འཕན་མྱི།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས། ས་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཆེན་མོ། བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་པའི་ཚོགས་གཙོ། ཧམ་སེམས་དང་འཐེན་འཁྱེར་ཆུང་བར་གྲགས་པ། ཤེས་ཡོན་དང་ལྷག་བསམ་ཆེ་བར་གྲགས་པ། ངང་རྒྱུད་དང་དབུ་སྐྲ་རིང་བར་གྲགས་པ། ཕོ་སྒོ་དང་གསུངས་སྟངས་བརྗིད་པར་གྲགས་པ། རྩོམ་རིགས་དང་སློབ་ཐབས་ལ་མཁས་པར་གྲགས་པ། དོན་དང་བྱ་བ་ཉུང་བར་གྲགས་པ། རང་ཚུགས་དང་གཤིས་རྒྱུད་བརྟན་པར་གྲགས་པ། དད་འདུན་དང་རིགས་ཞེན་ཟབ་པར་གྲགས་པའི་ཆབ་བྲག་ལྷ་མོ་སྐྱབས་རྡ་རམ་ས་ལ་དང་ཁ་གྱེས་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
ཁོང་རྡ་རམ་ས་ལའི་གཤོང་སའི་ས་ར་ཞེས་པའི་ནགས་གསེབ་སྟུག་ས་ཞིག་ཏུ་འཛུལ་ནས་ལོ་དེ་སྙེད་ཅིག་ལ་སྐུ་གསུངས་ཐུགས་ཀྱི་ངལ་བ་དང་བླངས་ཀྱིས་སློབ་ཁྲིད་ལས་ཀར་གཞོལ་ཞིང་མཁས་བླུན་བར་མའི་སློབ་ཕྲུག་དེ་སྙེད་ཅིག་ལ་བོད་ཀྱི་རྩོམ་རིག་གི་སློབ་གསོའི་བདུད་རྩི་ཕངས་མེད་དུ་སྦྱིན་པའི་ཉེར་ལེན་ལས་ཁོང་གི་མཚན་གྱི་དྲིལ་ཆུང་ཡང་སྙན་སིལ་ལེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ན་ཉམས་མེད་དུ་འཁྲོལ། དབྱངས་ཅན་སྤྲུལ་པའི་གླེགས་བམ་ཞེས་པའི་རྩོམ་དེབ་གསུམ་གྱི་བམ་ཁ་དང་ལྗིད་ཁོག་དེས་ཀྱང་ྐློག་པ་པོའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་བཞག དེ་ནི་ཁོང་གི་རྩོམ་ཡིག་གི་ཟབ་ཟབ་སྙན་སྙན་གྱི་བརྗོད་བྱ་རྗོད་བྱེད་ཁོ་ནས་མ་ཡིན་པར་ཁོང་གི་ངལ་བ་དང་བླངས་ཀྱི་དགེ་རྒན་གྱི་ཕྱག་ལས་ལ་གཞོལ་བ་དང་། ཧམ་སེམས་དང་དང་འཐེན་འཁྱེར་མེད་པའི་རང་གཤིས་བརྟན་པོ། ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་གོང་འཕེལ་སྲོག་ཏུ་བྱས་པའི་བདེ་དོན་ལ་གཞོལ་བ་དེ་ནི་རྒྱུ་མཚན་གང་གིས་ཆབ་བྲག་ལྷ་མོ་སྐྱབས་ཞེས་པའི་སྐྱེས་སུ་དེ་བོད་མིའི་སེམས་ཁོངས་སུ་རིན་ཐང་ཅན་གྱི་མི་ཞིག་ཏུ་གྱུར་དོན་དེ་རེད
མི་འདི་དང་འདི་ལྟ་བུ་དག་ནི་སྤྱི་ཚོགས་དེ་ཁྱིམ་ཞིག་ཡིན་པར་ཆ་བཞག་ན་མཐིང་སྨུག་སྦྲ་ཡི་ཆོན་ཐག་རེ་རེ་དང་ཕ་ཁང་གྲུ་བཞིའི་ཀ་བ་རེ་རེ་ཡིན་སྟབས་མི་འདི་དང་དེ་ལྟ་བུ་རེ་རེ་རང་གི་སྤྱི་ཚོགས་ཀྱི་ལས་གནས་དང་ཁ་གྱེས་པ་དེས་ཕ་ཁྱིམ་གྱི་གྲུ་ཟུར་རེ་རེར་ཐིགས་ཆུ་ཇེ་མང་དང་བསེར་བུའི་ཇེ་གྲང་དུ་འགྱུར་བཞིན་ཡོད། ཀྱེ་མ། ནམ་ཞིག་མི་བུ་འདི་དང་དེ་ལྟ་བུ་རེ་རེ་བཞིན་ཐམས་ཅད་རང་གི་སྤྱི་ཚོགས་ཀྱི་ལས་གནས་དང་ཁ་གྱེས་པའི་ཉིན་མོར་ཏཱ་ལའི་བླ་མ་ཡང་ཁེར་རྐྱང་དུ་གྱུར་པ་ཡིན་ལ་བོད་མི་མང་ཡང་རྩིད་སྐུད་མགོ་བྲེགས་ཀྱི་རྣམ་པར་གྱུར་པ་ཡིན། སྐྱེས་བུ་དམ་པ་དེ་དག་ནི་སྤྱི་ཚོགས་ཤིག་གི་ཕྱི་ཡི་ལྕགས་རི་ཡིན་ལ་ནང་གི་ནོར་བུ་ཡིན། རང་ལ་ཡོད་ན་ངོམ་རྒྱུ་དང་གཞན་ལ་ཡོད་ན་སྨོན་རྒྱུ་དེ་ཡང་ཡིན། ཉམ་ཆུང་ཞིང་ཉམས་ལ་ཉེ་བའི་ང་ཚོའི་ཁ་སྟབས་གང་ལས་ཀྱང་སྐྱོ་བས་ཕྱི་དངོས་པོའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གིས་ཁྱེད་ཅག་དགྱེས་པ་སྐྱེད་པར་རྔོ་མི་ཐོགས་ཀྱང་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་སྟེ་གདོང་དྲུག་བོད་མིའི་ཁྲག་རྒྱུན་གྱི་འཁོར་སྐྱོད་ཇི་སྲིད་ལུས་ལ་རྒྱུ་བ་དེ་སྲིད་དུ་བོད་མི་རེ་རེའི་སེམས་ཀྱི་ངོས་སུ་ཁྱེད་ཚོ་གནས་ངེས་ཡིན།
མིའི་ལུས་སེམས་ཀྱི་སྟོབས་ཤུགས་ལ་ཚད་ཡོད་སྟབས་སྐྱབས་བཅོལ་བའི་འཚོ་ཐབས་དང་། རྒྱ་གར་གྱི་ཚ་བ། ཕུགས་བསམ་གྱི་འགོག་རྐྱེན། མཐུན་རྐྱེན་གྱི་དཀའ་ངལ་བཅས་ཀྱི་གནོན་ཤུགས་མ་ཐེག་པར་ཡུལ་ནས་ཡུལ་གྱར་ཏེ་ཡུ་རོབ་ཀྱི་གླིང་། ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་སློབ་གྲྭ་ཆེན་མོ་ཞིག་གི་བོད་ཡིག་འཛིན་གྲྭའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུད་ལ་ཉེ་བའི་དུས་འདིར་དུས་འདིར། ངས་དམ་པ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་པ་སྤྱི་དང་ལྷག་པར་ཡང་བོད་མི་རིགས་ཀྱི་སེམས་ཁམས་ལ་སྨན་བཅོས་ཀྱི་ཆེད་དུ་ཆེད་ལས་རྩོམ་པ་པོའི་ཐུགས་འདུན་ལ་བགེགས་ཀྱི་མཚན་མ་ཕྲ་མོ་ཙམ་གྱིས་ཀྱང་ཉེ་བར་མ་གོས་ཤིང་། རྒྱལ་ཁབ་དང་མི་རིགས་ཀྱི་ལས་འགན་རླབས་པོ་ཆེ་དེ་ཉིད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་བཅས་ཕེབས་སྐྱེལ་ཤིག་གི་ཚབ་ཏུ་ཚིག་ཁ་ཤས་ཤིག་ཕུལ་བ་ལགས་སོ། །
གཞན་ལ་ཕེབས་ན་བཙན་བྱོལ་གྱི་ཁོར་ཡུག་ནང་ཏག་ཏག་གྱོང་རེག་གི་རེད། མ་གཞི་ང་ཚོ་འདི་འདྲ་ཅིག་རེད། རང་ལ་ཡོད་དུས་བདག་འཛིན་བྱེད་ཤེས་ཀྱིན་མི་འདུག
དཔེར་ན་དགེ་ཆོས་དང་ལུང་ཤར་བ་ད་དུང་སྡེ་སྲིད་ཚང་རྒྱལ་ལོ་དོན་འགྲུབ་ཚང་སོགས་མང་བོ་ཞིག་ང་ཚོ་དང་ཁ་བྲལ་དུས་སྒང་ལ་གཞི་ནས་འགྱོད་ཀྱིན་ཡོད་པ་རེད་དེ་ནི་ང་ཚོའི་ནོར་འཕྱུག་ཆེན་པོ་ཞིག་རེད།
སྡུག་སྐད་མ་རྒྱག འོ་ན་གོང་ས་མཆོག་དགུང་ལོ་དོན་གསུམ་ལ་ཕེབས་པའི་སྟེང་དུ་སྙུང་གཞི་ཡང་བཞེས་པས་མི་ཚད་སྐུ་ལ་གཤག་བཅོས་ཀྱང་འབུལ་དགོས་ཀྱི་འདུག་ག ཉི་མ་ནམ་ཞིག་བོད་མི་ཕར་ཟད་འཛམ་གླིང་གི་ཉི་མ་འདི་ལྟ་བུ་ཡང་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་ཞི་བ་ཆེན་པོའི་དབྱིངས་སུ་མནལ་སྲིད་པས། ང་ཚོ་སྐུ་ཞབས་ཆབ་བྲག་པ་ལྟ་བུའི་དགེ་རྒན་དང་རྩོམ་པ་པོ་དཀྱུས་མ་ཞིག་གི་ཆེད་དུ་ངུས་བསྡད་ན་ཕན་ཐོགས་ཅི་ཞིག་འདུག དེ་ལས་རེ་བ་ཡག་ས་ནས་བཅང་། གྲ་སྒྲིག་སྡུག་ས་ནས་བྱེད་བཞིན་བསྡད་ན་ཅིག་འགྲིག་འགྲོ་རྒྱུ་རེད།
ཨ་ཨ་ཨ་་་་་་་་་་་་་་ལྟོས་དང་མི་ཕྲག་དོག་ཚ་མདོག་ཁ་བོ་ཞིག་འདུག དཀོན་མཆོག་གསུམ་མི་འདིའི་སྐོར་མ་དགའ་ན་དྲག་སྤྱོད་བྱས་ནས་སྲོག་གཅོད་བཅའ་གི་རེད་ད། སེམས་ཆུང་བྱོས་མ་གཏོགས།
ཨ་མྱེས་ཆབ་བྲག་པ་ངའི་སྨྱུག་གྲོགས་ཀྱི་དྭངས་མ་ཞིག་ཡིན། ཡིན་ན་ཡང་ཁོང་ཕྱི་ཡུལ་དུ་ཕེབས་པ་ཙམ་གྱིས་རང་རེའི་དགེ་རྒན་དང་སྨྱུག་ཐོགས་པའི་དཔུང་སྡེ་དེ་འཐོར་ཞིག་ཏུ་མི་འགྲོ་བའི་དམ་བཅའ་ཞིག་ལོས་ཀྱང་དགོས།
