བཀྲིས་ཆོས་སྒྲོན།
མགོ་ལྕོག་ལྡེམ་རྣམས་སོར་མོ་བྲེས་ཏེ་ཕན་ཚུན་འཁྱུད་པའི་གར་དག་ལ།།
འདབ་གཤོག་ཅན་དག་ངོ་ཚས་གདུང་སྟེ་གྲེ་འགྱུར་གླུ་དབྱངས་ཟོལ་གྱིས་སྒྲོག།
ས་འཛིན་བསྣོལ་བའི་རྐང་བའི་བར་དག་ལྷུང་ལྷུང་འབབས་པའི་བཞིན་བཟང་མ།།
མཆོད་པའི་ཆོ་ག་ཝུ་བ་འདྲེན་བཞིན་སེམས་ཀྱི་གདུང་བ་མཚོན་སླད་རྒྱུག།
བརྒྱ་བྱིན་ཁང་བཟང་རྐང་བས་བརྫིས་ཕྱིར་ཐེམ་སྐས་བརྩེགས་པའི་རྐེད་པ་ཡང་།
མ་རྙོབ་གདུང་བའི་མཆི་ལ་བརྙིལ་བ་ཆུ་ཁུར་བུ་མོའི་གོམ་འགྲོས་འཁྱོར།།
གློག་ཞུན་དྲ་བའི་ལྡིང་ཁང་དེ་ནས་སྙན་ཚིག་རིག་པ་འཕྱོ་བའི་རླབས།།
ཕྱོགས་བཅུའི་རྣ་བ་མགྲོན་དུ་འགུགས་ཕྱིར་རླུང་ལྷའི་འཕྲུལ་གྱི་རྐང་བ་བསྐྲུན།།
རི་སྐྱེས་ཚོགས་རྣམས་སྒོམ་ལ་བཞུགས་དོགས་སྤུ་སྡུག་ཀྱལ་ཀ་སྒྲོག་པའི་གཞིར།།
ན་བུན་བུ་མོར་སྐྱེངས་བ་སྟེར་དེས་སྲིད་དང་འབྱོར་བའི་ཡོ་ལང་དཀྲིགས།།
མཐོ་རིས་དགྱེས་པའི་སྐྱེད་ཚལ་ཟགས་པ་མི་ཡི་བསོད་ནམས་ལ་བཞོན་ནས།།
ཧི་མ་ལ་ཡི་འབབས་སྟེགས་གསར་བ་གྲགས་པ་དཀར་བའི་བ་དན་གཡོས།།
བཀྲིས་ཆོས་སྒྲོན་ལགས། ཁམས་བཟང་། ཀློག་ཟིན། སྙན་པོ་འདུག ཡིན་ན་ཡང་ཚིག་མཁྲེགས་དྲག་ནས་གོ་དཀའ་བར་མཐོང་། རང་གིས་གོ་ན་ཡང་གཞན་གྱིས་མ་གོ་ན་དེ་ཙམ་གྱིས་ཕན་ཐོག་ཅང་ཨེ་ཡོད་དམ་སྙམ། ང་ཚོའི་རྒན་གྱིས་གསུངས་པ་བྱས་ན་གོ་སླ་བ་སྙན་ངག་གི་ཁྱད་ཆོས་ཡིན་ཟེར། ངས་སྙན་ངག་མི་ཤེས་ཡིན་ན་ཡང་ཁྱོད་ཀྱི་སྙན་ངག་འདིས་བརྗོད་བྱ་ཡོངས་རྫོགས་བསྟན་ཐུབ་ཨེ་ཡོད་དམ་བསམ་སོང་། དེ་ཙམ་ཡིན། ངོ་ཤེས་རྙིང་བ་ཡིན་པའི་ཆ་ནས་ཞུས་པ་ཡིན།
བཀྲིས་ཆོས་སྒྲོན་མཆོག ཁྱེད་ལ་སྙན་རྩོམ་འགོད་པའི་ནུས་པ་ཆེན་པོ་ཡོད་པར་བསྔགས་བརྗོད་ཞུ། ཁྱེད་ཀྱི་མིང་དང་པོ་དེ་བཀྲ་ཤིས་ཞེས་པ་ཡིན་ནམ་སྙམ། དེ་མིན་གཞན་ཞིག་ཡིན་ན། ངས་མི་ཤེས། བཀྲ་ཤིས་ཡིན་ན། བསྡུས་ཡིས་མེད་པ་དགོས། བསྡུས་ཡིག་ཀློག་མི་ཤེས་པའི་མིས་རྟག་ཏུ་བཀྲིས་ཞེས་ཀློག་པ་ལས་བཀྲ་ཤིས་ཞེས་ཀློག་མི་ཐུབ། པ་བའི་བཀོད་སྟངས་ལ་གཞིགས་ན། བོད་སྤྱིའི་སྐད་དང་མི་མཐུན་པ་ནི། བདག་གི་མི་ཚེའི་སྟོད་དུ་ཞལ་བཞུགས་པའི་མདོ་སྨད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་ཡིག་ཆ་རྩོམ་ཡིག་རྣམས་ཀློག་པས་ཀྱང་ཤེས་ཐུབ་བོ། །
བཀྲིས་དང་ཀྲིས། ཏྲིས་གསུམ་སྒྲ་གདངས་གཅིག་པས་དང་། དེ་གསུམ་བཀྲ་ཤིས་དང་ཀྲ་ཤིས། ཏྲ་ཤིས་གསུམ་གྱི་སྒྲ་གདངས་ཀྱི་དོ་ཟླར་མི་ཡོང་བས་སོ། །
བོད་ཡིག་སྦྱང་བཞིན་པ་ཡིན་པས་གུས་མོ་དག་ཆ་སོགས་ཕྱོགས་གང་ཐད་ནས་སྐྱོ་བོ་ཡིན། སློབ་དཔོན་རྣམ་པས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ།
ལ་དྭགས་བློ་བཟང་འཇམ་དཔལ་ནས། པ་བ་་་སྡོམ་ཚིག་ཅིག་གནང་ཐུབ་ན་ཕན་ཐོག་ཡོང་ས་རེད། འདིར་བཀོད་རོགས་གནང་།
བཀྲ་ཤིས་ཆོས་སྒྲོན་མཆོག ཁྱེད་ལ་བོད་སྒྲ་རིག་པའི་སྐོར་ལ་དོན་གཉེར་ཡོད་པ་ལེགས། གཙོ་ཆེ་བ་ནི། དཔེ་ཆ་ཀློག་པ་ན། མིང་ཚིག་ཡི་གེའི་ཐོབ་སྟངས་ལ་དོ་སྣང་དགོས་པ་དེ་གལ་ཆེ། ང་ཡིག་རྗེས་འཇུག་ཡོད་པའི་མིང་ཚིག་འགའ་ཞིག་གི་རྗེས་སུ། པ་བྲིས་ཡོད་པ་དང་། བ་བྲིས་ཡོད་པ་གཉིས་ཀ་འདུག དཔེར་ན། དཔུང་པ། རྐང་པ། སོགས་ལ་པ་དང་། འབྱུང་བ། བཏུང་བ། སོགས་ལ་བ་བྲིས་ཡོད་པས། བདག་གིས་ནི་རིག་གཞུང་དཔེ་ཆ་དག་པ་རྣམས་ལ་བལྟས་ཏེ་མིང་ཚིག་རྣམས་སྦྱོང་། འོན་ཀྱང་རྗེས་འཇུག་སའི་རྗེས་སུ་མཐའ་གཅིག་ཏུ་པ་ཡིག་བྲིས་པ་མ་གཏོགས། བ་བྲིས་པ་གཏན་ནས་མ་མཐོང་།
གཞན་ཡང་། སྔར་བོད་སྐད་དུ། བདག་སྒྲ་ལ་པ་ཡིག་ཁོ་ན་འཇུག་པས། སུམ་ཅུ་པ་ན་པ་ཡིག་ཁོ་ན་བཤད། དེར་མ་ཟད་ལ་དྭགས་བོད་གྲོང་ཡུལ་གྱི་ལུང་ཁུགས་ལྟ་བུ་ཡིན་པས། བདག་སྒྲ་ལ་འགྱུར་བ་མེད་པར་པ་ཡིག་ཁོ་ན་བཀོལ། དེ་བཞིན་སི་ཏུ་པཎ་ཆེན་གྱིས་ཀྱང་། བདག་སྒྲ་ལ་པ་ཡིག་ཁོ་ན་དགོས་པར་གསུངས་པ་དེ་ཡང་། བཀའ་བསྟན་དཔེ་ཆ་གཞིར་མཛད་ནས་གསུངས་པར་མངོན། དེ་མིན་སུམ་རྟགས་ཀྱི་འགྲེལ་པ་རྩོམ་པར་མཛད་མཁན་མང་པོར་སོ་སོའི་ལུང་པའི་ཁ་སྐད་དབང་གིས་བདག་སྒྲ་ལ་བ་ཡིག་ཀྱང་བྲིས་པས་མི་མཐུན་པ་དུ་མ་བྱུང་།
དབྱངས་ཅན་གྲུབ་པའི་རྡོ་རྗེས།
་
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
་
དབུས་གཙང་གི་སྐད་ལ་འགྲིག་ཀྱང་། དིང་དུས་ཀྱི་ཨམ་སྐད་སོགས་ལ་མི་འགྲིག་པ་ལྟ་བུ་འོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ང་ཡིག་རྗེས་འཇུག་ཡོད་པའི་མིང་ཚིག་འགའ་ཞིག་གི་རྗེས་སུ། པ་བྲིས་ཡོད་པ་དང་། བ་བྲིས་ཡོད་པ་གཉིས་ཀ་འདུག དཔེར་ན། དཔུང་པ། རྐང་པ། སོགས་ལ་པ་དང་། འབྱུང་བ། བཏུང་བ། སོགས་ལ་བ་བྲིས་ཡོད་ན་རང་ལུགས་གང་ཡིན།
དབྱངས་ཅན་གྲུབ་པའི་རྡོ་རྗེས
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
ཡ་དང་ཆ་གཉིས་ལ་དཔེར་བརྗོད་མགོ་ཉོག་མང་བོ་མཐོང་།
འདི་ལ་འགྲེལ་ཚུལ་མ་འདྲ་བ་གཞན་ཡོད་དམ།
སྐུ་ཉིད་ཀྱིས་དགོངས་ཚུལ་ཅི་ཡིན་གསུངས་རོགས་གནང་།
མིང་མཐའི་པ་བའང་ཕལ་ཆེར་འདྲ།།
མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ནོར་སོ་ཆེ་བས་དེའི་སྐོར་ཉམས་མྱོང་གསུངས་རོགས་གནང་།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
བདག་སྒྲ་ཡར་གྱུར་པ་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།ཞེས་པ་དེས་དབུས་གཙང་གི་སྐད་ལ་ཡང་དེ་ལྟར་སྦྱར་ན་ཆོག་པའི་ཁྱབ་མཐའ་མི་ཆོད། དཔེར་ན། ལྷ་སའི་ཡུལ་སྐད་དུ་ཡང་། རྒྱལ་བ། རྟ་པ། ལྷ་པ། སོགས་ཅི་རིགས་སྦྱོར་བ་ཡིན།
བཀྲ་ཤིས་ཆོས་སྒྲོན་ལེགས།
“དཔུང་པ། རྐང་པ། སོགས་ལ་པ་དང་། འབྱུང་བ། བཏུང་བ། སོགས་ལ་བ་བྲིས་ཡོད་ན་རང་ལུགས་གང་ཡིན།” ཞེས་པར་ངའི་རང་ལུགས་བཀའ་བསྟན་གསུང་འབུམ་དག་ན་ཇི་ལྟར་གསལ་བ་བཞིན་ཡིན། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་རྣམས་རང་རེས་སྲུང་དགོས་པ་ཡིན།
་
དབྱངས་ཅན་གྲུབ་པའི་རྡོ་རྗེས
