དེང་རབ་ཚན་རིག་གི་ཡབ་ཏུའང་འབོད་མཁན་ཡོད་པའི་ཌེ་མོ་ཁི་རེ་ཁྲུ་ནི་( 460 BC – 370 BC) དངོས་པོ་ཚང་མ་རྡུལ་ཕྲན་གྱིས་གྲུབ་པ་དང་ཆེས་ཕྲ་བའི་རྡུལ་ཕྲ་མོ་ནི་འཇིག་པ་མེད་པར་རྟག་པའི་རང་བཞིན་ཅན་ཡིན་པར་བརྗོད་མཁན་དུ་ཡོངས་གྲགས་སུ་དངོས་འཛིན་གྱི་ཡོད་པ་རེད། ཁོང་ནུབ་ཕྱོགས་ཀྱི་མཚན་ཉིད་རིགས་པ་གྲགས་ཅན་སོ་ཁུ་རེ་ཌུའི་སྔོན་ལ་བྱུང་བ་ཞིག་རེད།
སྤྱིར་བཏང་སྤྱི་ལོ་སྔོན་ནས་ཕྱི་དངོས་པོའི་ཕུན་ཚོགས་ཀྱིས་བདེ་སྐྱིད་སྐྲུན་ཐུབ་པར་ཡིད་ཆེས་མེད་པ་དང་། འཇིག་རྟེན་གྱི་ལས་ལ་ངེས་འབྱུང་མཁན་གྱི་བྱ་བྲལ་བ་དང་དཀའ་ཐུབ་སྒྲུབ་མཁན། འཇིག་རྟན་འཚོ་བ་ལས་རྒྱང་རིང་དུ་བསྐྱེད་པའམ་གཡོལ་ཏེ་ཁེར་སྡོད་སྒོམ་སྒྲུབ་ཀྱིས་སེམས་ཐོག་རང་དུ་བདེ་སྐྱིད་འཚོལ་ཐབས་ཀྱིས་མི་ཚེ་གཏོང་མཁན་གྱི་ཚོགས་སྡེ་དང་སློབ་གྲྭ་དེ་འདྲ་ཧིན་དུ་དང་གནའ་སྔ་མོའི་གྷི་རིག་ནང་དུ་རིམ་པར་བྱུང་ཡོད་པ་རེད།
སངས་རྒྱས་ཀྱི་ཆོས་དེ་གནའ་སྔ་མོའི་ཧིན་དུའི་ཆོས་ལུགས་གཞིར་བཞག་ནས་གསར་བཏོད་གནང་བ་ཞིག་ལ་མང་པོ་ཞིག་ནས་ངོས་འཛིན་གནང་གི་ཡོད་པ་རེད། ད་རུང་། ཧིན་དུའི་ཡོ་རོབ་ཀྱི་རིག་གཞུང་དེ་གཅིག་ལ་གཅིག་གིས་ཤན་ཞུགས་ཤིང་རྩ་བ་དང་ལོ་རྒྱུས་ཁོངས་གཅིག་ལ་ཐུག་ཡོད་པ་ཞིག་ཡིན་པས་ད་རུང་རྒྱུ་མ་ཕུ་འདེད་བྱ་རྒྱུ་མང་དུ་ཡོད་པ་རེད།
ལོ་ངོ་ཉིས་སྟོང་སུམ་སྟོང་གི་ལོ་རྒྱུས་ཡོད་པའི་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་ཀྱི་གྲུབ་མཐའ་འདི་མཐའ་གཅིག་ཏུ་ལྷུང་ཞིང་ཆ་ཚང་བའི་གྲུབ་མཐའ་ཞིག་མིན་པར་བརྟེན་ལོ་རྒྱུས་རིང་མོའི་ཁྲོད། མིའི་སྤྱིའི་ཚོགས་ཀྱིས་ངོས་ལེན་ཆ་ཚང་མ་གནང་བར་ཕྱི་དངོས་པོའི་ཐོག་ནས་བདེ་སྐྱིད་འཚོལ་ཐབས་ལ་གཅིག་ཏུ་འབད་ནས་ཡོང་བ་རེད། ད་ཆ་མི་མང་པོ་ཞིག་གི་འཚོ་བའི་གནས་སྟངས་ཀྱི་རིམ་པ་ལྟར་ནང་སེམས་ཀྱི་བདེ་སྐྱིད་ལ་ཞིབ་འཇུག་གནང་བའི་འབྲས་བུ་ལྟར་ནའང་། ལས་ཀ་ཡག་པོ་ཡོད་པ། ཕྱི་དངོས་པོའི་ཆ་རྐྱེན་དང་མཐུན་རྐྱེན་འཛོམས་པོ་ཡོད་པ་རྣམས་ལ་བདེ་སྐྱིད་ཆེ་བ་དང་། དེ་ལྟར་མེད་པ་རྣམས་སེམས་སྡུག་དང་དཀའ་ངལ་མང་བ་ཡོད་པའི་ཞིབ་འཇུག་དེ་དག་གིས་ཀྱང་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་དེ་མཐའ་གཅིག་ཏུ་ལྷུང་བ་ཞིག་ཡིན་པར་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད། དེས་ན་མཐའ་གཅིག་ཏུ་མ་ལྷུང་བར་ཕྱི་དངོས་པོ་དང་ནང་སེམས་གཉིས་ཐོག་ནས་མཐར་རུ་མ་ལྷུང་བའི་བདེ་སྐྱིད་སྒྲུབ་དགོས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད།
ལས་ཀ་མ་ལས་པར་སྐྱེས་དམན་དང་བྱིས་པ་གཡུག་ཏེ་དབེན་པར་སོང་ནས་ཁེར་མོར་སྡོད་པ་ནི་ཁྱིམ་ཚང་ལ་འགན་མ་ཁུར་བ། སྤྱི་ཚོགས་ལ་འགན་མ་ཁུར་བ། ཐ་ན་མི་རང་ཉིད་ཀྱི་ལྟོ་གོས་ལའང་འགན་མ་ཁུར་བ་ཞིག་ཅི་ལ་མིན། ལས་ཀ་མ་བྱས་ན་ཟ་མ་གང་ནས་ཡོང་དགོས་རེད། གོན་རྒྱུ་གང་ནས་ཡོང་དགོས་རེད། ལྟོ་གོས་མེད་ནས་ལྟོགས་སྐོམ་བྱུང་ན་དེ་ན་བདེ་སྐྱིད་ཅང་ཡོད་པ་མ་རེད། ཡིན་ནའང་བསམ་བློའི་འཛིན་སྟངས་ཤིག་གི་ཐོག་ནས་དེ་ལ་སྡུག་སྒོམ་བཟོད་བསྲན་དང་དཀའ་ཐུབ་སྤྱད་ནས་གདོང་ལེན་བྱེད་ཐབས་ཤིག་ལོས་ཀྱང་ཡོད།
ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིབ་འཇུག་བྱེད་རིན་ཡོད་པ་དང་ལེགས་ཆ་བསྡུ་རྒྱུ་ཡོད་པ་ཞིག་ཡིན་པ་སྨྲོས་མེད་ཀྱང་འདོད་པའི་རང་བཞིན་ཅན་འདོད་པ་དོན་དུ་གཉེར་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན་པའི་མིའི་འཇིག་རྟེན་གྱི་སྤྱི་ཚོགས་འདི་དང་ཧ་ཅང་འཚམས་པོ་ཡོད་པའི་ཆོས་ལུགས་ཤིག་མིན་པ་འདྲ། ཡང་འདོད་པ་ལམ་འཁྱེར་ཟེར་བའི་མིའི་སྤྱི་ཚོགས་འདི་དང་འཚམས་པོ་ཡོད་པའི་ལེགས་བཤད་གསེར་འདྲ་བ་དེ་འདྲའང་མཐོང་རྒྱུ་འདུག