རང་གཞན་ཡོད་དོ་ཅོག་གིས་ཁ་ནས་ཇི་ལྟར་བཤད་ཀྱང་འཚོ་གནས་ཀྱི་དགོས་མཁོ་དང་ཁེ་ཕན་ནི་མི་བུ་ཡོངས་ལ་ངེས་པར་ཡོད་དགོས་རྐྱེན་རང་གི་བྱ་གཞག་ཆེད་ཕྱོགས་གང་ལ་བསྐྱོད་དགོས་ཀྱང་འགྲོ་རྒྱུ་རེད། འོན་ཀྱང་རང་ཉིད་ཁོར་ཡུག་དེ་དང་ཁ་བྲལ་ཏེ་གོམས་སྣེ་གཞན་དུ་བསྒྱུར་དུས་རང་གི་བྱ་སྤྱོད་དམ་མཛད་རྗེས་ལ་དཔག་པའི་སྤྱི་ཚོགས་སུ་སེམས་ཚོར་འདྲ་མིན་སྣ་ཚོགས་སྦྱིན་གྱིན་ཡོད། དེའི་ཕྱིར་ཆབ་བྲག་ཕོ་ཉ་རྡ་སའི་ཁོར་ཡུག་དང་གྱེས་པའི་ཉིན་དེར་ཁོང་གི་རླབས་ཆེན་གྱི་སེམས་ཤུགས་དང་། རྨད་བྱུང་གི་མཛད་རྗེས་དུ་མས་གནས་དེའི་དགེ་སློབ་རྣམས་ཀྱིས་སྐྱོ་སྣང་སྙིང་ཁར་བསྐྱིལ་ཏེ་བཀའ་དྲིན་རྗེས་དྲན་གྱི་མིག་ཆུས་སྐྱེལ་མ་བྱེད་རིན་ཡོད་པ་རེད། གཞན་དུ་རྩོམ་པ་པོར་བརློམ་པའི་ཀླུ་སྨྱོན་ལྟ་བུས་དགག་བཞག་དང་སྐྱོན་བརྗོད་ཀྱི་རྩོམ་ཡིག་དུ་མ་སྤེལ་ཏེ་རང་ཉིད་སྐྱོན་གྱི་གཡངས་ས་ཆེན་པོ་དེ་རུ་མིག་བཙུམ་ནས་མཆོང་བཞིན་པ་འདི་དག་གནས་གང་ནས་ཁ་བྲལ་དུས་ཁོར་ཡུག་དེ་ཡིས་མི་ཚོགས་ཀྱིས་ཞེ་ཁྲེལ་བའི་མཆིལ་མ་འཕེན་རྒྱུ་ལས་ཅི།།
ཡིན་ན་ཡང་།སྐུ་ཞབས་ཆབ་བྲག་པ་ཡང་ཁོ་བོ་རྩོམ་རིག་གི་ལམ་བུ་འདིར་བསྐྱོད་པའི་དེད་དཔོན་གྱི་གྲས་སུ་བཞུགས་པའི་སྐུ་ཞབས་ལྗང་བུ་བཞིན་དུ་ཕྱི་ཡུལ་འགྲིམས་པ་ནས་བཟུང་རྩོམ་རིག་དང་རིང་དུ་གྱེས་པ་ལྟ་བུ་ཞིག་མི་ཡོང་བའི་སྨོན་ལམ་འདེབ་བཞིན་ཡོད་ལ། མི་རིང་བའི་སྔོན་སྙན་ངག་པ་གངས་ཞུན་གྱིས་དེ་རིང་ནས་བཟུང་རྩོམ་ཡིག་འབྲི་གི་མིན་ཚོང་ལས་གཉེར་གྱི་ཡིན་ཟེར་ནས་ཁྱབ་བསྒྲགས་བྱས་པ་ལྟ་བུ་ལོ་མང་བཟུང་བའི་ལག་གི་རྩོམ་སྨྱུག་རྦད་དེ་ས་ལ་གཡུགས་པའི་ཚུལ་འདི་ངོ་མ་སྙིང་ལ་ཇི་འདྲ་ཞིག་གཟན་ཨང་།
སྐུ་ཞབས་མིའུ་ཕྲུག་གམ་དཀོན་མཆོག་སྟེ་མདའ་ཚན་པ་ལགས་ནས་ཀྱང་ཕྱི་ཡུལ་འགྲིམས་པ་ནས་ཕལ་ཆེར་རྩོམ་ཡིག་འབྲི་མཚམས་སོང་ང་། སྔོན་མ་ཡིན་ན་ཚིག་ལྷུག་སྙན་ངག་དེ་འདྲའི་ལེགས་པོ་རེ་བཙན་བྱོལ་ཁྲོད་ཀྱི་དུས་དེབ་དང་ཚགས་པར་སྟེང་སྤེལ་བ་རེད། དེ་བཞིན་རེབ་གོང་བ་བསོད་ནམས་ཚེ་རིང་ལགས་ནས་ཀྱང་བསྒྱུར་རྩོམ་རེ་ཟུང་སྤེལ་བ་མཐོང་བ་ལས་ཕལ་ཆེར་ངལ་གསོས་ཡོད་ས་རེད། རབ་གསལ་དགའ་རབས་འདུག པད་མ་འབུམ་ལགས་ནས་མཚམས་བཞག་འདུག་ལབ་ན་མི་ཆོག་རྒྱུ་མི་འདུག ཡིན་ན་ཡང་སྒྲུང་རིང་ཞིག་བསྒྱུར་ཡོད་རབས་འདུག་ལ་དེ་ཡང་སྔོན་དུས་རྡ་ས་ན་ཡོད་དུས་བསྒྱུར་པ་འདྲ་ཞིག་གསུངས་སོང་། དཔལ་ལྡན་རྒྱལ་ཡང་གོ་རྒྱུ་ཕལ་ཆེར་མི་འདུག ད་འདི་འདྲ་རེད་ཡ། རྡ་ས་དང་བལ་ཡུལ་ནས་རྐང་བ་གནམ་ལ་བཀྱགས་མ་ཐག་ནས་བཟུང་སྟེ་བོད་ནང་གི་སློབ་ཆེན་པ་དེ་དག་དང་འདྲ་བར་རྩོམ་རིག་གི་བུ་མོ་དང་བཟའ་ཚང་ཁ་ཁ་བྱེད་མཁན་མི་ཉུང་བ་ཞིག་འདུག་ཡ།
སྤྱིར་ཕྱི་རྒྱལ་གྱི་རྩོམ་པ་པོ་མང་པོ་ཞིག་གི་མི་ཚེའི་ལོ་རྒྱུས་ལ་ལྟ་དུས་ཕྱི་ཡུལ་འགྲིམས་པའི་དུས་སུ་རྩོམ་ཡིག་གྲགས་པ་འབར་བ་གང་མང་ཞིག་བྲིས་འདུག་ལ། དེའི་ནང་གི་གཅིག་ནི་རྒྱ་གར་གྱི་ལྕམ་མོ་པཎཌིཏ་རམ་སྦ་ཡེ་ཟེར་བ་དེ་རེད། ཁོང་མོས་ཨ་རི་ནས་”རིགས་རུས་མཐོ་བའི་རྒྱ་གར་གྱི་བུད་མེད་ཅིག་”ཅེས་པའི་དེབ་དེ་བྲིས་པ་ཉིད་ནས་སྙན་གྲགས་རྒྱས་ཏེ་ཁོང་གི་ཡུགས་མོའི་སྲུང་སྐྱོབ་ཚོགས་པར་རྒྱབ་སྐྱོར་གང་མང་ཞིག་རག་འདུག
ཡིན་ན་ཡང་འུ་ཚང་གི་མཁས་པ་རྒན་པ་སྐོར་ཞིག་གིས་ཕྱི་གླིང་བའི་ཟ་ཟིང་ལ་མགོ་དེ་འདྲ་ཞིག་མ་བསྒུར་བར་རང་རང་ས་ནས་རྩོམ་རིག་གི་ལམ་བུ་རེ་བཟུང་སྟེ་དེའི་རྒྱ་ཆེ་རུ་བསྐྱེད་པ་ཡང་མང་སྟེ། ནམ་མཁའི་ནོར་བུ་དང་བསོད་རྒྱལ་རིན་པོ་ཆེ། མཁར་རྨེའུ་བསམ་གཏན་ལྟ་བུ་མང་ལ། ཡོན་ཏན་རྒྱ་མཚོ་ཡང་མེད་ཀྱང་ཆོག་ལ་ཡོད་ཀྱང་རུང་བའི་སྲུང་མའི་ལམ་ལུགས་འདིའི་འདམ་རྫབ་ཏུ་ཟགས་པ་མ་གཏོགས་བོད་རང་བཙན་གྱི་ལོ་རྒྱུས་འདྲ་བོ་དཔེ་ཆ་འགའ་རེ་བརྩམས་ཡོད་པ་ལྟ་བུ་ཡང་ངོ་། །ང་ཚོ་ཕྱི་ཐོགས་པའི་གྲས་ནས་མང་པོ་ཞིག་གིས་ཨ་སྒོར་དང་ཡོ་སྒོར་གྱི་ཞལ་མཇལ་བྱུང་བ་ནས་བཟུང་སྟེ་ལག་གི་སྨྱུ་གུ་ཤེས་མེད་ཚོར་མེད་དུ་འབོར་འགྲོ་འདུག་པས་སེམས་པ་སྐྱོ་བའི་ངང་འདི་ཙམ་ཞུས་པ་ཡིན། བཟའ་ཚང་གི་ཁ་རྒྱབ་དང་ཆུང་མའི་སྡང་སྡིག་གིས་མནར་བ་ཡིན་ན་བཟོད་པར་གསོལ།
ཉེ་ཆར། ཨ་རིར་གནས་སྡོད་བྱེད་ཀྱིན་པའི་རྩོམ་པ་པོ་སྐད་གྲགས་ཅན་ Tm- lie Wiesel བརྩམས་པའི་མཚན་མོ་ཞེས་པའི་བརྩམས་སྒྲུང་དེ་བསྒྱུར་ཁུལ་བྱས་ཏེ་ཤོག་གྲངས་ཉི་ཤུ་ལྷག་ལ་ཐོན། སྐབས་དེར། སྐུ་ཞབས་པད་མ་འབུམ་གྱིས་ཀྱང་བརྩམས་སྒྲུང་དེ་བསྒྱུར་གི་ཡོད་པའི་སྐད་ཆ་ཞིག་ཐོས། དེ་ནས་བསྒྱུར་མཚམས་བཞག་སྟེ་སྒྲུང་རྩོམ་པ་ཁོང་གི་བརྩམས་སྒྲུང་གཞན་པ་ཞིག་སྟེ། ཐོ་རངས་ཞེས་པ་དེ་བསྒྱུར་འགོ་བརྩམས། མི་འགྱང་བར་སྒྱུར་ཚར་ལ་ཉེ་བས། གཏོད་ཕོད་ཅན་ཞིག་རེག་ན། མྱུར་དུ་དཔར་འདེབས་རྩིས་ཀྱིས་ཡོད།
སྙུ་གུ་ཞིག་འཇུས་ནས་འདྲ་མི་འདྲ་མང་པོ་ཞིག་བྲིས་པ་དང་། དེ་ནས་གནས་ཚུལ་གང་ཞིག་གི་དབང་གིས་སྙུ་གུ་འཛིན་མཚམས་བཞག་པ་གཉིས་ལ་ག་རེའི་ཁྱད་པར་ཡོད་པ་རེད། རྩོམ་འབྲི་བ་ནི་རང་གི་དགའ་སྣང་ཞིག་ལས་གཞན་གང་ཡང་མིན་པར་འདོད་ལ། དེ་དགའ་སྣང་ཞིག་གི་ནང་ནས་དགའ་སྣང་ཡག་པོ་ཞིག་ཡིན་སྲིད། མི་འགའ་རེས་ཁ་ཞིག་གདངས་ན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་སྦྱར་ནས་བཤད་ཡོང་ན་དེ་ག་འདྲ་ཞིག་ཡིན་མིན་ཤེས་དཀའ།
ཁྱེད་རང་གིས་ད་བར་བྲིས་ཁུལ་བྱས་པའི་དེབ་ཚང་མ་ད་ལྟ་རང་མེ་ལ་སྲེགས། ཆབ་བྲག་ཕོ་ཉའི་དབྱངས་ཅན་སྤྲུལ་བའི་གླེགས་བམ་ཡང་མེ་ལ་སྲེགས། དེ་ནས་ཅིག་ལྟོས། བོད་སྤྱི་ཚོགས་སྔར་བཞིན་ལས་དེ་ལ་ཕན་གནོད་གང་ཡང་ཡོང་གི་ཡོད་རྒྱུ་མ་རེད་བསམ།
ཁྱེད་རང་གཉིས་ནས་ད་བར་གང་ཡང་བྲིས་མེད་ན་ཡང་བོད་སྤྱི་ཚོགས་འདི་ད་ལྟའི་བོད་སྤྱི་ཚོགས་ཡིན་རྒྱུ་རེད། རང་རང་སོ་སོར་གཅིག་བྱས་ན་ཕན་ཐོགས་ཡོད་སྲིད། རང་གི་འབྲི་རྩལ། རང་གི་སྙན་གྲགས་སོགས་ལ།
ད་རུང་ནུབ་ཕྱོགས་ལ་མཚོན་ན། དགའ་སྣང་ཁོ་ན་མིན་པར་ཚོང་ཞིག་ཀྱང་རེད།