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
ཡ་དང་ཆ་གཉིས་ལ་དཔེར་བརྗོད་མགོ་ཉོག་མང་བོ་མཐོང་།
འདི་ལ་འགྲེལ་ཚུལ་མ་འདྲ་བ་གཞན་ཡོད་དམ། ཞེས་པར་གོང་དུ་བྲིས་པ་བཞིན་
སྐུ་ཉིད་ཀྱིས་དགོངས་ཚུལ་ཅི་ཡིན་གསུངས་རོགས་གནང་།
མིང་མཐའི་པ་བའང་ཕལ་ཆེར་འདྲ།།
་
“མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ནོར་སོ་ཆེ་བས་དེའི་སྐོར་ཉམས་མྱོང་གསུངས་རོགས་གནང་།” ཞེས་པར་མིང་མཐའ་ལ་པ་དང་བ་ལ་ངེས་པ་མེད་པས། དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞབས་ཀྱིས་ཀྱང་། “མིང་མཐའི་པ་བའང་ཕལ་ཆེར་འདྲ།” ངེས་པ་མེད་པ་ཕལ་ཆེར་ཞེས་པའི་སྒྲས་བསྟན། བདག་གིས་བདག་སྒྲ་ལ་པ་ཡིག་ཁོ་ན་འདོད་པ་དེ་གནའ་བོའི་བོད་སྐད་བཀའ་བསྟན་གསུང་འབུམ་ན་གསལ། དེ་དག་རྣམས་ཀྱི་རྗེས་འབྲངས་ཡིན་པར་མ་ཟད། ལ་དྭགས་ཁ་སྐད་དུ་ཡང་དེ་བཞིན་འབོད། སྔར་ང་གཙང་ལ་ཡོད་སྐབས། རང་ལོ་ཉི་ཤུ་རྩ་གྲངས་མགོ་སྟོད་ལ་དབྱངས་ཅན་གྲུབ་པས་མཛད་པའི་སུམ་ཅུ་པའི་སྙིང་པོ་གཞིར་བཟུང་བདག་སྒྲ་ལ་ཆ་ཡ་བརྩི་ལུགས་དེ་འདོད་ཀྱང་། ད་ལྟ། བཀའ་བསྟན་གསུང་འབུམ་དག་པ་ན་ཡོད་པ་ལྟར་བདག་སྒྲ་ལ་པ་ཡིག་ཁོ་ན་འདོད་པ་ཡིན། ཞེས་སོ།།
སྤོབས་པ་མཐའ་ཡས་མཆོག
བཀྲ་ཤིས་ཆོས་སྒྲོན་ལེགས།
“དཔུང་པ། རྐང་པ། སོགས་ལ་པ་དང་། འབྱུང་བ། བཏུང་བ། སོགས་ལ་བ་བྲིས་ཡོད་ན་རང་ལུགས་གང་ཡིན།” ཞེས་པར་ངའི་རང་ལུགས་བཀའ་བསྟན་གསུང་འབུམ་དག་ན་ཇི་ལྟར་གསལ་བ་བཞིན་ཡིན། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་རྣམས་རང་རེས་སྲུང་དགོས་པ་ཡིན།
་
དབྱངས་ཅན་གྲུབ་པའི་རྡོ་རྗེས
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
ཡ་དང་ཆ་གཉིས་ལ་དཔེར་བརྗོད་མགོ་ཉོག་མང་བོ་མཐོང་།
འདི་ལ་འགྲེལ་ཚུལ་མ་འདྲ་བ་གཞན་ཡོད་དམ། ཞེས་པར་གོང་དུ་བྲིས་པ་བཞིན་
སྐུ་ཉིད་ཀྱིས་དགོངས་ཚུལ་ཅི་ཡིན་གསུངས་རོགས་གནང་།
