གླིང་གཅེར་བུ།
བཙན་བྱོལ་བའི་མཐུན་སྒྲིལ་བྱ་དགོས་པ་རེད་ཟེར་མཁན་དག་དང་མཐུན་སྒྲིལ་བྱ་དགོས་ཟེར་མཁན་ཚང་མས་མདོར་དེད་ན་ཕན་ཚུན་ལ་སྦྲེལ་ལད་འཁྲབ་རེས་དང་སྐྱག་རྫུན་བཤད་རེས་བྱ་དགོས་བ་རེད་ཟེར་བ་དང་ཀུན་ནས་མཚུངས་བ་འདྲ་བོ་ཞིག་འདུག
མ་གཞི་མཐུན་སྒྲིལ་བྱ་དགོས་པ་རེད་ཟེར་ན་ཁྱོད་ཀྱིས་གང་བསམ་པ་དེ་ངས་བསམ་ཁྱོད་ཀྱིས་གང་ལས་པ་དེ་ངས་ལས་དགོས་པ་དེ་འདྲ་ཞིག་ལ་ཟེར་གྱི་ཡོད་པ་མ་རེད། དེ་ལྟ་བུའི་མཐུན་སྒྲིལ་ནི་སྒེར་གཅོད་སྲིད་གཞུང་འོག་གི་མི་སེར་དང་ཡང་མིན་ན་ཤེས་ཡོན་སློབ་གསོ་ཟེར་བ་ཏིལ་ཙམ་མེད་པའི་རྨོངས་མུན་གྱི་ཚོགས་སྤྱི་ནས་ཡོང་སྲིད་ན་ཐང་མོད།
དེ་མིན་སྤྱི་དམངས་དམངས་གཙོའི་སེམས་ཁམས་དང་དམངས་གཙོའི་སྲིད་ལུགས་ལ་ཤེས་རྟོག་ཅན་གྱི་སྤྱི་ཚོགས་ནས་དེ་ལྟ་བུའི་མཐུན་སྒྲིལ་ཡོང་ཡང་སྲིད་པ་མ་རེད་ལ། གལ་ཏེ་ཡོང་ན་འགྲིག་གི་ཡང་ཡོད་པ་མ་རེད།
མཐུན་སྒྲིལ་ནི་དུས་ནམ་ཡང་རིག་གནས་མཉམ་སྤེལ་དང་ལྟ་བ་མཉམ་གནས་ཀྱི་འཚོ་གནས་ཁོར་ཡུག་ལ་བདག་པ་ལས། ལྟ་བ་གཅིག་དང་འདོད་ཚུལ་གཅིག་ལངས་ཕྱོགས་གཅིག་གིས་ཡོད་ཚད་ལ་མཚོན་རྩི་གཅིག་བྱུག་འདོད་པའི་སྤྱི་ཚོགས་ལ་མཐུན་སྒྲིལ་ཟེར་བ་ཡོང་ཐུབ་པ་ཞིག་ཡིན་པ་མ་རེད།
ཁྱེད་ཀྱི་ལྟ་ཚུལ་དང་ལངས་ཕྱོགས་ལ་ང་ལ་འདོད་པ་མེད་ཀྱང་ཉན་ཤེས་བསམ་ཤེས་ཐུབ་པ་དང་ངའི་འདོད་ཚུལ་དང་བསམ་ཕྱོགས་ལ་ཁྱོད་ལ་མོས་པ་མེད་ཀྱང་གུས་བཀུར་དང་མཉམ་གནས་ཀྱི་བློ་རྒྱ་བསྐྱེད་ཐུབ་ན། ད་གཟོད་དོན་དམ་པའི་མཐུན་སྒྲིལ་ནི་གནས་བབ་དེ་ལྟ་བུའི་འོག་ནས་ཡོང་ཐུབ་པ་ཞིག་རེད།
དེ་མིན་ཁ་ཡར་བཀྱག་ལ་མཐུན་སྒྲིལ་བྱ་དགོས་པ་རེད་ཟེར་ཙམ་ཞིག་གིས་མཐུན་སྒྲིལ་ཞེས་པ་ཡོང་ཐུབ་པ་ཞིག་ཀྱང་མ་རེད་ལ། ཆེ་གེ་མོ་ཚོ་རང་ཉིད་ནས་འགོ་བཙུགས་ཏེ་མཐུན་སྒྲིལ་གྱི་ས་ཁོད་ཅིག་གཏན་ནས་ཡོང་ས་མེད་པར་རང་དང་ལྟ་བ་མི་མཐུན་པ་དག་ལ་མཉམ་གནས་ཀྱི་བསམ་བློ་ཅི་ཡང་མེད་པར། རྨེག་མེད་གཏོང་ཐབས་ཀྱི་ལས་ཁོ་ན་གཉེར་བ་ནི་མཐུན་སྒྲིལ་ལ་བརྩོན་གྱིན་པ་མ་ཡིན་པར་གཏོར་གྱིན་ཡོད་པ་རེད།