༡ སེང་གེ་གངས་ལ་བསྡད་ན་སེང་གེ་རེད། སེང་གེ་ཐང་ལ་འཁྱམས་ན་ཁྱི་རྒན་རེད། ཆབ་བྲག་ཕོ་ཉ་ཕྱི་རྒྱལ་དུ་སོང་ནས་རྩོམ་ཡིག་གིས་བྱས་རྗེས་མི་ཞོག་པ་གསལ་པོ་རེད། ད་ཕྱི་རྒྱལ་དུ་ཤོག་ལྡེབ་ལྔ་བཅུ་ལས་བརྒལ་བ་ཞིག་ཀྱང་འབྲི་ཐུབ་རྒྱུ་མ་རེད་ཡ། དེ་ལས་དགེ་རྒན་བྱས་པ་དེས་ཁོང་ལ་རྩིས་མཐོང་ཏོག་ཙམ་སླེབས་པ་རེད། སྤྱི་འཐུས་ནང་ལ་ཡང་ཚུད་པ་རེད། ཚོགས་གཙོ་ཡང་བྱས་པ་རེད། ཡིན་ན་ཡང་དེ་ཚོ་ལ་བལྟས་ན་ཕྱི་རྒྱལ་གྱི་སློབ་གྲྭ་ཞིག་ལ་དགེ་རྒན་གྱི་ལས་ཀ་རག་ན་གླ་ཆ་ཡག་པོ་ཡོད་པ་བཤད་མི་དགོས་པ་ཞིག་རེད། དེར་བརྟེན་ཆབ་བྲག་པ་གླ་ཆ་ལ་བལྟས་ནས་ཕྱི་རྒྱལ་དུ་འགྲོ་བར་ངས་སྐྱོན་བརྗོད་བྱ་འདོད་མེད་ཀྱང་ཁོ་རང་འགྲོ་ཉིན་ལ་ཁོས་ས་ར་སློབ་གྲྭ་འགྲིགས་ཀྱི་མི་འདུག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གིས་འགྲིགས་མ་སོང་མདོག་མདོག་གི་སྐད་ཆ་བཤད་པ་དེར་བློ་ཕམ་འདུག ད་ལྟ་བར་དུ་ཁོས་དེར་ལས་ཀ་བྱས་པ་རེད་ལ་ཟ་ས་འཐུང་ས་བྱས་པ་རེད། ད་ལས་ཀ་གླ་ཆ་མཐོ་ཙམ་ལ་འགྲོ་ས་རག་སྐབས་རང་གི་སྤྱི་ཚོགས་ཀྱི་ཚོགས་པ་དེ་ཚོ་ནག་པོ་ནག་རྐྱང་བྱས་ནས་འགྲོ་ཁུལ་བྱེད་པ་དེར་ངས་ཡི་རངས་བྱེད་འདོད་མི་འདུག ཁོ་ལ་བཤད་རྒྱུ་ཡོད་ན་དབང་ཆ་ཡོད་ཉིན་བཤད་ན་ཕན་ཐོགས་ཀྱི་རེད།
༢ བོད་ཀྱི་རིག་གཞུང་གི་ཐོག་ལ་ཤེས་ཡོན་ཡག་པོ་ཡོད་མཁན་ཚོས་བོད་རང་གི་སྤྱི་ཚོགས་ཀྱི་ནང་ལ་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་པོ་རེད། དེ་ལ་གླ་ཕོགས་ཀྱི་ལྟ་ས་མེད་ཀྱང་གང་ལྟར་བྱ་བ་དོན་དང་ལྡན་པ་རེད། ནང་ཁུལ་ནས་ཆགས་སྡང་དཀའ་ངལ་སྤྲད་མཁན་ཡོད་པ་གསལ་པོ་རེད། ཡིན་ན་སྤྱིའི་ཆ་ནས་མགོ་རྒྱལ་བ་རིན་པོ་ཆེ་ནས་བཟུང་སྟེ་མི་སྣ་དེ་ཚོའི་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་པ་རེད། ཛ་དྲག་གཉན་འཕྲང་གི་དུས་ཚོད་འདིར་ལྷག་པར་ཡང་གལ་ཆེན་པོ་ཡིན་པ་བཤད་མ་དགོས་པ་རེད།
༣ ཤེས་ཡོན་ཅན་གྱི་མི་སྣ་རེ་རེ་རང་གི་སྤྱི་ཚོགས་ཀྱི་ལས་གནས་དང་ཁ་བྲལ་སྐབས་སྤྱི་ཚོགས་ལ་གྱོང་རག་གི་ཡོད་པ་མིག་མཐོང་ལག་ཟིན་རེད། དཔེར་ན་ྐླུ་སྨྱོན་ཨ་མེ་རི་ཁར་སོང་བའི་ཉིན་ནས་གཉན་ཆེན་ཐང་ལྷ་ཚགས་པར་ཤི་མ་གསོན་དུ་གྱུར་པ་རེད། རབ་གསལ་ཕྱི་རྒྱལ་ལ་སོང་ནས་དུས་བབ་ལ་ཚགས་པར་ཉམས་རྒུད་དུ་སོང་བ་ཡང་སྨྲོས་མ་དགོས་པ་རེད། དེ་བཞིན་ཨ་མཆོག་མགོན་དོན་གྲུབ་སོགས་ཀྱང་དེ་བཞིན་རེད། ཕྱི་རྒྱལ་ནས་ལས་ཀ་བྱས་ན་གླ་ཆ་ཡག་པོ་ཡོད་རྒྱུ་རེད་དེ་བཀའ་དྲིན་དྲན་མཁན་སོགས་ཡོད་རྒྱུ་མ་རེད། རང་གསལ་དང་ྐླུ་སྨྱོན་གཉིས་འདིར་ཡོད་ཡོད་པ་རེད། སྐད་ཆ་ཁ་ཐུག་ཡིན། སེང་གེ་གངས་ལ་བསྡད་ན་སེང་གེ་རེད། སེང་གེ་ཐང་ལ་འཁྱམས་ན་ཁྱི་རྒན་རེད། ཟེར་བ་དེ་གཏམ་དཔེ་ཡག་པོ་ཞིག་མི་འདུག་གམ།
ཕྱག་གཉིས་ཟེར་བ་འདི་ཅི་འདྲའི་མི་ཀླད་གྱོང་ཞིག་རེད། མྱི་འདི་དོན་གྲུབ་རྒྱལ་གྱིས་བྲིས་པའི་སྒྲུང་ཐུང་སྟེ་རྒད་པོ་བློ་གྱོང་ཞེས་པའི་ནང་གི་མི་སྣ་རྒད་པོ་བློ་གྱོང་དང་ཨ་ན་མ་ན་རེད། ཁྱེད་རང་གིས་བྲིས་པའི་དེབ་ཡིན་ཟེར་བ་ཞིག་མ་མཐོང་། སྙན་ངག་ཐ་ཐོར་རེ་ལྗང་གཞོན་དུས་དེབ་ཀྱི་སྟེང་དུ་བཀོད་ཡོད་བསམས་སོང་། གསལ་པོ་མི་དྲན། སྐད་ཆ་མ་མང་། ཁྱོད་༸ཐྲྤཀླུ་སྨྱོན་སོགས་ལ་བསྡུར་ཐབས་ཤིག་ག་ལ་ཡོད། ཁྱོད་ནི་བྲག་ཐེམ་གྱི་འཇག་མ་ཟ་བའི་རྭ་མ་དང་། ཀླུ་སྨྱོན་ནི་ཐང་གི་མེ་ཏོག་བཞེས་པའི་ཤྭ་བོ་རེད་ཡ།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བོད་ཀྱི་དུས་བབ་སྟེང་དུ། ཆེད་ལས་རྩོམ་པ་པོ་ཞིག་བྱ་རྒྱུ་ཡིན་ཟེར། སྐད་ཆ་འདི་གོ་མ་ཐག ང་ལ་དགོད་ཅིག་ཤོར། མར་དྲི་དང་རྩམ་དྲི་མི་བྲོ་བའི་སྤྱི་ཚོགས་ཤིག་གི་ནང་དུ་ཆེད་ལས་རྩོམ་པ་པོ་ཞིག་ཅི་ལྟར་བྱེད། ཁོའི་རེ་བ་ཆེན་པོ་འདུག་སྟེ་ལག་ལེན་གྱི་སྟེང་ལ་སོང་ན་དཀའ་མོ་རེད་འདོད་གི སློབ་གྲ་དེའི་སློབ་མ་ཚོར་དཔེ་ཁྲིད་གསལ་བཤད་སུམ་བཅུ་དང་། དབྱངས་ཡིག དེ་ནས་ར་མགོ་ལ་མགོ་སོགས་རེད་ཟེར། ཧྥ་རན་སིར་ཡོད་པའི་གྲོགས་པོ་ཞིག་གིས་བཤད་ན། ཟླ་རེར་གསོལ་ཕོགས་ཡུ་སྒོར་༡༣༠༠ལས་མི་འདུག་ཟེར། གང་ལྟར། ངའི་རེ་བ་ནི་ཆབ་བྲག་གི་བསམ་དོན་ཡུད་བཞིན་དུ་འགྲུབ་པར་ཤོག
ངས་བྲིས་པའི་དེབ་གང་མེད། ཁྱོད་ལ་དེས་ག་རེ་བྱེད། ངས་ང་ཅིག་ལ་བསྡུར་ཐབས་ཡོད་ཀྱང་གང་བཤད་ཀྱི་མེད། སྐད་ཆ་ག་ཚོད་མང་ང་བཤད་ཐུབ་ན་བཤད་ཀྱི་ཡིན། ངའི་ཁ་འདི་བཤད་པའི་ཆེད་དུ་ཡིན། ང་འདིར་ཁ་བརྡ་བྱས་ནས་དུས་ཚོད་གཏོང་གི་ཡོད་མ་གཏོགས་གཞན་གང་ཡང་མིན།
ཨ་ཚེ་རིང་གི་བུ། དངོས་གནས་ཡིན་ནམ། ངོ་སོ་དཀར་པོ་དགུང་ལ་བསྟོད། ཁྱོད་ཀྱིས་ཅིག་བསྒྱུར་ཡོད་ན་འགྲོ་སོང་གཏོང་མཁན་ད་རག་གི་རེད་ཡ། བོད་ཡིག་གི་སྟེང་ནས་དེབ་ཅིག་འདོན་པར་འགྲོ་སོང་ཆེན་པོ་གང་ཡང་མ་རེད། དེབ་གྲངས་མང་པོ་ཞིག་ནི་དཔར་ནས་འགྲོ་གི་ཡོད་པ་མ་རེད།
བདེན་པ་ཡིན། Elie Wiesel ཟེར་བ་འདི་ཨ་རིའི་ནང་སྐད་གྲགས་ཆེན་པོ་ཡོད་པ་རེད་ཟེར། སྐད་གྲགས་ཡོད་མེད་མི་ཤེས་ཏེ། ཁོང་གི་སྒྲུང་རྩོམ་དག་ནི་ཧ་ལས་པ་འདུག སྐུ་དངོས་ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེར་གསེར་གྱི་རྟགས་མ་གནང་དུས་བརྙན་འཕྲིན་ལས་མཐོང་། ཁོང་གི་བརྩམས་སྒྲུང་ཕལ་མོ་ཆེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བྱུང་བའི་འཇིའུ་མི་རིགས་ཀྱི་ལས་དབང་གི་སྐོར་རེད།
ཨ་རོ་གསར་སྟུག་ཚོ། འགྲོ་སོང་གཏོང་མཁན་ཅིག་རག་གི་ཟེར་བ་དེ་ལས་སླ་བོ་ཞིག་རེད་ཀྱང་དོན་ངོ་མར་འགྲོ་སོང་གཏོང་མཁན་ཞིག་ཨེ་རག་ན། ང་ལ་མཚོན་ན་ངའི་དེབ་ཧྲུལ་དགུ་བོ་རང་གིས་འགྲོ་སོང་བཏང་ནས་དཔར་བ་ཡིན་ལ། རེ་ཟུང་གི་ཆེད་དུ་ཁྱིམ་སྒོ་ཉུག་བྱས་ནས་སློང་མོ་ཡང་བརྒྱབ་པ་ཡིན། ད་ལྟ་ཨ་རིས་གཙོས་པའི་ཕྱི་རྒྱལ་འདི་ཚོའི་དཔལ་འབྱོར་ལ་ཉམས་ཉེན་ཆེན་པོ་བྱུང་བའི་དུས་འདིར་དེབ་རེའི་སྦྱིན་བདག་རག་ན་དེ་ལས་ལྷག་པའི་དགའ་བ་སྒོམ་ས་ཞིག་གནས་སྐབས་ཡོད་རྒྱུ་མ་རེད། གལ་སྲིད་སྦྱིན་བདག་མ་རག་ན་ང་ཚོ་འདིར་བཞུགས་དྲ་གྲོགས་ཚོས་མཉམ་རུབ་ཀྱིས་རོགས་པ་རེ་བྱེད་ཐུབ་ན་ལེགས། དེ་འདྲ་ཞིག་གི་སྟེང་དུ་སོང་ན་ང་ལ་ཡང་བརྡ་ཞིག་རྒྱོབས། མང་པོ་ཞིག་མེད་རུང་རྒྱ་མཚོའི་ནང་ལ་ཆུ་ཐིགས་རེ་ལོས་གཏོར། ད་དེ་བྱོས།
