ཡོང་ཁུངས། བོད་ཀྱི་བང་ཆེན།
འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང། འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་གཉིས་ལ་འོས་བསྡུའི་སྐོར་བཅར་འདྲི་ཞུས་པ།
དྲི་བ། འོས་བསྡུའི་ལས་རིམ་འགོ་བཙུགས་ནས་གྲངས་བཤེར་མ་གཏོགས་སྔོན་འགྲོའི་འོས་བསྡུའི་ལས་རིམ་དེ་གྲུབ་ཟིན་པ་རེད། སྤྱི་ཡོངས་ནས་འོས་བསྡུའི་ལས་རིམ་དེ་ཁྲིམས་སྒྲིག་གཞིའི་དགོངས་དོན་བཞིན་ཡག་པོ་ཕེབས་བསྡད་ཡོད་པ་རེད། ད་ལན་བཅར་འདྲི་ཞུ་རྒྱུའི་དོན་དག་དེ་ཚོ་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོང་བསྡད་པའི་གནས་སྟངས་ཁག་ཅིག་གི་སྐོར་ལ་གསལ་བཤད་ཅིག་གནང་རྒྱུའི་རེ་བའི་ཐོག་ནས་ཞུ་རྒྱུ་ཡིན། དང་པོ་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང། རྒྱབ་སྐྱོར་བ་མི་མང་པོའི་མིང་འཁོད་པའི་ཡི་གེ་ཞིག་བཏང་ཡོད་པ་རེད། དེའི་ནང་དུ་ང་ཚོའི་སྤྱི་ཚོགས་ནང་གི་མང་གཙོ་སོགས་ལ་དྲི་བ་དང་དོགས་གནས་མང་པོ་ཞིག་ཕེབས་བསྡད་ཡོད་པ་རེད། གནད་དོན་དེའི་ཐོག་ལ་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ལན་འདེབས་གསལ་བཤད་དང། ལག་བསྟར་གནང་རྒྱུ་སོགས་འཆར་གཞི་ག་འདྲ་ཡོད་དམ།
ལན། འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ། (གཤམ་དུ་འོས་བསྡུའི་འགན་འཛིན་ཞེས་འབྲི་རྒྱུ་ཡིན) དེའི་སྐོར་ལ་གསལ་བཤད་ཅིག་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་(tibet.net) ལ་ཕུལ་ཡོད། ཡིག་ཆ་དེའི་ནང་དུ་གསལ་པོ་འཁོད་ཡོད་སྟབས་ཟུར་དུ་འགྲེལ་བཤད་མ་དགོས་པར་ཡིག་ཆ་དེ་འབུལ་ཆོག་པ་ཞུ་རྒྱུ་ཡིན།
དྲི་བ། ཉེ་ཆར་གསལ་བསྒྲགས་གནང་བ་ལྟར་ན་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་གཏོང་རྒྱུ་ཡིན་གསུངས་འདུག བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་སྐབས་གཉིས་སུ་འོས་གཞིའི་ནང་འགྲན་བསྡུར་གནང་མཁན་མེད་པའི་གནས་སྟངས་ཤིག་ཆགས་པ་རེད། སྐབས་གསུམ་པའི་དུས་སུ་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པའི་ནང་སྔོན་འགྲོའི་འོས་གཞི་མི་དྲུག་ཁྱབ་བསྒྲགས་བྱས་པའི་ནང་ནས་དགོངས་པ་ཞུ་མཁན་མེད་ན་ཚང་མ་དངོས་གཞིའི་ནང་གཏོང་གི་ཡིན་གསུངས་ཡོད་པ་རེད། རྗེས་སུ་གསུམ་དགོངས་པ་ཞུས་ནས་གསུམ་ལྷག་པ་དེ་བཏང་བ་རེད། ད་ལན་དངོས་གཞིའི་འོས་འགྲན་ནང་མི་གཉིས་མ་གཏོགས་གཏོང་གི་མིན་གསུངས་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན་གཙོ་བོ་དེ་ག་རེ་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན། དེ་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་སུ། མི་མང་གིས་སོ་སོའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་འདེམས་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་སྟབས། སྔོན་མ་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་དགོངས་གཞི་དང་བཀའ་སློབ་དེ་འདྲ་གནང་ཡོད་ཀྱང། བཅའ་ཁྲིམས་ལ་འགྱུར་བ་སོང་ཡོད་པ་མ་རེད། བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་དེ་༢༠༡༡ ལོའི་ཕྱི་ཟླ་༥ པའི་ནང་ཡིན་པས། དེའི་གོང་དུ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པ་ཐེངས་གསུམ་པ་དེ་ཆགས་བསྡད་ཡོད་པ་རེད། ད་ལྟའི་འོས་བསྡུ་ཆེན་མོ་དེ་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་སོ་སོས་ཐད་ཀར་ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་པ་ཐེངས་དང་པོ་དེ་ཆགས་ཡོད་ཙང། ཐེངས་དང་པོ་དེ་ལ་སྒྲིག་གཞིའི་ནང་དུ་གཉིས་ལས་མ་ཉུང་བ་ཞིག་དགོས་ཞེས་གསལ་བ་བཞིན་དབུས་འོས་བསྡུ་ལས་ཁང་ནས་གཉིས་དེ་ངེས་པར་དུ་འདོན་དགོས་ཀྱི་ཡོད་པ་རེད། དེའི་རྒྱབ་ལྗོངས་དེ་ཡང་གོང་དུ་ཞུས་པ་ནང་བཞིན་མི་མང་གི་མང་མོས་ཚད་མཐོན་པོ་ཞིག་ཡོང་བ་བྱེད་རྒྱུ་ལ། འོས་གཞི་གཉིས་ཤིག་བཏོན་པ་ཡིན་ན་མང་མོས་ཚད་མཐོན་པོ་ཞིག་ཏན་ཏན་ཡོང་གི་རེད་བསམ་པའི་རེ་བ་དེ་དང། མི་མང་གི་འགོ་ཁྲིད་དེ་མང་མོས་ཚད་མཐོན་པོ་ཡོང་ཐུབ་པ་ཞིག་བྱུང་ན་འགོ་ཁྲིད་ཚད་དང་ལྡན་པ་ཆགས་ཐུབ་པའི་རེ་བ་དང་དམིགས་ཡུལ་གྱི་ཐོག་ནས་འོས་གཞི་མི་གཉིས་འདོན་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པ་ཞིག་ཆགས་བསྡད་ཡོད་པ་རེད།
དྲི་བ། སྤྱིར་སྒྲིག་གཞིའི་ནང་འོས་གཞིའི་ནང་མི་ག་ཚོད་ཡོད་ཀྱང་དེའི་ནང་ནས་མང་མོས་ཐོབ་པ་ཡིན་ན་འགྲིག་གི་ཡོད་པ་རེད། དེ་ལ་བརྒྱ་ཆ་མི་དགོས་པ་རེད། འོན་ཀྱང་འོས་བསྡུ་ལས་ཁང་གི་ངོས་ནས་འོས་གཞིའི་ནང་དུ་མི་གཉིས་གཅིག་པུ་བཏང་ནས་མང་མོས་ཚད་མཐོན་པོ་ཡོང་ཐབས་བྱས་པ་དང། འོས་གཞི་ག་ཚད་ཡོད་མེད་ལ་མ་ལྟོས་པར་མི་མང་རང་གིས་ཚད་མཐོན་པོའི་ཐོག་ནས་རྒྱབ་སྐྱོར་ཐོབ་པ་གཉིས་ལ་ཁྱད་པར་དང་གལ་གནད་ག་འདྲ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། དེ་སྔའི་ལམ་ལུགས་ནང་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་གཞིའི་ནང་མི་གསུམ་བཏོན་ཡོད་པ་དང། དེ་གཞི་རྩ་ལ་བཞག་ཡོང་དུས་གཉིས་པ་དང་གསུམ་པའི་བར་ལ་འོས་ཐོབ་ཀྱི་བརྒྱ་ཆ་དེ་ཉི་ཤུ་ལས་ཉུང་བ་ཡོད་ན་གསུམ་འདོན་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པ་དེ། མི་མང་གི་འདོད་པ་དང། འོས་ཤོག་གི་གྲུབ་འབྲས་གཞི་རྩར་བཞག་ནས་གཏན་འབེབས་བྱས་པ་ཞིག་རེད།
དྲི་བ། གསུམ་པ་དང་གཉིས་པའི་བར་གྱི་འོས་ཐོབ་ཀྱི་བརྒྱ་ཆ་ཞེས་པ་དེ་འོས་གྲངས་མཐོ་ཤོས་གཉིས་པ་དེའི་འོས་ཐོབ་ཀྱི་བརྒྱ་ཆ་རེད་དམ། སྤྱིའི་བརྒྱ་ཆ་རེད།
ལན། འོས་བསྡུའི་འགན་འཛིན། ལགས་རེད། དེ་འོས་གྲངས་མཐོ་ཤོས་གཉིས་པ་དེའི་འོས་ཐོབ་ཀྱི་བརྒྱ་ཆ་རང་ལ་གོ་དགོས་པ་རེད།
དྲི་བ། དེང་སྐབས་སྐད་ཆ་གོ་བསྡད་པ་ཞིག་ལ་འོས་འཕེན་པ་གང་ཞིག་གིས་སོ་སོས་སྲིད་སྐྱོང་གི་འོས་ཤོག་འཕངས་རྗེས་པར་བརྒྱབ་ནས་ངོ་དེབ་སོགས་སུ་བཀྲམ་པར་བརྟེན། འོས་ཤོག་རྩིས་མེད་གཏོང་དགོས་པ་རེད་ཅེས་དྷ་རམ་ས་ལ་རུ་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཡིག་ཅིག་གནང་བ་རེད་ཟེར་གྱི་འདུག སྔ་རྗེས་སུ་ས་གནས་འོས་བསྡུའི་འགན་འཛིན་ལ་དྲི་བ་ཞུ་རྒྱུའི་ཐབས་ཤེས་བྱས་ཀྱང་གནས་ཚུལ་དེ་བདེན་པ་རེད། འོན་ཀྱང་ང་ཚོ་ལ་ལན་འདེབས་གང་ཡང་མེད། དབུས་ལ་དྲིས་ཞེས་ལན་འདེབས་བྱས་མ་སོང། དེ་ལྟར་རྩིས་མེད་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས། (གཤམ་དུ་འགན་འཛིན་ལས་འཕར་ཞེས་འབྲི་རྒྱུ་ཡིན།) དེའི་རྒྱབ་ལྗོངས་དང་རྒྱུ་མཚན་དེ་འོས་གྲངས་བཤེར་བྱེད་པའི་སྐབས་སུ་འོས་ཤོག་རྩིས་མེད་གཏོང་དགོས་པའི་ཆ་རྐྱེན། ཀ་པ་ནས་ཆ་པའི་བར་དུ་ཡོད་པ་རེད། ཀ་པ་དེའི་ནང་དུ་ག་རེ་གསལ་ཡོད་པ་རེད་ཅེ་ན། འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མི་མིང་འཁོད་པ། ཞེས་གསལ་བ་བཞིན། སོ་སོ་ངོ་རྟགས་ཟིན་པའི་ཆེད་དུ་རྟགས་བརྒྱབ་པ་དང། མིང་འཁོད་པ་ཡིན་ན་དེ་རྩིས་མེད་དུ་གཏོང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། སོ་སོས་ངས་འོས་འདི་ལ་འཕངས་པ་ཡིན་ཞེས་རྟགས་བརྒྱབ་པ་དང། མིང་འཁོད་པ་དེ་རྩིས་མེད་གཏོང་དགོས་ཀྱི་ཡོད་ན། དྲ་ལམ་ཁག་ཏུ་ངས་འོས་ཁོང་ལ་འཕངས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ཡིན་ནའང་དོན་ཚན་དེ་དང་གཅིག་མཚུངས་ཆགས་ཡོད་པ་སོང་ཙང་རྩིས་མེད་གཏོང་དགོས་པའི་རྒྱུ་མཚན་དེ་ལ་བརྟེན་ནས་བྱུང་ཡོད་པ་རེད།
