དེ་རིང་ཁྱེད་ཚོས་བོད་མི་དང་སྐད་ཀྱི་སྐོར་བགྲོ་གླེང་བྱེད་སྐབས་འདི་དང་བསྟུན་ནས་ངས་ཀྱང་བསམ་ཚུལ་མི་མཐུན་པ་ཁ་ཤས་ཞུ་ན་འདོད་བྱུང་། དེ་ཡང་སྒོམ་སྡེས་གསུངས་པ་ལྟར་བོད་ཀྱི་སྐད་ཀྱི་འབྱུང་ཁུངས་འཚོལ་ན་བོད་མི་རིགས་ཀྱི་མཆེད་ཁུངས་ཤེས་དགོས་པ་རེད། བོད་མི་རིགས་ཀྱི་མཆེད་ཁུངས་ཤེས་དགོས་ན་ཆེས་ཐོག་མའི་བོད་ཀྱི་ས་ཁམས་ཆགས་ཚུལ་ཡང་ཤེས་དགོས་པ་རེད། དེ་འདྲ་ཆེན་པོ་ཞིག་བཤད་དགོས་ན་ང་ཚོ་ས་ཁམས་རིག་པ་བ་མིན་པ། མིའི་རིགས་རྒྱུད་ལ་བརྟག་དཔྱད་བྱེད་མཁན་ཡང་མིན་པ། སྐད་རིགས་རིག་པའང་མིན་པ་རྐྱང་རྐྱང་གིས་མང་པོ་ཞིག་བཤད་བསྡད་ན་ཚན་རིག་གི་གཞི་འཛིན་ས་གང་ཡང་མེད་པ་ཞིག་རེད། ཡིན་ནའང་། རིག་ཚན་དེ་དང་དེ་ལ་མཁས་པ་མང་པོ་ཞིག་ནས་ཚན་རིག་དང་མཐུན་པའི་དཔྱད་ཞིབ་མང་པོ་ཞིག་བྱས་ནས་བྲིས་ཡོད་པ་མང་པོ་ཞིག་ཡོད་པ་རེད། དཔྱད་ཞིབ་འདྲ་མི་འདྲ་མང་པོ་ཞིག་ལ་བལྟས་ཡོང་ན་ང་ཚོས་ལོ་རྒྱུས་ཁག་ནང་བྲིས་པའི་འདོད་ཚུལ་དེ་ཚོར་ཁུངས་དག་མ་དག་གཉིས་ཀ་ཡོད་རྒྱུ་རེད་སྙམ།
གཅིག བོད་ཀྱི་ལོ་རྒྱུས་ཁག་ནང་བོད་ཀྱི་མི་རྒྱུད་འདི་ཡར་ལུང་ནས་ཆད་ཡོང་བ་ལྟ་བུ་ཞིག་བཤད་ཡོད་པ་རེད། ཡིན་ནའང་ད་ལྟའི་མི་རིགས་དཔྱད་ཞིབ་པ་མང་པོ་ཞིག་ནས་གོང་དུ་དྲ་གྲོགས་རེ་ཟུང་ནས་བརྗོད་པ་ལྟར། ཨེ་ཤི་ཡའི་མི་རྒྱུད་སེར་བོའི་རིགས་འདི་ལ་ mongoloid ཟེར་གི་ཡོད་པ་མ་ཟད། མཆེད་ས་ཡང་བྱང་ཕྱོགས་ནས་ཆད་ཡོང་བར་བཤད་ཀྱི་འདུག
གཉིས། བོད་ཀྱི་ས་ཁམས་ཆགས་རིམ་གསལ་བ་ཞིག་བཤད་རྒྱུ་མེད་ཀྱང་བོད་བྱང་རྒྱུད་དེ་ཆེས་གདོད་མའི་དུས་སུ་ས་ཆ་དམའ་བོ་དང་ཚ་བའི་ཁུལ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་མ་ཟད་དེར་ཆེས་ཐོག་མའི་དུས་སུ་འགྲོ་བ་མིའི་འཚོ་གནས་བྱས་ཡོད་པའི་ཏན་རྟགས་ཀྱང་རྙེད་ཀྱི་ཡོད་པ་རེད།
གསུམ། བོད་ཀྱི་མི་རིགས་ཀྱི་མཆེད་ཁུངས་འདི་རེད་ཟེར་བ་ཞིག་བཤད་མི་ཤེས་ཀྱང་། བོད་ཀྱི་བྱང་རྒྱུད་དང་འབྲེལ་བའི་རྨ་ཆུའི་མགོ་སྟོད་དུའང་གནའ་སྔ་མོའི་དུས་སུ་མི་རིགས་འཚོ་གནས་བྱས་པའི་བདེན་རྟགས་དུ་མ་ཞིག་རྙེད་ཡོད་པ་དང་། ད་ལྟའི་རྒྱའི་ལོ་རྒྱུས་སྨྲ་བ་དུ་མ་ཞིག་ནས་རྨ་ཆུའི་མགོ་སྟོད་དེ་བོད་མི་རིགས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་ཡིན་པར་བརྗོད་ཀྱི་ཡོད་པ་མ་ཟད་རྒྱ་མི་རིགས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པ་བརྗོད་ཀྱི་འདུག