མིང་མཐའི་པ་བའང་ཕལ་ཆེར་འདྲ།།
་
“མིང་མཐའི་པ་བ་དང་བདག་སྒྲའི་པ་བ་གཉིས་ནོར་སོ་ཆེ་བས་དེའི་སྐོར་ཉམས་མྱོང་གསུངས་རོགས་གནང་།” ཞེས་པར་མིང་མཐའ་ལ་པ་དང་བ་ལ་ངེས་པ་མེད་པས། དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞབས་ཀྱིས་ཀྱང་། “མིང་མཐའི་པ་བའང་ཕལ་ཆེར་འདྲ།” ངེས་པ་མེད་པ་ཕལ་ཆེར་ཞེས་པའི་སྒྲས་བསྟན། བདག་གིས་བདག་སྒྲ་ལ་པ་ཡིག་ཁོ་ན་འདོད་པ་དེ་གནའ་བོའི་བོད་སྐད་བཀའ་བསྟན་གསུང་འབུམ་ན་གསལ། དེ་དག་རྣམས་ཀྱི་རྗེས་འབྲངས་ཡིན་པར་མ་ཟད། ལ་དྭགས་ཁ་སྐད་དུ་ཡང་དེ་བཞིན་འབོད། སྔར་ང་གཙང་ལ་ཡོད་སྐབས། རང་ལོ་ཉི་ཤུ་རྩ་གྲངས་མགོ་སྟོད་ལ་དབྱངས་ཅན་གྲུབ་པས་མཛད་པའི་སུམ་ཅུ་པའི་སྙིང་པོ་གཞིར་བཟུང་བདག་སྒྲ་ལ་ཆ་ཡ་བརྩི་ལུགས་དེ་འདོད་ཀྱང་། ད་ལྟ། བཀའ་བསྟན་གསུང་འབུམ་དག་པ་ན་ཡོད་པ་ལྟར་བདག་སྒྲ་ལ་པ་ཡིག་ཁོ་ན་འདོད་པ་ཡིན། ཞེས་སོ།།
ཤར་པ། ལྷོ་པ། བྱང་པ། ནུབ་པ། དབུས་པ་ཞེས་པ་གཅིག་ཉིད་ཀྱིས་ཀུན་གྱི་ཁ་ལ་འཇགས་ཐུབ་པ་དང་། དེའི་སྟེང་ལྷ་ས་པ་དང་། གཞིས་རྩེ་པ་ཞེས་བ་ཡི་ཚབ་ཏུ་པ་ཁ་ནའ་འདོན་ཐུབ་པའི་ཉིན་ནས།
དབྱངས་གྲུབ་རྡོ་རྗེས།
བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིད་སྦྱོར་བ་ལེགས། །
ཞེས་པ་འདི།
ཀརྨ་རྡོ་རྗེས།
ཆ་ལ་པ་ཉིད་སྦྱོར་བ་ལྟར། །
བདག་སྒྲ་ཡར་གྱུར་བ་འོས་མིན། །
ཞེས་དགག་དགོས་པ་ལ་དྭགས་འཇམ་དཔལ་ལགས་ཀྱིས་རྗེས་སུ་འབྲངས་ནའོ། །
པུ་ལིངྒ་ཡི་སྒྲ་མེད་པ་ན། །
དེ་ལ་པུ་ལིང་སྒྲ་སྦྱར་ན། །
བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པའི་མཐར་ཐུག་གི་དོན་གང་ཡིན་ནམ། ལགས།
སྤོབས་པ་མཐའ་ཡས་ལེགས།
