དེ་རིང་རྗེ་ནེས་བིར་(Geneva)རྟེན་གཞི་བྱས་བའི་མཉམ་སྦྲེལ་རྒྱལ་ཚོགས་སུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསྐྱར་ཞིབ་ཀྱི་འཚོགས་འདུ་མ་ཚོགས་སྔོན་ལ། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རུལ་དང་བརྩི་མེད་གཏོང་བཞིན་པའི་བྱ་སྤྱོད་ཁག་ཐེར་འདོན་ཆེད་དུ། ངོ་རྒོལ་འཕྲེད་དར་དཔྱངས་འདུག
གསར་འགྱུར་ཟེར་ན་འདི་ཞིག་ཡིན་ས་རེད། མགོ་སྔ་གང་ཡང་མི་འདུག བོད་དོན་ལས་འགུལ་འདི་ཞིག་སྤེལ་ཐུབ་པ་ཤིན་ཏུ་ལེགས
ལས་འགུལ་འདི་ལྟ་བུ་ལ་སྙིང་ཁོང་ནས་རྗེས་སུ་ཡི་རངས་ཡོད། ལས་འགུལ་སྤེལ་མཁན་ཚོར་ཐུགས་རྗེ་ཆེ་ཞུ།
ཡག་པོ་འདུག
ཕྱི་མྱི་དང་རང་མྱི་སུ་ཞིག་ཡིན་ན་ཡང་། བོད་དོན་དང་བདེན་དོན་གྱི་ཕྱོགས་སུ་ནམ་ཡང་བྱོལ་བ་མེད་པའི་སྐུ་དྲིན་ཞུ། ང་ཚོས་གསོན་འདྲེ་དགྲ་པོ་གསོན་འདྲེ་ཁྲོག་འཇིབ་ཡིན་པ་ཡོངས་བསྒྲགས་བྱེད་དགོས། འདྲེ་ལ་མྱི་རིན་མེད་དུས། ང་ཚོར་རྒྱལ་ཁ་ཐོབ་ཡོངས།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དེར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་དུང་མུ་མཐུད་དེ་འདྲ་བའི་ལས་འགུལ་སྤེལ་ཏེ་ནམ་ཞིག་བོད་ཀྱི་བདེན་མཐའ་མ་གསལ་བར་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྟ་གྲུབ་དང་ལས་འགུལ་ལ་ནམ་ཡང་རྐྱེན་ངན་བར་ཆད་མི་འབྱུང་བར་སྐུ་ཚེ་བརྟན་པའི་རེ་བ་ཡོད། རྒྱ་གར་དུ་ཡོད་པ་བོད་མིའི་སྲིད་དོན་གྱི་ཚོགས་པ་གལ་ཆེ་བ་དགུ་བཅུ་གསུམ་ཚོགས་པ་ནི་འདི་ལོ་བཅོས་དཀའི་ནད་ཀྱིས་ལྔ་ལམ་དུ་བཏངས་ཟིན་པ་དང་། གཞོན་ནུ་ཚོགས་པ་ཡང་བཅོས་སུ་དཀའ་བའི་ནད་མནར་གྱིས་གཅོང་ནད་ཅན་ཞིག་ཆགས་སོང་བས་ད་ནི་བོད་དོན་རེ་བའི་མིག་འབུར་གཏོད་ས། དགྲ་བོ་རྒྱ་དམར་གྱི་གཉའ་གནོན། བདེན་མཐའ་གསལ་བའི་ཕོ་ཉ་ནི་འཛམ་གླིང་ནུབ་ཕྱོགས་སུ་འཁོད་ཅིང་ཕྱི་ནང་གི་རང་དབང་གཙང་མ་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཡོད་པ་རང་རིགས་ན་གཞོན་ཁྱེད་རྣམས་ལས་མ་འདས་སོ།།
ལས་འགུལ་འདི་སྤེལ་མཁན་ཌེན་མར་ཁི་ Denmark, ནས་ཡིན་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བུ་མོ་ལེག་ཁེས་Laeke,ལགས་དང་། བུ་མོ་ལུ་ནཱ་Luna, བུ་ཆེར་སི་Chris, དེ་བཞིན་དབྱིན་ཡུལ་དང་སུད་སིའི་ནང་བོད་དོན་ལས་འགུལ་པ་བོད་པ་འཆི་མེད་ལགས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།