དྲི་བ། འགྲེལ་བརྗོད་དེ་རིགས་འགྲེ་ཙམ་མ་གཏོགས་ཁྲིམས་སྒྲིག་གཞིའི་དགོངས་དོན་དང་མཐུན་པ་ཞིག་ཏུ་རྩ་བ་ཉིད་ནས་མཐོང་གི་མི་འདུག གལ་སྲིད་དེ་འདྲ་ཡིན་པ་ཡིན་ན། སྐབས་སྔོན་མ་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་བསྡུའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཡིན་བཞིན་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། འོས་ཤོག་བླུགས་པའི་དེ་མ་ཐག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་ཡོངས་ཁྱབ་ཐོག་ངས་འོས་ཤོག་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་བླུགས་ཡོད་ཅེས་གསུངས་པ་རེད། དེ་འདྲ་བཤད་སྟངས་དེ་ང་ཚོའི་གནས་ཡུལ་རྒྱ་གར་སོགས་སུ་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ད་ལན་འོས་བསྡུའི་ནང་དུའང་དེ་ལྟར་བརྗོད་མཁན་མང་པོ་བྱུང་ཡོད་པ་རེད། ད་ལྟ་ཁྱེད་ཀྱིས་ལུང་དྲངས་པའི་སྒྲིག་གཞི་དེའི་གོ་དོན་འོས་ཤོག་རང་གི་ནང་དུ་རྟགས་དང་མིའི་མིང་སོགས་འཁོད་ཡོད་ན་རྩིས་མེད་གཏོང་དགོས་པ་གསལ་ཡོད་ཀྱང། སྤྱིར་གསང་བ་བྱེད་དང་མི་བྱེད་ཀྱི་གནད་དོན་དེ་སྒེར་ངོས་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས། འོས་བསྡུ་ལས་ཁང་ནས་དེ་རྩིས་མེད་བཏང་བ་དེ་ཏག་ཏག་ཅིག་བསྡད་མི་འདུག་བསམ་གྱི་འདུག་ལ། སྐབས་སྔོན་མ་དེ་འདྲ་རྩིས་མེད་བཏང་བ་བྱུང་མི་འདུག ད་ལྟ་གོ་བ་ལྟར་ན་ས་གནས་གཅིག་ཏུ་མི་གཅིག་རྩིས་མེད་བཏང་བ་ལས་གཞན་མང་པོ་ཡོད་པ་དེ་དག་རྩིས་མེད་བཏང་ཡོད་དམ།
ལན། འོས་བསྡུའི་འགན་འཛིན་ལས་འཕར། ཁྱེད་རང་གིས་གསུངས་པ་བཞིན་སྒྲིག་གཞིའི་ངོ་གདོང་གི་ནང་དུ་པར་བརྒྱབ་པ་ཟེར་བ་དེ་ཏན་ཏན་ཡོད་པ་མ་རེད། སྤྱིར་ང་ཚོས་དགག་བྱ་ག་རེ་རེད། དེ་གཅིག་བལྟ་དགོས་པ་རེད། འདིའི་ནང་སོ་སོའི་མིང་འགོད་མི་ཆོག་པ་དང། རྟགས་རྒྱག་མི་ཆོག་ཅེས་པའི་དགག་བྱ་ག་རེ་རེད། གང་ལྟར་ངས་འོས་འཕངས་པ་ཡིན་ཞེས་ཕ་རོལ་པོ་ལ་ངོ་རྟགས་ཟིན་པ་ཞིག་བྱེད་མི་ཆོག་པ་དེ་སྐབས་འདིའི་སྒྲིག་གཞི་འདིའི་ངོ་གདོང་གི་དགག་བྱ་ཆགས་བསྡད་ཡོད་པ་རེད། དགག་བྱ་དེ་ཡིན་པ་ཡིན་ན་ཐག་གཅོད་དེར་རྒྱུ་མཚན་ཏག་ཏག་བསྡད་ཡོད་པ་ཞིག་རེད། ང་ཚོས་རྒྱུ་མཚན་དེ་ལ་བརྟེན་ནས་རྩིས་མེད་བཏང་བ་ཞིག་རེད། དེ་དང་རྒྱུ་མཚན་གཅིག་མཚུངས་ཡིན་པ་མི་གཅིག་ཙམ་མ་རེད། ས་གནས་ཚང་མ་ནས་རྩིས་མེད་བཏང་བ་ལྔ་དྲུག་ཅིག་ཡིན་པ་ཡོད། མ་འོངས་པར་ཡང་མུ་མཐུད་དེ་འདྲ་འགྲོ་དགོས་པའི་ལམ་སྟོན་བྱས་བཞག་པ་ཞིག་ཆགས་ཡོད།
དྲི་བ། རྒྱུ་མཚན་དེ་རང་གི་ཐོག་ནས་གསུང་གི་ཡོད་པ་ཡིན་ན། ངས་གོང་དུ་ཞུས་པའི་མི་གཅིག་གི་དཔེ་མཚོན་དེ་རེད། སྤྱི་ཡོངས་ནས་མང་གཙོའི་ལམ་ལུགས་དང་མཐུན་གྱི་ཡོད་པ་རེད་དམ་མ་རེད། གནད་འགག་ཆེ་ཤོས་དེ། འོས་འཕེན་མཁན་གང་ཟག་ཁོ་རང་གི་ངོས་ནས་གསང་བ་བྱེད་དགོས་པ་ཞིག་ཡིན་ན་དེའི་གསང་བ་སྲུང་སྐྱོབ་བྱེད་དགོས་པ་དེ་གནད་འགག་ཆེན་པོ་རེད། སྒྲིག་གཞིའི་ནང་འཁོད་པ་དེ་འགེངས་ཤོག་ནང་རྟགས་དང། མིང་སོགས་འགོད་ཆོག་དང་མི་ཆོག་གི་གནད་དོན་ཡིན་པ་ལས། འོས་ཤོག་དེ་ཚད་དང་ལྡན་པ་ཞིག་བཀང་ཡོད་ན་དེ་གང་དུ་བཀྲམ་ཆོག་མིན་སོགས་གསལ་པོ་མེད་པ་ཡིན་དུས། འོས་བསྡུུ་ལས་ཁང་གི་ཐག་གཅོད་དེ་མང་གཙོ་དང་མཐུན་པ་ཞིག་ཆགས་ཡོད་པ་རེད་དམ་མ་རེད།
ལན། འོས་བསྡུའི་འགན་འཛིན་ལས་འཕར། འོས་བསྡུའི་སྒྲིག་གཞིའི་ནང་དུ་གསལ་བ་དེ་མང་གཙོ་དང་མཐུན་པ་ཆགས་ཡོད་ན། ཐག་གཅོད་དེ་ཡང་མང་གཙོ་དང་མཐུན་པ་ཆགས་ཡོད་པ་རེད་ཞུ་རྒྱུ་ཡིན།
དྲི་བ། འོས་བསྡུའི་སྒྲིག་གཞིའི་ནང་གསལ་བ་བཞིན། དངོས་སུ་འོས་བསྡུ་མ་བྱས་པའི་ཉིན་གཉིས་ཀྱི་མཚམས་ནས་ཁྱབ་བསྒྲགས་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པ་རེད། ས་གནས་ཁག་ནས་གྱང་སྦྱར་གྱི་ཁྱབ་བསྒྲགས་ཀྱི་ཤོག་བུ་ཡང་འགོག་གི་ཡོད་པ་རེད། དེ་འགྲོ་སྟངས་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་མི་ཧ་ཅང་གནད་ཡོད་དེ་འདྲས་མི་མང་ཕོན་ཆེ་འཛོམས་ས་ལ་འོས་སང་ཉིན་འཕེན་རན་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ལ་འོས་འཕངས་པ་ཡིན་ན་ཞབས་འདྲེན་རེད་ཅེས་གསུངས་པ་དེ་འདྲའི་གློག་བརྙན་ཡོད་པ་རེད། དེ་ལ་འོས་བསྡུ་ལས་ཁང་གི་ངོས་ནས་ཁྲིམས་དང་མཐུན་པ་ཞིག་ལ་བརྩི་ཡི་ཡོད་དམ། ལུགས་དང་མཐུན་པ་ཞིག་ལ་བརྩི་ཡི་ཡོད་དམ། ཡང་ན་དམིགས་བསལ་ཞིག་ལ་བརྩི་ཡི་ཡོད།
ལན། འོས་བསྡུའི་འགན་འཛིན། དྲི་བའི་ནང་གསལ་བ་བཞིན་ཁྱབ་བསྒྲགས་དེ་དག་འོས་དངོས་སུ་མ་བླུགས་པའི་ཉིན་གཉིས་ཀྱི་སྔོན་ལ་མཚམས་བཞག་དགོས་པ་རེད། དེ་ཡང་འོས་གཞི་ལ་བཞེངས་མཁན་སོ་སོས་མང་ཚོགས་ལ་བསམ་ཚུལ་འགྲེལ་བཤད་རྒྱག་རྒྱུ་དང། ཁྱབ་བསྒྲགས་བྱེད་པ། ལྟ་བ་ལངས་ཕྱོགས་ཀྱི་འགྲེལ་བཤད་རྒྱག་རྒྱུ་སོགས་འོས་དངོས་སུ་འཕེན་པའི་ཉིན་གཉིས་ཀྱི་སྐབས་ནས་མཚམས་འཇོག་དགོས་པ་རེད་ལ། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་ཀྱང་དེ་ལྟར་མཚམས་འཇོག་དགོས་པ་རེད། དེ་སྒྲིག་གཞིའི་ནང་དུ་གསལ་ཁ་ཡོད་པ་ཡིན་དུས། ད་ལན་དྲི་བ་གནང་བ་དེ་སྒྲིག་གཞི་འདི་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། དེ་སྤྱི་ཡོངས་ཀྱི་ལམ་སྟོན་སློབ་གསོའི་ཚུལ་དུ་གནང་བ་མ་གཏོགས་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད་ཅེས་ཞུ་རྒྱུ་ཡིན།
དྲི་བ། དེ་འདྲ་ཡིན་ན་ད་ལྟ་གསུང་མཁན་དེ་གནད་ཡོད་མི་སྣ་གཅིག་རེད། མ་འོངས་པར་དཔེ་འདི་ལ་བལྟས་ནས་གནད་ཡོད་མི་སྣ་མང་པོས་སང་ཉིན་འོས་ཤོག་བླུག་རན་པའི་དེ་རིང། མི་ཁོ་དང་ཁོ་ལ་འོས་བླུག་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་ཡིན་ན། འོས་བསྡུའི་འགན་འཛིན་རྣམ་པས་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་མེད་པ། ལམ་ལུགས་སྲོལ་དང་མཐུན་པ་ཞིག་ལ་ངོས་འཛིན་གནང་གི་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན། ད་ལྟའི་གནད་དོན་དེ་མིའི་མིང་འབོད་བྱས་ནས་འདི་དང་འདི་ལ་འོས་བླུག་ན་འགྲིག་གི་མེད་པའི་འགྲེལ་བརྗོད་གནང་བ་ཡིན་ན། དེ་ཁོ་རང་གནད་དོན་གཅིག་རེད། སྤྱི་ཡོངས་ནས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ལ་འོས་ཤོག་བླུགས་ན་འགྲིག་གི་མེད་ཚུལ་གསུངས་པ་དེ། སྤྱི་ཡོངས་ཀྱི་དགོངས་འཆར་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད་མ་གཏོགས། མིའི་མིང་སྨྲོས་ནས་དེ་ལ་འོས་ཤོག་བླུག་རྒྱུ་ཡོད་པ་མ་རེད་ཟེར་ན་ཏག་ཏག་བསྡད་མེད་པ་མ་གཏོགས། མ་འོངས་པར་འདི་རིགས་འགྲེ་དང་མིག་དཔེ་ཆགས་རྒྱུའི་ངེས་པ་གང་ཡང་ཡོད་པ་མ་རེད་ཞུ་རྒྱུ་ཡིན།
དྲི་བ། ང་རང་ཚོ་བོད་པས་བསམ་བློ་གཏོང་སྟངས་གཅིག་དང། ཕྱིའི་མིའི་ངོས་ནས་བསམ་བློ་གཏོང་སྟངས་མི་འདྲ་བ་ཡིན་དུས་བཙན་བྱོལ་བོད་མི་དེ་ཚོ་འཛམ་བུའི་གླིང་དུ་འཐོར་ནས་བསྡད་ཡོད་སྟབས། མི་གནད་ཡོད་ཅིག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ཞིག་ལ་འོས་བླུག་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་དེ། འོས་བསྡུ་ལས་ཁང་གི་ངོས་ནས་མང་གཙོ་དང་མཐུན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་མང་གཙོ་དང་མི་མཐུན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད།
ལན། འོས་བསྡུའི་འགན་འཛིན། དེ་མང་གཙོ་དང་མཐུན་པ་ཟེར་བ་དེ། དཔེར་ན་སྐད་ཆ་དེ་བཤད་ཆོག་གི་མ་རེད་ཅེས་ལབ་པ་ཡིན་ན་དེ་མང་གཙོའི་ལམ་ལུགས་ཐོག་ནས་གཏམ་བརྗོད་ཀྱི་རང་དབང་འགོག་གི་འདུག་ཅེས་བརྗོད་ཡོང་གི་རེད། བྱས་ཙང་དོ་བདག་སོ་སོས་འགན་ཁུར་བའི་ཐོག་ནས་གཏམ་བཤད་གནང་བ་དེ་ང་ཚོའི་ངོས་ནས་མང་གཙོ་དང་འགལ་ཟླ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད།
དྲི་བ། བཀའ་སློབ་གནང་དང་མི་གནང་ཟེར་བ་དེ་ཁ་ཁ་རེད། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ཞིག་འོས་གཞིའི་ནང་ཡོད་པའི་དབང་དུ་བཏང་ན། དེ་ལ་འོས་ཤོག་བླུག་ཆོག་དང་མི་ཆོག། དེ་ལ་འོས་ཤོག་བླུག་པའི་དབང་དུ་བཏང་ན་དེ་མང་གཙོ་དང་མཐུན་གྱི་ཡོད་དམ་མེད།
ལན། འོས་བསྡུའི་འགན་འཛིན། དེ་འོས་ཤོག་བླུག་མཁན་དོ་བདག་ཁོ་རང་གི་རང་དབང་རེད། ཁོ་རང་གི་འདོད་མོས་གཞིར་བཟུང་འོས་འཕངས་པ་ཡིན་ན་དེ་མང་གཙོ་དང་མཐུན་པ་ཞིག་ཏུ་གྱུར་ཡོད་པ་རེད།
དྲི་བ། སྲིད་སྐྱོང་འོས་མི་གཅིག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་སྐུར་འདེབས་བྱེད་མཁན་ཞིག་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་སྐད་ཆ་བཤད་ཀྱི་མིན། རྒྱུད་སྨད་གྲྭ་ཚང་གི་ངོས་ནས་དེ་ལྟར་བྱེད་མཁན་དེ་ཚོ་འགོག་རྒྱུའི་ཐག་གཅོད་བྱས་འདུག དེ་ཧ་ཅང་གི་ཡག་པོ་རེད་ཅེས། སེ་ར་དང། འབྲས་སྤུངས། དགའ་ལྡན་སོགས་སུ་གསུངས་པ་བྱུང་འདུག ངས་བལྟས་ན་གནད་དོན་དེ་དང་འབྲེལ་བ་ཡོད་པ་ཞིག་འོས་བསྡུའི་སྒྲིག་གཞིའི་ནང་གསལ་པོ་ཡོད་པ་རེད་བསམ་གྱི་ཡོད། འོན་ཀྱང་འོས་བསྡུ་ལས་ཁང་གི་ངོས་ནས་དེ་ལ་གཟིགས་ཚུལ་ག་རེ་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། གནད་དོན་དེའི་སྐོར་ལ་ང་ཚོས་འགྲེལ་བཤད་ཏན་ཏན་ཞུས་ཡོད་པ་རེད། དེའི་རིགས་དེ་ཆོག་དང་མི་ཆོག་ཅེས་པ་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ཁ་དོད་པ་ཞིག་གང་ཡང་ཡོད་པ་མ་རེད། སྒྲིག་གཞིའི་ནང་དབུས་འོས་བསྡུ་ལས་ཁང་ལ་འགན་དབང་གནང་བའི་ནང་དྲིལ་བསྒྲགས་བྱས་པ་དེ་དག་གི་ཐོག་ལ་ལམ་སྟོན་དགོས་པ་རེད་ཅེས། སྒྲིག་གཞི་དོན་ཚན་༢༩ པའི་ནང་གསེས་༩ པའི་ནང་དེ་འདྲ་ཞིག་འཁོད་ཡོད་པ་རེད། དེ་གཞི་རྩར་བཟུང་ནས་དབུས་འོས་བསྡུ་ལས་ཁང་ནས་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ཐོག་ལ་ལམ་སྟོན་བྱས་པ་དེའི་ནང། དེ་འདྲའི་ཐོག་ལ་ལམ་སྟོན་བྱུང་ཡོད་པ་མ་རེད། དེ་ཡིན་དུས་ང་ཚོས་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། གཉིས་པ་དེ་ལ་སྒྲིག་གཞིའི་ནང་དུ་དེ་འདྲ་ཞིག་མེད་པ་ཡིན་དུས་སློབ་གྲྭ་དང། དགོན་པ་སོགས་ཁོངས་སོ་སོ་ནས་འགན་ལེན་དགོས་པ་ཞིག་དང། རང་དབང་ཡོད་པ་ཞིག་ཡིན་དུས་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད།
དྲི་བ། དྲི་བ་ངོ་མ་དེ་ཁོངས་སོ་སོ་ནས་བཀག་དང་མི་འགོག་ཟེར་བ་དེ་ཁོངས་སོ་སོ་ལ་རང་དབང་ཡོད་པ་ཞིག་ཏུ་ངས་ཀྱང་ངོས་འཛིན་བྱེད་བཞིན་ཡོད། སྡེ་ཚན་སོ་སོ་ནས་བཀག་བཞག་པ་དེ་དྲང་བདེན་དང་འདྲ་མཉམ་ཞེས་པའི་སྐད་ཆ་དེ་ཁ་ཁ་རེད་མ་གཏོགས་གཞན་སྡེ་ཚན་སོ་སོའི་འགན་དབང་དང་ཐོབ་ཐང་ཡིན་པ་དེ་གསལ་པོ་རེད། འོན་ཀྱང་འོས་མི་བྱེ་བྲག་པ་གཅིག་གིས་མི་འདི་ལྟ་བུ་ཡོང་མ་བཅུག་པ་དེ་ཡག་པོ་རེད་ཅེས། ག་ས་གང་དུ་བཤད་ནས་སོང་བསྡད་པ་དེ་རང་བཞིན་གྱིས་རྒྱུད་སྐུལ་བྱས་པ་ལྟ་བུ་ཆགས་འགྲོ་གི་འདུག དེའི་ངོས་ནས་སྒྲིག་གཞི་དང་འགལ་ཡོད་དམ་མེད་ཅེས་ཞུ་རྒྱུ་ཡིན།
ལན། འོས་བསྡུའི་འགན་འཛིན། འོས་མི་བྱེ་བྲག་པ་དེས་ཁོ་རང་གི་སྨྲ་བརྗོད་རང་དབང་དེ་བེད་སྤྱོད་བཏང་ཡོང་དུས་མཐའ་གཅིག་ཏུ་འོས་བསྡུའི་སྒྲིག་གཞི་དང་འགལ་འདུག་ཅེས་ངོས་འཛིན་ཞུ་བདེ་པོ་ཞིག་ཡོད་པ་མ་རེད། འགལ་བ་རེད་ཅེས་ང་ཚོས་མཛུབ་མོ་འཛུགས་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད།
དྲི་བ། གོང་དུ་སྐུ་ངོས་ལུང་དྲངས་པ་བཞིན་འོས་བསྡུའི་སྒྲིག་གཞིའི་ནང་དུ་འགྲོ་སོང་གཏོང་ཕྱོགས་སོགས་འོས་བསྡུ་ལས་ཁང་ལ་འགན་ཞིག་བསྐུར་ཡོད་པ་རེད། དེའི་ནང་དུ་འོས་བསྡུ་ལས་ཁང་ནས་འགྲོ་སོང་གཏོང་ཕྱོགས་ཀྱི་ཐད་ནས་སྲིད་སྐྱོང་གི་འོས་མིར་ལངས་མཁན་ཞིག་ནས་ཧིན་སྒོར་འབུམ་བརྒྱད་དང། སྤྱི་འཐུས་ཤིག་ཡིན་ན་ཧིན་སྒོར་འབུམ་གསུམ་གཏོང་ཆོག་པ་གཏན་འབེབས་གནང་ཡོད་པ་རེད། ང་ཚོའི་གནས་ཡུལ་རྒྱ་གར་ལྟ་བུར་མཚོན་ན་འོས་གཞིར་ཞུགས་པའི་སྐབས་སུ་མི་དེའི་རྒྱུ་ནོར་ཁ་དབང་གང་ཡོད་གསལ་སྟོན་དགོས་པ་དེ་གལ་ཆེན་པོར་བརྩི་ཡི་ཡོད་རེད། ང་ཚོར་དེ་འདྲ་གང་ཡང་མེད་ཡོང་དུས་འོས་མི་དེའི་དཔལ་འབྱོར་གྱི་ཡོང་ཁུངས་གང་ནས་ཡོང་མིན་དེ་གསལ་པོ་ཧ་གོ་ཐུབ་པ་ཞིག་མ་རེད། དང་པོ་འོས་མི་དེའི་དཔལ་འབྱོར་གྱི་ཡོང་ཁུངས་དང། དཔལ་འབྱོར་གྱི་གནས་བབས་དེ་ཤེས་ཟིན་པའི་རྗེས་ལ་འགྲོ་སོང་བཏང་བ་དེ་དག་གཙང་མ་ཡང་དག་པ་ཞིག་ཆགས་ཐུབ་ཀྱི་ཡོད་རེད། དེ་འདྲ་མེད་དུས་ད་ལོའི་གཏན་འབེབས་དེས་དོན་དངོས་ལ་ཕན་ཐོགས་ག་ཚོད་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། དབུས་འོས་བསྡུ་ལས་ཁང་ལ་སྒྲིག་གཞིའི་ཐོག་ནས་འགན་དབང་ཞིག་བསྐུར་ཡོང་བ་དང། ལས་དོན་དེ་གསར་པ་ཆགས་ཡོད་པ་རེད། དེར་བརྟེན་ད་ལྟ་བཤད་པ་ནང་བཞིན་ཆ་ལག་ཡོངས་སུ་ཚང་བ་ཞིག་ཡོང་ཡོད་པ་རེད་ཅེས་གདེང་ཚོད་དང་ལྡན་པའི་ཐོག་ནས་ཞུ་ཐུབ་ཀྱི་ཡོད་པ་མ་རེད། གནད་དོན་དང་པོ་ཆགས་ཡོང་དུས་སྐྱོན་གནད་ཀྱི་རིགས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བྱུང་བ་ཡིན་ན་མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཐུགས་ཕན་སོས་པ་གཅིག་དང། ད་ལྟའི་གནད་དོན་དེའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་ནང་དུ་འོས་བསྡུའི་འགྲོ་སོང་གཏོང་ཕྱོགས་སོགས་ཕྱི་གསལ་ནང་གསལ་བྱེད་དགོས་ཀྱི་ཡོད་པ་ཞིག མང་གཙོའི་འགྲོ་ལུགས་བཞིན་གནས་སྟངས་དེ་མི་མང་ལ་གོ་རྟོགས་སྤེལ་ཐུབ་པ་ཞིག་བྱུང་ན་མ་གཏོགས། གཞན་དེ་ཚད་འཛིན་བྱེད་ཕྱོགས་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད་མེད་དགོངས་པ་བཞེས་ཐུབ་ཡོད་པ་མ་རེད་ལ། མ་འོངས་པར་སྐྱོན་གནད་ཀྱི་རིགས་ངོས་ཟིན་པའི་ཐོག་ནས་རིམ་པས་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་རེད།
