་གཏོ་ནུབ་སྒོར་འཕངས་པར་མ་ཚད། རྔ་སྐད་དང་འགྲོགས་ནས་གཏོར་རྩམ་དེའང་ཁྱི་མོ་དམར་ལུ་མའི་ཁ་ཟས་འབའ་ཞིག་ཏུ་འགྱུར་བ་ལས་ང་ཚོ་ལ་གང་ཡང་མི་ཕན་ནོ། །
ཅེ་ཙང་རྗེས་མ་ནས་དྲ་ཐོག་ཏུ་རང་རེའི་དབུ་ཁྲིད་ཚོར་སྡུག་མོ་བྱེད་མཁན་ནི་རང་གཅིན་རང་གིས་འཐུང་མཁན་ལ་རྩི་རྒྱུ་ཡིན་པས། དེ་འདྲ་ཡོད་ན་སྐྱག་གཟན་ཞེས་པའི་མིང་གསར་ཞིག་འདོགས་ཀྱི་ཡིན་པས་མ་གོ་མ་ཐོས་མེད་པ་ཤོག