ཁ་བཤད་དོན་ལ་གནས་པ་ནི་འདི་འདྲ་ལ་ཟེར་བ་རེད།
ངོ་མ་དགའ་ཡོད། བཀའ་དྲིན་ཆེ།
ཐུགས་རྗེ་ཆེ། ཡག་པོ་འདུག སྨོན་འདུན་ཞུ།
སྒོ་ཤེར་གྱི་འཕྲིན་ཐུང་ངུ་དེས་ཀླུ་སྨྱོན་ལ་འགྲམ་ལྕག་ཚ་བོ་ཞིག་གཞུས་ནས་ཁ་གྲག་རྒྱུ་མེད་པ་བཟོས་ཡོད་ཐག་ཆོད་རེ་ཤག དེ་ནས་ཟུང་ཁོ་དང་སྤོབས་པ་ཐ་ཡས་གཉིས་མཐོང་རྒྱུ་རེག་རྒྱུ་མི་འདུག
ཡག་པོ་རེད། བསྔགས་བརྗོད་ཚད་མེད་ཡོད།
དེ་རིང་རྒྱ་དཀར་ནག་གཉིས་ཀྱིས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་ས་མཚམས་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་བཞག་ཡོད། རྒྱ་གར་སྲིད་བློན་མན་མོ་ཧན་སིན་ལགས་རྒྱ་ནག་ལ་གཞུང་འབྲེལ་གཟིགས་གནང་པའི་སྐབས་དང་བསྟུན་ཏེ། རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་འདུག དེའི་ནང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་ས་ཐོག་ཏུ་རྒྱ་ནག་ཁྱིམ་ཚང་ཆེན་མོའི་མེས་རྒྱལ་ཁྱིམ་ཚང་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་གྱི་འདུག་པ་སོགས་གང་མང་བཀོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ལན་འདེབས་གསལ་བོ་ཡོང་བར་སྨོན།
ཐུགས་རྗེ་ཆེ། དེང་སང་དབྱིན་སྐད་དུ UN མ་གཏོགས་UNO ཟེར་བ་དེ་བསྒྱུར་བ་བཏང་ཚར་རེད། དེས་ན་བོད་སྐད་མཉམ་འབྲེལ་རྒྱལ་ཁབ་མ་གཏོགས། མཉམ་འབྲེལ་རྒྱལ་ཚོགས་བརྗོད་ན་མི་འགྲིག
ཚང་མ་འགྲོ་ཚར་དུས་ཞིག་ལ་འཕྲད་དར་སྒྲོན་ན་མ་སྒྲོན་ཁྱད་པར་མི་འདུག གལ་ཏེ་ཚང་མས་རྒྱལ་དར་འཕྱར་སྐབས་འདི་འདྲའི་ལས་འགུལ་ངེས་པར་དགོས་ས་རེད།
མིས་བོད་དོན་བརྗེད་ནས་མ་གླེང་པ་ཡིན་ན་ལས་འགུལ་འདི་འདྲས་དྲན་གསོ་གཏོང་ཐུབ་ས་རེད། སྤྱོད་པ་ཡག་པོའི་ཐོག་ནས་བྱས་པ་ལ་ནུས་པ་ཆེ་བ་འདོན་ཐུབ་པར་རྩོད་གླེང་བྱེད་དགོས་ཀྱི་མ་རེད་འདོད། བདག་གི་འདི་འདྲ་མི་འཇོན་གི དཀའ་ལས་རྒྱབ་འདུག
སློབ་ཕྲུག་ཚོས་དཀའ་ལས་བརྒྱབ་པར་བཀའ་དྲིན་ཆེ།
དེང་སང་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་རྒྱལ་ཁབ་མང་པོ་མཉམ་ཪུབ་ཐོག་ནས་བཙུགས་པའི་ཚོགས་སྡེ་ཤིག་ཡིན་སྟབས་མཉམ་འབྲེལ་རྒྱལ་ཁབ་འབོད་པ་ལས་མཉམ་འབྲེལ་རྒྱལ་ཚོགས་ཞེས་ཚིག་དོན་ཚིག་སྦྱོར་གང་གི་ཕྱོགས་ནས་རྒྱུ་མཚན་ཆེན་པོ་འདུག UNO ཞེས་པའི་O ཚིག་དེ་སྔོན་མ་གཞུང་འབྲེལ་ཐོག་ནས་བླངས་ཚར་བ་རེད།དེང་སང་ UN འབོད་པ་ལས་ UNO འབོད་ཀྱི་མེད།