མི་མང་པོ་ཞིག་གི་སེམས་ལ་འདོད་པ་དོན་དུ་གཉེར་ཟེར་ན། མི་དགེ་བའི་ལས་ལ་ཞུགས་ཟེར་བ་ལྟ་བུ་ཞིག་ཏུ་གོ་ན་དེ་ནི་ནོར་འཁྲུལ་ཡིན་པ་རེད། ང་ཚོའི་མིས་བཟོས་པའི་ཁྲིམས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་མི་ཆོས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་ལྷ་ཆོས་ཟེར་བ་ཞིག་ཡོད་པ་དེ་དག་དང་མཐུན་པའི་སྒོ་ནས་འདོད་པ་དོན་དུ་གཉེར་སྟངས་མཐའ་དང་ཕྱོགས་སུ་མ་ལྷུང་བ་ཞིག་ཡོད་པ་རེད། དེ་གལ་ཆེན་པོ་རེད།
ཆོ་མེད་པ། གོ་རྒྱུ་མེད་པ། འབྲས་བུ་མེད་པ། རྒྱུ་མཚན་མེད་པ། ཉན་མཁན་མེད་པ། ཕྱུགས་དགའ་སྤྲང་སྨད། ཧཧཧཧཧཧཧཧཧཧཧཧ་ད་ཡིན་ན་བོད་པ་ཁ་ཤས་སྨྱོ་ཚར་འདུག། ཆོས་པ་རྣམ་དག་ཉུང་སྐྱོན་ལས་མང་སྐྱོན་མེད། ༧གོང་ས་ཡིད་བཞིན་ནོར་བུའི་ཀྱང། ཆོས་པ་རྣམ་དག་དགོས་ཚུལ་གསུངས་སོང། མྱ་ངན་ལས་འདས་པའི་གང་ཟག་མང་ན་འཇིག་རྟེན་ལ་བདེ་སྐྱིད་སྐྲུན་པ་ལས་གནོད་སྐྱེལ་ཕྱག་ལས་གནང་ན་མྱ་ངན་ལས་མ་འདས་པ་རེད། ༧གོང་ས་ཡིད་བཞིན་ནོར་བུ་ལྟར་བུའི་ཆོས་པ་རྣམ་དག་བོད་གངས་ཅན་གྱི་ལྗོངས་སུ་ཁེངས་བ་ཤོག་ཅིག་ཟེར་ནས་སྨོན་ལམ་རྒྱབ་གི་ཡོད། བོད་ཟེར་མཁན་ཞིག་ཡོད་པར་འཛམ་བུ་གླིང་གི་ཧ་གོ་བྱེད་བརྡ་སྤྲོད་པ་པོ། ཆོས་པ་རྣམ་དག་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ལས་གཞན་སུ། དྲྭ་གྲོགས་ཁྱེད་ཡིན་པས། ཧཧཧཧཧཧཧཧཧཧཧཧཧ། ད་ཁྱེད་བྲག་ཕུག་རི་ཁྲོད་དུ་མ་འཛུལ་ནས་སྤྱི་ཚོགས་གི་འགན་འཁུར་བྱས་སྟེ། ༧གོང་ས་མཆོག་ལས་ལྷག་པའི་བྱས་རྗེས་ཞིག་སྟོན་ཤོག་དང། དེ་ངས་ཁྱེད་རང་ལ་མི་ཚེ་འདི་གཡོག་པོ་རྒྱུག་ཆོག། དེ་མིན་ཆོས་པ་རྣམ་དག་༧གོང་ས་མཆོག་དང་ཆོས་ལྡན་གྱི་བོད་པ་ལ་བསྐུར་འདེབས་བྱས་ན་ཚོགས་ངན་བསགས་པ་རེད་ད།
༧གོང་ས་ལྟ་བུའི་སྐྱེས་ཆེན་མང་ན་དགའ།།
ཆོས་པ་རྣམ་དག་མང་ན་ལྷག་ཏུ་དགའ།།