དགེ་ཆོས་ཀྱི་དེབ་ནང་ཡོད་པའི། རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ཞེས་པའི་ནང་ཡང་། བོད་ཀྱི་རིགས་རྣམས་ནི་ནུབ་ཕྱོགས་ཀྱི་འཇང་ལས་བྱུང་། ནུབ་ཀྱི་འཇང་རྣམས་ལ་རིགས་ཚོ་བརྒྱ་དང་ལྔ་བཅུ་ཡོད་ཅིང་རྨ་ཆུ་དང་། མུན་ཇང་ཆུ་བོའི་འགྲམ་དུ་ས་བཟུང་་་ ཞེས་བྲིས་འདུག
བཞི། དེ་མིན་ང་རང་གིས་བལྟས་པ་ཡིན་ན་བོད་བྱང་ཕྱོགས་སུ་གནས་པའི་ཨ་མདོའི་སྐད་འདི་ལའང་ཏན་ཏན་བརྟག་རྒྱུ་ཞིག་ཡོད་པ་རེད་སྙམ། ཨ་མདོའི་སྐད་ནང་བརྡ་རྙིང་པ་མང་པོ་ཞིག་ཡོད་པ་མ་ཟད་ཕྲད་དེ་ཚོའང་མིང་སྔ་མའི་རྗེས་འཇུག་གི་སྒྲ་དེ་རང་ཤུགས་སུ་དྲུད་ཡོང་བའི་རྗེས་འཇུག་རང་འདྲའི་རྗེས་སུ་འཇུག་པའི་ཕྲད་རང་བྱུང་བ་ཞིག་དང་ཆེས་ཐོག་མའི་སྐད་ཞིག་ཡིན་པའི་ཚོར་བ་རང་ཤུགས་སུ་སྟེར།
ལྔ། དེ་ནས་ཡུལ་དབུས་དང་མི་འདྲ་བར་དམངས་ཁྲོད་ཀྱི་ངག་རྩོམ་དེ་ཡང་ཧ་ལས་པའི་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོ་ཡོད་པ་རེད། གླུ གླུ་ཤག བཤིག་གླུ དྲི་བ་དྲིས་ལན་གྱི་གླུ ལ་གཞས ལ་ཤག མདའ་བཤད། ཇ་བཤད། དར་བཤད། ཆང་བཤད། སྟོན་བཤད། གཉེན་བཤད། མག་བཤད བག་བཤད བག་བཤད་ལའང་། བག་སྐྲ་བཤད་པ། བག་ངུ། བག་ཞང་རྟ་འབེབས། མ་བུའི་གཏམ་ལན་སོགས་དང་། རྟ་བཤད། འབྲས་དཀར། སྲིད་པའི་ཇག་གླུ གནས་བཤད། ས་དཔྱད། ཁེད། དེ་མིན་ཆེས་གནའ་སྔ་མོ་ནས་མིན་ནམ་སྙམ་པ། སྲིད་པ་ཆགས་གླུ། ཁྱུང་དང་རུས་སྦལ་གྱི་བཤད་པ། ཨ་མཚར་མཚར་ར་མཚར་དགུ། སྲིད་པའི་རང་འཐག་ཆ་བརྒྱད་སོགས་རིག་གཞུང་གི་རྩ་བ་ཧ་ཅང་མཐུག་པོ་འདི་འདྲ་ཡུལ་དབུས་སུ་ཕལ་ཆེར་མེད་པ་འདྲ། དེ་མིན་ཐ་སྙད་ཀྱི་ཕྱོགས་ཀྱང་ཡུལ་དབུས་ལས་ཆེས་ཆེར་ཕྱུག་པོར་མཐོང་།
དྲུག དེ་མིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐོར་དེ་ལའང་། ་་རུས་མཛོད་མེ་ཏོག་སྐྱེད་ཚལ་་ ནང་། ་་སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ་་ ཞེས་པ་ཡང་བོད་བྱང་རྒྱུད་དུ་གནས་པའི་སུམ་པ་དེ་