དྲི་བ། སྔོན་མ་ཡིན་ན་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་བཀྲམ་ཕྱོགས་སྐོར་ལ་གཉིས་ལྡབ་ལས་མ་ཉུང་བ་ཞིག་དགོས་ཞེས་གསལ་ཡོད་པ་རེད། སྐབས་སོ་སོར་ཆོལ་ཁའི་འོས་ཁོངས་སུ་མི་༢༡ དང། ༢༣ སོགས་མི་འདྲ་བ་བཏང་བ་དེ་འདྲ་བྱུང་ཡོད་པ་རེད། སྐབས་སོ་སོར་སྤྱི་ཚོགས་ནང་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་ཡིན་པ་དང། འགན་འཛིན་ལས་འཕར་དང་འབྲེལ་ཡོད་ཡིན་པ་སོགས་ལ་བརྟེན་ནས་གྲངས་ཚད་རྒྱས་བཅད་བྱས་ཚུལ་གྱི་གླེང་ཕྱོགས་ཡོད་པ་རེད། དེར་བརྟེན་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ནས་ཉིས་ལྡབ་རང་གཏོང་དགོས་པ་ཆགས་ཡོད་པ་རེད། སྲིད་སྐྱོང་གི་འོས་གཞིར་ཡང་གླེང་ཕྱོགས་འདྲ་མིན་ཡོད་པས་དེ་ལྟ་བུའི་རྒྱས་བཅད་ཅིག་སྒྲིག་གཞིའི་ནང་དགོས་པ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། དེ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། དྲི་བའི་ནང་དུ་ལུང་དྲངས་པ་བཞིན་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་གཏོང་ཕྱོགས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་ནས་ཉིས་ལྡབ་ཅེས་ཐག་ཆོད་ཡོད་པ་རེད། དེའི་ཐོག་ལ་དང་བླངས་བྱེད་མཁན་ཡོད་ན་དེ་སྣོན་རྒྱུ་དེ་འོས་བསྡུ་ལས་ཁང་ལ་སྟབས་བདེ་པོ་ཆགས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་གཞིའི་ནང་དུ་དེ་ལྟ་བུ་ཞིག་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་བསྐྱར་བཅོས་གནང་བ་ཡིན་ན། འོས་བསྡུ་ལས་ཁང་གི་ངོས་ནས་ལས་ཀ་བྱེད་སྟབས་བདེ་པོ་དང། མང་ཚོགས་ཀྱི་ནང་དུའང་བསམ་ཚུལ་འདྲ་མིན་མི་ཡོང་བའི་ཆེད་དུ་ཏན་ཏན་དགེ་མཚན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག
འོས་བསྡུའི་འགན་འཛིན་ལས་འཕར། སྤྱི་འཐུས་རྣམ་པ་ཡིན་ན་འོས་གཞི་འདོན་ཕྱོགས་འོས་བསྡུའི་སྒྲིག་གཞིའི་ནང་གསལ་བསྡད་པ་དེ་ག་རང་རེད། སྲིད་སྐྱོང་གི་འོས་གཞི་འདོན་ཕྱོགས་ཀྱི་སྐོར་ལ་གསལ་ཁ་མེད་དུས་ང་ཚོས་དེའི་ཐོག་ལ་ཐག་གཅོད་ཅིག་བྱས་པ་རེད། གསར་ལམ་ཁ་ཤས་ཀྱིས་དེ་སྒྲིག་གཞི་གསར་པ་བཟོས་རེད་ཟེར་བ་ལྟ་བུ་ཤོད་ཡོང་གི་འདུག དེ་སྒྲིག་གཞི་གསར་པ་མ་ཡིན་པར་ཐག་གཅོད་ཅིག་ཡིན་པ་དེ་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོས་ཐག་གཅོད་ག་འདྲ་བྱས་པ་རེད་ཟེར་ན། སྒྲིག་གཞིའི་ནང་གཉིས་ལས་མི་ཉུང་བ་ཞེས་གསལ་ཡོད་པས་ཚིག་དེ་རང་ལ་བཟུང་ནས་གཉིས་འདོན་རྒྱུ་བྱས་པ་རེད། འོན་ཀྱང་མི་མང་གིས་འོས་བླུགས་ནས་འོས་གཞིི་གཉིས་པ་དང་གསུམ་པའི་དབར་ཁྱད་པར་ཆེན་པོ་མེད་ན་གསུམ་པ་དེ་ཡང་འདོན་དགོས་པ་གལ་ཆེན་པོར་མཐོང་བ་རེད། གལ་སྲིད་ཧེ་བག་ཆེན་པོ་ཡོད་པ་ཡིན་ན། འོས་གཞིའི་ནང་བཏང་ཡང་གསུམ་པ་དེ་གོང་དུ་སླེབས་མི་ཐུབ་པ་དེ་ང་ཚོའི་མི་འབོར་སོགས་གང་ཐད་ནས། དེ་ག་ཙམ་བཞག་པ་ལས་སླེབས་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་དུས་ཧེ་བག་ཆེན་པོ་ཡོད་ན་མི་འཇོག་རྒྱུ་དང། ཧེ་བག་ཆེན་པོ་མེད་ན་འཇོག་རྒྱུ་གཏན་འཁེལ་བ་རེད།
དྲི་བ། ཉེ་ཆར་འདི་ལ་ཕྱི་རྒྱལ་བ་ལྟ་ཞིབ་བྱེད་མཁན་ཁ་ཤས་ཤིག་སླེབས་པ་རེད། དེ་དག་གི་གསར་འགོད་གསལ་བསྒྲགས་ནང་སྤྱིར་ང་ཚོའི་མང་གཙོ་མི་འདྲ་བ་ཡོད་པའི་ཡོད་རབས་དང། སྤྱི་ཡོངས་ནས་ཡག་པོ་འདུག་ཅེས་གསུངས་སོང། དེའི་ནང་དུ་སྲིད་སྐྱོང་དང། ཚོགས་གཙོ་ལྟ་བུ་ལས་ཐོག་ཏུ་ཡོད་པ་རྣམས་ལ་དམིགས་བསལ་ཁེ་ཕན་ཆེན་པོ་ཡོད་པ་དང། འོས་བསྡུ་ལས་ཁང་གི་ཐག་གཅོད་ཁ་ཤས་ཤིག་འོས་བསྡུའི་སྔོན་ནས་བྱས་ཡོད་ན་ཡག་པོ་ཡོད་ས་རེད། དཔེར་ན་སྲིད་སྐྱོང་གི་འོས་མི་གཉིས་འདོན་རྒྱུ་ཡིན་པ་དེ་ཡང་འོས་མ་བླུགས་པའི་སྔོན་ལ་གསལ་བསྒྲགས་བྱས་ཡོད་ན་འོས་བསྡུ་ལས་ཁང་གི་ལས་ཀ་བྱེད་སྟངས་དེ་ཚོ་ཡང་ཡག་པོ་ཡོང་ས་རེད། འོས་བསྡུ་གྲུབ་པའི་རྗེས་སུ་གསལ་བསྒྲགས་བྱས་ཡོང་དུས་དེ་ཏག་ཏག་བསྡད་མི་འདུག་ཟེར་བ་སོགས་མང་པོ་ཞིག་འདུག དེའི་སྐོར་ལ་འགྱུར་བ་གཏོང་རྒྱུ་ལྟ་བུ་ཡོད་དམ། ཡང་ན་ཁོང་ཚོའི་ལྟ་ཚུལ་དེར་ལྟ་ཚུལ་ཙམ་ལ་ངོས་འཛིན་གནང་གི་ཡོད།
ལན། འོས་བསྡུའི་འགན་འཛིན། ཁོ་རང་ཚོ་འོས་བསྡུ་ལ་རྟོག་ཞིབ་བྱེད་མཁན་ཡིན་པ་དེ། འོས་བསྡུ་ལས་ཁང་ལ་སྙན་སེང་ཞུས་ནས་ཁོ་རང་ཚོར་རྟོག་ཞིབ་བྱེད་དུ་བཅུག་པ་རེད། ཁོང་ཚོས་རྟོག་ཞིབ་བྱས་པ་དེས་ང་ཚོ་ལ་ཁེ་ཡོད་པ་ལས་གྱོང་ཡོད་པ་མ་རེད། ཁོང་ཚོའི་སྙན་ཐོ་དེ་ཚོ་གཞི་རྩར་བཟུང་ནས་འོས་བསྡུའི་སྒྲིག་གཞི་དང་ལམ་ལུགས་དེ་ཚོ་ཡར་རྒྱས་གཏོང་བར་ཏན་ཏན་ཐུགས་ཕན་སོས་ཀྱི་ཡོད་པ་རེད། དེ་ཚོ་ལ་ང་ཚོས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་དངོས་གཞིའི་འོས་གཞི་འདོན་རྒྱུ་དེ་སྔོན་འགྲོའི་འོས་ཤོག་མ་བླུགས་པའི་སྔོན་ནས་གསལ་བསྒྲགས་བྱས་པ་ཡིན་ན་འོས་འཕེན་མཁན་དེ་དག་ལ་རང་བཞིན་གྱིས་དོ་ཕོག་ཅིག་འགྲོ་ཡི་ཡོད་པ་རེད། དཔེར་ན་གདམ་ཀ་དེ་ཡང་ཉུང་ཉུང་ཞིག་ཆགས་འགྲོ་གི་ཡོད་པ་རེད། གཉིས་མ་གཏོགས་མེད་པ་ཡིན་ན་གདམ་ཀ་གང་ཡང་མི་འདུག་ཅེས་རང་བཞིན་གྱིས་བསམ་ཚུལ་ཡོང་གི་རེད། སྔོན་འགྲོའི་འོས་ཤོག་དེ་བླུགས་ཟིན་པའི་རྗེས་སུ་དངོས་གཞི་དེ་གཏན་འབེབས་གསལ་བསྒྲགས་བྱས་པ་ཡིན་ན། སྔོན་འགྲོ་དེ་ཆ་ཚང་མི་མང་གི་ལག་ཏུ་ཡོད་བསྡད་པ་ཞིག་རེད། རྟོག་ཞིབ་བྱེད་མཁན་དེ་དག་གི་ངོས་ནས་ཅིག་བྱས་ན་དང་བླངས་ཀྱི་ཐོག་ནས་ང་སྲིད་སྐྱོང་གི་འོས་མིར་ལང་གི་ཡིན་ཟེར་མཁན་དེ་ཚོ་འོས་གཞི་རང་ལ་ངོས་འཛིན་བྱས་མེད་འགྲོ། ཁོ་རང་ཚོའི་ངོས་ནས་འོས་གཞི་དེ་མི་འདི་དག་རེད་འདུག་བསམ་པ་ཞིག་དྲན་ཡོད་ན་ཁོ་རང་ཚོས་དགོངས་པ་བཞེས་པ་དེ་ཏན་ཏན་བདེན་པ་ཆགས་ཡོང་གི་ཡོད་པ་རེད། འོན་ཀྱང་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འོས་བསྡུ་དེ་སྔོན་འགྲོའི་སྐབས་མི་མང་གིས་འོས་ཤོག་བླུགས་རྗེས་གཞི་ནས་དངོས་གཞིའི་འོས་གཞི་འདོན་དགོས་པ་སྒྲིག་གཞིའི་དགོངས་དོན་ཡིན་པ་དང། དེའི་འགན་དེ་འོས་བསྡུ་ལས་ཁང་ལ་ཡོད་པ་ཡིན་དུས་དངོས་གཞིའི་འོས་གཞིར་མི་ག་ཚོད་གཏོང་དགོས་མིན་དེ་མི་སུ་ལ་འོས་ཤོག་ག་ཚོད་ཐོབ་ཡོད་མེད་ཧ་མ་གོ་བའི་ཐོག་ནས་གཏན་འབེབས་བྱས་པ་ཡིན་ན་དེ་ཡག་པ་ལས། གྲངས་བཤེར་ཆ་ཚང་གྲུབ་རྗེས་ཐག་གཅོད་བྱས་ན་དེ་གང་ཟག་ལ་ལྟོས་ནས་ཐག་གཅོད་བྱས་པ་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང། གང་ཟག་གི་དབང་བསྒྱུར་དུ་མི་འགྲོ་བའི་ཆེད་དུ་དོ་བདག་སོ་སོ་ལ་འོས་ག་ཚོད་ཐོབ་ཡོད་མེད་ཧ་མ་གོ་བའི་ཐོག་ནས་ཐག་གཅོད་དགོས་པའི་གནད་འགག་དེ་རེད།