འཇིག་རྟེན་བདེ་སྐྱིད་སྐྲུན་མཁན་ཡོད་ན་འགའ།།
མཐའ་གཉིས་མ་ལྷུང་བདེ་སྐྱིད་སྐྱོང་ན་དགའ།།
བོད་ལ་ཕྱུགས་པོ་མང་ན་ལྷག་ཏུ་དགའ།།
ལས་མེད་སྤྲང་པོ་མེད་ན་རབ་ཏུ་དགའ།།
དོན་མེད་གསོ་གདས་ཉུང་ན་ཆེས་ཆེར་དགའ།།
དྭངས་བླངས་མ་དགའ་ཅི་ཞིག་བཤད་ཀྱི་ཡོད།།
བསགས་པའི་རྒྱུ་ལ་སྙིང་བོ་མི་འདུག་ཟེར།།
མི་རྟག་རྩྭ་མགོའི་ཟིལ་བ་ལྟ་བུ་ཟེར།།
སྤྱད་ན་ལན་ཚྭའི་ཆུ་དང་འདྲ་བ་ཟེར།།
ང་ཚོ་མི་ཡིས་ཅི་ཞིག་སྤྱོད་དགོས་རེད།།
བླ་མ་རྣམས་ལ་འབུལ་བ་ཕུལ་དགོས་རེད།།
གྲྭ་མང་འདུས་དུས་མང་འགྱེད་གཏོང་དགོས་རེད།།
སྤྲང་ཚོགས་འཛོམས་དུས་སྦྱིན་པ་གཏོང་དགོས་རེད།།
ཞལ་འདེབས་སློང་དུས་དཀར་ཐིག་རྒྱག་དགོས་རེད།།
རྒྱུ་ནོར་མེད་ན་ང་ཚོས་ཅི་ཞིག་འབུལ།།
རྒྱུ་ནོར་མེད་ན་ང་ཚོས་ཅི་ཞིག་ཟ།།
རྒྱུ་ནོར་མེད་ན་རྒྱལ་ཁབ་ཅི་ལྟར་སྐྱོང་།།
རྒྱུ་ནོར་མེད་ན་རང་དབང་ཇི་ལྟར་རྩོད།།
ཆོས་མེད་ས་ལ་ཆོས་ཀྱི་བསྟན་པ་དར།།
ནོར་མེད་ས་ལ་ནོར་གྱི་དངོས་གྲུབ་རྒྱས།།
ཐར་འདོད་རྣམས་ལ་ཐར་བའི་ལམ་རྙེད་ཤོག།
འདོད་པ་དོན་གཉེར་འདོད་དོན་འགྲུབ་པར་ཤོག།
ཞི་རྒྱས་དབང་དྲག་འཕྲིན་ལས་དགུང་ལ་རེག།
ཆོས་ནོར་ཐར་འདོད་ཕུན་ཚོགས་སྡེ་བཞི་དར།།
ཕྱི་ནང་བདེ་སྐྱིད་གཉིས་ཀ་འཛོམས་པར་ཤོག།
དགའ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།
དེང་རབ་ཅེས་པ་དེ་དེང་རབས་སུ་བཅོས་རོགས། མདའ་ཚན་པ་ཁྱོད་ཀྱིས་སྐད་ཆ་ཉག་ཉོག་མང་བ་ལས་གོ་རྒྱུ་ཚོར་རྒྱུ་གང་མི་འདུག
མཛེས་སྡུག་ལྡན་པའི་རྩོམ་ཡིག་འབྲི་རོགས་གནང་། མཛེས་དཔྱོད་ལྡན་པའི་རྩོམ་ཡིག་འབྲི་རོགས་གནང་།
མཛེས་རྩལ་ལྡན་པའི་རྩོམ་ཡིག་འབྲི་རོགས་གནང་། ཁྱེད་རྩོམ་རྣམས་ལ་དེ་དག་ཚང་པས་ན། གཞན་རྩོམ་དག་ནི་ཀློག་འདོད་མི་སྤྲོ་འོ།།
མདོར་ན་ཡོད་ཚད་ནོར་གྱིས་བསླུ་བཞིན་ཡོད།།
མདོར་ན་ཡོད་ཚད་ནོར་དང་བརྗེ་བཞིན་ཡོད།།