མ་གཞི་བཙན་བྱོལ་བའི་ཆེ་གེ་མོ་ཚོར་དགོས་པའི་མཐུན་སྒྲིལ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཁྱོད་ཡག་རབས་རྒྱན་རབས་འཇོན་རབས་ལྟ་བུ་རྐྱང་ལྟ་བུ་ཞིག་ཡིན་དགོས་པར་འདོད་ཀྱི་ཡོད་ས་རེད། རྒྱུ་མཚན་དེ་ལྟ་བུ་ཞིག་གིས་སློབ་དཔོན་ཟམ་གདོང་ཚང་གིས་ཀྱང་སྐད་འདི་འདྲ་ཞིག་བཤད་དགོས་བྱུང་འདུག
༼བཀའ་བཀྱོན་གནང་མཁན་ཞིག་བྱུང་ནའང་སེམས་ཤུགས་ཆག སྐྱོན་བརྗོད་བྱེད་མཁན་ཞིག་བྱུང་ནའང་སེམས་ཤུགས་ཆག་ཆོག་ཆོག ག་དུས་ཡིན་ནའང་ཁྱེད་རང་ཡག་པོ་རེད་ཅེས་རྩམ་པ་བཤོས་བཤོས་པར། བཙན་གསོལ་བ་ནང་བཞིན་གསོལ་བསྡད་དགོས་པ་དེ་འདྲ་བྱས་ན་ཡ་རབས་ཀྱི་སྤྱོད་པ་དང་མཐུན་པ་ཞིག་དང་། ལྷག་བསམ་རྣམ་དག་ཡིན་པ་ཞིག་ཡོང་ཐུབ་ཀྱི་མ་རེད།༽ཞེས་པ་ལྟར།
ཁོ་ཚོས་ད་ལྟ་ད་དུང་ཡང་མི་མང་ལ་མཐུན་སྒྲིལ་བྱོས་མང་པོ་ཞིག་ལབ་ཀྱིན་འདུག་མོད། ཁོ་ཚོས་མཐུན་སྒྲིལ་བྱོས་ཟེར་བ་ནི་ཕལ་ཆེར་འདི་ལྟ་བུ་ཞིག་ལ་ཟེར་གྱིན་ཡོད་ས་རེད།
གནས་ལུགས་དང་བདེན་ལུགས་ཀྱིས་རྣོ་དབལ་རབ་ཏུ་ཚ་བའི་རྩོམ་འདི་འདྲ་སྤེལ་ན་ཡང་བཙན་བྱོལ་བ་ཚོས་གོ་ཁག་པོ་རེད།
ཁོ་ཚོས་བཤད་པའི་མཐུན་སྦྲེལ་ཟེར་བ་ནི། སོ་སོའི་ལྟ་བ་དང་ལངས་ཕྱོགས་སུ་ངེས་པར་འགྲོ་དགོས་པ་དེ་རེད། དེ་ལས་བརྒལ་ན་ལྷ་བླ་ཐུགས་ཁྲོས་ཏེ་དམྱལ་བ་མནར་མེད་དུ་འཕེན་གྱིས་རེད་ཞེས་པའི་གོ་དོན་མིན་ནམ། སྐྱོ་བ་ལ་ནི་ཚད་ཅིག་མི་འདུག ད་ནི་ལྷ་འདྲེ་དེ་ཚོ་གོ་དུས་བསུན་པོ་ཆགས་ཀྱི་འདུག
ཆོལ་གསུམ་མཐུན་སྒྲིལ་གྱིས། ཆོས་བརྒྱུད་མཐུན་སྒྲིལ་གྱིས། གསར་རྙིང་མཐུན་སྒྲིལ་གྱིས།
ང་ནི་ཁ་བརྡ་དྲ་བར་མཚམས་མཚམས་ཡོང་དུས། རྩོམ་པ་པོ་ཁོང་གིས་དངོས་ནས་ཁ་ཚ་དགོས་གཏུག་གི་རྩོམ་ཡག་པོ་རེ་སྤེལ་པ་མཐོང་གི བཙན་བྱོལ་བའི་རྩོམ་པ་པོ་ཚོས་ནང་ན་འདི་འདྲའི་རྨ་ཐོག་ཚ་ལྟ་བུའི་རྩོམ་འབྲི་མཁན་ཇེ་ཉུང་ནས་ཇེ་ཉུང་རེད་འདུག ཁོང་ལ་ཐུགས་རྗེ་ཆེ། ཁྱེད་ཀྱི་སྨྱུག་ཁ་མུ་ནས་བཙན་པར་སྨོན།