རྒྱལ་ཕྲན་བཅུ་གཉིས་སུ་གྱེས་པའི་དོན་ཡིན་ཚུལ་འདུག་པ་ལྟར་དེ་ལྟར་ཡིན་ནམ། རྒྱལ་ཕྲན་བཅུ་གཉིས་དེ་སྤུར་རྒྱལ་གྱི་སྔོན་ལ་མ་ཡིན་ནམ།
བདུན། མདོ་ཁམས་ཀྱི་ས་ཆ་དེ་ཚོར་རྒྱ་ནག་གི་གནའ་རབས་ལོ་རྒྱུས་ནང་འཇང་ངམ་ཆང་རིགས་ཟེར་ནས་མི་རིགས་དང་སྐད་རིགས་རྒྱ་ནག་ལས་ལོགས་སུ་ཡིན་པ་བརྗོད་ཡོད་པ་རེད། ད་བར་ཁོ་བོས་མཐོང་བ་ལྟར་ན། ཆང་མིང་འདི་རྒྱའི་ཡིག་ཐོག་བཀོད་པ་སྔ་ཤོས་དེ་ལོ་བཞི་སྟོང་གི་སྔོན་ལ་རེད་འདུག
བརྒྱད། དེ་ནས་རྩ་བའི་བོད་ཡུལ་དབུས་དང་མདོ་སྨད་ཀྱི་སྐད་འདི་བརྒྱ་ཆ་མང་ཆེ་བ་གཅིག་པ་ཡིན་ནའང་སྐད་ཀྱི་གདངས་ལ་བརྟག་ན་ཆེས་གནའ་སྔ་མོ་ཞིག་ལ་མི་རིགས་མ་འདྲ་བ་གཉིས་མིན་འགྲོ་བསམ་བསམ་གྱི་ཚོར་བ་ཞིག་སྔོན་མ་ཞིག་ནས་ཡོད། དེ་ནས་བཟུང་ས་མིང་ཆུ་མིང་། གཞས་ཀྱི་སྐོར། སྐད། སྐད་ནང་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་སོགས་འགྲོ་ཞོར་འདུག་ཞོར་དུ་དཔྱད་པ་ཅུང་ཟད་བྱས་པས་ཡུལ་དབུས་འདི་རྒྱ་དང་ཐག་ཉེ་བོ་དང་འབྲེལ་ཆེ་བར་མཐོང་སོང་། དེར་མ་ཟད་རྗེས་སུ་ལོ་རྒྱུས་ཀྱི་ཁུངས་ཤིག་ཀྱང་རྙེད་པ་འདི་ལྟར། དགེ་ཆོས་ཀྱིས་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་ཞེས་པ་དེའི་ནང་། ་་བོད་མི་རྣམས་ཀྱི་རུས་ཀྱི་ཁུངས་ལེགས་པར་མ་ཤེས། འོན་ཀྱང་། འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་ཏུ་ཕ་ལི་ལོ་གུའི་རྒྱུད་པ་ཡིན་ཟེར། དེ་ཡང་རྒྱལ་པོ་ལི་ལོ་གུ་དེ་གྲོངས་ཚེ་སྲས་ཕན་ཉི་ལོ་ཆུང་བའི་རྐྱེན་གྱིས་གཅུང་པོ་ལོ་ཞན་ལ་ཁྲི་གཏད་། ཧྲི་ཏོས་ལོ་དང་པོ་པར་ནོ་ཞན་དེ་ཆི་ཕོ་ཞི་ཕན་གྱིས་བསད། ཕན་ཉི་རང་གི་རིགས་རྣམས་དང་བཅས་ནུབ་ཏུ་བྲོས། རྨ་ཆུ་བརྒལ་ཏེ་རི་བོ་ཅིའི་ཞིའི་རྒྱབ་ཏུ་འཇང་རྣམས་ཚོགས་ཀྱི་ཁྲོད་དུ་རང་གི་རྒྱལ་ཁམས་ཤིག་བཏབ་ཏེ་གནས། ཕན་མྱི་དེ་རང་བཞིན་དྲང་ཞིང་སྦྱིན་པ་ལ་དགའ་བ་གྲགས་ཆེ་བས་འཇང་རྣམས་ཁོང་ལ་གུས་པ་ཆེར་བྱས། ཕན་ཉིས་ལས་བཟང་རྒྱ་ཆེན་པོ་བྱས་པ་ན་འཇང་རྣམས་ཚོགས་འདུས་ལ་འཚོགས་པ་བཞིན་ཁོང་པའི་དྲུང་དུ་འདུས་ཤིང་། རྗེས་སོར་བྷོ་ཡེ་སི་ ་་སྤུར་རྒྱལ་་ ཞེས་པ་མཚན་གསོལ།
ཁོང་གི་རིགས་རྒྱུད་ལ་ཐུའུ་ཧྥ་བྱ་བ་ལས་ཕྱིས་ཐུ་བྷོད་བྱ་བར་གྲགས། རྒྱུད་རྣམས་འཕེལ་ནས་གྲགས་ཆེན་དུ་གྱུར་་ ཞེས་བོད་དེ་རྒྱ་མི་རིགས་སམ་མི་རིགས་གཞན་པ་ཞིག་ཡིན་པར་བརྗོད་འདུག འཇང་རྣམས་ནི་ཐོག་མ་ནས་གངས་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཡིན་པ་དང་རྒྱལ་པོ་ཕན་ཉི་འཁོར་དང་བཅས་པའི་རྒྱུད་པ་བོད་རྣམས་ནི་མི་རིགས་གཞན་པ་ཞིག་འཇང་རིགས་རྣམས་ཀྱི་ཁྲོད་དུ་ཡོང་བ་ཡིན་ཚུལ་བཤད་འདུག་པ་འདིའང་དཔྱད་གཞིར་ཕུལ།
དེ་མིན་ཁ་སང་སྔོན་མ་ནས་སྐད་ཀྱི་སྐོར་ཅུང་ཟད་རེ་བཤད་པ་ལྟར། ༡ མདོ་ཁམས་ཀྱི་སྐད་ལས་ཡུལ་དབུས་ཀྱི་སྐད་གདངས་དེ་རྒྱ་སྐད་དང་ཐག་ཉེ་བ། ༢ ཡུལ་དབུས་ཀྱི་སྐད་ནང་རྒྱ་སྐད་དང་རྒྱ་སྐད་ཟུར་ཆག་པ་འདྲ་བ་མང་བ། ༣ སྐད་ཀྱི་བརྡ་སྤྲོད་ནང་།། ང་ཡེ་ཁོང་ཡེ་ཟེར་བ། ལ་དོན་གྱི་ཕྲད་རྩ་ནས་བེད་སྤྱོད་མི་གཏོང་སོགས་རྒྱ་ནག་དང་མཚུངས་པ། ༤ ལྷ་སའི་དམངས་མགུར་ཚིག་བཞི་བ་དེ་ཚོར་ཡང་། རྒྱ་ནག་ཐང་སྙན་ངག་དང་ཉམས་འདྲ་ས་མང་བ། ༦ དམངས་ཁྲོད་ཀྱི་ངག་རྩོམ་ཡང་མདོ་ཁམས་ཀྱི་ངག་རྩོམ་ལས་ཆེས་ཆེར་ཉུང་བ། ༧ མདོ་ཁམས་ཀྱི་སྐད་དང་བསྡུར་ན་སྐད་ཀྱི་ཐ་སྙད་ཕྱུག་པོ་མིན་པ་སོགས་རྒྱུ་མཚན་དུ་མ་ཞིག་བགྲང་རྒྱུ་འདུག
རྣམ་རྟོག་གི་ཕྲེང་བ་འདི་དག་རང་ལུགས་ཟེར་ནས་བཤད་དཀའ་མོད་དྲ་གྲོགས་ཚོ་དང་མཉམ་ཁ་བརྡའི་ཚུལ་དུ་བརྗོད་པ་ཡིན།
རྒྱའི་ལོ་རྒྱུས་འདི་དག་ཁུངས་ཐུབ་ཡིན་མིན་མི་ཤེས་ཏེ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚལ་བ་ཀུན་དགའ་རྡོ་རྗེ་དང་འགོས་ལོ་ཙྰ་བ་གཞོན་ནུ་དཔལ་སོགས་ཀྱིས་གཙུགས་སུ་བཟུང་ནས་རྒྱའི་ལོ་རྒྱུས་ཁག་ལས་ལུང་འདྲེན་ཡང་ཡང་བྱས་ཡོད་པ་དེ་ངས་འདིར་བཤད་ཅི་ལ་དགོས། བོད་ཀྱི་ལོ་རྒྱུས་ཁག་ཁུངས་ཡོད་ན་མེད་ན་ཆོས་རྒྱལ་ཚོའི་རྗེས་ཀྱི་ལོ་བརྒྱ་ཕྲག་དུ་མའི་རྗེས་ལ་བྲིས་པ་ཡིན་པ་དང་རྒྱའི་ལོ་རྒྱུས་དག་དེ་ལྟར་མ་ཡིན་པར། ཡི་གེ་ཡོད་པར་བརྟེན་སྔོན་མ་སྔོན་མའི་ལོ་རྒྱུས་དང་ཐ་ན་མཐའ་འཁོར་གྱི་མི་རིགས་ཁག་གི་ལོ་རྒྱུས་ཀྱང་བྲིས་ཡོད་པ་ཞོར་འཕྲོས་ཡིན།
ཡང་མགོན་ཕྱག་གིས་བཟི་གཏམ་བཙན་ཐག་ཆོད་ཅིག་འཁྱེར་ནས་སླེབས་འདུག
