འཇམ་དབྱངས་དཀར་པོ།
མི་ཚོགས་མང་པོ་མཉམ་འདུས་ཀྱིས་ཀ་ན་མ་ར་ མ ཚུ་རི་(Kanamara Matsuri) དུས་སྟོན་ལ་རོལ། དུས་སྟོན་འདི་ཉི་ཧོང་གི་ས་གནས་ཀ་ཝ་ས་ཀེ་(Kawasaki) ཡི་ཀ་ན་ཡ་མ་(Kanayama) གཙུག་ལག་ཁང་གིས་ཆོས་ལུགས་ཀྱི་ཆོ་གའི་ངོ་བོར་གོ་སྒྲིག་བྱེད།
དུས་སྟོན་འདི་ལོ་རེ་བཞིན་གྱི་སྤྱི་ཟླ་ ༤ གཟའ་ཉི་མ་དང་པོར་སྲུང་བརྩི་བྱེད་པས།
སྤྱི་ལོ་ ༢༠༡༥ ལོར་སྤྱི་ཟླ་ ༤ ཚེས་ ༥ དང་།
སྤྱི་ལོ་ ༢༠༡༦ ལོར་སྤྱི་ཟླ་ ༤ ཚེས་ ༣ །
སྤྱི་ལོ་ ༢༠༡༧ ལོར་སྤྱི་ཟླ་ ༤ ཚེས་ ༢ །
སྤྱི་ལོ་ ༢༠༡༨ ལོར་སྤྱི་ཟླ་ ༤ ཚེས་ ༡ ། བཅས་ལ་སྲུང་བརྩི་བྱེད།
ལོ་རེ་བཞིན་དཔྱིད་ཀ་ཟླ་བཞི་པའི་གཟའ་ཉི་མ་དང་པོར་ཤིང་དང་ཀ་ར། སྔོ་ཚལ་བཅས་ཀྱིས་བཟོས་པའི་ཕོ་མཚན་གྱི་འདྲ་གཟུགས་སྣ་ཚོགས་པས་མཆོད་ཁྲི་དང་སྒྲིག་བཤམ་སྟེགས་བུ་འགེངས་པར་བྱེད།
ཀ་ན་མ་ར་ མ་ཚུ་རི་ནི་ཕོ་མཚན་ལ་གུས་བཀུར་དང་མཆོད་པ་འབུལ་བའི་ས་གནས་ལྟེ་བ་ཞིག་ཡིན།
འདིའི་གཏམ་རྒྱུད་ནི་གནའ་སྔོན་མ་ཞིག་ལ་འདྲེ་གདོན་ཞིག་གཞོན་ནུ་མ་ཚོའི་མོ་མཚན་ནང་ཡིབ་སྐུང་བྱས་ཡོད་པས། སྐབས་ཤིག་སྐྱེས་པ་གཉིས་གཉེན་སྒྲིག་བྱས་པའི་མཚན་མོར་འདྲེ་གདོན་གྱིས་སྐྱེས་པ་གཉིས་ཀྱི་རླིག་འབྲས་བཀོག་པ་རེད།
རྒྱུ་མཚན་དེ་ལ་བརྟེན་ནས་བུད་མེད་ལོ་ཆུང་ཚོས་མགར་བ་ནག་པོ་ཞིག་བཙལ་ནས། ལྕགས་ཀྱི་ཕོ་མཚན་ཆེན་པོ་ཞིག་བརྡུང་ནས་འདྲེ་གདོན་གྱི་སོ་བཅག་རྗེས། ལྕགས་ཀྱི་ཕོ་མཚན་དེ་ལྷ་ཁང་གི་རྟེན་གྲས་སུ་བཞག་པ་རེད།
ཀ་ན་ཡ་མ་ལྷ་ཁང་དེ་སྨད་བཙོང་མ་རྣམས་འཁྲིག་སྤྱོད་ཀྱི་གཉན་ཁའི་རིགས་འགོ་ཁྱབ་མི་ཡོང་བར་གསོལ་བ་སྨོན་ལམ་གདབ་སའི་ལྷ་ཁང་སྐད་གྲགས་ཅན་ཞིག་ཏུ་ཡང་གྱུར།
དེ་ཙམ་དུ་མ་ཟད་ཚོང་པ་རྣམས་ཀྱིས་ཚོང་རྫས་ཕྱིར་གཏོང་དང་ནང་འདྲེན། གཉེན་རྟགས། གཉེན་སྒྲིག་མཛད་སྒོ་བཟང་ངན་གྱི་པྲ་དབབ་སའི་ལྷ་ཁང་ཞིག་ཀྱང་ཡིན།
འདི་སྤྱི་ལོ་ ༡༩༧༧ ཐོག་མར་དུས་སྟོན་ཆུང་ཆུང་ཞིག་ནས་འགོ་བཙུགས་ཡོད་ཀྱང་། རིམ་བཞིན་རྒྱ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ཞིག་ཆགས་ཡོད་པར་མ་ཟད། གཉན་ནད་རེག་དུག་གི་རོགས་དངུལ་འཚོལ་བའི་ལམ་ཁ་ཞིག་ཏུ་ཡང་གྱུར་ཡོད།
སྤྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༣ ཉིན།