རྩོམ་ཡིག་ཡག་པོ་བྲིས་འདུག གཞིས་ཆགས་བུ་གུ་ཚོར་ཅང་ཡོད་པ་མ་རེད། རེ་བ་བརྒྱབ་རྒྱུ་ཞིག་མེད། དེ་ལས་སྔོན་མའི་མི་རྒན་ཚོ་བཀའ་དྲིན་ཆེ། ་རང་ཚུགས་ཡོད། ་ད་ལྟ་སེང་གེ་དང་སྤེན་ཚེ་གཉིས་ཀྱིས་བོད་མིནརིགས་འདི་ཁ་ཐུར་བསྐོར་ལེ་རེད།
བསམ་བློ་གཏོང་ས་ཡོད་པའི་རྩོམ་ལེགས་པོ་ཞིག་བྲིས་འདུག གང་ལྟར་བཙན་བྱོལ་ནང་ལྟ་བ་གཅིག་གི་འོག་ལ་ཚང་མ་ཤར་སྐྱོད་བྱེད་པ་ནི་མཐུན་སྒྲིལ་གྱི་རྩ་བ་ལྟ་བུར་མཐོང་བ་ནི་ནོར་འཁྲུལ་རེད།
རྣམ་པ་ཚོ་ཕེབས་ཡོང་ནས་དོ་སྣང་སྤྲད་པར་ཐུགས་རྗེ་ཆེ།
ངས་ནི་ད་བར་བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་སུ་ཞིག་གིས་ཀྱང་། ཁྱོད་བཤད་པ་ལྟར་གྱི་མཐུན་སྒྲིལ་བྱོས་ཟེར་བ་གོ་མ་མྱོང་། ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དམངས་གཙོའི་ལམ་བུ་བཤངས་ཤིང་། མི་དམངས་རྣམས་དེ་ཕྱོགས་སུ་འཁྲིད་ཐབས་མཛད་བཞིན་པ་མཐོང་བ་འདི་ཡིན། རང་ཉིད་ཀྱི་ཚོར་བ་དང་ལྟ་ངན་ཉེ་ཚེ་བ་ཞིག་གཞིར་བྱས་ཏེ། གཞུང་དམངས་ནག་པོ་བཟོ་ཐབས་བྱེད་པ་ནི་ཐ་ཆད་ཀྱི་སྤྱོད་པའོ། །དམངས་གཙོའི་ནང་ལྟ་བ་འདྲ་མིན་ཡོད་ཆོག་ཀྱང་། མང་བ་གང་གི་ཕྱོགས་སུ་འགྲོ་བ་དེར་གཞི་བྱས་ཏེ། ཁྲིམས་སྒྲིག་བཟོ་ཞིང་། མི་དམངས་རྣམས་ཀྱིས་དེར་གུས་བརྩི་ཡོད་པའི་ཐོག་ནས་འགྲོ་དགོས་པ་ལས། དམངས་གཙོ་ཡིན་ན་གང་དྲན་དྲན་བྱེད་པ་ནི། བལ་ཡུལ་གྱི་དམངས་གཙོའི་རྗེས་སྙེག་པ་ཡིན་ནོ། །རང་ཅག་གི་དམངས་གཙོ་ཡང་ལོ་ན་གཞོན་དབང་གིས་ཁྱོད་ལ་ཁག་མེད་ཀྱང་། ཤེས་པ་ཚོར་སློབ་སྟོན་ཞུ་བའམ་དེ་ལྟར་མ་ནུས་ཀྱང་། མིག་དང་རྣ་བ་ཆེ་ཙམ་གདངས་ཏེ་སྤྱི་ཚོགས་ལ་ཞིབ་འཇུག་ལེགས་པར་བྱོས་ལ་ད་གཟོད་ཁ་གདོངས་ཤིག་ཨང་། དེ་མིན་བླུན་པོ་ཆུ་སྣེ་གར་འཁྲིད་ཅན་ཚོས་བདེན་བདེན་དུ་མཐོང་སྟེ། རང་གི་དབུ་འཁྲིད་དང་གཞུང་ལ་ཞེན་ཁ་ལོག་པའི་རྒྱུར་འགྲོ་བས། རྗེས་སོར་སྤྱི་ཚོགས་དྲྭ་ལམ་དུ་རྩོམ་སྤེལ་དུས་ཟོབས་ཤིག་ཨང་།།
ད་མང་པོ་ཤོད་མི་ཉན་འོས་འཕ྄ེན་ཟིན་རྗེས་ད་དུང་སྐྱོན་བརྗོད་བྱེད་རེས་བྱེད་མཁན་རྣམས་དོལ་རྒྱལ་དང་རྒྱ་མིའི་རྒྱུགས་ཁྱི་རེད་ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བསྒྲགས་གནང་སོང།