འོས་བསྡུའི་འགན་འཛིན་ལས་འཕར། གསལ་བཤད་བྱེད་དགོས་པ་ཞིག་ལ་རྟོག་ཞིབ་བྱེད་མཁན་ཁོ་རང་ཚོའི་ངོས་ནས་གསལ་བཤད་བྱས་པ་དེ་དོན་ཚན་གཉིས་རེད། ད་ལྟའི་གནད་དོན་དེ་རྟོག་ཞིབ་བྱས་ནས་ཐུན་མོང་གི་ཐོག་ནས་བཏོན་པའི་སྙན་ཐོ་ཞིག་ཆགས་ཡོད་པ་མ་རེད། དེའི་སྐབས་དེར་གསར་འགོད་པ་ཞིག་གིས་སྐད་ཆ་དྲིས་པའི་ལན་རེད། ཅིག་བྱས་ན་གསར་འགོད་པ་དེ་ཁྱེད་རང་ཡིན་འགྲོ། དེ་གང་ཟག་སྒེར་ཞིག་གི་ལྟ་ཚུལ་གྱི་ཐོག་ནས་དེ་ནོར་བ་རེད་ཅེས་བརྗོད་པ་རེད་མ་གཏོགས། ཚོགས་པ་གཉིས་ཀྱིས་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་འཁོད་ཡོད་པ་མ་རེད།
དྲི་བ། དེ་འདྲ་ཡིན་ན་དགོངས་ཚུལ་དེ་གནད་འགག་ཆེ་རུ་འགྲོ་གི་རེད། ལན་གནང་མཁན་དེ་(ANFREL)ཨེ་ཤི་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ནས་རེད། (ADN) ཨེ་ཤི་ཡའི་མང་གཙོ་འབྲེལ་མཐུད་ཁང་དེ་སྤྱིར་བཏང་གི་མང་གཙོའི་སྐོར་ལ་རེད། ལན་གནང་མཁན་དེ་ཐད་ཀར་འོས་བསྡུ་རང་གཙང་མ་འགྲོ་གི་ཡོད་མེད་ཀྱི་ཐོག་ལ་ཞིབ་འཇུག་བྱེད་མཁན་ཡིན་པས། དེ་ལས་ཉེན་ཁ་ཆེ་རུ་འགྲོ་གི་མ་རེད་དམ།
ལན། འོས་བསྡུའི་འགན་འཛིན་ལས་འཕར། ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་དུ་ཡོད་པ་མ་རེད། དྲི་བ་ཞིག་དྲིས་པའི་ལན་རེད་ཅེས་ཞུ་རྒྱུ་ཡིན།
འོས་བསྡུའི་འགན་འཛིན། དེ་སྤྱིར་སླེབས་སྟངས་ཀྱི་ཁྱད་པར་རེད། གཙོ་བོ་རྒྱལ་སྤྱིའི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་དེ་ཚོའི་གནས་སྟངས་དང། ང་ཚོ་སྐྱབས་བཅོལ་བ་ཞིག་གི་གནས་སྟངས་མི་འདྲ་བ་རེད། ཁོང་ཚོའི་ལམ་ལུགས་ནང་ང་ཚོར་ལེགས་ཆ་ལེན་དགོས་པ་ག་རེ་ཡོད་མེད་དང། དེ་སྔ་ལེགས་ཆ་བླངས་ནས་འོས་བསྡུའི་སྒྲིག་གཞིའི་ནང་བསྐྱར་བཅོས་མང་པོ་སོང་ཡོད་པ་རེད། མ་འོངས་པར་ཡང་དེ་འདྲའི་ཐོག་ནས་ཐུགས་ཕན་སོས་པ་ཞིག་ཡོང་གི་རེད། ཁོང་ཚོས་བཤད་པ་དེ་བདེན་པ་ཡིན་གྱི་རེད་དེ། མཐའ་གཅིག་ཏུ་ཁོང་ཚོས་གང་བཤད་པ་དེ་ང་ཚོས་ལག་བསྟར་བྱེད་ཁག་པོ་རེད། ང་རང་ཚོའི་འོས་བསྡུའི་སྒྲིག་གཞི་ཞིག་ཡོད་པ་དེ་ཡང་བདེན་པར་བརྩི་དགོས་པ་རེད། སྒྲིག་གཞི་དེ་ང་རང་ཚོའི་གནས་བབས་ལ་གཞིགས་ནས་བཟོས་པ་ཡིན་དུས་དེ་དང་འགལ་བ་ཡིན་ན་འགྲིག་གི་ཡོད་པ་མ་རེད།
དྲི་བ། ད་ལོ་འགྲོ་སོང་གཏོང་སྟངས་ཐད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ངོས་འཛིན་བྱེད་སྟངས་ལ་ཁྱད་པར་ཞིག་ཕྱེས་ཡོད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། དེའི་རྒྱབ་ལྗོངས་གང་ཡིན་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།
ལན། འོས་བསྡུའི་འགན་འཛིན། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོས་བཏང་བའི་ཡི་གེ་དང། རྟོག་ཞིབ་བྱེད་མཁན་དེ་ཚོའི་སྙན་ཐོའི་ནང་དུའང་དེ་འདུག དེ་གནད་འགག་ཏན་ཏན་ཆགས་ཡོད་རེད་བསམ་གྱི་འདུག ང་ཚོའི་ངོས་ནས་ཀྱང་དེར་རྒྱུ་མཚན་ཡོད་པ་དང་གུས་བརྩི་ཞུ་སྡོད་ཀྱི་ཡོད། སྐབས་དེ་དུས་ང་ཚོས་བསམ་བློ་གཏོང་ཕྱོགས་དང། ད་ལྟའི་གནས་སྟངས་གཉིས་ཀྱི་དབར་ལའང་ཁྱད་པར་ཞེ་དྲག་ཡོད་པ་རེད། སྐབས་དེ་དུས་ག་རེ་མཐོང་བ་རེད་ཅེ་ན། གཞུང་གིས་ངོས་ལེན་ཡོད་པའི་ཚོགས་པ་ཁག་དེ་དག་གི་གནས་སྟངས་དང། དམིགས་ཡུལ་ལངས་ཕྱོགས་སོགས་ཚང་མ་གཞུང་གི་ངོས་ནས་གསལ་པོ་ཤེས་ཀྱི་ཡོད་པ་རེད། ཤེས་པ་ནང་བཞིན་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས་དེ་དག་སྔོན་མ་ནས་ངོས་འཛིན་གཏན་འབེབས་ཡོད་བསྡད་པ་ཞིག་ཆགས་ཡོད་པ་དང། ཚོགས་པ་དེ་དག་གི་དེ་སྔའི་ལམ་ལུགས་ནང་འོས་གཞི་བཏོན་པ་དེ་འདྲ་བྱུང་བསྡད་ཡོད་པ་རེད། དེའི་ནང་ནས་རིགས་གཅིག་གིས་སྔོན་མ་ནས་འདོན་གྱི་ཡོད་པ་མ་རེད། ཞིབ་འཇུག་བྱས་ཡོང་དུས་ཚོགས་པ་མང་བས་འོས་གཞི་འདོན་གྱི་ཡོད་པ་མ་རེད། དཔེར་ན་ཆུ་བཞི་སྒང་དྲུག་གིས་སྔོན་མ་འོས་གཞི་འདོན་གྱི་ཡོད་པ་རེད། ད་ལོ་བཏོན་ཡོད་པ་མ་རེད། ད་ལོ་འོས་གཞི་འདོན་མཁན་གཉིས་གསུམ་ཙམ་ལས་མེད་པ་རེད། སྐབས་དེ་དུས་བསམ་བློ་བཏང་དུས་དེ་སྔའི་བརྒྱུད་རིམ་བཞིན་ཆོལ་ཁ་སོ་སོའི་མི་མང་དང། མི་མང་སྤྱི་ཡོངས་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་འོས་གཞི་ཞིག་འདོན་གྱི་ཡོད་པ་ཡིན་དུས་དེ་གཞིར་བཞག་བྱས་པ་རེད། དེའི་རང་དབང་དེ་ཁོ་རང་ཚོ་ལ་ཡོད་པ་ཞིག་དང། འགྲོ་སོང་གི་ཚད་གཞི་དེ་གཅིག་གྱུར་བྱེད་རྒྱུ་བྱས་པ་རེད་དེ། ལམ་སྟོན་དེ་སོང་ཟིན་པ་ཡིན་པས་ཕྱིར་ལོག་ཐབས་མེད་པ་དང། ད་ལྟའི་དུས་འདིར་ལུས་བཞག བརྗེད་བཞག་ལབ་ན་དྲང་པོ་གང་ཡང་ཡོད་པ་མ་རེད། དེ་ང་རང་ཚོའི་སྒྲིག་གཞིའི་དགོངས་དོན་བྱས་ནས་ལམ་སྟོན་བྱས་པ་ཞིག་རེད་དེ། སྐྱོན་གནད་ག་རེ་ཆགས་ཀྱི་ཡོད་མེད་དེ་ང་ཚོས་རྟོགས་ཐུབ་ཡོད་པ་མ་རེད། ད་ལྟའི་ཆར་བལྟས་དུས་དེ་ཏག་ཏག་ཅིག་བསྡད་མི་འདུག་བསམ་པའི་ཚོར་སྣང་ཡོང་གི་ཡོད་པ་རེད། མ་འོངས་པར་དགོངས་པ་བཞེས་ཕྱོགས་ལ་ཁྱད་པར་ཏན་ཏན་བྱུང་ཡོད་པ་ཞིག་རེད་ཞུ་རྒྱུ་ཡིན།།
ཤོ་ཟུར་འདིས་དྲི་བ་ལ་ལན་རྒྱག་སྟངས་ག་འདྲ་འདུག་གམ། བྱ་ལེ་ནང་བཞིན་ག་འཇར་རེད་འདུག་་་་་རྗེ་བཙུན་པདྨ་དང་སྤྱི་གཙོ་སྤེན་ཚེ་བཅས་སྐོར་དྲི་བ་ལ་ལན་ག་འདྲ་རྒྱག་འདུག་་་་་་འདི་འདྲ་བྱས་དུས་སྒྲིག་གཞི་དེ་འགྱིག་ནང་བཞིན་ག་བར་འཐེན་ནར་རེད་འདུག་གོ།
ཁོ་བོ་དམངས་གཙོར་མོས་པ་མེད་། རྒྱུ་མཚན་ཁྱོད་ཚོ་དམངས་གཙོ་བརྩོན་ལེན་བྱེད་མཁན་གྱི་མི་གཤིས་ཆེས་བཙོག་པས་དམངས་གཙོ་གཏོར་བརླག་བྱས་སོང་བས་ཡིན།
ངས་དྲང་མོ་བཤད་ན་ཐོག་མར་ཀླུ་མཁར་བྱམས་ལ་ང་རང་དགའ་པོ་མེད་ལ་རྒྱུས་མངའ་ཡང་དེ་ཙམ་མེད། འོན་ཀྱང་འོས་བསྡུ་ལྷན་ཁང་དང་། སྐུ་དྲག་རིང་ལུགས་རྣམས་ཀྱིས་ཀླུ་མཁར་ལ་བརྙས་བཅོས་བྱེད་པ་མཐོང་དུས་ང་ཚོའི་སྐྱབས་བཅོལ་ཚོགས་པ་འདི་མང་གཙོ་མ་ཡིན་པར་དམར་ཕྱོགས་ཚོགས་པའི་ལྟ་བ་འཛིན་མཁན་རྐྱང་ཡིན་པ་ཚོར་སྣང་བྱུང་། སྔར་ཡིན་ན་བོད་གཞུང་གི་ལས་བྱེད་མི་སྣ་ཞིག་མཐོང་དུས་ང་རང་དད་པ་ཡང་སྐྱེས་མྱོང་། ད་ནི་དེ་ལས་ལྡོག་སྟེ་རང་གི་མི་རིགས་ཚོང་རྫས་སུ་བཀྲམ་མཁན་རང་མགོ་གང་ཐོན་མཁན་གྱི་གཡོ་སྒྱུ་པ་ཤ་སྟག་རེད་འདུག་དྲན།
དགུང་གྲངས་བརྒྱད་ཅུར་སོན་པའི་རིན་པོ་ཆེ་མཆོག ཁོང་ཚོས་ད་དུང་བདེན་པར་རྡོག་རྫིས་གཏོང་བྱེད་ཀྱི་ལག་ཆར་སྤྱོད་པ་འདི་ཨ་ཙ་མ། ཁོང་ཚོས་དངོས་ནས་སྤྱི་ཚོགས་རྙིང་བར་རོ་ལངས་རྒྱག་བསམ་པ་ཨེ་ཡིན།
དགུང་གྲངས་བརྒྱད་ཅུར་སོན་པའི་རིན་པོ་ཆེ་མཆོག ཁོང་ཚོས་ད་དུང་བདེན་པར་རྡོག་རྫིས་གཏོང་བྱེད་ཀྱི་ལག་ཆར་སྤྱོད་པ་འདི་ཨ་ཙ་མ། ཁོང་ཚོ་དངོས་ནས་སྤྱི་ཚོགས་རྙིང་བར་རོ་ལངས་རྒྱག་བསམ་པ་ཨེ་ཡིན།
ཀླད་བརྡར་རྣམ་པ་གཉིས་ཀྱིས་དྲི་བ་ཚ་བོ་ལ་ལན་ཚ་བ་མེད་སྟབས་འོས་བསྡུ་སྒྲིག་གཞི་ཡར་འཐེན་མར་འཐེན་བྱས་འདུག་དཱ
བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༣ འཁོད་པའི་གསར་ལམ་ཁག་ཏུ་འོས་བསྡུའི་ཁྲིམས་སྒྲིག་དང་འབྲེལ་བའི་བསམ་ཚུལ་ཁག་ལ་གསལ་བཤད་མདོ་ཙམ།
ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །འདི་གར་དབུས་འོས་བསྡུ་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་དོན་རྒྱབ་སྐྱོར་བ་རྣམ་པས་ཐོག་མཐའ་བར་གསུམ་དུ་བོད་མིའི་རྩ་དོན་ཐད་འགན་ཁུར་ཞུས་དང་ཞུ་མུས་ལ་སྙིང་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ད་ལམ་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གི་མཚན་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་དང་དེ་འབྲེལ་ལམ་སྟོན་ལག་ལེན་བསྟར་ཕྱོགས་ཚུལ་བཞིན་མིན་པའི་བསམ་ཚུལ་བཏོན་པའི་ཐད་གསལ་བཤད་མདོ་ཙམ་ཞུས་ན།
འདི་ག་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་འོས་བསྡུའི་སྒྲིག་གཞི་དང། ལྷག་པར་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་གི་འབྲུ་དོན་གསལ་བཀྲོལ་གྱིས་ལམ་སྟོན་ཕྱི་གསལ་ནང་གསལ་བྱས་ཡོད་པ་མ་ཟད། དོན་ཚན་དེའི་ནང་གསེས་དགུ་བའི་ནང་། “སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས་དང་། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས།” ཞེས་པའི་འབྲུ་དོན་འོག ལམ་སྟོན་གནང་བ་དེས་སྨྲ་བརྗོད་དང་དྲིལ་བསྒྲགས། འདུ་འཛོམས་དང་ཁྱབ་བསྒྲགས་སོགས་གང་གི་རང་དབང་འཕྲོག་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་ཚན་གང་ལ་ཡང་མི་མཐུན་པ་ཆགས་མེད།
འདི་ག་འོས་བསྡུ་ལས་ཁང་ལ་ཚོགས་པ་ངོས་ལེན་བྱེད་ཆོག་པའི་འགན་དབང་ཞིག་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གང་ལ་མེད་པར་བརྟེན། བཀའ་སྤྱི་གཉིས་ཀྱིས་དེ་སྔ་ནས་ངོས་ལེན་གནང་ཟིན་པའི་ཚོགས་པ་བཅུ་གཅིག་པོ་སྒྲིག་འཛུགས་ཀྱི་ངོས་ལེན་ཡོད་པར་གཞི་བཞག་བྱས་པ་ཞིག་ཡིན་པ་ལས་འདི་ནས་གང་དྲན་གྱིས་སྐབས་འཕྲལ་ཐག་གཅོད་བྱས་པ་ཞིག་མིན་པ་མཁྱེན་ཆུབ་ཡོང་བ་ཞུ་རྒྱུ་ཡིན།
སྤྱིར་དབུས་འོས་བསྡུ་ལས་ཁང་ནི་འོས་སྒྲིག་ཁག་ལ་ལམ་སྟོན་གནང་མཁན་དང་། འོས་སྒྲིག་དང་འགལ་འདུ་བྱུང་ཚེ་ཐག་གཅོད་བྱེད་མཁན་ཞིག་ཡིན་པ་ལས། སྒྲིག་འགལ་གང་བྱུང་ལ་ཞུ་སྦྱོར་བ་དང་རྩོད་ལན་པའི་བྱ་བཞག་ལ་ཞུགས་མི་ཆོག་པ་ཁྲིམས་ལུགས་སྤྱིའི་འགྲོ་སྟངས་ཤིག་ཡིན་པ་མཁྱེན་དགོས་པའི་གནད་ཀྱི་དོན་པོར་ཡིན་པས་དེ་དོན་དགོངས་འཇགས་དང་།
ལར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་བཙན་བྱོལ་བ་ཞིག་གི་གནས་སྟངས་གཞི་ལ་བཞག་ཡོད་པ་ལས་རང་བཙན་ཡོད་པའི་མང་གཙོའི་ཁྲིམས་སྒྲིག་ཇི་བཞིན་བསྡུར་ཐབས་མེད་པ་ཞར་བྱུང་དུ་མཁྱེན་པར་མཛོད།
འབྱུང་འགྱུར་དེ་འབྲེལ་བསམ་ཚུལ་ཡོད་ཚེ་བརྒྱུད་ལམ་མང་པོ་འགྲོ་མ་དགོས་པར་ཐད་ཀར་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་གཏུགས་གནང་གལ་ཆེ་བ་བཅས་ཀྱི་གསལ་བཤད་དུ། དབུས་འོས་བསྡུ་ལས་ཁང་ནས། ཕྱི་ལོ་ ༢༠༡༥ ཟླ ༡༠ ཚེས ༢༦ ལ། །
ད་གཅིག་ལས་ལྷག་མེད་པ་ནི་འོས་བསྡུ་ལྷན་ཁང་དམངས་གཙོ་ཚད་ལྡན་དང་རང་དབང་ཅན་གྱི་སྡེ་ཚན་ངོ་མར་བསྒྱུར་འདོད་ཡོད་མེད་རྒྱ་ཆེའི་མི་དམངས་ཀྱིས་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག། མུ་མཐུད་ལོག་ལམ་དུ་ཕྱིན་ན་འོས་བསྡུ་ལས་ཁུངས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་བྱེད་དགོས་པ་རེད་ལ། འོས་བསྡུའི་འགན་འཛིན་གཉིས་པོས་བཟང་སྤྱོད་ལྡན་པའི་རྩ་དགོངས་ཞུ་དགོས་པ་རེད། དེ་མིན་འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིགས་དེ་ཀྲུང་གོའི་རྩ་ཁྲིམས་བཞིན་ཏང་ཡོན་ཁ་ཤས་ཀྱིས་འགྲེལ་བཤད་ག་རེ་བརྒྱབ་བརྒྱབ་ལ་ཕྱིན་ན་ཁྲིམས་སྒྲིག་ལ་སུས་བརྩི་བཀུར་ཞུ་གི་རེད་དམ།
ཁྱད་མཚར་ཞིག་ལ། བྱང་ཨ་རིའི་ས་གནས་ཁག་གི་འོས་ཤོག་རྣམས་ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་དུ་འབྱོར་རྗེས། དེ་ནས་འོས་ཤོག་ལ་གྲངས་གཤེར་བྱེད་གཏན་འཁེལ་བ་བཟོས་འདུག་པ་དང་། ས་གནས་སོ་སོ་རང་ནས་འོས་གྲངས་བསྒྲགས་མི་དགོས་པ་ལྟ་བུ་བཟོས་འདུག
འོས་གཤེར་དེ་ཡང་ས་གནས་ཚང་མའི་འོས་ཤོག་རྣམས་དུས་གཅིག་གནས་གཅིག་ཏུ་འདི་ཟླའི་ཚེས་གྲངས་༣༡ སྟེ་རེ་གཟའ་སྤེན་པའི་ཉིན་ལ་གྲངས་གཤེར་བྱེད་དགོས་པ་ལྟ་བུ་བྱུང་འདུག
ཐེ་རང་ལྷ་ལུས་ཐོབ་ཀྱང་ར་ཤུན་ལྷུ་གཅིག་འབྱར་ཞེས་པའི་དཔེ་ལྟར། འོས་བསྡུ་ལས་ཁང་ལ་གྲ་ཆས་གྱོན་ནས་སྲིད་དོན་སྐད་ཆ་བཤད་མཁན་དེ་བག་ཆགས་ཅི་ཡིན་ནམ། ཁྱེད་རང་གྲ་ཆས་དེ་མར་ཕུད་ནས་དེ་གར་བསྡད་ན་མ་གཏོགས་ལས་ངན་མ་བསག་རོགས་བལ་ཀྱི་ཡོད།
ཕྱི་ཡི་གྲ་ཆས་དང་ནང་གི་ལས་ཀ་གཉིས་ཐ་དད་ཡིན་པ་ཧ་མ་གོ་བ་དེ་འདྲ་སྤྱི་ཚོགས་ཤིག
སོ་སོའི་བླ་མ་དང་། ཕ་མ། གྲོགས་པོ། བཟའ་ཚང་། རྒྱལ་ཁབ། དཔོན་པོ། ཚོགས་སྡེ་སུ་ཡིན་ཡང་རུང་། རང་གི་མི་མང་མགོ་སྐོར་བཏང་དྲག་ན་འཇུག་འབྲས་ཁེར་རྐྱང་དུ་གྱུར་ཏེ་གཞུང་མང་གཉིས་བར་དུ་གནོད་དྲྭ་རྒྱུན་ཆད་མེད་པར་ཡོང་བའི་སྔར་ལྟས་རེད་དོ།།
དྲི་བ་ཁ་རེ་ཁ་གཏུགས་སུ་བཏང་འདུག རྗེས་སུ་ཡི་རང་ཞུ། འཇམ་འཇམ་མཁས་མཁས། ལྐོག་ལྐོག་གབ་གབ་ཀྱིས་གང་ཟག་སྒེར་བ་ལ་བསྟུན་མཁས་བྱས་ན་ཡར་རྒྱས་ཤིག་ག་ནས་འོང་།
འོས་བསྡུའི་འགན་འཛིན་རྣམ་པ་གཉིས་ཀྱིས་འོས་བསྡུའི་བཅའ་ཁྲིམས་གཞིར་བཞག་ནས་བཀའ་ལན་གཏིང་ཟབ་པོ་གནད་ལ་ཁེལ་བ་གནང་འདུག་་་་བཀྲིན་ཆེ་་་་་་བོད་ཀྱི་བང་ཆེན་ཟེར་བ་དེས་ག་དུས་ཡིན་ན་སྤྱི་ཚོགས་ནང་གི་གད་སྙིག་བསྒྲིགས་ནས་གཞུང་གི་མ་འགྲིགས་པ་རྐང་རྐང་་་་བསྒྲུབས་བསྡད་ཡོད་པ་རེད་་་་་
འདི་གསར་འགོད་པ་ཞིག་གི་བཅར་འདྲི་བྱེད་སྟངས་མ་རེད། གྱོད་ཡ་དང་ཞུ་སྦྱོར་བ་ཞིག་གིས་ཁ་མཆུ་རྒྱག་སྟངས་རེད། ཆོས་ཉིད་འོད་ཟེར་བ་འདི་གསར་འགོད་པ་རྙིང་པ་ཡིན་པ་ཞིག་ཚོར་སོང་མོད། ཁོ་རང་གི་གསར་འགྱུར་འདྲི་སྟངས་ལ་དོ་སྣང་བྱས་པ་ཡིན་ན་གསར་འགོད་ཀུན་སྤྱོད་རིག་པ་ media ethics ཟེར་བ་འདི་ཟུར་ཙམ་ཡང་ཤེས་ཀྱི་མེད་པ་ཞིག་ཚོར་སོང་།
གསར་འགོད་པ་འདིས་ འོས་གཤེར་བྱེད་མཁན་སུ་དང་སུ་ཡིན་མིན་ ཇི་ལྟར་བྱས་མིན་ དུས་ཐོག་གི་བརྙན་པར་ལེན་ཡོད་མེད་ སོགས་གང་ཡང་དྲིས་མིན་འདུག་ དེ་ལས་ལྡོག་སྟེ་ གསར་འགོད་པའི་རང་དབང་མ་སྤྱོད་པར་ཁ་འཇམ་འཇམ་དང་ངོ་བསུ་བསུ་བྱས་པ་ཚོར།
གསར་འགོད་པ་འདིས་ཐབས་བརྒྱ་བྱུས་སྟོང་གིས་བློ་བཟང་སེང་གེར་དབུ་སྐྱོར་གཞོགས་འདེགས་བྱེད་ཀྱིན་འདུག