རྒན་པ་ཚོས་འདི་འདྲའི་བསམ་ཚུལ་འཁྱེར་ཡོང་ན། གཞོན་པ་ཚོས་མང་པོ་མི་ཤེས་རུང་སེམས་ཤུགས་འཕར་གི
མོང་གོལ་སྐྱེས་རྟགས་ཟེར་བའི་བྱིས་པ་སྐྱེས་མ་ཐག་གི་དཔྱི་མགོའམ་འཕོང་ཚོས་ཀྱི་སྟེང་དུ་སྔོ་ཐིག་ཅིག་ཡོད་པའི་མི་རིགས་ཤིག་ཡིན་ཕྱིན་གནའ་སྔ་མོ་ལོ་ངོ་ཁྲི་རེ་ཟུང་གི་སྔོན་དུ་མི་རིགས་གཅིག་ཡིན་པ་ཁོ་ཐག་རེད། དེ་ཡང་བོད་པ་དང་སོག་པོ་འཇར་པན་པ་གསུམ་ལྟ་བུ།
འཁྱགས་པའི་དུས་ཡུན་ཐེངས་རྗེས་མའི་སྐབས་སུ་ལྷ་སའི་ཉེ་འཁོར་ཞིག་ཏུ་མི་འཚོ་སྡོད་བྱེད་ཀྱིན་ཡོད་པའི་རྗེས་ཤུལ་རྙེད་འདུག མདོ་ཁམས་རྒྱུད་དུ་འཁྱགས་པའི་དུས་ཡུན་གྱི་སྐབས་སུ་མི་འཚོ་སྡོད་བྱེད་ཀྱིན་ཡོད་པའི་རྗེས་ཤུལ་འདྲ་ཡོད་དམ།
མདའ་ཚན་པའི་བཟི་གཏམ་བཀླགས་རྗེས་ང་ལ་ཚོར་བ་འདི་འདྲ་ཞིག་བྱུང་སོང་། ངས་བལྟས་ན་བོད་ཡུལ་གྱི་ཆགས་ཚུལ་ལས་འཕྲོས་པའི་གཏམ་དག་ནི་ཚང་མ་མཐར་གཏུགས་ན་མཚོ་བྲི་བ་ལས་མ་འདས། དེའི་སྟབས་ཀྱིས་ལོ་ངོ་ཁྲི་ཡི་ཡར་སྔོན་ལ་བོད་ཁམས་ཀྱི་གཤོངས་ས་ཚང་མ་ཆུས་ལྟེམས་པའི་ཤོད་ཚུལ་དེ་བདེན་པར་མཐོང་ལ། རྗེས་སུ་རིམ་གྱིས་བྲི་བའི་སྐབས་སུ་སྟོད་ནས་སྨད་དུ་བཞུར་བའི་ཤུལ་ལྟ་བུར་མངོན་པ་ནི་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་སུ་ཡང་ཅུང་ཟད་གསལ་བོ་འདུག གལ་སྲིད་ང་ཚོ་གནམ་གྲུ་ཞིག་ལ་བསྡད་དེ་མདོ་སྟོད་སྨད་ཀྱི་མཁའ་དབྱིངས་ནས་མར་བལྟ་རྒྱུ་ན། ལུང་ཤུར་རེ་རེ་དང་རི་རྒྱུད་རེ་རེ་བཞིན་གྱི་སྣེ་མོ་དག་ཆུ་བྲི་བའི་རྣམ་པ་དང་རིམ་གྱིས་བྲི་བའི་ཐེམ་པ་སོགས་གསལ་བོ་མངོན་པར་འདུག་པ་སོགས་གསུང་མཁན་འདུག ཡིན་ནའང་མིའི་རིགས་རྒྱུད་བྱུང་སྟངས་ཀྱི་ཐད་ནས་མདོ་སྟོད་སྨད་ཕལ་ཆེར་ཡར་ལུང་ནས་མཆེད་པར་སྨྲ་ཡང་མདོ་སྟོད་སྨད་ལ་ད་དུང་དགྱ་ནག་དང་ཁ་ཆེ། ཤུགས་ཆེན་པོ་སོག་པོ་ཡིན་པ་གསལ་བོ་རེད།
ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཏུ། ཆོས་འབྱུང་དཔག་བསམ་ལྗོན་ཤིང་ཟེར་བ་ཞིག་ཡོད་པར་བཤད་འདུག དེའི་ནང་ན་བཙན་པོའི་དུས་རབས་སྔོན་གྱི་ལོ་རྒྱུས་ཅུང་ཟད་གསལ་ཁ་ཡོད་པར་བཤད་འདུག སུམ་པའི་ཆོས་འབྱུང་དེ་མ་རེད། ཡིན་ནའང་དེང་སང་ཆོས་འབྱུང་དེ་བོད་ནང་ནས་གཏན་ནས་མཐོང་རྒྱུ་མི་འདུག བཙན་བྱོལ་སྤྱི་ཚོགས་སུ་དེ་འདྲའི་ལོ་རྒྱུས་ཡིག་ཆ་ཞིག་ཡོད་དམ། ཡོད་མེད་སུས་ཤེས་ན་བདག་ལ་འདིར་ལན་ཞིག་འཇོག་རོགས།