ཨ་ལེ། ཟླ་བ་ལགས། དེ་ན་ཁོ་ཚོས་དམངས་གཙོའི་ལམ་ལ་ཁྲིད་གང་ཐུབ་ཀྱི་འབྲས་བུའི་མཐུན་སྒྲིལ་དེ་དེ་རིང་ཁ་སང་གི་གནས་བབ་འདི་ཨེ་རེད། ངས་ནི་རྩོམ་ཡིག་སྤེལ་དོན་གཏན་ནས་ཆེ་གེ་མོ་ཚོ་ནག་པོ་བཟོ་ཐབས་ཤིག་བསམ་ཀི་མེད། འདི་ནི་ང་རང་གིས་གནས་བབ་འདི་འདྲའི་སྐབས་སུ་འགན་ཞིག་ཡོད་པ་རེད་བསམ་ནས་ང་རང་གི་སྨྲ་བརྗོད་ཁེ་དབང་ལོངས་སུ་སྤྱད་ནས་བསམ་ཚུལ་ཙམ་སྨྲས་པ་ཡིན། འདི་ཙམ་ཞིག་བརྗོད་དབང་མེད་པར་རྗེས་ཕྱོགས་རྩོམ་ཡིག་སྤེལ་དུས་ཟོབས་ཤིག་ཟེར་ནས་འཇིགས་སྐུལ་བྱ་ཚུལ་ལ་བལྟས་ན། འདི་ཡང་ཁྱེད་ཀྱི་བཤད་ཚུལ་ལྟར་དམངས་གཙོ་ཡང་དག་པའི་སྣེ་ཁྲིད་པའི་མཐུན་སྒྲིལ་ལ་བརྩོན་ཚུལ་དེ་ཡིན་རྒྱུ་རེད་ཨང་།
ངས་བལྟས་ན་ང་ཚོ་ད་ལྟ་བར་དུ་ཕན་ཚུན་མཉམ་གནས་ཙམ་ཞིག་ཡོང་ཐུབ་པ་དེ་༧གོང་ས་མཆོག་ལ་དད་པ་དམ་ཚིག་ཙམ་ཞིག་གི་ངོས་ནས་ཡོང་བ་རེད་མ་གཏོགས། དོན་དམ་པར་བཙན་བྱོལ་བ་དག་གིས་ནང་བསམ་བློ་དང་རིག་གནས་ལྟ་ཚུལ་སོགས་ཀྱི་ངོས་ནས་མཉམ་གནས་ཤིག་གཏན་ནས་ཡོང་ཐུབ་མེད། ཚང་མ་ལྟ་ཚུལ་གཅིག་འདོད་ཚུལ་གཅིག་གི་འོག་ཁོ་ན་ལས་སྡིག་པ་མིག་བཙུམ་བྱས་ནས་ཡོང་ནས། ད་གཞི་ནས་ང་ཚོ་ལ་ཕུ་ཤོར་གྱི་ཡོད་པ་རེད། མ་གཞི་དེ་ལྟ་བའི་མཐུན་སྒྲིལ་མཉམ་གནས་ནི་རྟག་གཏན་ཞིག་ཡིན་པ་མ་རེད། ཡིན་ཡང་། ད་དུང་སྔར་བཞིན་དེ་ལྟ་བུའི་ལམ་ལ་བརྩོན་ཟེར་བ་ནི་མི་རིང་བར་ང་ཚོ་འཐོར་བར་གྲ་སྒྲིག་བྱ་བཞིན་པ་དང་ཨ་ན་མ་ན་རེད།
ལྷ་སྲུང་སོགས་གཟུགས་མེད་རྟོག་བཏགས་རིགས་ལ་དད་པ་དང་དག་སྣང་ཡོད་ཁུལ་ནི་སྐབས་འཚོལ་བའི་རང་འདོད་སྒྲུབ་རྒྱུའི་བྱ་ཐབ་ཨ་ན་མ་ན་ཞིག་རེད། བོད་ཀྱི་བླ་དཔོན་ཚོས་ལྷ་འདྲེ་ཞེས་པའི་གཟུགས་མེད་རྟོག་བཟོ་འགའ་བྱས་ནས་མི་སྡེ་ཁ་ལོ་སྒྱུར་བ་ནི་རྨོངས་དད་ཀྱི་སྤྱི་ཚོགས་སུ་ལམ་འགྲོ་ཆེ་པོ་བྱུང་ཡོད། འོན་ཀྱང་དེང་སྐབས་དངོས་གཙོ་རིང་ལུགས་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་འདི་ན་རྙིང་ཞེན་དང་རྨོངས་དད་ཀྱི་མི་སྡེའི་སྤྱི་ཚོགས་ནང་ལ་