ཨ་རོགས། ༸ཐྲྤཀླུ་སྨྱོན། ཁྱེད་ཀྱིས་བྲིས་པའི་དེབ་དགུ་པོ་ཁྱོད་རང་གིས་འགྲོ་སོང་བཏང་བ་ཡིན་ཟེར། ཁྱབ་འཇུག་གི་སྐོར་གྱི་དེབ་ཅིག་བྲིས་ཡོད་པ་དེ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་སྦྱིན་བདག་བྱས་པ་རེད་ཅེས་པའི་སྐད་ཆ་ཞིག་ཐོས། ཁྱེད་ཀྱི་དེབ་དེ་མཐོང་མ་མྱོང་། གལ་སྲིད་གོང་གི་སྐད་ཆ་དེ་བདེན་ཚེ། དོན་མེད་ལ་རྫུན་ལབ་ན་ཡག་པོ་མ་རེད། འདི་ནང་གཏམ་ཡིན།
དེ་བདེན་པ་རེད། དེ་མ་ཡིན་པའི་དེབ་ཚོ་ལབ་པ་ཡིན།
ཁྱབ་འཇུག་གི་རྟོགས་བརྗོད་རྩ་འགྲེལ་དྲི་ཟའི་འཇིག་རྟེན་ཉུལ་བའི་ལམ་ཡིག་དེ་གདོང་ཐོག་རིན་པོ་ཆེས་འགྲོ་སོང་བཏང་སྟེ་ལྡི་ལི་ནས་པར་གཅིག་བརྒྱབ་པ་རེད་ལ། ང་རང་གིས་འགྲོ་སོང་བཏང་སྟེ་བོད་ནས་པར་ཐེངས་གཉིས་པ་དེ་བརྒྱབ་པ་ཡིན་ལགས།
སྤྲུལ་སྐུ་ཡི་ཤེས་ལགས། ཁྱོད་ཀྱིས་འདྲ་མི་འདྲ་ཤོད་ཀྱི་འདུག་སྟེ། ང་རིག་པ་སྐྲ་རྩེ་ན་རྒྱུ་བའི་མི་ཞིག་ཡིན། མི་བདེན་ན། ཀླུ་སྨྱོན་ལ་འདྲི་རོགས།
དེབ་དེ་ང་གཏོང་མི་ཐུབ་བ།
རྗེས་ནས་དེབ་བཙོང་སྐབས་ཁེ་བཟང་མི་འདུག་གེ ཁེ་བཟང་མེད་ན་དེབ་ཡག་པོ་མེད་པའི་རྟགས་རེད། ཁྱབ་འཇུག་གི་རྟོགས་བརྗོད་ཟེར་ན་ལྷ་སྒྲུང་ཞིག་རེད་དམ་ག་རེ་རེད།
རང་རེའི་སྤྱི་ཚོགས་ལ་གཅིག་ལྟོས། དེ་ནས་ངའི་དེབ་འབྲི་བའི་ཤེས་ཡོན་ལ་གཅིག་དཔྱད་དུས་ཁེ་བཟང་ཞིག་ཕར་རིའི་སྤང་རྒྱན་རེད། ཡིན་ན་ཡང་སེམས་པ་སངས་ཐབས་ལ་ཕན་པ་ཙམ་རེད། ཁྱབ་འཇུག་གི་རྟོགས་བརྗོད་དེ་ཁྱབ་འཇུག་གི་འཇུག་པ་བཅུའི་ལྷ་སྒྲུང་དེ་གྲུ་བཞི་ནས་གོར་གོར་དུ་བསྒྱུར་པ་ཙམ་ཞིག་ཡིན། ཐོག་མར་རྩ་ཚིག་འདྲ་བོ་ཞིག་བྲིས། དེ་ནས་གདོང་ཐོག་སྤྲུལ་སྐུས་དེ་ལ་ངེས་པར་དུ་འགྲེལ་བཤད་ཁ་གསལ་ཞིག་འབྲི་དགོས་ཟེར་ནས་ཚིག་འགྲེལ་ཞིག་བྲིས་པ་ཡིན་མོད། བླུན་པོ་གཉིད་འགུག་མི་ཐུབ་ན་མཁས་པ་ཡིད་མགུ་བ་ཞིག་གི་རེ་བ་ནམ་ཡང་མེད།
ངས་མཐོང་ཐོས་བྱུང་བའི་དེབ་ལས་ཕྱི་བོད་ཁྲོད་ཤེས་རབ་དར་རྒྱས་ཀྱི་ནུབ་ཕྱོགས་འགྲིམ་པའི་གཏམ་དང་། ནང་བོད་དུ་སྒོ་ཤེར་གྱི་ང་ཚོ་སད་རན་གཉིས་ལྟ་བུའི་སྤྱི་ཚོགས་ཁྲོད་བྲིན་པོ་བྱུང་བའི་དེབ་ཅིག་མ་བྱུང་བ་འདྲ།
ནུབ་ཕྱོགས་འགྲིམ་པའི་གཏམ་ཟེར་བ་དེ་སང་ཝུ་ཁུང་ཨེ་རེད། ང་ཆོ་སད་རན་ནས་མི་ཆད་འཕྱི་དྲགས་འདུག ང་ཡིན་ན་རོ་འདི་ལོ་མང་རིང་ཕ་ཡུལ་དང་བྲལ་ནས་བོད་གཅིག་ལ་མེད་ས་འདི་འདྲ་ཞིག་ནས་ལྷག་ཡོད་ཙང་ཁྱོད་ཅག་གི་སྐད་ཆ་ཁ་ཤས་ང་ལ་ལྐོག་གྱུར་འདྲ་༷ཞིག་རེད།
ཤེས་རབ་དར་རྒྱས་ལགས་ཨ་རི་ན་ཡོད་དུས་ཨ་རིའི་མཐོང་ཐོས་མྱོང་གསུམ་གྱི་དེབ་ཅིག་བྲིས་པ་རྒྱ་གར་ལྷོ་ཕྱོགས་ནས་པར་སྐྲུན་བྱས་པ་རེད། འདོད་ཆགས་ཀྱི་སྐོར་མང་ཙམ་འདུག་བསམས།
ཆབ་བྲག་ཕོ་ཉ་བོད་མི་ཕལ་ཆེར་བས་རེ་སྨོན་གྱི་ཞིང་ས་དེར་ཕེབས་ལ་ཉེ་བའི་དུས་སུ་ཁ་བརྡའི་དྲྭ་ཚང་དུ་འཚང་ཀ་ཤིག་ཤིག་གིས་བསམ་འཆར་སྤེལ་བཞིན་འདུག བདག་ཀྱང་ཁོང་དང་དགེ་སློབ་ཀྱི་འབྲེལ་བ་ཡོད་མཁན་ཞིག་གིས་ངོས་ནས་སེམས་ཚོར་ཁ་ཤས་དྲྭ་རྒྱའི་གླེང་སྟེགས་སུ་ལྷུང་སོང། དུད་ནག་སོགས་ཀྱིས་མཁོན་ཚིག་ཇི་ལྟར་སྒྲོག་ཀྱང་བཙན་བྱོལ་ཁྲོད་དུ་སྒྱུ་རྩལ་རྩོམ་རིགས་ཀྱི་་སྒོ་འཕར་ཐོག་མར་ཕྱེས་མཁན་ནི་གསར་འབྱོར་བའི་དཔུང་སྡེ་འདི་ཡིན་པར་བསྙོན་དུ་མེད། ཆབ་བྲག་ཕོ་ཉ་ཡང་རུ་དཔུང་དེ་ཡི་སྣ་འདྲེན་པ་ཞིག་ཡིན་པ་རྩོམ་རིག་ཀྱི་གྲངས་ཚད་དང་སྤུས་ཚད་གཉིས་ཀྱིས་ཐོག་ནས་འཇོག་ཆོག་འདུག་སྙམ། དེ་ལས་ཁོང་གི་སྒྲུང་རྩོམ་ཁ་ཤས་ལ་འཚོ་བ་དང་བར་ཐག་ཉེ་ཞིང་མི་སྣ་དང་བྱུང་རིམ་གྱིས་ཀློག་པ་པོ་དག་གི་ཡིད་དབང་འགུགས་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན། སྙན་རྩོམ་དག་ལ་བློ་འབྱེད་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་མཚོན་ཐབས། ད་དུང་ཚིག་སྦྱོར་གྱི་་འགྲོས་སོགས་ཚད་ལྡན་གྱི་རང་བཞིན་ཅན་ཞིག་མིན་ཀྱང་བྱ་མེད་ས་ནས་བོང་བུས་ནམ་ཚོད་འཛིན་པའི་དཔེར་ལྟར་ཁོར་ཡུག་ལ་དཔག་པའི་ཤེས་ལྡན་པ་ཞིག་ཡིན་ངེས་རེད། དེ་ལས་ཀྱང་ཁོང་ཉིད་མི་གཤིས་བཟང་ལ་བློ་རྒྱ་ཆེ་བའི་སྐྱེ་བོ་ཚུལ་ལྡན་ཞིག་ཡིན་པ་མ་ཟད་སྤྱི་ཚོགས་འདི་ལ་ཞབས་ཞུ་སྒྲུབ་འདོད་ཧ་ཅང་ཆེ་བ་ཞིག་ཡིན་པར་བརྟེན་རྩ་་བའི་ཆ་ནས་སྤྱི་སྒེར་གཉིས་ཆར་ལ་གྱོང་གུད་ཆུང་ཆུང་ཞིག་རེད། ཁོང་གིས་ཕྱི་རྒྱལ་ནས་རྩོམ་རིག་ཐོག་ལ་ཕྱག་ལས་གནང་འདོད་ཡོད་གསུངས་པ་དེ་ཁ་གཡང་སྙན་པོ་ཙམ་ལས་ལག་ལེན་དུ་འབྱོར་བ་དཀའ་བ་དེ་ཕྱི་རྒྱལ་དུ་ཕེབས་ཚར་དུས་ཤེས་རྒྱུ་རེད། སྐྱེས་ཕོ་རབ་་ཀྱིས་རྟ་ཁ་གཡངས་ས་ནས་ཀྱང་བསྒྱུར་བ་ལྟར་ཕྱིར་འཐེན་གནང་རྒྱུའི་རེ་བ་ཡོད།
ཀླུ་སྨྱོན་འདི་མ་བསམ་ས་ནས་ལས་སད་དེ་སྤྲུལ་སྐུར་ཆགས་སོང་མ་གཏོགས་འདི་ལ་རྩོམ་རིག་གི་ཐོག་ལ་ལས་བཟང་པོ་ཞིག་ཏག་ཏག་ཏུ་སད་རྒྱུ་ཡོད་ས་ཡོད།།
མིའུ་ཕྲུག་ཁྱོད་ཀྱིས་ཆབ་བྲག་ཕོ་ཉ་དང་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁོང་ལ་བསྟོད་པར་ཁས་བླངས་པར་བལྟས་ན་ཁྱོད་མི་དྲང་པོ་གཤིན་རྗེ་ཆོ་སརྒྱལ་གྱི་དྲུང་དུ་ཧ་ཅང་བྲིན་པ་ཞིག་ཡིན་ཚོད་རེད། ཁྱོད་ཀྱི་དགེ་རྒན་གྱིས་ནང་མི་ཟླ་བསྒྲིལ་དང་གླ་ཕོགས་མཐོ་བར་བལྟས་ནས་ཕྱི་རྒྱལ་དུ་འགྲོ་གི་ཡོད་པར་ཁས་བླངས་ན་ཡག་པོ་རེད། ད་དུང་ཁོས་ས་ར་མཐོ་སློབ་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཅིག་མ་འགྲིགས་མདོག་གི་སྐད་ཆ་དེ་ཡང་ཡག་པོ་ཞིག་མ་རེད། ད་ལྟ་བར་དུ་སྤྲེལ་ལད་འཁྲབས་ནས་བཙན་བྱོལ་བོད་མིའི་མ་དྲག་ནང་གི་དྲག་ཤོས་ཀྱི་གོ་གནས་དེ་ཚོ་ལ་བསྡད་ནས་ད་ཕྱི་རྒྱལ་དུ་གཡོག་པོར་འགྲོ་ས་རག་སྐབས་རང་ཉིད་ལ་བསྟོད་པ་འཐེན་ནས་འགྲོ་རྒྱུ་དེ་དེ་ཙམ་མི་འཚམས་པར་སེམས། ན་ནིང་གཞོན་ནུའི་ཚོགས་གཙོས་ཀྱང་ཁོ་རང་གིས་དགོང་པ་ཞུ་སྐབས་གཞོན་ལྷན་ཁ་མི་འཆམས་ཚུལ་སོགས་སྡུག་རབས་མུག་རབས་མང་པོ་ཞིག་བཤད་ནས་དགོང་པ་ཞུས་པ་ལྟ་བུ་དེ་ཚོ་གཅིག་པ་རེད། ག་དུས་ཡིན་ན་རང་ཉིད་དཀར་པོ་དཀར་རྐྱང་དང་ནག་ཉེས་ཡོད་ཚད་རང་རང་གི་ཚོགས་པ་དང་བོད་གཞུང་གི་མགོར་གཡོགས་ཏེ་འགྲོ་རྒྱུ་དེ་ཡང་འཚམས་པོ་ཞིག་མ་རེད། ཕལ་ཆེར་རང་གིས་གང་བྱས་ཆུད་ཟོས་སུ་བཏང་བ་ཞིག་ཀྱང་རེད།