མཐར་གཏུགས་ན་བཅར་འདྲི་འདི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་གཟས་ནས་དྲི་བ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ཡིན་ནའང་འོས་བསྡུའི་སྒྲིག་གཞི་འགལ་མཁན་དངོས་ནི་སྲིད་སྐྱོང་བློ་སེང་རེད། རྡ་ཞོལ་བོད་ཁྱིམ་གྱི་བྱེད་སྟངས་དེ་དང་ལྷོ་གཞིས་ཁག་གི་བྱེད་སྟངས་དེ་ཚོ་འོས་བསྡུའི་སྒྲིག་གཞི་དང་ཐད་ཀར་འགལ་ཡོད་པ་ཞིག་ཡིན་ནའང་། དེའི་སྐོར་ཟུར་ཙམ་ཡང་མེད་པ་དེ་ག་རེ་ཡིན་ནམ། གསར་འགོད་པས་མིག་གིས་མ་མཐོང་རྣ་བས་མ་ཐོས་པ་ཡིན་ནམ། བཙན་བྱོལ་སྤྱི་ཚོགས་ནང་ལ་རྙོག་དྲ་རྒྱུན་མཐུད་ནས་བཟོ་མཁན་སུ་རེད། བང་ཆེན་ཟེར་བའི་ཚགས་པར་འདི་གཅིག་རེད། ཀླུ་མཁར་བྱམས་ཟེར་བའི་རྒྱུག་ཁྱི་འདི་ཁྱེད་ཚོས་ང་ཚོ་ནང་དཀྲུགས་བྱེད་ཆས་ཤིག་ཏུ་ཡར་འཇོག་གི་ཡོད་པ་སུས་མི་ཤེས་སམ། དོན་དངོས་ཐོག་ཁོང་ཚོས་ཀླུ་མཁར་བྱམས་ལ་འོས་ཤོག་བླུགས་མེད་པར་བློ་བཟང་སེང་གེ་ལ་འོས་བླུགས་ཡོད་ཀྱང་། ཁ་ནས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མདོག་བསྟན་ཏེ་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཁ་གཏད་ལྕོགས་གི་འཇུག་གི་ཡོད་རེད། དེ་ཀླུ་མཁར་བྱམས་ཀྱི་འོས་ཤོག་ལ་གཅིག་ལྟོས་དང་ཤེས་ངེས་རེད། ཀླུ་མཁར་བྱམས་ཀྱི་གྲོགས་པོ་དང་ཕ་ཡུལ་གཅིག་པ་འགའ་ཤས་ཀྱི་ཆབ་སྲིད་ཀྱི་ཟློས་གར་དེ་ཤེས་ཀྱི་མེད་པར་ཀླུ་མཁར་བྱམས་མཁས་རབས་འཇོན་རབས་དང་དྲང་ཚུགས་ཡོད་ཚུལ་བཤད་ཀྱི་ཡོད་རེད། ཀླུ་མཁར་བྱམས་མཁས་པ་ཟེར་ན་མི་ཤེས་ཀྱང་མི་རིག་རྒོད་ཅིག་དང་དྲང་ཚུགས་ཅན་ཞིག་ཡིན་ནའང་དེ་མཉམ་དུ་འཇོན་རབས་བཤད་པ་ནི་ངོ་གནོང་དགོས་པ་ཞིག་རེད། ཀླུ་མཁར་བྱམས་ལ་ཁ་ཕོ་གནམ་ལྕགས་ཐོག་འདྲ་ཞིག་ཡོད་པ་དངོས་གནས་རེད་ལ་མི་སུ་ཡིན་ནའང་སྐྱོན་འཛུགས་རྒྱུ་དོགས་སྣང་མེད་པ་ཞིག་ཡིན་པའང་ཐེ་ཚོམ་མེད། གང་ལྟར་མི་དྲགས་གྲས་ཤིག་རེད། ཡིན་ནའང་ཡིད་ཕངས་པ་ཞིག་ལ་ཁོང་གིས་བང་ཆེན་ལྟ་བུའི་མི་ངན་འདི་ཚོ་ལ་ཕར་ཆབ་སྲིད་འཁྲབ་ནས་རྒྱབ་སྐྱོར་རེག་ཐབས་དང་ཁོང་ཚོས་ཀྱང་ཚུར་ཀླུ་མཁར་བྱམས་ལ་ཆབ་སྲིད་ཀྱི་ཟློས་གར་ཞིག་གི་ལག་ཆར་བཟུང་ནས་འཁྲབ་ཀྱི་ཡོད་ལ། ཕར་ཚུར་གཉིས་ཀ་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་གཅིག་ཕན་གཅིག་གྲོགས་བྱེད་ཀྱི་ཡོད་མདོག་སྟོན་གྱི་ཡོད་ཀྱང་། དོན་དངོས་ཐོག་ཁོང་ཚོས་ལྐོག་ནས་རྒྱབ་སྐྱོར་བྱེད་ས་ནི་བློ་བཟང་སང་གེ་རེད་ལ་འོས་ཤོག་ཀྱང་ཁོང་ལ་བླུགས་ཡོད་པ་ལས་ཀླུ་མཁར་བྱམས་ལ་འོས་བླུགས་མེད་པ་རེད། ཀླུ་མཁར་བྱམས་ལ་འོས་བླུགས་མཁན་ནི་ཁོང་གི་གྲོགས་པོ་སྐོར་ཞིག་དང་ཁོང་ལ་ཡིད་ཆེས་ཡོད་མཁན་གྱི་ཨ་མདོ་བ་སྐོར་ཞིག་དང་རང་བཙན་གྱི་ལྟ་བ་འཁྱེར་མཁན་སྐོར་ཞིག་རེད། ང་དང་ངས་གྲོགས་པོ་སྐོར་ཞིག་གིས་ཆེད་མངགས་མཐོང་སྣང་བྱུང་བ་ཞིག་ནི་ཀླུ་མཁར་བྱམས་བོད་ནས་ཡོངས་མཁན་གྱི་ཨ་མདོའི་མི་སྐོར་ཞིག་གིས་འོས་མི་ཕར་བཤུས་ཚུར་བཤུས་བྱེད་ཀྱི་ཡོད་པ་དང་སྲིད་སྐྱོང་གི་འོས་མི་ནང་དུ་ཀླུ་མཁར་བྱམས་འདེམས་ཀྱི་ཡོད་པ་དངོས་སུ་མཐོང་བྱུང་ཡང་། ཁོང་ཚོས་ཀླུ་མཁར་བྱམས་བཟང་ན་ངན་ན་གསར་འབྱོར་རེད། ང་ཚོར་མགོ་སྐོར་གཏོང་གི་མ་རེད་ཟེར་གྱི་ཡོད་རེད། མི་ངན་ཁོང་ཚོས་སྲིད་སྐྱོང་གི་འོས་མི་དེ་ལྐོག་ལྐོག་སིབ་སིབ་བྱེད་ཀྱི་འདུག ངས་ཐག་གཙང་མ་བཅད་ནས་བཤད་ཐུབ་པ་ཞིག་ལ་ཟློས་གར་རྩོམ་མཁན་འདི་ཚོས་ཀླུ་མཁར་བྱམས་འོས་བླུགས་མེད་པ་ང་ལ་ཡིད་ཆེས་ཡོད། ལྷག་པར་དངོས་གཞི་ལ་སླེབས་ཚེ་འདི་ཚོས་དངོས་སུ་ཟློས་གར་རྩོམ་རྒྱུ་ཡིན་པ་རེད། གང་ལྟར་ཀླུ་མཁར་བྱམས་རིག་རྒོད་རྐྱང་འདྲ་ཞིག་ཡིན་ཡང་འདི་ཚོའི་ཟློས་གར་འོག་ཏུ་ཚུད་འགྲོ་བ་སེམས་ཕངས་པ་ཞིག་རེད། ད་ཐེངས་ཀླུ་མཁར་བྱམས་ཀྱི་མི་གཞི་རྩ་བ་ནས་བླགས་སོང་བ་མ་ཟད་ནམ་ཡང་ལངས་ཐུབ་གི་མ་རེད། མི་ངན་འདི་ཚོའི་རྐུབ་ལ་ཁྱོན་ནས་རྒྱུགས་རྒྱུ་མེད། ཁོང་གི་སྐྱེས་དམན་པད་མ་ཆོས་སྒྲོན་གྱིས་ཀྱང་གཟབ་གཟབ་བྱེད་དགོས་རེད། མི་ངན་འདི་ཚོའི་ཁ་རྩར་རྒྱུགས་རྒྱུ་མང་ན་སྤྱི་འཐུས་ཀྱི་འོས་ཤོག་རེག་རྒྱུ་མ་རེད། ངས་ཆེད་མངགས་ཟློས་གར་འདིའི་ནང་དུ་ལྟ་ཞིབ་བྱེད་གི་ཡོད། གལ་ཏེ་པད་མ་ཆོས་སྒྲོན་གྱིས་ཀྱང་མི་ངན་འདི་ཚོར་འབྲེལ་འདྲིས་བྱེད་གི་ཡོད་ཚེ་ང་ཚོའི་དངོས་གཞི་འོས་ཤོག་ཤོར་གི་རེད། དེར་ཐེ་ཚོམ་མི་དགོས། དེ་ཙམ་ཡིན།
གསར་འགོད་པས་གནས་ཚུལ་གང་ཐུབ་ཐུབ་ཀྱི་གསལ་སྟོན་བཟོ་རྒྱུར་དྲིས་འདུག། འོན་ཀྱང་། འོས་འགན་གཉིས་ཀྱིས་གཡོལ་གང་ཐུབ་བྱས་འདུག། འོས་འདེམས་པས་འོས་ཤོག་སུ་ལ་འཕེན་པ་ཡིན་མིན་སྐོར་བཤད་ན་སྒྲིག་འགལ་རེད་ཟེར། བྱས་ན་སྤེན་པ་ཚེ་རིང་ནི་འོས་བསྡུའི་སྒྲིག་འགལ་དང་པོ་དེ་ཡིན་གྱི་རེད། ཁོང་གིས་ཁོང་རང་ཉིད་ལ་འོས་འཕེན་པ་གསར་འགོད་པར་གསུངས་སོང་། དེས་ན་ཁོང་གི་འོས་ཤོག་དེ་རྩིས་མེད་བཏང་ཡོད་རྒྱུ་རེད། འདི་དག་ལ་ཞིབ་འཇུག་དགོས་རྒྱུ་རེད།
གསར་འགོད་པར་ཐུབས་རྗེ་ཞུ། དྲི་བ་ཐད་ཀར་བཏང་འདུག། གྲྭ་གཟུགས་དེའི་ལན་ཐད་ཀར་མེད་པ་མ་ཟད། འོས་བསྡུའི་སྒྲིག་གཞིར་གསར་འཇུག་འདྲ་པོ་བཤད་ཡོང་གི་འདུག། འོས་འཕན་པ་རྣམས་ཀྱིས་རང་རང་གི་འོས་གཞི་ལ་འོས་འདེམས་བཤད་ན་འོས་ཤོག་རྩིས་མེད་བཏང་སྐོར་ཞིག་བཤད་སོང་། དེ་རྩིས་མེད་བཏང་སྟངས་སྐོར་ཞིབ་གསལ་ཤེས་རྟོགས་དང་གླེང་མོལ་དགོས་ཀྱི་འདུག།
ཧ་ཧ་་་སྤེན་ཚེའི་ཨབ་ཕྲུག་འདི་ཚོས་ཅི་བཤད་བསྡད་རེད་་་་ཨ རྐུ་མའི་ཐོག་ཏུ་མ་ངར་ནས་རྐུ་མར་འཛིན་མཁན་གྱི་ཐོག་ཏུ་ངར་ལུགས་ལ་བལྟས་ན་འོས་བསྡུ་ལས་ཁུངས་ཀྱི་མ་བྷན་དེ་དག་དང་སྤེན་ཚེ་ཁ་མཐུན་ཡིན་ཟོལ་འདུག་ག
སྤེན་ཚེ་ལ་ཇ་དེ་ཇ་དེར་མ་རག ཁ་དེ་ཁ་དེར་བསྲེགས་ཟེར་བ་ལྟར་རེད་པྭ། སྲིད་སྐྱོང་གི་དངོས་གཞིའི་འོས་མི་ནང་དུ་བསྡད་ན་སྤྱི་འཐུས་ཀྱི་རྐུབ་སྟེངས་ཤོར། སྲིད་སྐྱོང་གི་རྐུབ་སྟེངས་འཐོབ་པའི་རེ་བ་ནི་མེད། སྲིད་སྐྱོང་གི་དངོས་གཞིའི་འོང་མི་ནང་དུ་མ་བསྡད་ན་ཀླུ་བྱམས་དངོས་གཞིའི་ནང་དུ་བསླེབས་འོང་། དཀའ་ལས་རེད་བ། སྤེན་ཚེ་ལ་ཨེན་སྐད་ཀྱི་ཐོག་ནས་ཚིག་གཉིས་ཡོད། དེ་ནི་bey bey ཟེར་བ་འདི་ཡིན།
གཅིག་བྱས་ན་དགའ་ལྡན་ཕོ་བྲང་གིས་བློ་སེང་དང་སྤེན་ཚེ་བར་དུ་གསང་བའི་ལམ་ནས་སྐད་ཆ་འདྲ་བཤད། མཐར་སྤེན་ཚེ་བཀའ་བློན་འོས་མིའི་ཁྲོད་འཇོག་དགོས་ཐུག་སྲིད། གཙོ་བོ་ཀླུ་བྱམས་ཐ་གཅིག་ཏུ་འགོག་འདུན་ཡོད་པ་ནི་འོས་བསྡུ་ལས་ཁུངས་ནས་སྒྲིག་གཞི་བསྐྱར་བཅོས་ལས་ཤེས་ཐུབ་ཀྱི་ཡོད།
གནད་འགག་གི་སྐབས་སུ་གསར་འགོད་པའི་དྲི་བ་ཡང་གནད་འགག་ཅན་བཏང་ན་དོན་དང་གནས་པ་ཞིག་རེད། ད་ནི་དངོས་ནས་འོས་བསྡུ་ལས་ཁང་ལ་རེ་བ་ཆད་སོང་། མ་གཞི་འོས་བསྡུ་ལས་ཁང་དང་ཁྲིམས་ཞིབ་ཁང་སོགས་ནི་བོད་གཞུང་གི་རྒན་གསོ་ཁང་རེད་ཟེར་བ་ཞིག་གོ་མྱོང་ཡོད། ད་ནི་བོད་ཀྱི་མང་གཙོ་དང་འོས་བསྡུའི་སྒྲིག་ཁྲིམས་འདི་ཙམ་ཞིག་ཡིན་ན། མང་གཙོ་ཟེར་བའི་ཚིག་དེ་སྤྱོད་རྒྱུར་ཁོ་ཚོ་སྐྲག་གི་མེད་པ་འེ་ཡིན་ནམ། དེ་ལས་དབང་ཆ་གཅིག་སྡུད་རང་ལུགས་ཟེར་ན་ཡག་ག འོས་བསྡུ་ལས་ཁང་གི་རྒན་པོ་དེ་ཚོས་མི་འཇོན་ན་ད་ནི་རང་འགུལ་གྱིས་རྐུབ་བཀྱག་བཞག་ན་རེད། དངོས་ནས་ཡིན། བོད་རྒྱ་ཆེའི་མི་མང་ལ་མང་གཙོ་ཁ་ལ་འཁྱེར་ནས་རྩེད་མོ་མ་རྩེད་རོགས། ཐུགས་རྗེ་གཟུགས།
འུ་ཚང་གི་མང་གཙོ་སྒེར་གཅོད་པ་འདི་ཚོ་ཡིད་ཆད་སོང་།
དུས་ཚོད་འཕྲོ་བརླག་ལ་གཏང་ནས་འོས་སྡུག་གི་ཡང་འགྲོ་དགོས་ཡ་མིན་འདུག
དེ་སྔོན་ཀརྨ་ཡེ་ཤེས་ལགས་དེ་འདྲ་ཞིག་བྱུང་བའི་ལོ་རྒྱུས་ཡོད་པ་དྲན་ཡོང་གི་འདུག
དབུས་སྒྲིག་འཛུགས་ནང་སྒེར་གཅོད་དང་སྲིད་དབང་སྒེར་འཛིན་གྱིས་གཉའ་གནོན་ཤུགས་ཆེ་ཡོད་པ་ཤེས་ཀྱི་ཡོད་ནའང་མྱི་ངན་དེ་ཚོས་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁུར་ནས་འབུར་འཇོམས་གཏོང་དང་བཏང་བཞིན་ཡོད་པས་མི་ཚོས་ཁ་འཇམ་པོའི་ཐོག་རང་གི་འཚོ་གནས་ཡག་སར་ཁ་ཕྱོགས་ཀྱིན་ཡོད་དོ།།