མ་གཏོག་ལྷ་འདྲེ་ཡིས་མིའི་དགོས་མཁོར་བཅོས་སྒྱུར་བའི་ལམ་ལུགས་དེ་ཉིན་རེ་བཞིན་ནུབ་འགྲོ་རྒྱུ་ཡིན་པ་ནི་བདེན་དོན་དང་འོས་འཚམས་གཉིས་ཆ་རེད། ལྷག་པར་དུ་དེང་དུས་ཤེས་ཡོན་དང་རྣམ་དཔྱད་ཀྱི་ཕྱུགས་པའི་སྤྱི་ཚོགས་ནང་དེ་དག་གི་ལམ་ཁ་འགག་བཞིན་ཡོད། བོད་པ་ཚང་གི་བླ་དཔོན་དག་གིས་ལམ་ཁ་དེ་འཇུག་སྐྱོང་བ་ནི་ཁོང་ཚོའི་རང་འདོད་སྒྲུབ་རྒྱུའི་བྱ་ཐབ་ཁོ་ན་རེད།།
སྤེན་ཚེ་སྲིད་སྐྱོང་སྐུ་གཞོན་པར་བསྐོས་། བློ་སེང་གཟི་བརྗིད་ཁོག་སྟོང་མིན་པའི་མཐོང་ཚུལ་དང་མིང་ཆད་ལ་ཅུང་འཁེབ་གཡོག་ཐུབ་།
ལོ་ལྔའི་བྱས་རྗེས་ཆེ་ཤོས་དེ་ལྷིངས་ཆགས་ཡིན་ཟེར་། སྤྱི་ཚོགས་ནང་མཐུན་སྒྲིལ་མེད་པ་བཟོས་། རང་གི་བྱས་རྗེས་ཆེ་ཤོས་ཡིན་ཟེར་བའི་རྫུན་དེ་ཡང་ལྷ་སྲུང་གིས་རྫུན་རྐུབ་བཏོལ་། ད་བློ་སེང་གི་ལོ་ལྔའི་ལས་ཡུན་ལ་མཇུག་སྡོམས་ཞིག་རྒྱབ་དགོས་ན་ བཙན་བྱོལ་བོད་མིའི་འདས་པའི་མི་ལོ་༦༠ ཉེ་བའི་ལོ་རྒྱུས་ནང་བློ་སེང་འདྲ་བའི་མི་མང་གི་བདམས་པའི་འགོ་ཁྲིད་ཐབས་སྐྱོ་པོ་དེ་འདྲ་ཞིག་བྱུང་མྱོང་མེད་། ཁོ་པས་ཨ་མི་རི་ཀའི་ཧ་བ་ཌ་གཙུག་ལག་སློབ་གྲྭར་ཡང་མིང་ཆད་བཟོས་སོང་། ཧ་བ་ཌ་ནང་ཁོ་པ་འདྲ་བའི་མི་ཀླད་ཆུང་ཞིག་ཐོན་མྱོང་ཡོད་མེད་རྟོགས་ཞིབ་བྱ་དགོས་པའི་སྐོར་ད་ཆ་བོད་མིའི་སྤྱི་ཚོགས་ནང་ཁྲོད་ཤོད་སྲོལ་ཞིག་ཆགས་ཡོད་།
ཕྱིས་འབྱུང་བོད་ཕྲུག་ཧ་བ་ཌ་ཐོན་ཡོང་མཁན་ཚོར་ཁྱེད་རང་བློ་སེང་ནང་བཞིན་ཡིན་གྱི་མ་རེད་ཅེས་དོན་དུ་གཟི་བརྗིད་ཁོག་སྟོང་ཡིན་གྱི་མ་རེད་དམ་ཅེས་པའི་ཟེར་སྲོལ་ཞིག་བཟོས་ཡོད་།
#12 ཀ་བ་ཚེ་རིང་ ་ལགས་ནང་བཞིན་ཁ་བརྡའི་ནང་ལ་མཆན་བུ་མ་རྒྱབ་ཅེས་དིང་སང་སྤྱི་ཚོགས་ནང་ལ་བསྒྲགས་དང་སྒྲོག་བཞིན་འདུག ཧ་ཧ།། །།
རྩོམ་པ་པོ་ཞིག་ཡིན་ན་རྩོམ་མ་བྲིས་པའི་སྔོན་ནས་རང་གིས་གང་བྲིས་པ་དེས། སྤྱི་ཚོགས་ལ་ཕན་གནོད་ཅི་འགྱུར་ལ་ལྟ་དགོས་པ་ལས། ངའི་དམངས་གཙོའི་ཁེ་དབང་ཡིན་ཞེས་གང་འདོད་འདོད་དུ་སྨྲས་ན་གང་ཞིག་ཏུ་སླེབས་མིན་ཁྱོད་ཀྱིས་ཀྱང་ཤེས་ཚོད་རེད། དམངས་གཙོ་ལའང་དམངས་གཙོའི་ཁྲིམས་ཡོད། ཁྱོད་ཀྱི་བྱ་སྤྱོད་དེས་གཞན་ལ་གནོད་པའི་དུས་དེ་ནས་ཁྱོད་ཀྱི་དམངས་གཙོའི་ས་མཚམས་ཡོལ་བ་རེད། ངས་སྨྲ་དོན་ཡང་ཁྱོད་ཀྱི་བྱུང་རྒྱལ་གྱི་གཏམ་དེས་ང་ཁོ་ནར་གནོད་པ་མ་ཡིན་པར། མི་རིགས་འདི་དང་། སྒྲིག་འཛུགས་འདིར་ཕན་པ་ལས་གནོད་པར་གྱུར་སོང་སྨྲས་པ་ཡིན། གས་ཆག་འགྲོ་ལ་ཉེ་བའི་སྤྱི་ཚོགས་འདི་སྐྱོབ་ཐབས་ལ་མ་བརྩོན་པར། དེའི་ཞན་ཆ་དྲུས་ཏེ། ཐུར་དུ་འཐེན་ཐབས་བྱེད་པ་ནི། མི་རིགས་འདིར་དུང་བ་ལྡན་པའི་རྩོམ་པ་པོ་རྣལ་མ་ཞིག་གི་བྱེད་ཐབས་མ་ཡིན། བོད་འདི་༸གོང་ས་མཆོག་གཙོ་བོ་དང་། བསམ་ཤེས་ཡོད་པའི་སྐྱེས་བུ་བརྒྱ་སྟོང་མང་པོས་ཕྱོགས་རིས་ཀྱི་དབྱེ་བ་མེད་པར་དེ་རིང་བར་བསྐྱངས་པ་ཡིན། མི་ངན་རེ་ཟུང་ནི་སྤྱི་ཚོགས་གང་ལའང་ཡོད་པས་ཧང་སངས་དོན་མེད། འོན་ཏེ་ཡིད་སྐྱོ་བ་ནི་རྩོམ་འབྲི་ཤེས་ཀྱི་ཡོད་ཟེར་མཁན་ཚོས་ད་དུང་ཡང་མགོ་ལོག་རྩེ་བ་དེ་རེད། ད་རེས་ཀྱི་འོས་བསྡུ་འདིར་ཡང་འོས་མི་གཉིས་ཀྱིས་འཁྲུག་ཟིང་བསླངས་པ་མ་རེད་ལ། དེའི་ནང་བསམ་ཡོད་ཀྱི་མཐོ་རིམ་མི་སྣས་དཀྲོག་རྐྱེན་བསླངས་བཞག་པ་མེད་པར། འོས་མིའི་རྒྱབ་སྐྱོར་ཡིན་ཟེར་བའི་ཆོལ་ནད་ཅན་དག་དང་། དགྲ་བོའི་ངག་ཚབ་པ། གདོལ་འདྲེའི་འདྲེ་ལག་བཅས་ལས་ཟང་ཟིང་བཟོས་བཞག་པ་ཞིག་རེད། དེའི་ནང་འོས་མི་གཉིས་ཀྱིས་རང་རང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཚོར་བསླབ་བྱ་གནད་སྨིན་མ་བྱུང་བ་དང་། སྐབས་རེ་རང་གི་འོས་ཤོག་སླད་གཏམ་སྤྱོད་ནོར་འཁྲུལ་ཅན་ཆུང་ཙག་ཤོར་ཡོད་པའང་བདེན་པ་ཡིན་ལ། དེར་༸གོང་ས་མཆོག་གིས་མ་འོངས་ལམ་སྟོན་གྱི་བཀའ་སློབ་དང་། སྲུང་མ་དག་གིས་ཀྱང་བཀའ་བཀྱོན་དང་སྦྲགས་མཐུན་ལམ་དགོས་སྐོར་གསུངས་པ་ལས། ཁྱོད་བཤད་པ་ལྟར་གྱི་ཛ་དྲག་དེ་འདྲ་ཞི་མ་མཐོང་ལགས། གལ་ཏེ་དེ་ལྟའི་ཕྱོགས་སུ་འགྲོ་གིན་ཡོད་ན། རྩོམ་པ་པོ་ཞིག་གི་ངོས་ནས་ལེགས་ལམ་དུ་འཁྲིད་དགོས་པ་ལས། དམངས་སེམས་ཐུག་པ་བཞིན་དཀྲུགས་ཏེ། འཆད་འུ་ཐུག་དང་། བླ་མ་ལྷ་སྲུང་། གཞུང་འཛིན་མི་སྣ་དང་བཅས་པར་ཞེན་པ་ལོག་ཏུ་འཇུག་པ་ནི་ཅི་འདྲའི་ཐ་ཆད་དོ།།