ྐླུ་སྨྱོན་ལ་རྩོམ་རིག་གི་ཤེས་འཇོན་སྔོན་མ་ནས་སད་ཚར་བ་རེད། སྤྲུལ་སྐུ་ཆགས་པ་དང་རྩོམ་པ་པོ་བྱེད་པ་གཉིས་འགལ་བ་ཞིག་མ་རེད། འབྲུག་པ་པད་མ་དཀར་པོ་དང་རྒྱལ་དབང་ལྔ་པ་ཆེན་པོ་ལྟ་བུའི་རྩོམ་པོ་ཆེན་པོ་དེ་ཚོ་ཡང་སྤྲུལ་སྐུ་མ་རེད་དམ།
སྤོབས་པ་ཁྱོད་ཀྱིས་སྐད་ཆ་དེ་མི་བདེན་རྒྱུ་མེད་ཀི།
ཨ་ལགས་དོལ་དོལ་རིན་པོ་ཆེའམ་ཀླུ་སྨྱོན་ལ་མིའུ་ཕྲུག་གིས་བལྟ་ཚུལ། སྐུ་གཟུགས་རིང་ལ་སྐུ་ཤ་སྐམ་པ།
སྨ་ར་མཛེས་ལ་ཞལ་རས་དཀར་བ། མོ་ལ་དགའ་ཞིང་རྒྱོ་ལ་དགྱེས་པ། རང་བསྟོད་མཉེས་ལ་གཞན་སྨད་སྤྲོ་བ།
སྒྱུ་རྩལ་ལྡན་ཞིང་རྩོམ་ལ་མཁས་པ། མཚན་གནས་བརྗིད་མོད་དོན་གོ་ཆུང་བ། ཕྱི་རྒྱལ་ཕེབས་ཀྱང་པད་ཤག་དབེན་པ། སྤྲུལ་སྐུ་ཡིན་ཀྱང་གྲྭ་པ་མེད་པ། སྲིད་ལ་དགའ་ཡང་ལ་རྒྱ་བྲལ་བ། སུམ་རྟགས་མཁས་ཀྱང་བེད་སྤྱོད་མི་བྱེད། མཆན་བུ་མང་ཡང་དོན་གནད་ཉུང་བ།།།། གཞན་ཡང་དཀོན་མཆོག་སོགས་ཀྱིས་ཁ་བསྐང་གནང་ཡང་ཆོག
བཙན་བྱོལ་སྤྱི་ཚོགས་ལག་མཐིལ་འདྲ་བོ་འདིའི་ནང་གི་རྩོམ་རིག་གི་འཁོར་རྒྱ་སྟུ་ཁ་འདྲ་བོ་འདིའི་ནང་གི་ངའི་སྣང་བར་འགྲོ་བའི་རྩོམ་པ་པོ་གསུམ་ནི་ཧོར་འཇིགས་དང་གཅིག ཆབ་བྲག་པ་དང་གཉིས། ཆུང་ཚེ་རིང་དང་གསུམ་ཡིན། གཞན་རྩོམ་ཡིག་རེ་འབྲི་མཁན་མང་ཡང་ལག་རྗེས་ཆེན་པོ་ཅན་རེ་མེད། གོང་གི་འདི་གསུམ་གྱི་ཆབ་བྲག་པ་ཧྥ་རན་སི་ལ་ཕེབས་ཚར་ཡོད་ས་རེད། ཧོར་འཇིགས་ལ་ཡང་ཨ་རིའི་ལག་ཁྱེར་ལྗང་ཁུ་རག་འདུག་ཟེར། ད་ཆུང་ཚེ་རིང་གཅིག་པོ་རྡ་ས་ནས་ལུས་སོང་། གོང་གི་འདི་སྒྱུ་རྩལ་རྩོམ་རིག་ལ་བཤད་པ་ཡིན། གཞན་དཔྱད་རྩོམ་འབྲི་མཁན་རེ་ཟུང་ཡོད་ཀྱང་། “དེ་དག་འདིར་ནི་སྤྲོ་བྱ་མིན། །”
ཨ་ཁུ་ཧྲུའུ་ཅི་སོགས་པད་མ་འབུམ་དད་ལོག་རེད་ཟེར་ནས་རྡུང་གིས་འགྲོ་དུས་ཁོས་དེ་ལ་ཁ་ཡ་བྱས་ཡོད་མ་རེད་ཟེར། ང་དེའི་དུས་པད་མ་འབུམ་ལ་ཧ་ལས་སོང་། དེ་རིང་བསམ་བློ་ཞིབ་ཏུ་གཏོང་དུས་ཡེ་ཤེས་འདི་བ་ཡང་ཁྱད་ཆོས་ཤིག་ཏན་ཏན་འདུག གོང་དུ་མིའུ་ཡིས་བཤད་སྟངས་བྱས་ན་ཁོ་ནི་པད་ཤག་དང་འཁོར་ཡང་མེད་པའི་མི་དཀྱུས་མ་ཞིག་རེད་འདུག ཁྱོས་ཁོ་ལ་བྲིས་པ་དེ་མང་མེད་ན་ཉུང་མི་འདུག བྱས་ཙང་ང་ལ་ཁ་སྐོང་ཡ་ཅང་མེད།
བཙན་བྱོལ་སྤྱི་ཚོགས་འདི་ཡི་ནང་དུ་མིའི་ལྟ་སྤྱོད་ལ་མ་བལྟས་པ་རྩོམ་རིག་ཁོ་ན་གི་ཆ་ནས་བཤད་ན་ང་དགའ་ཕྱོགས་ཀྱི་རྩོམ་པ་པོ་ནི། ལྷ་ཆབ་སྦྱིན་པ། ཀླུ་སྨྱོན་ཧེ་རུ་ཀ། ཧོར་འཇིགས་གསུམ་ཡིན། གང་ཡིན་ཞེ་ན་ཁོང་ཚོ་གསུམ་གྱི་རྩོམ་ཡིག་དག་ལ་སྒྱུ་རྩལ་གྱི་རྣམ་པ་ཅུང་ཟད་འདུག་སྙམ། འོན་ཏེ་མི་དེ་གསུམ་ལ་ང་དགའ་གྱིན་མེད།
མིའུ་ཕྲུག ཁྱོད་ཀྱིས་རྩོམ་ཡིག་དང་རྩོམ་པ་པོ་ལ་དགའ་སྡང་བྱེད་ཕྱོགས་ཀྱི་མཆན་བུ་འགོད་སྟངས་དེས་ངོ་མ་ངའི་ཡིད་འཕྲོགས་སོང་། ཁྱོད་སུ་ཡིན་དང་ཁྱེད་ཀྱིས་འདས་པའི་མི་ཚེའི་ནང་དུ་ལས་ཀ་གང་ཞིག་བྱས་མ་བྱས་པ་དེ་ཚོ་ངས་ནམ་ཡང་གལ་ཆེན་པོ་མི་བརྩི། སྐད་ཆ་འདི་ལ་རིན་ཐང་ཧ་ཅང་འདུག ཐུགས་རྗེ་ཆེ། སྨྲ་བརྗོད་རང་དབང་ཡོད་པ་འདི་ཇི་འདྲའི་དགའ་ཨང་།
ཀླུ་སྨྱོན་ལ་འདྲི་རྒྱུར། གོང་དུ་ཁྱོད་ཀྱིས་རྩོམ་རིག་འབྲི་མཁན་ལག་རྗེས་ཆེན་པོ་ཅན་ཟེར་བའི་ཚིག་གཅིག་བཤད་སོང་། ཁྱོད་ཀྱིས་རྩོམ་རིག་གི་ལག་རྗེས་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་དམ།
ཁོས་གྲངས་ཀ་ལ་ལྟ་གི་མེད་འགྲོ། ར་སྒྲེང་བསྟན་པ་ཚེ་རིང་གི་སྒྲུང་དེ་ཡག་པོ་བྲིས་མི་འདུག་གམ། དེ་ཀློག་ན་རང་དབང་གི་ཚོར་བ་ཞིག་རང་བཞིན་གྱིས་ཁྱེར་ཡོང་གི་འདུག རྡོ་རིང་གི་སྒྲུང་དེ་ཞིབ་འབྲི་བྱེད་སྟངས་ལ་ལྟད་མོ་འདུག ཧོར་གཙང་གི་སྙན་ངག་དེ་ཚོར་ཚིག་གི་ལྟད་མོ་ཡོད་ན་ལས་དོན་གྱི་ལྟད་མོ་མི་འདུག ལྷ་ཆབ་སྤྱིན་པ་མི་ཤེས། ཀླུ་སྨྱོན་གྱི་སྙན་ངག་ཀློག་མ་མྱོང་། ཆོས་ཚུལ་བཞིན་སྒྲུབ་ན་འབྲས་བུ་འདི་ལྟར་འབྱུང་ཟེར་བའི་རྣམ་ཐར་ཞིག་ཡིན་ནམ་དེ་ཀློག་མྱོང་། དེས་ང་ལ་ཤུགས་རྐྱེན་ཡག་པོ་ཞིག་བཞག
མ་གཞི་ངས་བརྩམས་སྒྲུང་དང་སྙན་ངག་ཉོ་མཚམས་བཞག་ནས་ཕལ་ཆེར་ལོ་བཅུ་གཉིས་འགྲོ་གི་འདུག ཕ་ཡུལ་ཐེངས་གཉིས་ཕྱིན་ནས་དཔེ་ཆ་ལག་ལ་ཐེབས་ཐེབས་ཉོས་པ་ཡིན། དེའི་ནང་བརྩམས་སྒྲུང་དང་སྙན་ངག་ཀླད་ཀོར་ཡིན།
མགོན་པོ་ཕྱག་གཉིས་པས། ངས་རྩོམ་རིག་གི་གྲངས་ཚད་ཐོག་ནས་རྩོམ་པ་པོ་གསུམ་དེ་འདེམས་པ་འདྲ་ཟེར། གལ་སྲིད་དེ་ལྟར་ཡིན་ན་བེ་རུ་འཇིགས་མེད་དང་། ཆབ་བྲག་ལྷ་མོ་སྐྱབས་སོགས་མང་ཤོས་ཡིན་རྒྱུ་རེད་སྙམ། འོན་ཀྱང་རང་གི་བསམ་བློ་དབང་བཙན་པ་བྱས་ཏེ་སྒྱུ་རྩལ་གྱིས་ཐོག་ནས་བཤད་ཀྱི་ཡོད། ངས་ལྷ་ཆབ་སྦྱིན་པའི་སྙན་རྩོམ་མཐོང་བ་ཧ་ཅང་ཉུང་ངུ་ཡིན་ཡང་ཁོང་གི་སྙན་རྩོམ་དག་ལ་སྒྱུ་རྩལ་གྱི་རྣམ་པ་དང་། བསྡུས་བརྗོད་ཀྱི་རང་བཞིན་ཐོག་ཚོར་འདུ་རྗེན་པ་ཅན་ཞིག་མཐོང་སོང་།
མགོན་པོ་ཕྱག་གཉིས་པ་ཁྱོད་སྙིང་རེ་རྗེ། སྒྲུང་གཏམ་དང་སྙན་ངག་ཉོ་མཚམས་བཞག་པ་ཡིན་ཟེར་ནས་ངོམ་སོ་ལྟ་བུ་ཞིག་བྱེད་ཀྱི་འདུག དེ་མིན་ཁྱོད་ཀྱིས་སྐྱག་པ་གང་ཞིག་ྐློག་སྡོད་ཀྱི་ཡོད། ཆོས་ནི་ཁྱོད་ཀྱིས་མི་ཤེས། ལོ་རྒྱུས་ནི་ཁྱོད་ཀྱིས་མི་ཤེས། དེ་མིན་ཕ་ཡུལ་ནས་ལག་པ་ལ་ཐེབས་ཐེབས་གང་ཞིག་ཉོས་པ་ཡིན། མའོ་རྒན་གྱི་གསུངས་རྩོམ་འདྲ་ཉོས་པ་ཡིན་རྒྱུ་རེད། དེའི་ཕྱོགས་ལ་དད་ཞེན་བརྟན་པོ་འདུག་ག
ཚེ་རིང་གི་བུ་དང་དེ་དང་འདྲ་བའི་རྩོམ་པ་པོ་ཚོ་ལ་ཞུ་རྒྱུར། དེབ་འདོན་པ་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ན། ཀླུ་སྨྱོན་གྱི་རྗེས་ནས་ང་ལའང་བརྡ་ཞིག་རྒྱག་རྒྱུ་མ་བརྗེད། གང་ཡིན་ཟེར་ན། ངས་ཚོགས་པ་ཞིག་དང་ལྷན་དུ་དཔར་སྐྲུན་གྱི་བྱ་བ་ཞིག་མགོ་བཙུགས་ནས་ལོ་གཉིས་ཡིན། གཞོན་སྐྱེས་རྩོམ་པ་པོའི་བརྩམས་ཆོས་ཚད་ལྡན་དཔར་སྐྲུན་གྱི་རེ་བས་རྡ་རམ་ས་ལའི་གྲོགས་པོ་སྐོར་ཞིག་ལ་མངགས་པ་ཡིན། མཐའ་མ་དེར་གཅིག་རག་སོང་བ་དེ་ཡང་སྔ་གཞུག་འདྲ་ཞིག་བརྩད་ནས་ངའི་ལག་ནས་བོད་ཀྱི་དཔེ་མཛོད་ཁང་ལ་ཤོར་སོང༌། དེབ་དེ་ནི་ངོ་མས་དཔར་འདོད་བྱུང་སོང་སྟེ། མཐའ་མ་དེར་རག་མ་སོང༌། ཡིན་ནའང༌། ང་ཚོའི་ལས་གཞི་འདིའི་ནང་སྙན་ངག་གི་དེབ་ལ་མཐུན་འགྱུར་ཞུ་ཡི་མེད། དེ་མིན་ཚང་མ་དཔར་གྱི་ཡོད། སྙན་ངག་གི་དེབ་ལ་མཐུན་འགྱུར་མི་ཞུ་བ་དེ་ང་ཚོར་དེབ་ཚད་ལྡན་དགོས་པའི་དམིགས་ཚད་འདིས་དེ་སླེབས་མ་སོང༌། ང་ཚོས་འདོན་རྒྱུའི་དེབ་ནི་རྩོམ་པ་པོ་རྒན་པ་གསུམ་དང་གཞོན་སྐྱེས་གཉིས་བཅས་མི་ལྔ་ཐུན་མོང་ནས་དག་མཆན་ཐོབ་མཚམས་ལག་བསྟར་ཞུ་ཡི་ཡོད། ད་བར་ཐུན་མོང་གི་དག་མཆན་ཐོབ་པ་ནི་བོད་ཀྱི་དཔེ་མཛོད་ཁང་ལ་ཤོར་སོང་བ་དེ་ཙམ་ལགས།