དེ་མིན་ཁ་སང་སྔོན་མ་ནས་སྐད་ཀྱི་སྐོར་ཅུང་ཟད་རེ་བཤད་པ་ལྟར། ༡ མདོ་ཁམས་ཀྱི་སྐད་ལས་ཡུལ་དབུས་ཀྱི་སྐད་གདངས་དེ་རྒྱ་སྐད་དང་ཐག་ཉེ་བ། ༢ ཡུལ་དབུས་ཀྱི་སྐད་ནང་རྒྱ་སྐད་དང་རྒྱ་སྐད་ཟུར་ཆག་པ་འདྲ་བ་མང་བ། ༣ སྐད་ཀྱི་བརྡ་སྤྲོད་ནང་།། ང་ཡེ་ཁོང་ཡེ་ཟེར་བ། ལ་དོན་གྱི་ཕྲད་རྩ་ནས་བེད་སྤྱོད་མི་གཏོང་སོགས་རྒྱ་ནག་དང་མཚུངས་པ། ༤ ལྷ་སའི་དམངས་མགུར་ཚིག་བཞི་བ་དེ་ཚོར་ཡང་། རྒྱ་ནག་ཐང་སྙན་ངག་དང་ཉམས་འདྲ་ས་མང་བ། ༦ དམངས་ཁྲོད་ཀྱི་ངག་རྩོམ་ཡང་མདོ་ཁམས་ཀྱི་ངག་རྩོམ་ལས་ཆེས་ཆེར་ཉུང་བ། ༧ མདོ་ཁམས་ཀྱི་སྐད་དང་བསྡུར་ན་སྐད་ཀྱི་ཐ་སྙད་ཕྱུག་པོ་མིན་པ་སོགས་རྒྱུ་མཚན་དུ་མ་ཞིག་བགྲང་རྒྱུ་འདུག
འདི་དངོས་གནས་རེད་བསམ་བསམ་ཞིག་འདུག
དབུས་ཀྱི་སྐད་གདངས་དེ་རྒྱ་སྐད་དང་ཐག་ཉེ་བ་དངོས་གནས་རེད།
ལྷ་སའི་གསར་འགྱུར་བཤད་མཁན་དག་ལ་ཉོན་དང་རྒྱ་སྐད་ཡིན་པའི་ཚོར་བ་ངོ་མ་ཞིག་སླེབས་ཡོང་ངེས།
མདོ་སྨད་ཀྱི་ཡུལ་སྐད་ནང་དུ་བརྡ་རྙིང་གིས་ཕྱུག་ནས་ཡོད་པ་བཞིན་དུ་བོད་དབུས་གཙང་ཕྱོགས་ཀྱི་སྐད་ནང་དུ་ཡང་བརྡ་རྙིང་ཧ་ཅང་མང་པོ་རྣམ་པར་མི་གསལ་བའི་ཚུལ་དུ་ཡོད། ཁྱེད་རྣམས་ཡིད་མ་ཆེས་ན། དཔེ་མཚོན་འགའ་ཤས་ཞུས་ཆོག བོད་གཙང་ཁུལ་ཁག་ཏུ་འདི་ཀོ་ཞེས་པ་རྒྱུན་གཏན་ནས་བེད་སྤྱོད་བྱེད་བཞིན་ཡོད། དབུས་ཁུལ་དུ། སྡོག་ཆས་ཞེས་པ་དེ་བརྡ་རྙིང་དང་གཞུང་ཆེན་ཁག་མང་པོར་མཐོང་རྒྱུ་ཡོད་པ་ཞིག་ཡིན། གཞན་ཡང༌། བདག་ཅག མཐུར་མ། ཞུ་ཏོག ཆབ་སོགས་ཤིན་ཏུ་མང་པོ་ཡོད།
རྩོམ་རིགས་ཀྱི་ཆ་ནས་ཀྱང་ཞུ་ན། ཀ་བཤད་ནི་བོད་དབུས་གཙང་ཕྱོགས་ནས་དར་བ་དང༌། བོད་ཀྱི་རིག་གནས་ཡོངས་སུ་རྫོགས་པ་ཡང་དབུས་གཙང་ཕྱོགས་ནས་དར་བ་རེད། ཆང་གཞས། བག་གཞས། གཞས་ཆེན། ཚིག་རྒྱག སྒོར་གཞས། ནང་མ། གཤོན་སོགས་བོད་དབུས་གཙང་ཕྱོགས་ནས་དར་བ་རེད།