བསྟན་རྣམ་ཟེར་བའི་མི་དེ་ཅི་ཟེར་གྱི་ཡོད་རེད
དོན་དངོས་ལ་ཀླུ་མཁར་བྱམས་སྲིད་སྐྱོང་ལོངས་བ་དེ་པན་པ་ཚེ་རིང་གི་འོས་འཐོར་བ་མ་ཡིན་པ བློ་བཟང་སེང་གེ་འོས་འཐོར་ཡོད་པ་ཟུར་ལྟས་ལེགས་མཐོང་ཡིན་བཞིན་དུ ཁོ་རང་ཆོལ་ཁག་གི་སྨྱོ་ནད་ཟིན་ནས་གཞན་ཚང་མ་ཆོལ་ཁག་གི་སྨྱོ་ནད་ཟིན་པ་གཞི་བཞག་བྱས་ཤག བོད་མི་ཞིག་ཡིན་ན་་དངོས་ཡོད་དང་དྲོང་བདེན་ཟེར་རྩ་བ་ནས་མེད་པ་དེ་འདྲ ཁྱོད་རང་དཔེ་བཞག་ནས་་དེ་འདྲ་མ་གནང་རོགས པན་ཚེ་རྒྱབ་སྐྱོར་བ་ཚང་མ་ནི་ཆོལ་ཁག་དང་ཆོས་ལུགས་ཀྱི་ཕྱོགས་རིས་གཟིར་བ་རྒན་རབ་ཀླད་པ་རྙིང་རུལ་ཅན་ཁ་ཤས་ཡིན་ལ བློ་སེང་རྒྱ་སྐྱོར་བ་བསམ་བློ་གུ་ཡངས་ཅན་དང གཙོ་བོ་གཞོན་སྐྱེ་ཤེས་རིགས་ཅན་རྣམས་ཡིན རྒྱུ་མཚན་ངོ་མ་ནི་དོན་དངོས་གང་འདྲ་ཞིག་ཡིན་པ་གསལ་པོ་ཚོང་དཔག་དཀའ་ཀྱང ཡང་གྲགས་ངོ་ལ་རང་བཙན་ལ་སྡང་ཟུག་མངོན་གསལ་དོད་པོ་མེད་ལ པན་ཚེ་བཞིན་རང་ཉིད་ཁེ་བཟང་ལ་བལྟ་ནས་མི་ཆེན་དང་བླ་ཆེན་རྒྱབ་རྩ་ཡིན་མདོག་མདོག་བསྟན་ནས་ཉམས་ཆུང་སེམས་པ་མངོན་གསལ་དོད་པོསབསད་མེད ཀླུ་བྱམས་འོད་བླུགས་མཁན་རྣམས་ནི་བསམ་མནོ་ཧ་ཅང་གུ་ཡངས་ཅན་དང་ཆབ་སྲིད་ཐོག་ཤེས་ཚད་ཡར་ཙམ་སླེབས་མཁན་རྐྱང་རྐྱང་ཟེར་ན་ངོ་མ་མི་འགྲིགས་པ་མེད དོན་ངོ་མ་ནི་པན་ཚེ་དང་ཀླུ་བྱམས་འོས་མི་རྒྱབ་སྐྱོར་བ་གཉིས་ནི་དངོས་འགལ་ཡིན་ལ བློ་སེང་དང་ཀླུ་བྱམས་འོས་མི་གཉིས་ཀྱི་འོས་མིའི་་རྒྱབ་ལྗོངས་མཐུན་ཕྱོགས་ཧ་ཅང་མང་བས་གལ་སྲིད་ཀླུ་བྱམས་འོས་ནང་མེད་ན་དེ་ག་རྒྱ་ཆ་དགུ་བཅུ་བློ་སེང་རྒྱབ་སྐྱོར་ཡིན་པ་སྨོད་མེད་ཡིན ངས་ཀྱང་འོས་ཐུབ་རེ་མེད་པ་ཤེས་ཀྱང་ཀླུ་བྱམས་ལ་བླུགས་པ་ཡིན་ལ གལ་སྲིད་ཀླུ་བྱམས་མེད་ན་ཐེ་་ཚོམ་མེད་པ་བློ་སེང་ལ་འོས་བླུགས་ས་ཡོད
དེ་སྔོན་ཀརྨ་ཡེ་ཤེས་ལགས་དེ་འདྲ་ཞིག་བྱུང་བའི་ལོ་རྒྱུས་ཡོད་པ་དྲན་ཡོང་གི་འདུག་ཟླ་བ་ཚེ་རིང་ཟེར་བ་དེ་ལ་ཡིད་ཆེས་ན་ཡོང་རྒྱུ་རྐུབ་དེ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལས
༼ དོན་ཚན་དྲུག་ཅུ་རེ་བདུན་པ། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
༡ བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་སོ་སོ་ནས་སྔོན་འགྲོའི་འོས་དམིགས་རེའི་མིང་དང༌། ད་ལྟའི་སྡོད་གནས། ལས་གནས། ཁྱད་མིང་ངམ་ནང་མིང་ལྟ་བུ་མིང་འདྲ་གཞན་དང་མི་ནོར་བའི་ཁྱད་མིང་རེ་བཅས་ཁ་གསལ་འགོད་ཐབས་དགོས།
༢ འོས་བསྡུ་ཟིན་འཕྲལ་ས་གནས་འོས་བསྡུ་ལས་ཁང་ནས་སྒྲིག་གཞི་དོན་ཚན་ ༣༤ དགོངས་དོན་ལྟར་ལག་བསྟར་གྱིས་གཏན་འབེབས་དུས་ཚེས་ནང་ཚུན་དབུས་འོས་བསྡུ་ལས་ཁང་དུ་ཕུལ་འབྱོར་ཐུབ་པ་དགོས།
༣ དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད།
ཀ འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས།༽
བཅའ་ཁྲིམས་རིན་པོ་ཆེ་སྒྲོགས་སྦྱོང་ལས་ལག་ལེན་ལ་བརྟར་མི་དགོས་པའི་ཁྲིམས་ཡིག་ཅིག་རེད་གདའ། ད་ཧ་གོ་ཨེ་སོང་ངམ།
ང་ལ་སྲིད་སྐྱོང་གི་འོས་ཤོག་་་བློ་བཟང་སེང་གེ་དང་་་སྤེན་པ་ཚེ་རིང་སུ་ལ་ཐོབ་ན་ཁྱད་པར་མེད་་་་་ཁོང་རྣམ་པ་གཉིས་ནི་བཙལ་་བྱོལ་ཁྲོད་ཀྱི་ཤེས་འབྱོན་གཉིས་ལྡན་ཁོང་གཉིས་ལས་ལྷག་མེད་་་་་་ང་ལ་བསམ་ཚུལ་ཅིག་ཡོད་པ་ནི་རྒྱུན་ལྡན་བོད་བང་ཆེན་ཟེར་བའི་གསར་ཁང་གསར་འགོད་བྱེད་སྟངས་དེ་རེད་་་་མཚམས་རེར་དཔྱད་ཞིབ་གང་ཡང་མེད་པར་སྤྱི་ཚོགས་ནང་གི་གད་སྙིགས་དག་འཁོད་ཀྱིན་འདུག་་་་མཚམས་རེར་་་་་རྒྱ་ནག་གི་གནས་ཚུལ་འཁོད་པ་ལ་རོགས་པ་བྱེད་ཀྱི་འདུག་་་་་མཚམས་རེར་་་་བཙན་བྱོལ་གཞུང་ལ་མི་སྣ་གལ་ཆེན་ཞིག་ཡོད་ན་དེ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་་་་མཚམས་རེར་ཆོལ་ཁ་དང་ཆོས་ལུགས་་་ལུང་ཚན་པར་དཀྲུགས་ཤིང་རྒྱག་གི་འདུག་་་་གསར་ཁང་འདི་ལ་གསར་འགོད་པའི་རང་ཚུགས་ཞིག་ཡོད་དམ་་་་་་འདི་བོད་ཀྱི་བང་ཆེན་རེད་དམ་་་་བོད་དཀྲུགས་ཡ་གི་བང་ཆེན་རེད་་་་མི་བདེན་གི་བསམ་ན་རྒྱུན་ལྡན་དཔྱད་ཞིབ་བྱས་ན་ཧ་གོ་གི་རེད།
དྲི་བ་ཁ་ཐུག་དྲིས་འདུག་ལ་ལན་ཡང་གསལ་ཐག་ཆོད་རྒྱབ་འདུག དམངས་གཙོའི་གཞུང་གི་རྣམ་པ་མངོན་གསལ་དོད་པོ་ཆགས་འདུག འདི་ནི་དགའ་འོས་པའི་དོན་བཟང་ཞིག་རེད། དེ་བཞིན་ད་ལོའི་སྲིད་སྐྱོང་འོས་སྡུ་ལ་བོད་མི་མང་གིས་སྔར་ལས་ལྷག་པའི་དོ་ཁུར་གནང་གི་འདུག་ལ། ཚ་ཚ་འུར་འུར་གྱིས་འོས་སྡུའི་ལས་རིམ་ལ་མཉམ་བཞུགས་གནང་གི་འདུག དེ་ལས་ཀྱང་དགའ་འོས་པ་ཞིག་ནི་དྲ་ཐོག་གི་ངོ་གདོང་མེད་པའི་དྲ་འབུ་ཚོས་སྲིད་སྐྱོང་འོས་མི་ཚོར་གཞི་མེད་སྐྱོན་འཛུག་དང་། ཆབ་སྲིད་ལོག་སྤྱོད་པ་ཚོས་སྤྱི་ཚོགས་དཀྲུག་ཐབས་དང་བོད་མིའི་སྒྲིག་འཛུག་གཏོར་ཐབས་ཀྱི་ཐབས་ཤེས་ཡོད་དགུ་བྱས་སོང་ཡང་། མི་མང་རྣམས་ཁོ་ཚོའི་
མགོ་སྐོར་འོག་ལ་མ་ཚུད་པར་རང་ཉིད་རང་ལ་དབང་བའི་ཐོག་ནས་འོས་བླུག་ཡོད་པ་སྔོན་འགྲོའི་འོས་སྡུའི་གྲུབ་འབྲས་ནས་གསལ་པོ་ཆགས་སོང་། བོད་རྒྱལ་ལོ། དམངས་གཙོ་རྒྱལ་ལོ།
དང་པོ་བང་ཆེན་འཁྱོག དེ་ནས་གསར་འགོད་འཁྱོག ཐ་མ་དྲི་བ་འཁྱོག མཆན་བུ་སྨྱོན་པ་ལོས་འཁྱོག
ཅོ་རི་ཉི་མ་ཟེར་པ་རྒྱ་དམར་གྱི་རྐུབ་གཡོག་དོལ་རྒྱལ་གྱི་གདོན་གྱི་ཟེར་པ་ཁྱོད་ལྟ་བུའི་སྐད་ཆ་ག་རེ་བཤད་ཀྱང་ང་ཚོ་༸གོང་ས་མཆོག་ལ་བརྩི་བཀུར་ཞུ་མཁན་ལ་གང་ཡང་གནོད་ཐུབ་ཀྱི་མ་རེད་དོ།
བོད་ཀྱི་བང་ཆེན་གནད་དོན་ངོ་མ་སྒང་ལ་དྲི་བ་དཔེ་ཡག་པོ་བྲིས་ཤག་ བཙན་བྱོལ་སྤྱི་ཚོགས་ནང་ལ་གསར་ཤོག་འདི་འདྲ་ཡོད་པ་དེ་ངོ་མ་དམངས་གཙོའི་དྲི་མ་འདྲ་ཅང་ཡོང་གི་འདུག སྔ་མ་ཡིན་ན་དུས་བབས་ལ་ཧ་ཅང་དགའ་བོ་ཡོད ད་ལོ་འོས་བསྡུ་རན་ཁ་ལ་མོ་ལ་དུས་བབས་ཚག་ཤོག་ངོ་མ་སྨྱོ་ཆུ་མཐུང་བྱུང དུས་བབས་ཁོ་རང་ཚང་ དང་ ཁོ་རང་གི་རྒྱབ་རྩ་ཡོད་ས་ལ་སྐྱོན་བརྗོད་མཆན་ངོས་ལེན་མི་བྱེད་པ་མ་ཚད དཔེ་ན་བློ་སེང་ལྟ་བུ་ལ་སྐྱོན་བརྗོད་ཀྱི་རྩོམ་ག་ཚོད་ཡོད་ན་འགོད་རྐྱང་རེད་ལ དེ་ལ་གསལ་བཤད་ཀྱི་རྩོམ་རྣམས་ནི་རྩོམ་ཐུང་གཅིག་བཀོད་མ་བྱུང་ལབ་ན་ཐལ་ཆེ་ས་མེད ཚོགས་གཙོའི་སྐྱོན་བརྗོད་ཀྱི་རྩོམ་ཡིག་གཅིག་ཡང་བཀོད་མ་སོང་་ལབ་ན་འགྲིགས་ས་ཡོད
་་་་་་་་་་་་ སྔ་མ་ཡིན་ན་དུས་བབས་ལ་ཧ་ཅང་དགའ་བོ་ཡོད ད་ལོ་འོས་བསྡུ་རན་ཁ་ལ་མོ་ལ་དུས་བབས་ཚག་ཤོག་ངོ་མ་སྨྱོ་ཆུ་མཐུང་བྱུང དུས་བབས་ཁོ་རང་ཚང་ དང་ ཁོ་རང་གི་རྒྱབ་རྩ་ཡོད་ས་ལ་སྐྱོན་བརྗོད་མཆན་ངོས་ལེན་མི་བྱེད་པ་མ་ཚད དཔེ་ན་བློ་སེང་ལྟ་བུ་ལ་སྐྱོན་བརྗོད་ཀྱི་རྩོམ་ག་ཚོད་ཡོད་ན་འགོད་རྐྱང་རེད་ལ དེ་ལ་གསལ་བཤད་ཀྱི་རྩོམ་རྣམས་ནི་རྩོམ་ཐུང་གཅིག་བཀོད་མ་བྱུང་ལབ་ན་ཐལ་ཆེ་ས་མེད ཚོགས་གཙོའི་སྐྱོན་བརྗོད་ཀྱི་རྩོམ་ཡིག་གཅིག་ཡང་བཀོད་མ་སོང་་ལབ་ན་འགྲིགས་ས་ཡོད ་་་་་་་་་་་་་་་་་་
དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བཀྲིས་བདེ་ལེགས་ཀྱི་ཚིག་སྐམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་མེད་ཚོ།