མྱི་ལྡང་། དེ་འདྲའི་འཆར་གཞི་འདྲ་ཡོད་ན་དགའ་འོས། སྤྲོ་དགོས་པའི་ཚད་དུ་འདུག ཡིན་ནའང་། ཁྱེད་ཀྱིས་རྩོམ་པ་པོ་རྒན་པ་གསུམ་དང་གཞོན་སྐྱེས་གཉིས་བཅས་མི་ལྔ་ཐུན་མོང་ནས་དག་མཆན་ཐོབ་མཚམས་ལག་བསྟར་ཞུ་གི་ཡོད། ཅེས་གསུངས་སོང་། དག་མཆན་ཞེས་སྐད་ཆ་རྫིག་པོ་བཤད་གི་འདུག་ག ཨ་ལ་ཀུ་རེ་ཡིན་ཏེ། ཁྱེད་ཚོ་མི་ལྔ་པོ་སུ་སུ་ཡིན་མིན་དང་། འཆར་གཞི་དེ་བདེན་པ་ཡིན་ཚེ། ངའི་ཨལ་ལམ་ཁ་བྱང་འདིར་བྲིས་ཡོད། snowpoet3@yahoo.com འདི་བརྒྱུད་ཁྱེད་ཀྱི་ཨལ་ལམ་དང་ཞལ་པར་ཨང་གྲངས་གསུང་དང་། ངས་ཁྱེད་ལ་འབྲེལ་བ་བྱེད་ངེས་ཡིན། བཀྲ་ཤིས་བདེ་ལེགས།
སྙན་ངག་གི་དེབ་ལ་མཐུན་འགྱུར་ཞུ་ཡི་མེད། དེ་མིན་ཚང་མ་དཔར་གྱི་ཡོད། སྙན་ངག་གི་དེབ་ལ་མཐུན་འགྱུར་མི་ཞུ་བ་དེ་ང་ཚོར་དེབ་ཚད་ལྡན་དགོས་པའི་དམིགས་ཚད་འདིས་དེ་སླེབས་མ་སོང༌། དེབ་ཚད་གང་ལྡན་དགོས་པ་རེད་
ངའི་ལག་ཏུ་ཡོད་པ་ནི་སྒྱུར་རྩོམ་ཞིག་ཡིན། དེབ་དེ་ཚད་ལྡན་ཡིན་མིན་མི་ཤེས་ལ། དེབ་ཅིག་ཚད་ལྡན་ཡིན་མིན་གྱི་སྐོར་ལ་སློབ་སྦྱོང་མེད། ངས་སྐྱ་རེངས་ཞེས་པའི་བརྩམས་སྒྲུང་གི་དེབ་འདི་ངས་ཐེངས་ལྔར་བ༸ཐྲྤཀླགས། ཡག་པོ་བྲིས་འདུག་བསམས་ཏེ་བསྒྱུར་བཞིན་ཡོད། མིའུ་ཕྲུག་གི་བཤད་པ་ལྟར། ཁྱེད་རང་གིས་དེབ་ཚད་ལྡན་གང་འདྲ་ཞིག་ལ་གོ་གི་ཡོད་དམ། དེ་མིན་ཁྱེད་རང་གིས་བྲིས་པའི་མཆན་བུ་དེ་གསལ་པོ་མི་འདུག
གོང་དུ་མཆན་འབྲི་མཁན་དེ་ཚོས་ཡིག་བསྒྱུར་གྱི་སྐོར་ལ་སྐད་ཆ་བཤད་འདུག ངས་ཀྱང་ཉམས་མྱོང་ཞིག་བཤད། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧེ་མིན་ཝེ་ཟེར་བས་བརྩམས་པའི་རྒད་པོ་དང་རྒྱ་མཚོ་ཟེར་ཞིག་བསྒྱུར་བ་ཡིན། མཐའ་མ་དེར་དཔར་བསྐྲུན་བདག་དབང་ཐོབ་མ་སོང་། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་པ་ཡིན། འོན་ཀྱང་ཐོབ་མ་སོང་། བདག་དབང་མེད་ན་བསྒྱུར་བ་འཕྲོ་བརླག་རེད། འདི་སེམས་ལ་ཉར་རོགས་ཞུ་བ་ཡིན།
ཕྲན་ནི་ཁ་བརྡ་དྲ་རྒྱའི་ནང་འཛུལ་བ་ཐོག་མ་ཡིན་ཞིང་།་དེ་རིང་གི་འདི་མཐའ་མ་མིན་པར་སྨོན།་
ང་རང་བོད་པ་ཡིན་ཞིང་བོད་སྐད་སྨྲ་ལ་བོད་ཡིག་ཧ་ཅང་ཞེན།་དེ་ནི་ང་རང་བོད་ཡིག་ཙམ་མ་གཏོགས་པ་མ་ཤེས་̒པའི་རྒྱུ་མཚན་གྱིས་དེ་བས་ཀྱང་མིན།་བོད་ཡིག་ནི་ངའི་བླ་སྲོག་ཡིན་ལ་ང་ཚོད་བོད་པ་རྣམས་ཀྱི་བླ་སྲོག་ཀྱང་ཡིན་པས་སོ།་
བདེན་པ་རེད། བདག་དབང་ཟེར་བ་ཞིག་ཀྱང་ཡོད་པ་རེད། ཐོག་མར་དཔར་བསྐྲུན་བདག་དབང་ཐོབ་མིན་ལ་བལྟ་དགོས་ཀྱི་འདུག ཡིན་ནའང་། འཕྲོ་བརླག་ཟེར་ན་མི་ཤེས། ངས་ཐོ་རེངས་ཞེས་པའི་བརྩམས་སྒྲུང་སྒྱུར་ཁུལ་བྱས་རྗེས། ང་ལ་ནི་ཉམས་མྱོང་མང་པོ་ཞིག་རེད་བྱུང་།
མི་མཁས་མཁས་པར་འདོད་པའི་ང་རྒྱལ་དང་།།
མི་འཇོན་འཇོན་པར་སྙམ་པའི་ཁེངས་དྲགས་ཀྱིས།།
བྲིས་པའི་རྩོམ་ཡིག་ན་ཆུང་རང་ཤེད་ཅན།།
མཛེས་ཀྱང་སྙིང་པོ་སྦྲང་མའི་གཤོག་རླུང་ཙམ།།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ལ་གྲགས་རྩོམ་བོད་འགྱུར་མ་དཔར་སྐྲུན་གྱི་ལས་གཞི་ཞིག་ཡོད་པ་རེད། གཅིག་བྱས་ན་བཀྲ་ཤིས་ཚེ་རིང་ལ་ང་རྒྱལ་ཞིག་ལངས་ནས་ལས་གཞི་དེ་ཕལ་ཆེར་བརླག་ཕྱིན་པ་ཡིན་ན་ཡང་ཁྲིག་ཁྲིག་མེད། གོ་རྒྱུ་གྲག་རྒྱུ་གང་ཡང་མི་འདུག
མགོན་པོ་ཕྱག་གཉིས་པའི་སྐད་ཆ་འདི་བདེན་པ་ཡིན། རང་སྲིད་རང་སྐྱོང་དང་།
ཏིན་ཤི་རྗེས་རྒྱ་ནག་གི་འགྱུར་པ། བོད་ནང་ལོ་བདུན། ཉག་རོང་གཏམ་རྒན་མ། རྒྱུན་ཤེལ། ལང་ཚོའི་རྦབ་ཆུ། བཙན་རྒོལ་རྒྱལ་སྐྱོབ་སོགས་གྲགས་ཅན་དུས་དེབ་རྐྱང་རྐྱང་བཏོན་ཡོད། དེང་སང་བཀྲ་ཤིས་ཚེ་རིང་གིས་ཕྱག་ལས་ཅི་གནང་གི་ཡོད་མེད་མི་ཤེས། གོ་ཐོས་ལྟར་ན། མེག་ལོར་གྱི་ཉིས་ཐོག་ཅན་གྱི་ཆང་ཁང་ཞིག་གི་ནང་དུ་རྒྱུན་དུ་ཕེབས་ཀྱི་འདུག་ཟེར།
བཀྲ་ཤིས་ཚེ་རིང་ཕྱི་རྒྱལ་སྐྱེས་དམན་དེར་བཟའ་འཐོར་དང་ཁོ་གཉིས་བར་དུ་རིགས་མྱུག་བུ་མོ་མཛེས་མ་ཞིག་ཡོད་ཚུལ་འདུག བདེན་མིན་མི་ཤེས།
ཁོང་གི་བུ་མོ་དེ་མཛེས་མ་ཡིན་མིན་གང་ཤེས་ཏེ་བོད་གཞས་ཡག་པོ་ལེན་ཤེས་འདུག་ད་ལྟར་ཨ་རི་ལ་ཡོད་རེད། གལ་སྲིད་འབྲེལ་བ་འདྲ་བྱེད་དགོས་མཁན་ཡོད་ན་ཁ་པར་ཨང་གྲངས་ཕུལ་ཆོག
འབྲེལ་བ་ད་བྱེད་དགོས་མེད་དེ། བོད་གཞས་ཡག་པོ་ཞིག་ལེན་ཤེས་ན་དེ་ནི་མོ་ལ་མཛའ་འབྲེལ་བཙུགས་པ་ལས་ཀྱང་ཡིད་ཚིམ་དགོས་པ་ཞིག་རེད། ཕྱི་རབས་པ་འདི་ཚོའི་མང་པོ་ཞིག་བོད་གཞས་ལེན་པ་ཕར་ཟད་བོད་གཞས་བླངས་ན་བྲོས་འགྲོ་མཁན་ཡང་ཡོད། དྲང་མོར་བཤད་ན་ང་ཡང་ལྷ་མོ་དང་ཨ་ལྕེ་སྣང་ས་འཁྲབ་ན་བྲོས་འགྲོ་གི་ཡོད། འདིའི་སྐབས་སུ་འ་འུ་འིའིའིའིའི་མང་པོ་ཞིག་དབྱངས་ལ་བཀུགས་ནས་འདུག་པ་ལས་གཏམ་བརྗོད་ཟློས་གར་མགོ་མཇུག་ཚང་བ་རེ་འཁྲབ་ན་ལོ་ན་རྒན་གཞོན་ལ་མ་བལྟས་པར་སེམས་ནས་འབབ་རྒྱུ་རེ་ཡོད་ཀྱི་རེད་བསམས་མྱོང་།
དེང་སང་བོད་ཕྱི་ནང་གཉིས་ནས་ཁ་ཡོད་ལག་ཡོད་ཀྱིས་གཞན་ལ་ངོམ་ཡ་ཡོད་པ་གཅིག་ནི་གླུ་གཞས་རེད་ལ། ལེན་ཤེས་མི་ཤེས་གཉིས་ཀས་ལེན་པར་དགའ་སའང་གླུ་གཞས་རེད། མ་ཟད་བོད་པ་གླུ་གཞས་ལེན་མཁན་ཁ་ཤས་ལ་ཕྱི་མིས་ཀྱང་གདེངས་འཇོག་བྱེད་ཀིན་ཡོད་པ་འདྲ། ད་ལོ་ངོ་རྒོལ་སྐབས་རྒྱྒ་མི་ཞིག་གིས་གསར་འགྱུར་ལས་ཁང་ཞིག་ལ་”བོད་ནི་ང་ཆོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ང་བོད་ལ་དགའ་བོ་ཡོད་པ་མ་ཟད་བོད་མིས་གླུ་གཞས་ཧ་ཅང་ཡག་པོ་ལེན་གི་རེད”ཟེར། དོན་དངོས་སུ་བོད་ལ་གླུ་གཞས་ཡག་པོ་ལེན་མཁན་༼ཡ་དུང་དང་འཕྱོངས་ཞོལ་གྲོལ་མ་༽ལྟ་བུ་མང་ལོས་ཡོད་དམ། གོང་གི་བུ་མོ་དེ་བོད་པའི་གླུ་བའི་གྲལ་ཡིན་ནམ། ད་ངུང་ཕུར་པ་སྐྱྐབས་དང་ཨ་ལན་ཟླ་བ་གྲོལ་མ་སོགས་ར་མ་ལུག་གི་གླུ་ལེན་མཁན་ཁ་ཤས་ལ་པེ་ཅིན་དང་ཁྲའོ་ཀྱོ་ནའང་སྐད་གྲགས་འདུག །
ཕུར་བ་སྐྱབས་དང་ཨ་ལན་ཟླ་བ་སྒྲོལ་མ་གཉིས་ཀྱིས་དགའ་རོགས་ཤིག་བསྒྲིགས་པ་ཡིན་ན།
གལ་སྲིད་ཁོ་གཉིས་ཀྱིས་ཁོ་རེ་ཡའི་བརྩེ་དུང་གི་གློག་བརྙན་ལ་འགྲན་ཐུབ་པའི་བརྩེ་སྒྲུང་ཞིག་འཁྲབས་པ་ཡིན་ན།
བོད་ཡིན་མིན་གཉིས་ཀས་པ་ཏྲ་ཧེ་དང་ཡ་ལཱ་སོ་ཞེས་སྐད་འགག་རག་བར་དུ་བླངས་ཀྱང་ཁོ་ཚོའི་མགྲིན་པ་མི་གཟེར་ན། ངའི་རྣ་ན་དོན་མི་འདུག ཡིན་ནའང་བོད་ཡིག་མི་ཤེས་པའི་ཨ་ལེ་ལྟ་བུས་འདི་ལྟར་བཤད་ཀྱི་ཡོད་དེ། བོད་ཀྱི་ཡི་གེ་ནི་གསར་གཏོད་བྱས་པའི་ཉིན་ནས་བཟུང་ཆོས་པའི་སྐད་ཡིག་ལས་མང་ཚོགས་སྤྱི་ཁྱབ་ཏུ་བཀོལ་སྤྱོད་མེད་ཅིང་། དེས་མིའི་འཚོ་བ་ཕྱོགས་ཡོངས་ནས་མཚོན་ཐུབ་ཀྱི་མེད་ཟེར། སྐད་ཆ་འདི་འདྲ་གོ་ན་ཁྱོས་ཅི་བསམ་གི
ཡི་གེ་ནི་མིས་གསར་བཏོད་བྱས་པའི་བརྡ་རྟགས་རྐྱང་རྐྱང་རེད་ལ་བརྡ་རྟགས་དེ་དག་གི་ངོས་ནས་རང་འགུལ་གྱིས་མིའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་སྟངས་ཤིག་ནམ་ཡང་མེད། ཡི་གེའམ་བརྡ་རྟགས་འདི་དག་ལག་ལེན་བྱེད་པའི་སྤྱི་ཚོགས་དེའི་ནང་དུ་བརྡ་རྟགས་འདི་བེད་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཅི་ཙམ་ཞིག་ཡོད་མེད་དང་། སྤྱི་ཚོགས་དེ་བརྡ་རྟགས་དེ་དག་བཀོལ་སྤྱོད་མ་བྱས་པར་རང་རྐྱ་ཐུབ་པའི་ངང་འཚོ་ཐུབ་མིན་གྱིས་བརྡ་རྟགས་དེ་དག་གི་ནུས་པ་སྤྱི་ཚོགས་དེའི་ནང་དུ་ཚད་ཅི་ཙམ་ཞིག་བསླེབས་ཡོད་མེད་ཐག་གིས་གཅོད་རྒྱུ་ལས། བརྡ་རྟགས་རང་ངོས་ནས་སྡིག་ཉེས་ཅི་ཞིག་བསགས་ཡོད་ཨང་། བོད་ཀྱི་སྤྱི་ཚོགས་དེ་ཁྱོན་ཡོངས་ནས་ཁ་འཐོར་དུ་གནས་པ་ཞིག་ཡིན་པས་སྤྱིའི་བརྡ་སྤྲོད་པའི་ལམ་སྲོལ་ཅན་གྱི་ཡི་གེའམ་བརྡ་རྟགས་འདི་ཚོ་བཀོལ་སྤྱོད་ཆེན་པོ་ཞིག་བྱེད་མ་དགོས་པར་ཉིན་རེའི་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་པ་དང་། ཡང་ཆོས་ལུགས་དེ་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ཡི་གེར་བྲིས་པའི་ཆོས་དཔེ་བཀོལ་སྤྱོད་བྱེད་མཁན་གྱི་རིགས་ཤིག་ཀྱང་ཡོད་པ་རེད། ཡིན་ན་ཡང་དེ་ཙམ་གྱིས་བརྡ་རྟགས་འདི་ཚོས་ཆོས་རྐྱང་རྐྱང་ལ་ཞབས་ཞུ་བསྒྲུབས་པ་དང་ཆོས་པས་བརྡ་རྟགས་འདི་ཚོ་བཙན་བཟུང་སྒེར་གཅོད་བྱས་པ་ཞིག་ཏུ་ག་ལ་འགྲོ། ཨ་ལེ་སྒྲུང་རྩོམ་པ་ཚད་ལྡན་ཞིག་ཡིན་མིན་ལ་ཐེ་ཚོམ་མི་དགོས་ན་ཡང་། བརྡ་སྤྲོད་རིག་པའི་ལོ་རྒྱུས་ཞིབ་འཇུག་པ་ཡང་དག་ཅིག་ཡིན་མིན་ད་དུང་དོགས་པ་ཡོད།
དེ་བཞིན་བོད་ཀྱི་ཡི་གེའམ་བརྡ་རྟགས་འདི་ཚོ་ནི་བོད་ཁྱབ་ཏུ་ལག་ལེན་བྱས་ཡོད་ན་ཡང་དེ་བོད་མི་ཡོངས་རྫོགས་ཀྱིས་ཤེས་པ་ཞིག་ད་དུང་ཆགས་མེད་པ་ནི་དངོས་ཡོད་འཚོ་བའི་སྣང་ཚུལ་ཙམ་ཞིག་རེད། དེའི་དཔེ་མཚོན་ཡག་ཤོས་ཤིག་ནི། བོད་ཀྱི་སྐད་དེ་བོད་ས་ཡོངས་རྫོགས་སུ་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་ན་ཡང་། བོད་མི་ཡོངས་རྫོགས་ཀྱིས་གོ་ཐུབ་པའི་བོད་སྤྱི་སྐད་ཅིག་ད་དུང་ཆགས་ཐུབ་མེད་པ་དེ་བཞིན་རེད། བོད་ལ་སྤྱི་སྐད་ཅིག་མེད་པ་དེས་བོད་སྐད་ཀྱིས་བོད་མིར་ཞབས་ཞུ་སྒྲུབ་སྟངས་མ་ཤེས་པ་དང་བོད་མིས་སྐད་རིགས་ཡར་རྒྱས་གཏོང་སྟངས་མ་ཤེས་པ་ཞིག་ཏུ་འགྲེལ་མཁན་གྱི་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཞིག་ཡོད་སྲིད་དམ། དེ་ནི་ལོ་ངོ་སྟོང་ཕྲག་རིང་གི་ཁ་འཐོར་སྤྱི་ཚོགས་ཤིག་གི་མཚོན་རྟགས་ཙམ་ཞིག་རེད་ལ། མཚོན་རྟགས་དེ་བོད་པའི་སྤྱི་ཚོགས་གཅིག་པོའི་ཐོན་དངོས་ཤིག་མ་ཡིན་པར་འཛམ་གླིང་འདིའི་སྟེང་གི་ཁ་འཐོར་སྤྱི་ཚོགས་མང་ཤོས་ལ་
ལོ་རྒྱུས་འདི་ཡོད་ཆོག་པ་དང་། བོད་ལ་མཚོན་ན་སྤྱི་སྐད་སྤྱི་ཡིག་ཡིན་མིན་གང་ལྟར་སྐད་རིགས་ཤིག་དང་བརྡ་རྟགས་ཡི་གེ་ཞིག་ཡོད་པ་འདི་ཡང་མི་རིགས་འདིའི་ལ་རྒྱ་དང་གཟི་བརྗིད་ཆེན་པོ་ཞིག་རེད།
ཀླུ་སྨྱོན་གྱི་བརྡ་རྟགས་ཟེར་བ་འདིའི་དོན་དག་ངས་མི་གོ་གི ངས་བརྡ་རྟགས་ཟེར་བ་ནི་འདི་འདྲར་གོ་བ་ལེན་གྱི་ཡོད། ༼༽༇༆།། ༛༝༞( ) !_ ? %&
ངས་ཀ་ཁ་སུམ་ཅུ་ལ་འདོད་རྒྱལ་གྱི་མིང་ཡི་གེ་ཞེས་འབོད་བཞིན་ཡོད་ལ་རྗེས་གྲུབ་ཀྱི་མིང་བརྡ་རྟགས་ཞེས་ཀྱང་འབོད་ཀྱིན་ཡོད། དེ་ནི་འགྲོ་བ་མིའི་སྤྱི་ཚོགས་སུ་བྱ་དངོས་གང་ཡང་རུང་བ་དག་ལ་དེ་དག་གི་མིང་དང་བྱེད་ལས་གང་ཡིན་གྱི་གོ་བརྡ་སྤྲོད་པའི་རྟགས་ཤིག་ཡིན་པའི་ཆ་ནས་ཡིན། འོན་ཀྱང་དེ་ཡི་གེའི་མཚན་ཉིད་དུ་བཞག་ནས་དེ་ཡིན་ན་དེ་ཡིན་མིན་གྱི་ཁྱབ་མཐའ་གཅོད་མི་དགོས་སོ། །དེ་བཞིན་སུམ་རྟགས་ཀྱི་གཞུང་ལ་བརྡ་སྤྲོད་པའི་གཞུང་ཟེར་བ་འདིས་ཀྱང་གནས་ལུགས་ཤིག་སྟོན་བཞིན་ཡོད་སྙམ།
འོ། ཡུམ་དེ་མི་ཟེར། ཁྱོད་འདི་ཅི་འདྲའི་བླ་མ་སྐོར་ལོག་ཅིག་རེད། རང་གིས་མ་གཏོགས་གཞན་གྱིས་མི་གོ་བའི་ཐ་སྙད་དེ་འདྲ་མུ་མཐུད་བེད་སྤྱོད་ཐོངས། རང་ལུས་འདོམས་གང་མ་བོ་དེ་ཅི་བྱེད་རང་དབང་མ་རེད་ཟེར་མཁན་ཞིག་ག་ལ་ཡོད།
ངས་བསམས་ན་དེང་སང་བོད་ནང་གི་འབྲོག་པ་རྒན་པོ་ཚུན་ཆད་ཀྱིས་གཞན་ལ་ཁ་པར་གཏོང་དུས་བརྡ་རྟགས་གསལ་མི་གསལ་གྱི་སྐད་ཆ་ཞིག་བཤད་ཡོང་གི་འདུག་པས། བརྡ་རྟགས་ཞེས་པ་དེ་ང་ཚོར་ཆ་མེད་རྒྱུས་མེད་ཀྱི་ཐ་སྙད་ཅིག་མ་རེད་བསམས། ཡིན་ན་ཡང་། ཕྱི་བོད་ནང་བེད་སྤྱོད་གཏོང་བཞིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ལེགས་བྱང་ཟེར་བ་ཞིག་འདུག་པ་དེའི་ལེགས་བྱང་ཟེར་བ་དེ་ངོ་མ་ང་ལ་མཚོན་ན་གོ་རྒྱུ་མེད་པའི་ཐ་སྙད་ཅིག་རེད། ཁ་ཤས་ཀྱིས་ཟམ་གདོང་བླ་མས་གསར་བཟོ་བྱས་པ་རེད་ཟེར། ལ་ལས་ཝ་ར་ཎ་སི་ནས་གཏེར་སྟོན་ཞིག་གིས་དགོངས་གཏེར་དུ་ཕབས་པ་རེད་ཟེར། གང་ལྟར་མཐོ་ས་གོང་ས་མཆོག་ནས་དམའ་ས་བ་རྫི་ཚུན་ཆད་ཀྱིས་བེད་སྤྱོད་གཏོང་གིན་འདུག་སྟེ། ལེགས་བྱང་ཟེར་བ་འདིས་བོད་ཀྱི་ཅི་ཞིག་སྟོན་བཞིན་ཡོད་པ་རེད། རིག་གཞུང་ཞེས་པའི་ཚིག་འདི་དང་གོ་དོན་གཅིག་རེད་དམ་རིག་གཞུང་ཞེས་པའི་ཚིག་འདིས་སྟོན་མ་ཐུབ་པ་ཞིག་སྟོན་བཞིན་ཡོད་པ་རེད།