བོད་དབུས་ཀྱི་ཕྱོགས་སུ་ཡོད་པའི་མི་རྣམས་ཀྱི་སྐད་ལ་འཇམ་ཤ་ཡོད་ལ། མདོ་ཁམས་ཀྱི་སྐད་ལ་རྩུབ་ཤས་ཡོད། དེ་ནི་ཡུལ་མི་སོ་སོའི་གཤིས་ཀ་དང་འབྲེལ་བ་གཏིང་ཟབ་ཡོད། དཔེར་ན། ལྷ་སའི་ཁུལ་གྱི་ཆ་ལུགས་དང་སྐད་གཉིས་ཧ་ཅང་མཚུངས་པོ་ཡོད། ཕྱུ་པ་རྣམས་འཇོལ་འཇོལ་དུ་གྱོན་ཞིང་ཆེ་ཆུང་རན་པོར་གྱོན་པ་ཡིན། དེ་བཞིན་རྒྱན་ཆའི་རིགས་ཀྱང་ཧ་ཅང་ཆེན་པོར་དགའ་པོ་མི་བྱེད། འོན་ཀྱང་མདོ་ཁམས་པ་རྣམས་ནི། ཕྱུ་པ་གཟེངས་གཟེངས་སུ་གྱོན་པ་དང༌། ཁ་ཞེང་ཆེན་པོ་གྱོན་རྒྱུར་དགའ་བ་དང༌། དམིགས་བསལ་ཕུ་ཐུང་རིང་པོ་བསྣར་རྒྱུར་དགའ་པོ། རྒྱན་ཆ་ཡིན་ནའང་ཆེན་པོ་ལ་དགའ་བ་སོགས་ཡོད། འོན་ཀྱང་ཁོ་བོས་དེ་ཡག་དང་དེ་སྡུག་གི་སྐད་ཆ་གང་ཡང་མིན།
སོ་སོའི་གཤིས་ཀའི་དབང་གིས་དགའ་མོས་མི་འདྲ་བ་ཡོད་པ་བཞིན་དུ། སྐད་ཆ་ཤོད་སྟངས་ཀྱང་མི་འདྲ་བ་ཡོད། དེ་ལ་རྒྱ་མིའི་འདྲེས་འདུག་ཟེར་ན་ང་དགད་མོ་ཤོར་གྱི་འདུག ལར་ནས། ལྷ་སའི་བོད་སྐད་བརྙན་འཕྲིན་ཤོད་མཁན་དེ་དག་ནི་གསར་འགྱུར་ཤོད་སྟངས་རྒྱ་མིའི་སློབ་གསོའི་ཐོག་ནས་སྦྱངས་པ་ཞིག་ཡིན་པས། མགྱོགས་ཚད་དང༌། གདངས་ལེན་སྟངས་དེ་དག་རྣམས་ལྷ་སའི་ཁ་སྐད་ཀྱི་གདངས་འདྲ་པོ་རྩ་བ་ནས་མི་འདུག
ལྷ་སའི་སྐད་དེ་སྤྱིར་ཆ་ནས་འཇམ་པོ་ཡོད་ལ། དལ་པོ་ཡང་ཡོད། རྣམ་པ་ཚོས་ལྷ་སའི་ཁ་སྐད་ངོ་མ་སྐྱོན་མཁན་གྱི་རྒན་རྒོན་དེ་འདྲ་ཐུག་འཕྲད་འབྱུང་བའི་སྐབས་སུ་དོ་སྣང་བྱས་ན་མཁྱེན་རྟོགས་ཡོང་གི་རེད།
སྐྱེ་གནས་ཀྱི་ཆ་ནས་མཆུ་དང༌། སོ། ལྕེ། རྐན། སྤྱི་བོ་རྣམས་རིམ་པ་བཞིན་དུ་བེད་སྤྱོད་མང་བ་གཏོང་གི་ཡོད་པ་ལྟ་བུ་ཡོད། ཨ་མདོ་བ་དང་ཁམས་པ་ཕལ་ཆེ་བ་སྐད་ཆ་ཤོད་དུས་མགྲིན་པ་དང་ཁོག་པའི་སྐྱེ་གནས་བེད་སྤྱོད་མང་བ་གཏོང་གི་ཡོད་པ་ལྟ་བུ་ཡོད།
དཔྱོད་ལྡན་པ་ཚོ། སོ་སོས་གཟུ་བོར་གནས་པའི་སྒོ་ནས་རྟོག་དཔྱོད་གནང་དང༌། དེ་ནས་མཁྱེན་རྟོགས་གསལ་པོ་ཡོང་རྒྱུར་རེ་བ་ཡོད།
སྦྱངས་རྒྱུ་མང་གི ཐུགས་རྗེ་ཆེ།
ད་མི་ཤེས། ༡༽ གདོང་དབྱིབས་ལ་བལྟས་ན། དབུས་ཀྱི་མི་དང་གཙང་སྟོད་ཁུལ་གྱི་མི་ལ་ཁྱད་པར་ཆེ། གཙང་སྟོད་ཁུལ་གྱི་མིའི་ཁྲོད་དཔྲལ་བ་ལེབ་ཅིང་སྣ་ཉག་ཉག་གི་ཅན་ཤས་ཆེ། ༢༽ ཨ་མདོ་བ་ཚོའི་གདོང་དབྱིབས་དང་ཤ་མདོག་རྒྱ་དང་སོག་པོ་འདྲ་ཙམ་འདུག ༣༽ ཁམས་པ་ཚོའི་གཟུགས་དབྱིབས་དང་སྐད་གདངས་དེ་ཚོར་བལྟས་ན། བོད་རིགས་ཀྱི་མཆེད་ཁུངས་ངོ་མ་དེ་ཁོང་ཅག་མིན་ནམ་སྙམ་པ་ཤར།
