ཨ་འཇམ།
་་་་་་་ང་རང་བདུད་པེ་ལ་སེར་སྣ་ཡོད།
ཨ་མས་ང་ལ་བོད་སྐད་སློབ་དུས།།
བདུད་པེའི་གླུ་དང་མཉམ་དུ་ཡོད་ཀི།
ཨ་ཕས་ང་ལ་རྟ་རྩལ་སློབ་དུས།།
བདུད་པེའི་སྐད་ངག་ཁྲོད་ན་ཡོད་ཀི།
རྩྭ་ཐང་ཆེན་མོའི་པང་ལ་ཉལ་དུས།།
བདུད་པེའི་དབྱངས་རྟ་ཉི་མ་འདྲ་ཀི།
རི་བོ་མཐོན་པོའི་རྩེ་ནས་ལྟ་དུས།།
བདུད་པེའི་འགྱུར་ཁུགས་སྤྲིན་དཀར་འདྲ་ཀི།
ས་མཐའི་སྐྱོ་བ་ཞེ་ལ་འཐིབ་དུས།།
བདུད་པེའི་གླུ་ལས་བསམ་རྒྱུ་མེད་ཀི།
ཆུང་དུས་འཚོ་བ་ཕྱིར་དྲན་བྱེད་དུས།།
བདུད་པེ་གླུ་ཡིས་མིག་ཆུ་སྟེར་ཀི།
ང་ཡི་མི་ཚེ་རྒྱབ་ལྗོངས་འདི་ཡང་།།
བདུད་པེའི་རྡུང་ལེན་སང་མོས་གྲུབ་འདུག།
ང་ཡི་སྲོག་གི་གཏིང་ས་ཞིག་ན།།
བདུད་པེའི་དབྱངས་ཀྱི་རྒྱུད་སྐུད་འཐེན་འདུག།
༢༠༡༥ ༡༢ ༢ ལ་ཨ་འཇམ་གྱིས།
དེང་སང་དྲ་ངོས་གང་སར་བདུད་བྷེ་ཉལ་སར་ལྷུང་ནས་དཀའ་ངལ་འཕྲད་ཡོད་པ་དང་། སྨན་རིན་དགོས་པའི་ཞལ་འདེབས་སློང་ཡིག་ཅིག་བཀྲམས་ཀྱི་འདུག དེ་རིང་ཡང་ཡང་ངོ་དེབ་ནང་ནས་བདུད་བྷེས་བསྐུར་བ་ཡིན་ཟེར་བའི་གསལ་བསྒྲགས་ཞིག་འགྲོ་བཞིན་འདུག གསལ་བསྒྲགས་དེར། སྨན་རིན་སློང་ཡིག་དེ་རྫུན་མ་ཡིན་པ་དང་། དེ་ཡང་གཅིག་བྱས་ན་ཁོའི་རྒན་མོས་བཀྲམས་པ་ཡིན་སྲིད་པ་དང་། ད་དུང་ཁོའི་ཕུ་བོ་ཁོང་རང་གི་རྩར་འབྱོར་ཡོད་པས། ནང་མིར་ཁ་པར་བཏང་ཟིན་དང་མི་འགྱངས་བར་བསྐྱར་དུ་གསལ་བརྡ་ཞིག་གཏོང་གི་ཡིན་རབས་བྲིས་འདུག
དེང་ས་བོད་ཕྱི་ནང་གཉིས་ཀ་ནས་ཡིག་འཁྱམ་བཟོས་ཏེ་དྲ་ངོས་གང་སར་འགྲེལ་མཁ་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་པ་འདི་ཡག་པོ་ཞིག་མཐོང་མ་སོང་།
ཨ་འཇམ་གྱི་སྙན་ངག་བཀླགས་ཟིན།
བདུད་བྷེ་གཞས་གཏོང་ནས་གླ་མེད་ཡིན་འགྱུར་མ་རེད་སྙམ། ད་མལ་ནང་ལྷུང་དུས་སློང་རྒྱག་དགོས་ཡ་དེ་འདྲ་་་་་་ཨ་ཁ་ཁ་་་་་་
ང་རང་ཡང་བདུད་པེ་ལགས་ལ་ཧ་ཅང་དགའ། བདུད་པེ་ལགས་ནི། བོད་ཀྱི་སྒྲ་སྙན་རྡུང་ལེན་པ་གྲགས་ཅན་ཞིག་ཡིན་པ་ཀུན་ཤེས་བཞིན། ཁོང་གི་མཚན་ལ་གངས་ལྗོངས་ཁུ་བྱུག་ཅེས་ཀྱང་གྲགས་པ་དེ་རེད། དེང་སྐབས་ཁོང་(ཁྲི་འདུ)འི་སྨན་ཁང་ཞིག་ཏུ་ཉལ་ཡོད་པར་བསྒྲགས་པ་དང་ལྷན་དུ། སྨན་ཡོན་སློང་ཡིག་དེ་འདྲ་སྤེལ་བའང་མཐོང་རྒྱུ་འདུག འོན་ཀྱང་། འདི་ཚོ་བདེན་དང་རྫུན་གང་ཡིན་ངས་མི་ཤེས། ངས་འདིར་བཤད་རྒྱུ་ཞིག་ལ། ཁོང་གི་མཚན་ལ་མང་པོ་ཞིག་གིས་གཞན་ཞིག་འབྲི་རྒྱུ་འདུག་སྟེ། བདུད་པེ་ཞེས་བྲིས་པ་འདི་ནི་དག་པར་འདོད། ཅི་ཞིག་ལ་ཟེར་ན། ཨ་མདོའི་ཡུལ་ནས་ཕ་མ་ཚོས་རང་གི་བུ་བུ་མོའི་མིང་གི་མགོའི་མཇུག་དུ། པེ་ཁོ་ལོ་གསུམ་གང་རུང་སྦྱར་ནས་གཅེས་འབོད་བྱེད་སྲོལ་ཡོད་པས་ཡིན།
ད་མྱི་ཁོ་རང་ཨ་ཁུ་ཆོས་རྒྱལ་སར་མཇལ་ཁ་འགྲོ་རྩིས་སྐབས་ཁོང་གི་མིང་ལ་དག་བཅོས་འདྲ་བྱས་ཁུལ་གྱིས་ཅི་ཕན་་་་་་་་་ལས་མེད་རང་ཡིན་་་་་
ལས་ནད་ལས། གང་མགྱོགས་ཐར་བའི་སྨོན་ལམ་ཡོད། བོད་ཀྱི་སྒྱུ་རྩལ་པ་རྣམས་དར་གྱུར་ཅིག །
སྤྱི་འཐུས་ཀརྨ་ཆོས་འཕེལ་ལཊ་སྐུ་གྲོངས།
http://tibettimes.net/%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%A0%E0%BD%90%E0%BD%B4%E0%BD%A6%E0%BC%8B%E0%BD%80%E0%BD%A2%E0%BE%A8%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%A0%E0%BD%95%E0%BD%BA%E0%BD%A3-6/
ངས་འདི་རིང་ངོ་དེབ་ནས་མ་གཏོགས་ཤེས་མ་བྱུང་། དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ།