བོད། ལྷ་ཀླུ་གཉན་གསུམ།
སེམས་དང་ལུས་པོས་དབུ་མ་མ་ཐེགས་པར།།
ཁ་དང་ལག་པའི་རང་བཙན་མ་བརྩད་པར།།
སྤྱིར་ན་རིགས་ཀྱི་ཆེད་དུ་མ་འབུངས་པར།།
སྒེར་དོན་ཕྲ་མོ་ཙམ་གྱིས་མི་ཚེ་བསྐྱལ།།
འུ་ཅག་ཁ་བ་བོད་ཀྱི་རྗེས་རབས་དག།
ནང་ལ་བསྐོར་ན་དབའ་དང་སྤོབས་པ་ཡོད།།
ཕྱི་ལ་དེད་ན་སྙིང་ཆུང་སྡར་མའི་བུ།།
བཙན་པོ་རྗེས་ཀྱི་ཁྱི་ཕྲུག་ལྡོམ་པོ་འདྲ།།
གར་བདེ་གར་སྐྱིད་ས་ནས་མི་ཚེ་རོལ།།
རང་གི་ཁེ་ལས་སྤྱི་དོན་མ་སྒྲུབ་པར།།
རིགས་ཀྱི་གྱོང་རྒུད་ནམ་ཡང་གསུབ་ཐབས་མེད།།
འདི་ལྟར་ཞིབ་མོ་བློ་ཡིས་རང་ལ་བལྟས།།
བལྟ་བཞིན་བལྟ་བཞིན་འགྲམ་གྱི་མི་ཚོགས་ཏེ།།
རང་དང་འདྲ་བའི་རིགས་གཅིག་སྤུན་ཟླ་ཚོ།།
བཤད་ལ་དགའ་བའི་ངང་ཚུལ་འདི་ཉིད་ལས།།
དོན་ལ་འཁྱོངས་པའི་ལས་ཤིག་མེད་པ་འདིས།།
ཡར་རྒྱས་ཞེས་པའི་གོམ་བཀང་མ་སྤོས་པར།།
རྒུད་པའི་གཡབ་མོ་ཐོད་དུ་བསུས་པ་དེར།།
བསམ་ཞིང་བསམ་ན་སྐྱོ་བ་དྲགས་དུ་བཞུར།།
དབའ་རྒོད་འགའ་རེ་སྒྲོན་མེ་བཞིན་དུ་འབར།།
སྡར་མ་ང་ཚོ་ཕྱི་རོལ་ཀློང་དུ་འཁྱམ།།
བོད་ཡུལ་ཁ་བའི་ལྗོངས་སུ་རྒྱ་འདྲེ་བཀང་།།
བོད་ཀྱི་གནམ་ས་བོད་ལ་མ་དབང་བར།།
ཐ་ན་བོད་སྐད་བཤད་པའི་ཉེས་མེད་ཚོ།།
དོན་མེད་བརྡུང་འཕྲོག་བཅོམ་གསུམ་བྱས་པ་འདི།།
དམྱལ་བ་མི་ཡུལ་ཁམས་ན་ཡོད་དུས་རེད།།
བོད་ལ་སྐྱེ་བའི་བཙན་པོའི་རྒྱུད་ཡིན་ན།།
རིགས་མཐུན་ལག་བརྡང་སྤྲེལ་བའི་བརྡ་རྟགས་ཤིག།
དོན་མཐུན་སྙིང་དང་རུས་པའི་གསེང་ནས་དཀྲུགས།།
ད་ལྟའི་བོད་ལ་དགོས་པ་དེ་ཉིད་ཡིན།།
བློ་ཆུང་བྱིས་པའི་བློ་གྲོས་དེ།།
སྲིན་བུའི་བུ་གར་ལྷུངས་གྱུར་བས།།
དབུ་མའི་རོ་མཆོག་མ་མཐོང་བ།།
བློ་ལྡན་ཁྲེལ་བའི་རྒྱུ་ལས་ཅི།།
དུས་མཐའི་རླུང་བུ་ནུབ་ལ་ལྡང་།།
ནུབ་ཀྱི་གླང་བོའི་སུག་རྗེས་སྙེག།
ལག་རྡུམ་དཔའ་བོའི་ཀི་སྒྲ་ལྟར།།
ཀྱལ་ཀ་འཚོལ་འདི་བླུན་པོའོ།།
ལྷ་ཀླུ་གཉན་གྱི་གཡང་ལག་གིས།།
བྱིས་པའི་མགོ་ལ་ཐལ་ལྕག་གཞུས།།
མ་གོ་གླུ་ཡི་འགྲེལ་བ་དེས།།
བླུན་པོའི་ཁྱུ་ཞིག་འུབ་ཀྱིས་བསྡུས།།
དབུ་མའི་དབུ་ལ་ཡོང་བ་འདི།།
ས་ཡ་དྲུག་གི་ལས་དབང་ཉིད།།
བླུན་པོའི་སེམས་ཀྱི་ཐོ་ཅོར་དེ།།
མཛེས་པ་ལས་གཞན་མི་སྡུག་གམ།།
གཉིས་སྨན་དབུ་མ་དེབ་མིན་པས། །
བཀླགས་པ་ཙམ་གྱིས་ཅི་ལ་ཕན། །
རྒྱ་བོད་གཉིས་ཀར་ཕན་དགོས་ན། །
བོད་རིགས་རྒྱ་རིགས་མཐུན་སྒྲིལ་དགོས། །
མཐུན་སྒྲིལ་ཁ་ནས་བཤད་སླ་ཡང་།།
དོན་གྱིས་ལག་ལེན་ཡོང་བ་དཀའ།།
བོད་རིགས་ཡོད་ཚད་རྒྱ་གྱུར་ཚེ།།
རྒྱ་བོད་མཐུན་སྒྲིལ་ཡོང་བ་འདོད།།
མི་རིགས་རྩ་མེད་བཟོ་རྒྱུ་ནི།།
རྒྱ་རིགས་ཆེན་པོའི་རིང་ལུགས་རེད།།
གུང་ཁྲན་ཏང་གི་འདོད་འདུན་རེད།།
འདོད་འདུན་དེ་ནི་མཐུན་སྒྲིའི་དགྲ།།
གང་ན་བདེ་ན་གནས་དེ་རུ།།
འགྲོ་རྒྱུ་ཀུན་གྱི་གཤིས་ལུགས་ཡིན།།
གཤིས་ལུགས་དེ་ཡི་ཉེར་ལེན་གྱིས།།
བོད་མི་མང་པོ་སྐྱབས་བཅོལ་ཡོང་།།
བོད་མི་སྐྱབས་བཅོལ་ཡོང་བས་ན།།
བོད་གནད་དོན་མ་ཤི་གསོན།།
བོད་དོན་འཛམ་གླིང་ཀུན་ཏུ་གྲགས།།
གྲགས་འདི་སྐྱབས་བཅོལ་བཀའ་དྲིན་ཡིན།།
བོད་པ་ཡོད་སའི་གནས་དེ་རུ།།
བོད་དོན་མ་ཤི་གསོན་དུ་གནས།།
བོད་ཀྱི་གནད་དོན་གནས་པ་དེ།།
བོད་མི་དེ་ཡི་བཀའ་དྲིན་ཡིན།།
ནུབ་གླིང་བོད་མི་མང་པའི་དྲིན།།
བོད་ཀྱི་སྐྱབ་སྐྱོར་གནས་འདི་མཆིས།།
བོད་ཀྱི་གནད་དོན་གནས་འདིར་རྩོད།།
བོད་དོན་སྐྱབ་བཅོལ་གནས་འདི་འོང་།།
བོད་དོན་སྐྱབ་སྐྱོར་མང་པ་ཡང་།།
ས་གནས་སྐྱེས་མིན་གནམ་བབ་མིན།།
འཁྱམ་པོ་བོད་མིས་འབད་འབུང་གིས།།
དེ་ལྟར་འོང་བ་ཕྲན་གྱི་འདོད།།
བོད་ཀྱི་ལུང་པ་བརླགས་པ་ཡང་།།
ཕྱི་སྡོད་བོད་མི་ཉུང་བས་སྐྱོན།།
ཕྱི་དོན་ཤེས་མཁན་དཀོན་པས་ལེན།།
ཕྱི་གླིང་སྡང་སེམས་ཆེ་བས་ཕུང་།།
ཇི་ལྟར་ཕྱི་མིར་སྡང་གྱུར་ན།།
དེ་ལྟར་ཕྱི་དོན་ཤེས་བ་དཀོན།།
དེ་མཚུངས་ཕྱིན་དོན་མ་ཤེས་་ན།།
འཛམ་གླིང་འཕེལ་ཕྱོགས་མཐོང་བ་དཀའ།།
ནོར་བཅོས་དང་ཁ་སྣོན།
མཐུན་སྒྲིལ་ཁ་ནས་བཤད་སླ་ཡང་།།
དོན་གྱིས་ལག་ལེན་ཡོང་བ་དཀའ།།
བོད་རིགས་ཡོད་ཚད་རྒྱ་གྱུར་ཚེ།།
རྒྱ་བོད་མཐུན་སྒྲིལ་ཡོང་བ་འདོད།།
མི་རིགས་རྩ་མེད་བཟོ་རྒྱུ་ནི།།
རྒྱ་རིགས་ཆེན་པོའི་རིང་ལུགས་རེད།།
གུང་ཁྲན་ཏང་གི་འདོད་འདུན་རེད།།
འདོད་འདུན་དེ་ནི་མཐུན་སྒྲིའི་དགྲ།།
གང་ན་བདེ་ན་གནས་དེ་རུ།།
འགྲོ་རྒྱུ་ཀུན་གྱི་གཤིས་ལུགས་ཡིན།།
གཤིས་ལུགས་དེ་ཡི་ཉེར་ལེན་གྱིས།།
བོད་མི་མང་པོ་སྐྱབས་བཅོལ་ཡོང་།།
བོད་མི་སྐྱབས་བཅོལ་ཡོང་བས་ན།།
བོད་གནད་དོན་མ་ཤི་གསོན།།
བོད་དོན་འཛམ་གླིང་ཀུན་ཏུ་གྲགས།།
གྲགས་འདི་སྐྱབས་བཅོལ་བཀའ་དྲིན་ཡིན།།
བོད་པ་ཡོད་སའི་གནས་དེ་རུ།།
བོད་དོན་མ་ཤི་གསོན་དུ་གནས།།
བོད་ཀྱི་གནད་དོན་གནས་པ་དེ།།
བོད་མི་དེ་ཡི་བཀའ་དྲིན་ཡིན།།
ནུབ་གླིང་བོད་མི་མང་པའི་དྲིན།།
བོད་ཀྱི་སྐྱབ་སྐྱོར་གནས་འདི་མཆིས།།
བོད་ཀྱི་གནད་དོན་གནས་འདིར་རྩོད།།
བོད་དོན་སྐྱབ་སྐྱོར་་གནས་འདི་འོང་།།
བོད་དོན་སྐྱབ་སྐྱོར་མང་པ་ཡང་།།
ས་གནས་སྐྱེས་མིན་གནམ་བབ་མིན།།
འཁྱམ་པོ་བོད་མིས་འབད་འབུང་གིས།།
དེ་ལྟར་འོང་བ་ཕྲན་གྱི་འདོད།།
བོད་ཀྱི་ལུང་པ་བརླགས་པ་ཡང་།།
ཕྱི་སྡོད་བོད་མི་ཉུང་བས་སྐྱོན།།
ཕྱི་དོན་ཤེས་མཁན་དཀོན་པས་ལེན།།
ཕྱི་གླིང་སྡང་སེམས་ཆེ་བས་ཕུང་།།
ཅི་ལྟར་ཕྱི་མིར་སྡང་གྱུར་ན།།
དེ་ལྟར་ཕྱི་དོན་ཤེས་བ་དཀོན།།
དེ་མཚུངས་ཕྱི་དོན་མ་ཤེས་་ན།།
འཛམ་གླིང་འཕེལ་ཕྱོགས་མཐོང་བ་དཀའ།།
ཅི་ལྟར་འཛམ་གླིང་འཕེལ་ཕྱོགས་རྨོངས་གྱུར་ན།།
དེ་ལྟར་ཕྱོགས་གཅིག་མིག་གི་ལྟ་ཚུལ་མང་།།
ཕྱོགས་གཅིག་ལོང་བའི་མིག་གི་བསམ་ཚུལ་ལས།།
དོན་ལྡན་གནད་ཀྱི་མ་ཕུག་གཅམ་བུ་མང་།།
ཅི་ལྟར་གཅམ་་བུ་མང་བའི་གཏམ་གླེང་ལས།།
དེ་ལྟར་རྨོངས་བའི་འགྲོས་ཀྱི་བསམ་ཚུལ་རྒྱས།།
རྨོངས་བློའི་བསམ་པ་སྐྱེས་བའི་ཉེར་ལེན་གྱིས།།
མང་ཚོགས་སེམས་པ་ཁ་ཐོར་དབྱིངས་སུ་ཁྲིད།།
ཅི་ལྟར་མང་ཚོགས་སེམས་པ་ཁ་ཐོར་ན།།
དེ་ལྟར་མཐུན་སྒྲིལ་སེམས་གཅིག་འཁྲུངས་བ་དཀའ།།
ཅི་ལྟར་ཐུན་མོང་སེམས་གཅིག་མེད་གྱུར་ན།།
དེ་ལྟར་གཅིག་མཐུན་ལམ་ཞིག་རྙེད་པ་དཀའ།།
དེ་ན་སེམས་རྒྱ་ཡང་བའི་མིག་ཕྱེ་ནས།།
ཀུན་མཐོང་མིག་ཅིག་ཕྱེ་གལ་ཆེ།།
ཀུན་མཐོང་ཚིག་གཅིག་བཤད་གལ་ཆེ།།
ཕྱོགས་གཅིག་བསམ་ཚུལ་མེད་པ་ཤོག།།
ཕ་རོལ་རྒྱ་ལ་དགོས་པའི་གངས་ལྗོངས་དེ་ཕུལ་ཅིང་།
ཚུ་རོལ་གཞིས་བཞུགས་བོད་མིར་དམྱལ་བ་ཡི་གདུང་བ།
གཅིག་ལ་ཕན་ཀྱང་གཅིག་ལ་འཐོབ་བྱ་ནི་མེད་པ།
གཉིས་ཕན་དབུ་མའི་ལམ་གྱི་དགོངས་དོན་དེ་ཅི་ལགས།
བཅུ་ཕྲག་ཟུང་ལྷག་བགྲང་བྱར་པད་ཅིང་དུ་ཕེབས་ཤིང་།
ལག་ཟུང་ཐལ་མོ་སྦྱར་དེ་ཞུ་བ་རེ་ཕུལ་ཡང་།
སྤྱང་ཀིའི་ཁ་ནས་ཁྲག་ཐིག་མི་འཛགས་པའི་དཔེ་བཞིན།
ཐ་མ་བོད་ལ་ཕན་པའི་གྲུབ་འབྲས་དེ་ཅི་ལགས།
གཞིས་ལུས་བོད་མིས་རང་བཙན་གཙང་མ་ཡི་དཔའ་སྐད།
ཆོལ་གསུམ་གཅིག་བསྒྲིལ་གནམ་སའི་ཁྱོན་ལ་རང་བསྒྲགས་པ།
རྣ་མཆོག་འབྲོང་ཀོའི་སྤུ་ཟླ་བཙན་བྱོལ་གྱི་སྐུ་ངོས།
རྣ་ཐོས་མེད་ཀྱང་སྤྱན་གྱིས་མ་གཟིགས་པ་རང་ཨེ་ཡིན།
ས་ཡ་གཅིག་ལྷག་དགྲ་བོའི་ལག་འོག་ཏུ་གྲོངས་པ།
རང་གི་རྒྱལ་ཁབ་རང་དབང་སླར་གསོ་ཡི་མཆེད་ལས།
རྒྱ་ལ་དར་དཀར་ཕུལ་ནས་ཆོལ་གསུམ་གྱི་བདག་དབང་།
ལག་ཟུང་ཐལ་མོ་སྦྱར་ནས་ཕུལ་མཆེད་དུ་ཨེ་ཡིན།
འོད་མཚན་མགོན་པོས་གཙོ་བས་གངས་ལྗོངས་ཀྱི་དཔའ་རྒོད།
བགྲང་ཡས་རྒྱ་དམར་ཀླ་ཀློའི་མུན་བཙོན་དུ་བཅུག་པ།
དབུ་མའི་ལམ་གྱི་གྲུབ་འབྲས་རྒྱ་དམར་གྱི་བརྔན་པ།
བཙན་བྱོལ་སྐུ་ངོ་རྣམ་པས་་དགྱེས་བཞེས་རང་གནང་རོགས།
ས་མཐོའི་ལྗོངས་ལ་ལུས་ཟུང་ལྟེ་ཁྲག་དེ་བོར་ཞིང་།
རྒྱ་དམར་ཀླ་ཀློས་ཕ་སྤུན་ཡ་བྲལ་དུ་བཏང་་བས།
བཙན་བྱོལ་ཕུག་བསམ་ལྡན་པའི་དེང་དུས་ཀྱི་གཞོན་ནུ།
རང་གི་ཐོལ་སྐལ་རང་བཙན་རྩོད་པ་ལ་རང་འབད་རོགས།