ཟླ་བ་ལགས་ད་ང་ཁྱོད་ལ་བགྲོ་གླེང་མི་འདུག ཁྱོད་ཀྱི་རང་ལུགས་བརྗོད་པར་གུས་གཙི་ཡོད། ཡིན་ཡང་། ངར་ནས་སྡུག་དགོས་པ་མ་རེད། ངས་ཀྱང་རང་གི་བསམ་ཚུལ་ཞིག་བཤད་པ་དེ་ཡིན། ཁྱོད་ལ་མི་མཁོ་ན་གཡུག་ཤོག་ན་ཆོག
བོད་རིགས་ན་གཞོན་རྟོག་སད་པ་ཞིག་གི་སེམས་ཁོང་གི་བསམ་ཚུལ་རང་རེད། ཡག་པོ་འདུག དོན་དངོས་སུ་བཙན་བྱོལ་གྱི་མཐོ་རིམ་ལས་སྣེ་ཕལ་ཆེ་བར་མཐོ་རྒྱག་དམའ་རྒྱག་གི་འགྱུར་ལྡོག་དང་གཞན་བསྟུན་མང་བ་ལས། རྒྱ་ཆེའི་མི་མང་གི་བསམ་ཚུལ་ལ་དཔྱོད་ཤེས་དང་བབ་བསྟུན་ནི་ཡེ་ནས་མི་འདུག་པ་གསལ་བོ་རེད།
མདོར་བསྡུས་ན། རང་གི་བསམ་ཚུལ་དང་མི་མཐུན་པའི་དགག་སྒྲུབ་རེ་བྱེད་དུས་ཁོང་ཚོ་ནི་ཁྲོས་ཆོག་ཆོག་དང་འཁུམས་ཆོག་ཆོག་ཅིག་རེད་འདུག
མ་འོངས་པར་སྲིད་སྐྱོང་དེ་ཕྱི་རྒྱལ་གྱི་མཐོ་སློབ་ཐོན་པ་ཞིག་མ་བསྐོས་རོགས། བོད་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ཆབ་སྲིད་སོགས་ལ་དོ་སྣང་དང་། བརྩེ་བ། འགན་འཁུར་ཡོད་མཁན་ཞིག་བསྐོས་རོགས་གནང་། ཧ་བརཌ་སློབ་ཐོན་པ་རྒྱ་མི་སྟོང་ཕྲག་ཡོད་རེད། རྒྱ་གར་བ་སྟོང་ཕྲག་ཡོད་རེད། ཁོང་ཚོས་དེ་ཚོར་སྲིད་བློན་དང་སྲིད་འཛིན་མ་བཞག་པར་རྒྱུ་མཚན་ཡོད་རེད། བོད་པ་ཀླད་སྟོང་ཚོས་སྲིད་སྐྱོང་དེ་ཡང་ཡག་པོ་འདེམས་མ་ཤེས་མི་འདུག
མ་འོངས་པར་སྲིད་སྐྱོང་དེ་ཕྱི་རྒྱལ་གྱི་མཐོ་སློབ་ཐོན་པ་ཞིག་མ་བསྐོས་རོགས། བོད་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ཆབ་སྲིད་སོགས་ལ་དོ་སྣང་དང་། བརྩེ་བ། འགན་འཁུར་ཡོད་མཁན་ཞིག་བསྐོས་རོགས་གནང་། ཧ་བརཌ་སློབ་ཐོན་པ་རྒྱ་མི་སྟོང་ཕྲག་ཡོད་རེད། རྒྱ་གར་བ་སྟོང་ཕྲག་ཡོད་རེད། ཁོང་ཚོས་དེ་ཚོར་སྲིད་བློན་དང་སྲིད་འཛིན་མ་བཞག་པར་རྒྱུ་མཚན་ཡོད་རེད། བོད་པ་ཀླད་སྟོང་ཚོས་སྲིད་སྐྱོང་དེ་ཡང་ཡག་པོ་འདེམས་མ་ཤེས་མི་འདུག ་་་་་
#19 ནུབ་ཕྱོགས་གངས་ཕྲུག་ཁྱོད། ཀླད་སྟོང་ཡིན་ཨེ།། ཡ་ཡ། ད་ཧ་གོ་སོང་།།
ཁ་བརྡའི་ནང་ལ། གཅེར་བུ་པ་མང་བ་ལ།།