དུས་ཆེན་འདི་ནི་ཉི་ཧོང་རང་གི་གཞུང་འབྲེལ་གདོད་མའི་ཆོས་ལུགས་་་ཤིན་གཏོ་་་དང་འབྲེལ་ནས་བྱུང་བ་ཞིག་ཡིན་ས་རེད། གོང་གི་རྩོམ་ཡིག་དེར་ཉི་ཧོང་རང་གི་གདོད་མའི་ཆོས་ལུགས་་་་ཤིན་གཏོ་་་་སྐོར་ལ་གང་ཡང་གསུངས་མི་འདུག་བ། །
ཟས་ལ་ཚྭ་དང་ནད་ལ་སྨན་ལྟ་བུའི་རྩོམ་ཡིག་དག་དུས་ནས་དུས་སུ་དྲ་ཐོག་ཏུ་སྤེལ་བའི་འཇམ་དཀར་བ་ལ་སྙིན་ནས་ཐུགས་རྗེ་ཆེ་ཞུ།
bonbo ལགས། དུས་ཆེན་དེའི་སྐོར་ལ་བཤིན་ལྟོ་དང་འབྲེལ་ནས་གསལ་བཤད་ཡག་པོ་ཞིག་འབྲི་བའི་རེ་བ་ཡོད། ཁ་སྔོན་ཡོ་ཀྲོ་ནས་མཐོང་བ་མ་གཏོགས། འདིའི་སྐོར་ལ་ཤེས་འདོད་ཡོད་ཀྱང་། ཤེས་ཡོན་གང་ཡང་མེད། ཐུགས་ཆེ།
བོད་མི་རིགས་ཀྱི་མཇེ་སྟོན་དེ། འབྲུག་ཡུལ་ན། དུས་ད་ལྟ་ཡང་མུ་མཐུད་ནས་མེད་དམ་སྙམ་མོ།།
མཇེ་ནུས་མེད་དང་སྟུ་ཇ་ལེ་མེད་པའི་མི་དེ་ཚོ་གྲ་པ་དང་ཨ་ཎེ་བྱས་ན་ཡག་ཤོས་རེད་ འཇིག་རྟེན་གཏམ་དཔེ་ལའང་མཇེ་ནི་སངས་རྒྱས་སྤྲུལ་པ་རེད་ ད་ལྟ་ཤི་ན་ད་ལྟ་ལང་སྟུ་ནི་མུ་གེའི་ཀྱལ་བ་རེད་ ད་ལྟ་འགྲང་ན་ད་ལྟ་ལྟོག་ཟེར་བ་ལྟར་མ་རེད་དམ་།
གཞོན་ནུ་ཟླ་མེད་ལགས།
ཉི་ཧོང་གི་གདོད་མའི་ཆོས་ལུགས་དེ་ལ་གཤེན་གཏོ་འམ་ཤིན་ཏོ་ལབ་ཀྱི་འདུག ཆོ་ག་མང་པོ་ཞིག་ནི་བོད་ཀྱི་གདོད་མའི་བོན་ལུགས་དང་ཆ་འདྲ་བ་རེད་བཞག།ཉི་ཧོང་པས་གཤེན་གཏོ་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་ལ་ངོས་འཛིན་གནང། རྒྱལ་ཡོངས་ལ་གཤེན་གཏོའི་དགོན་པ་ཁྲི་བརྒྱད་ཙམ་ཡོད་རབས་གླེང་། དངོས་གནས་བྱས་ནས་འདི་ཚོའི་སྐོར་ལ་ཞིབ་འཇུག་དང་། ཤར་གླིང་གདོད་མའི་ཆོས་ལུགས་ཕན་ཚུན་བགྲོ་གླེང་སོགས་བྱུང་ན་གཟི་བརྗིད་ཡོང་ས་རེད།
དེ་བཞིན་ཀོ་རི་ཡའི་གདོད་མའི་ཆོས་ལུགས་དེ་ལ་་་དམུ་་་འམ་ཡང་ན་་་མུ་་་་་ལབ་སྲོལ་འདུག
འདི་དག་མིང་དང་དོན་གང་ནས་བསམ་ཀྱང་བོད་ཀྱི་འདོད་མའི་བོན་ལུགས་དང་ཧ་ཅང་ཆ་འདྲ་བ་རེད།
བོད་ཀྱི་་་གདོད་མའི་བོན་་་དང་རྒྱ་ནག་གི་་་གཏོ་ཅཱའོ་་། ཉི་ཧོང་གི་་་གཤེན་གཏོ་་་དང་ཀོ་རུ་ཡའི་་་དམུ་་་། སོག་པོའི་་་མཐིང་རི་་་འདི་རྣམས་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པའི་བཟོ་འདུག་པས་རྣམ་དཔྱོད་ཅན་ཚོས་ཞིབ་འཇུག་གནང་ན་དགེ་མཚན་འོད་སྟོང་འབར་བ་འཕྲོ་ངེས། །
ད་དུང་རྒྱ་གར་གྱི་གདོད་མའི་བྲམ་ཟེའི་ཆོས་ལུགས་ཀྱང་ཡོད་པ་རེད། །
དེ་ཙམ་ཡིན། ཉི་ཧོང་ལ་ཕེབས་ནས་སྐྱིད་པོ་ཤི་མིན་རོ་མིན་གཏོང་རོགས་གནོངས། ཁྱེད་ཀྱིས་སྔོན་མ་བོན་དཔེའི་སྐོར་ལ་གསུངས་པ་དེ་ཚོ་ངས་བརྗེད་མེད། བཀའ་དྲིན་ཆེ་ཞུ། །