མདོར་ན་ཡོད་ཚད་ནོར་གྱིས་ཕུང་བཞིན་ཡོད།།
མདོར་ན་ཡོད་ཚད་ནོར་རྗེས་རྒྱུག་བཞིན་ཡོད།།
བླ་མ་ཕྱི་རྒྱལ་ཕེབས་པ་ནོར་གྱི་ཆེད།།
གྲྭ་པས་ཐོས་བསམ་བྱེད་པ་ནོར་གྱི་ཆེད།།
བུ་ཕྲུག་སློབ་སྦྱོང་བྱེད་པ་ནོོར་གྱི་ཆེད།།
ན་གཞོན་དཀའ་ལས་རྒྱབ་ཚད་ནོར་གྱི་ཆེད།།
ཡ་རབ་བཟང་སྤྱོད་བརླག་པ་ནོར་གྱི་ཆེད།།
བྱམས་བརྩེ་དྲང་བདེན་བརླག་པ་ནོར་གྱི་ཆེད།།
ཁྲིམས་འགའ་བྱ་ངན་སྤེལ་བ་ནོར་གྱི་ཆེད།།
རྒྱུ་འབྲས་རྒྱབ་ལ་གཡུག་པ་ནོར་གྱི་ཆེད།།
བོད་པ་ནུབ་ཕྱོགས་འགྲིམ་པ་ནོར་གྱི་ཆེད།།
བཟའ་ཟླ་ཕྱི་མི་རྩལ་བ་ནོར་གྱི་ཆེད།།
དེ་ཡང་རྒན་རྒོན་གདམ་པ་ནོར་གྱི་ཆེད།།
རང་གི་སྐད་ཡིག་བརླག་པ་ནོར་གྱི་ཆེད།།
མདོར་ན་ནོར་གྱིས་མ་ཕུང་ཅི་ཡང་མེད།།
འདོར་ན་ནོར་གྱིས་མ་བརླག་ཅི་ཡང་མེད།།
མདོར་ན་ནོར་གྱིས་མི་རྣམས་སྨྱོན་པར་བསྒྱུར།།
མདོར་ན་ནོར་གྱིས་འདི་ཕྱི་གཉིས་ཀ་ཕུང་།།
གོ་རྒྱུ་འདུག་ལ། མཐའ་གཉིས་སུ་མ་ལྷུང་བའི་ལྟ་བ། ལག་ལེན། ཉིན་རེའི་འཚོ་བའི་ནང་སུ་ལའང་དགོས་ངེས་རེད།
་འདི་ལྟའི་བསམ་བློ་མེད་ན། ཆོས་ཕྱོགས་ནས་བསམ་ན་ མི་ལ་རས་པ་ལྟ་བུ་གཞན་གྱིས་ཟས་ཞིམ་པོ་ཁ་གང་ཕུལ་ནའང་ཟ་མ་ཕོད་པར་སྡུག་སྒོམ་ཁོ་ན་རྒྱབ་པ་དང་། ཁ་ཅིག་གིས་ཆོས་ཤིག་བྱེད་ན་མི་ལ་ལྟ་བུ་ཟས་མ་ཟ། གོས་མི་གྱོན། སྤྲང་པོ་བྱས་ནས་སྡོད་དགོས་པ་ལྟ་བུ་གོ་ནས་ཟས་གོས་འཛོམ་པའི་ཆོས་པ་ལ་མིག་བགྲད་ནས་ལྟ་བ་འདི་བྱུང་།
གང་ལྟར་བསྟན་པའི་ཉི་མས་བརྩམས་པའི་སྐྱིད་སྡུག་ལམ་ཁྱེར་ལ་གཟིགས་དང་མཐའ་གཉིས་སུ་མ་ལྷུང་བའི་སྒོ་ནས་ཆོས་སྒྲུབ་སྟངས་གསུངས་འདུག
ཁྱེད་ཚོས་ཟིན་སྤེལ་ས་ཡོད་དུས་ལེགས་པོར་སྤེལ་རོགས་གནང་། གུས་ནི་འདིར་མཆན་འགོད་རྒྱུ་ཁོ་ནས་ལས་ཟིན་བྲིས་གཏོང་ས་ཡོད་ནི་མ་རེད། དེ་སྔོན་ཐེངས་འགའ་བཏང་ཁ་བརྡ་ཚང་གིས་ངོས་ལེན་བྱས་མ་བྱུང་བས་ཅི་བྱ་བྲལ།