ང་ཚོ་མང་ཆེ་བའི་ཁར་འཇགས་ཡོད་པ་ནི་རིག་གཞུང་ཟེར་བ་འདི་རེད། ཡིན་ན་ཡང་། སྔོན་མ་ཞིག་ལ་ང་ཚོའི་དྲ་གྲོགས་ཤིག་ནས་རིག་གཞུང་དང་རིག་གནས་ཀྱི་ཁྱད་པར་མང་པོ་བྲིས་ནས་རིག་གཞུང་ནི་རིག་པའི་གཞུང་ལུགས་ལ་གོ་བས་འདི་འགྲིག་གི་མེད་པ་ལྟ་བུ་ཞིག་བྲིས་སོང་ང། དངོས་གནས་བཤད་ན་ཁོང་ལ་བདེན་པ་འདུག ད་རིག་གནས་ཞེས་བྲིས་ན་ཡང་བེད་སྤྱོད་གོམས་མ་གོམས་ཤིག་གིས་ཡིག་ཐོག་ནས་སྦྱངས་དགོས་པ་ཞིག་ལས་གཞན་ལ་གོ་མི་བདེ་བ་ལྟ་བུ་ཞིག་ཡིན་ཡང་ལེགས་བྱང་ལས་ལེགས་པ་མེད་འགྲོ། རྒྱ་ནག་གི་སྐད་དུ། ཝུན་ཧྭ་ཟེར་བ་དེ་རིག་གནས་དང་དོན་གཅིག་ཀྱང་ད་ལྟ་དེའི་བསྟན་དོན་རྒྱ་ཆེ་རུ་ཕྱིན་འདུག་ག། དུས་ཚོད་ཀྱི་འཕོ་འགྱུར་ལ་བརྟེན་ནས་ཐ་སྙད་འགའ་རེའི་གོ་དོན་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་འདི་ནི་སྐད་རིགས་ཚང་མའི་ནང་ཡོད་པའི་དོན་དག་ཅིག་རེད།
ད་རིག་གཞུང་གམ་རིག་གནས་ཟེར་བ་འདིའི་ནང་། མི་རིགས་ཤིག་གི་སྐད་དང་གོམས་སྲོལ། ཆ་ལུགས་ཆས་གོས། འགྲོ་སྟངས་ཟ་སྟངས། ཉལ་སྟངས། བསམ་ཕྱོགས། ངོ་ཚ། འཛེམ་བྱ། དགའ་ན་མཐེ་བོང་སྟོན་པ། མ་དགའ་ན་མཐེའུ་ཆུང་ལ་མཆིལ་མ་བཏབ་ནས་སྟོན་པ། རྟུག་དྲི་ཤོར་ན་ངོ་ཚ་ཡ་མེད་དུ་བརྩི་བ། ཤི་བོའི་མྱིང་བཟུང་ན་དེ་ལས་ལྷག་པའི་ཁྱད་གསོད་མེད་པ། ཕ་གསོད་ཀྱི་ལག་དམར་བུ་ཡིས་གསོད་དགོས་པ། མི་བསོད་ནམས་ཅན་ལ་དུག་དྲངས་ན་དེའི་བསོད་ནམས་རང་ལ་འཁོར་གྱི་ཡོད་པ་སོགས་མི་རིགས་ཤིག་གི་མ་འདྲ་བའི་གནས་ཚུལ་ཡོངས་སུ་རྫོགས་པ་ཞིག་ལ་གོ་ཡི་མེད་འགྲོ། ངས་བལྟས་ན། རིག་གནས་ཟེར་བའི་ཐ་སྙད་འདི་ཕྱོགས་བཞི་ནས་འཐེན་རྒྱང་བྱས་ཏེ་ཆེ་རུ་བརྒྱང་དགོས་ཀྱི་འདུག འབྲོག་པ་ཚོས་གཡག་གི་ཀོ་བ་སྐམ་སྟངས་ལྟར་བྱ་དགོས་པར་འདུག ཟམ་གདོང་བླ་མའི་ལེགས་བྱང་ཟེར་བ་འདི་ལག་བྱིལ་ཟེར་བ་འདྲ་བོ་འདུག ལག་བྱིལ་ཟེར་ན་བཟའ་ཟླ་དང་དགའ་རོགས་མེད་མཁན་ཚོའི་མཇེ་ལག་པའི་ནང་བྱིལ་བྱིལ་བཏང་བའི་དོན་དག་རེད། གཅིག་བྱས་ན། གྲྭ་བ་ཞིག་གི་ངོས་ནས་བལྟས་ན་ཚིག་འདི་སྙིང་རྗེ་བོར་མཐོང་སྲིད། དེ་ངས་མི་ཤེས།
མགོན་པོ་ཕྱག་གཉིས་པ་དང་ཀླུ་སྨྱོན་ཧེ་རུ་ཀ་གཉིས་ཀྱིས་བོད་མི་རིགས་ཀྱི་ལེགས་བྱང་ཧ་མི་གོ་བ་ངོ་མ་ཁག་མེད་ཁྱེད་གཉིས་ལ་མེད་རྒྱུ་དེ་རེད་ཡ།
ད་བར་དུ་བཀླགས་པའི་ལོ་ངོ་སྟོང་ཕྲག་རིང་གི་བཀའ་བསྟན་དང་ཆོས་ལུགས་དང་བླ་མའི་ལོ་རྒྱུས། ས་གནས་སོ་སོའི་ལོ་རྒྱུས་དེབ་ཐེར། གེ་སར་སྒྲུང་དཔེ་ལ་སོགས་པ་ནས་ཚིག་དེ་འདྲ་ཞིག་མཐོང་མ་མྱོང་། ད་འོ་ན་དེའི་དོན་ཅི་འདྲ་ཞིག་རེད་ལགས། ཡོན་ཏན། གོམས་སྲོལ། ལུགས་སྲོལ། ཡ་རབས། ཆ་ལུགས། གཤིས་ཀ མདོར་ན་ག་འདྲ་ཞིག་གོ་དགོས་པ་དང་ཚིག་དེ་དུས་ཚོད་ནམ་ཞིག་ལ་ང་ཚོའི་སྤྱི་ཚོགས་སུ་བསླེབས་པ་རེད།
ཕྱག་གཉིས་པ་འདིས་ཤེས་མི་དགོས་རྒྱུ་དེ་ཚོ་ཤེས་ཀྱི་རེད། ལྟོས་དང་བོད་ལ་ལག་བྱིལ་གཏོང་བ་ཞེས་པའི་མིང་ཚིག་ཅིག་ཀྱང་ཡོད་པ་ཤེས་འདུག ལག་བྱིལ་གཏོང་བ་འདི་ན་ཚ་མི་འགོས་པ་སོགས་ཡོན་ཏན་མང་པོ་ཡོད་ཚུལ་ཞིག་རྡ་རམ་ས་ལ་ནས་ཨེམ་ཇེ་ཨ་ཅག་ཅིག་གིས་བཤད་པ་ཐོས་ཀྱང་མོས་བོད་སྐད་ཀྱི་མིང་དེ་ལབ་ཤེས་ཀྱིན་མི་འདུག དབྱིན་ཇིའི་མིང་ཚིག་བེད་སྤྱོད་བཏང་སོང་། གྲྭ་བ་ལ་ག་ལ་འཕྲོད། བརླ་བསྡམས་ལག་པས་བསྐྱོད་པ་སོགས་ལོག་གཡེམ་གྱི་གྲས་རེད་ད། ལམ་རིམ་ཆེན་མོར་སློབ་དཔོན་དཔའ་བོའི་ལུང་དྲངས་ནས་ཏག་ཏག་བསྒྲུབས་ཡོད་རེད། དེ་འདྲ་བྱས་ན་ལོག་གཡེམ་བྱས་པ་རེད་ད།
ལེགས་པའི་ཡོན་ཏན་ལ་ལེགས་བྱང་ཟེར་བ་རེད། དེ་སྔོན་ནས་ཡོད་པ་རེད་མ་གཏོགས་ཟམ་གདོང་བླ་མས་གསར་བཟོ་གནང་བ་ཞིག་མ་རེད། བཀུར་འོས་གྲྭ་གྲོགས་རྣམ་པ་ངོ་ཚ་བོར་བའི་ཚིག་དམར་རྗེན་དག་ཅུང་ཙམ་ཉུང་རུ་བཏང་ན་ལེགས། འདིས་ང་ཚོའི་ཁ་བརྡ་དྲྭ་ཚིགས་ཀྱི་མཚན་སྙན་ལ་གནོད་ཀྱིན་ཡོད་འདུག
མིའུ་ཕྲུག ལེགས་བྱང་ཟེར་བ་འདི་སྔོན་མ་ནས་ཡོད་ན་དེབ་གང་གང་གི་ནང་ན་ཡོད་པ་དང་། དཔེ་ཁ་ཤས་དྲངས་རོགས་གནང་། འདི་ཡོངས་གྲགས་ཀྱི་མིང་ཞིག་མ་རེད། དབྱིན་ཇིའི་ཚིག་གང་གི་དོད་ཡིན་པ་སོགས་གསལ་བཤད་ཅུང་ཟད་བྱས་ན་ངེད་ཚོ་མི་ཤེས་མཁན་རྣམས་ལ་ཕན། དེ་མིན་སྔོན་མ་ནས་ཡོད་རེད་ཟེར་བ་ཙམ་བཤད་ནས་བཞག་ན་ཁུངས་འཁྱོལ་ཐབས་བྲལ།
ཟམ་གདོང་བླ་མས་མཚམས་རེར་རྒྱུ་མཚན་ཡོད་མདོག་ཁ་པོའི་གཞུང་ལུགས་མང་པོ་བཤད་ཀྱི་འདུག མཚམས་རེར་ཁུངས་མེད་ཀྱི་སྐད་ཆ་དེ་འདྲ་ཡང་བཤད་པས་ང་ཁོ་ལ་ཡིད་ཆེས་ཆ་ཚང་མེད། སྔོན་མ་ཞིག་ལ་ལས་བྱེད་ཟབ་སྦྱོང་ཞིག་གི་སྐབས། ཨ་མདོ་མགོ་ལོག་ནས་བཞུར་ཡོང་བའི་ཀླུ་ཆུ་ཟེར་ནས་མཁས་མདོག་བསྟན་ནས་འགྲེལ་བཤད་རྒྱག་གི་འདུག་པས་ང་དགོད་ཤོར་སོང་། ཀླུ་རྒྱལ་ཨ་མྱེས་ཆབ་བྲག་གམ་ཆབ་རགས་ནས་བཞུར་བས་མིང་ལ་ཀླུ་ཆུ་ཐོགས་པ་རེད།
སྤོབས་པ། ལག་བྱིལ་མ་ཡིན་པའི་ངེས་པར་ཤེས་གལ་ཆེ་བའི་ཐ་སྙད་དེ་འདྲ་གཞན་ཡང་ཤེས། ཕོས་ཕོའི་རྐུབ་ནང་རྒྱག་པ་ལ་བྲ་ལྟ་རྒྱག་ཟེར། མོས་མོར་འདོད་པ་སྤྱོད་པ་ལ་ཟངས་ནག་(སླ་ང་ནག་པོ)ཁ་བསྒོར་ཟེར། གཞན་ཁྱེད་རང་ལ་ག་རེ་དགོས།
ཕྱག་གཉིས་པས་དེ་ཚོ་གསལ་བཤད་བྱས་པ་ལེགས་བྱུང་། འདི་རིགས་འགྲོ་བ་མི་བྱུང་བའི་ཉིན་ཞིག་ནས་བྱུང་ཡོད་རྒྱུ་རེད་མོད་བོད་ལ་འདི་ཚོའི་མིང་ཚིག་ཁ་གསལ་མེད་པ་ཡག་པོ་མི་འདུག མཚན་མཐུན་ཆགས་སྤྱོད་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཐོག་ལ་འཁོད་ཡོད་པ་ངས་མཐོང་བ་སྔ་ཤོས་ནི་མི་དབང་རྟོགས་བརྗོད་དང་བོད་མཁས་སྙན་འགྲེལ་གྱི་དཔེར་བརྗོད་ཙམ་རེད། དེ་མིན་འདུལ་བའི་གཞུང་ལ་འཁོད་ཡོད་ཡོད་པ་རེད།
ད་ལྟའི་ཁ་བརྡ་ལ་ལྟ་སྟངས།
ཁ་བརྡ། ངན་པས་རང་བཀྱག སྐྱག་པས་རྐུབ་བཀྱག་ས།
ཁ་བརྡ། ཁྲོན་པའི་ལྦལ་བས་ཆིག་ལབ་རྒྱག་ས།
ཁ་བརྡ། ཟ་ལས་རྒྱལ་ཚོས་སྟོང་ལབ་རྒྱག་སའི་འདུ་ར།
དོན་དངོས་ཀྱི་ཁ་བརྡ་ཞིག་དགོས་ན།
ཁ་བརྡ། རྒྱལ་སྒོ་ནས་བུད་དེ་རྒྱལ་ཁམས་ལྟ་དགོས་པ་ལས། གོ་ཁའི་བུད་ནས་སྒོ་ཁ་གཅིག་པུ་འཚོ་མི་རུང༌།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
ཁ་བརྡ་ལགས།
མི་རིགས་ཀྱི་བདེ་སྡུག་གླེང་བའི་ཁ་བརྡ།
གཞིས་བྱེས་ཀྱི་དྲན་གདུང་སྨྲ་བའི་ཁ་བརྡ།
བརྡ་རྟགས་ཀྱི་ཚེ་སྲོག་སྦྲུམ་པའི་ཁ་བརྡ།
སྨྱོན་པ་ཚོའི་སྙིང་ནད་སངས་བའི་ཁ་བརྡ།
མི་ཕྲུག་ནི་མི་ཕྲུག་རང་རེད། ནང་དོན་གཅིག་དེ་འདྲ་མང་པོ་བཀོད་ནས་ཕན་ཐོགས་ག་རེ་ཡོད།
དགོངས་དག་ཞུ་ངའི་གློག་ཀླད་ལ་སྐྱོན་ཤོར་ནས་འདི་ལྟར་ཆགས་སོང་།