“ལྷ་སའི་ཡུལ་སྐད་དུ་ཡང་། རྒྱལ་བ། རྟ་པ། ལྷ་པ། སོགས་ཅི་རིགས་སྦྱོར་བ་ཡིན།” འདིར་རྒྱལ་བ་ཞེས་པའི་བ་ཡིག་དེ་མིང་མཐའ་ཡིན། དེ་ལ་པ་དགོས་སམ་བ་དགོས་ཐག་ཆོད་མི་ཐུབ་པ་ནི། དབྱངས་ཅན་གྲུབ་པའི་རྡོ་རྗེ་རང་ཉིད་ཀྱིས་གསུངས་ཏེ། “མིང་མཐའི་པ་བའང་ཕལ་ཆེར་འདྲ།།”འདི་ན་ཕལ་ཆེར་ཞེས་པའི་སྒྲས་མིང་མཐའ་ལ་དེ་ལྟར་ཆ་ཡ་བརྩི་ལུགས་ཀྱིས་མ་ཁྱབ་པར་བསྟན་པ་མ་ཡིན་ནམ། ཡིན་ན་ཡིན་པ་དང་། མ་ཡིན་ན་མ་ཡིན་པའི་ལན་འདེབས་པ་ཡ་རབས་ཀྱི་ལུགས་སོ།།
ལྷ་སའི་ཡུལ་སྐད་དུ།
གང་ཡང་གནང་བགྱིད་༼གི་༽མ་རེད། རྒྱན་སྡུད་ཀྱི་ཡང་སྒྲ་དེ། གའི་གནང་གི་མ་རེད། ཅེས་འབྲེལ་སྒྲའི་འི་རུ་འདོན།
ཡང་། ཡོད་རེད་དང་ཡོད་མ་རེད། ལ། ཡོག་རེད་དང་ཡོག་མ་རེད། ཟེར།
ལྷ་སའི་ཁ་སྐད་སློབ་དེབ་གཅིག་གི་ནང་ལ།
ཐུགས་རྗེ་ཆེ། ལ་ ཐོ་ཇི་ཆེ། ཞེས་བྲིས་འདུག་པ་ཅིག་དྲན།
ཕ་ལགས། ཚབ་ལ། པྰ་ལགས། ཞེས་མ་དག་རྒྱུན་འབྱམས་སུ་སོང་འདུག
ད་དུང་ཡོ་སྲོང་དགོས་པ་འགའ་ཤས་ཡོད།
ལྷ་ས་པས།
ཡིན་ན་ཡང་། ལ། ཡིན་ནའི། ཟེར་བ་ནོར།
རྒན་ལ་དག་པ་མཆོག བོད་ཀྱི་ཁ་སྐད་ནང་ལུང་མདོར་གནས་པ་ལ་མདོ་བ་ཞེས་འབོད་སྲོལ་ཡོད་པ་འདི་མ་དག་པ་ཡིན་ནམ།
མྱི་དཀར་མཆོག
ང་ལ་དྲི་བ་མ་མཛད། འདི་ལ་ལན་ལེགས་པ་ཞིག་མདོར་བསྡུས་སུ་དགོས་ན། སི་ཏུ་པཎ་ཆེན་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་བོད་ཀྱི་བརྡ་སྤྲོད་ཀྱི་དཔེ་ཆ་དག་ཀློག་པར་མཛོད་ཞུ་བ་ལགས་སོ།།
ངས་བལྟས་ན་དབྱངས་ཅན་གྲུབ་པའི་རྡོར་རྗེའི་སྡོམ་རང་ལུགས་སུ་བཟུང་ན་མཆོག་རེད་སྙམ།
བདག་སྒྲའི་པ་བའི་འཇུག་ཚུལ་བཤདཔ་ལས་མིང་མཐའི་པ་བའི་འཇུག་ཚུལ་གསུངས་མེད། དེ་གསུངས་པའི་སྐབས་ཀྱང་མིན།
འདིར་དོགས་པ་མང་བ་ནི་དེ་གཉིས་མཉམ་དུ་བསྲེས་ནས་འགྲེལ་བས་ནོངས་སོ་སྙམ།
ད་དུང་དཔྱད་དགོས་སོ།
མཁས་དབང་རྣམ་པས་དཔྱད་པ་གནང་བར་ཐུགས་རྗེ་ཆེ་ཞུ། ལེགས་སྐྱེས་འདི་དག་ཁུར་ནས་ཁོ་མོས་དགའ་བ་སྒོམ་བཞིན་ཡོད།
“བདག་སྒྲའི་པ་བའི་འཇུག་ཚུལ་བཤདཔ་ལས་མིང་མཐའི་པ་བའི་འཇུག་ཚུལ་གསུངས་མེད།”
འདི་བདེན་པ་ཡིན་ན། འོག་གི་ཚིག་རྐང་དེ་ག་ནས་བྱུང་ངམ།
་
མིང་མཐའི་པ་བའང་ཕལ་ཆེར་འདྲ།།