མཁས་དབང་བློ་བཟང་སེང་གེ་ལྟ་བུའི་ཤེས་ཡོན་ཚད་མཐོན་པོ་ནི་ཨེ་ཤ་ཡའི་རྒྱལ་ཁབ་རང་དབང་ཅན་མང་པོའི་ནང་ལ་ཐོན་མྱོང་མེད་པ་རེད། ཧ་ཝ་ཌིའི་དགེ་རྒན་ཆེན་མོ་དེ་འདྲས་བློ་བཟང་སེང་གེའི་ཤེས་ཡོན་དང་འཇོན་ཐང་མི་གཞི་བཅས་ལ་སྔགས་བརྗོད་ཆེན་པོ་གནང་ཡོད། ཁོང་ལྟ་བུའི་མཁས་པ་ཞིག་བོད་པ་བཙན་བྱོལ་བའི་སྲིད་སྐྱོང་གདམ་ཐུབ་པ་ནི་བོད་མི་རིགས་ཀྱི་བསོད་ནམས་རེད། ལྷག་པར་དུ་ཁོང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ཕེབས་པ་ནས་བཟུང་བྱེད་རྗེས་མང་པོ་བཞག་ཡོད། དཔེར་མཚོན་ཙམ་ཞུས་ན་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གནས་ཚད་ལོ་རེ་བཞིན་གོང་མཐོར་འགྲོ་བཞིན་ཡོད་ལ། དཔལ་འབྱོར་གྱི་ཐད་ནས་ཀྱང་ལོ་རེ་བཞིན་མ་བཙན་བྱོལ་སྒྲིག་འཛུགས་ཀྱི་མ་དངུལ་ས་ཡ་མང་པོ་འཕར་ཡོད། མདོར་ན་བཙན་བྱོལ་གཞུང་ཚུག་པ་ནས་བཟུང་སྟེ་མཁས་དབང་ཟམ་གདོང་རིན་པོ་ཆེའི་གཞུང་ཕུད་ནས་སྲིད་སྐྱོང་བློ་སེང་གི་བཀའ་ཤག་ལྟ་བུའི་བྱེད་རྗེས་ཅན་ཞིག་བྱུང་མྱོང་མེད། གནས་བབ་འདི་ཤེས་ཀྱི་ཡོད་པའི་རྐྱེན་གྱིས་བཙན་བྱོལ་མི་མང་གིས་འོས་བསྡུ་ནམ་བྱས་ལ་རྒྱབ་སྐྱོར་གཞན་དང་མ་འདྲ་བ་བྱས་ཡོད།
#22 ལུང་རྟོགས། ་ལགས་ལ་རྒྱབ་སྐྱོར་ཡོད། དེ་བདེན་པ་རེད། དེ་དེ་བཞིན་ནོ། ལབ་རྒྱུ་ལས་ལྷག་མེད།
ངས་ཀྱང་སྐུ་ཞབས་ལུང་རྟོགས་ལགས་ཀྱིས་གསུངས་པ་བཞིན་བློ་བཟང་སེང་གེའི་འཛིན་སྐྱོང་འདི་ཅུང་ཡག་པོ་མཐོང་སོང་། མི་སུ་ཞིག་བདམས་ན་ཡང་འདི་ལས་དྲག་ཅིག་ཁག་པོ་རེད་བསམ་གི། ཟམ་གདོང་རིན་པོ་ཆེ་སྲོལ་རྒྱུན་རིག་གནས་ལ་མཁས་པ་ཞིག་དང་དེའི་རྗེས་ལ་བློ་བཟང་སེང་གེ་དེང་རབས་རིག་གནས་ལ་སྐད་གྲགས་ཅན་ཞིག་བདམས་ཐུབ་པ་དེ་གཉིས་ཀ་ཡང་བྱས་རྗེས་ཆེན་པོ་རེད་བསམ་གི། རྒྱ་དམར་གཞུང་གིས་འདི་འདྲ་བའི་ཤེས་ཡོན་ཅན་སུ་གཅིག་ཀྱང་མགོ་ཁྲིད་ལ་བསྐོ་ཐུབ་ཡོད་པ་མ་རེད། མཐོ་རྒྱལ་པོ་མན་ཆོད། དམའ་སྤྲང་པོ་ཡན་ཆོད་ཀྱི་ནང་ན་དབུ་ཁྲིད་རླབས་ཆེན་འདི་གཉིས་ལ་མིག་ཚ་མཁན་ཕྲག་པ་དོག་མཁན་མང་ནི་རེད།