ངག་རྩོམ་གྱི་ཆ་ནས་བཤད་ན། ཨ་མདོ་བ་ཚོས་ཨ་མདོ་ནས་ཐད་ཀར་ལྷ་ས་ལ་ཡོང་། ཉིན་ཤས་དེར་བསྡད་དེ། ལྷ་ས་ནས་གང་མཐོང་བ་དེ་དབུས་གཙང་གི་ཡིན་པ་དང་། ལྷ་ས་ནས་གང་མ་མཐོང་བ་དེ་དབུས་གཙང་ལ་མེད་པར་བལྟ་བཞིན་པའི་ལོག་རྟོག་ཅིག་ཡོད་པ་སྔར་ནས་དོ་སྣང་བྱུང་། དོན་དངོས་སུ། མདའ་ཚན་པས་བཤད་པའི་ངག་རྩོམ་གྱི་རྣམ་གྲངས་མང་པོ་ཞིག་བཤད་པ་དེ་ཀུན་དབུས་གཙང་དུ་འདུག དཔེར་ན། མདའ་བཤད་དང་སྐྲ་བཤད། དུང་བཤད། སྒོ་བཤད། བཞུགས་གྲལ་གྱི་བཤད་པ། གཏམ། གཏམ་ཆེན། གཞས། སྒོར་གཞས། གཞས་ཆེན། ལ་གཞས། ཚིག་རྒྱག ལ་གླུ། ཁེད། གླུ་སོགས་འདུག་པས། དབུས་གཙང་ལ་ལྷ་སའི་ནང་མ་སྟོད་གཞས་དེ་ཙམ་ལས་མེད་པར་མ་དགོངས།
སྐད་ཀྱི་ཆ་ནས་བཤད་ན། དབུས་དང་གཙང་གཉིས་ལས། གཙང་པའི་སྐད་དམ་ཆེ་ཞིང་དབུས་པ་དེ་ལས་ལྷོད། ཇི་ཙམ་གྱིས་ལྷ་ས་དང་ཐག་ཉེ་ན་དེ་ཙམ་གྱིས་སྙན་ཆ་ཆེ་ཡང་། སྒྲ་གདངས་མི་གསལ་བ་ཡིན། ཇི་ཙམ་གྱིས་ལྷ་ས་དང་ཐག་རིང་ན་དེ་ཙམ་གྱིས་སྙན་ཆ་མེད་ཀྱང་སྒྲ་གདངས་གསལ་བ་དཔེར་ན། ལྷ་ས་ནས་ལྷ་སའི་བྱང་གི་འཕན་པོ་དང་། དེ་ནས་སྟག་ལུང་རྭ་སྒྲེང་། དེ་ནས་ཀྱང་ཕར་སོང་ན་སྐད་གྱོང་ཉམས་ཆེ་རུ་འགྲོ་ཡང་། སྐད་ཀྱི་ནང་དུ་ཡི་གེའི་དག་ཆ་ཐོན་ཚད་ཆེ་བར་འདུག དཔེར་ན། ངའི་ཕ་ཡུལ་སྟོད་ལུང་ནི་ལྷ་ས་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་ཀྱང་། སྟོད་ལུང་ཕུའི་འབྲོག་སྡེ་རྣམས་ཀྱི་སྐད་དེ་ལྷ་སའི་སྐད་དང་ཁྱད་ཆེ་བར་མ་ཟད། སྟོད་ལུང་རང་གི་ཞིང་ཁུལ་དང་བསྡུར་ནའང་མིང་ཚིག་དང་སྒྲ་གདངས་གང་ཐད་ནས་ཁྱད་པར་ཆེ།
དེ་ནས་འབྲི་གུང་དང་འཕན་པོ་སོགས་སུ་སོང་ཚེ། སྒྲ་གདངས་དང་སྙན་ཆ། མིང་ཚིག་གང་ཐད་ནས་ལྷ་ས་དང་མི་འདྲ་བར་སྨྲ་བ་དཔེར་ན། འབྲི་གུང་གི་སྐད་ནང་བཀྲ་ཤིས་འདུག་མི་འདུག་ཅེས་པའི་ཚབ་ཏུ་བཀྲ་ཤིས་སྣང་མི་སྣང་ཞེས་བརྗོད་པ་ལྟ་བུ་ཡིན།
མདོར་ན། ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དུ་སྡོད་མཁན་རྣམས། ཞིང་ཁུལ་དང་འབྲོག་ཁུལ་དུ་སྡོད་མཁན་ལས་བྲེལ་བ་ཆེ་ཞིང་། སྤྱི་ཚོགས་ནང་སྤྱི་དགོས་ས་དང་སྐྲག་དགོས་ས་མང་བས། སྐད་ཆ་མྱུར་དུ་བཤད་པ་དང་སྙན་པར་བཤད་ལོབ་ཏུ་སོང་བར་འདུག ལྷག་པར་གྲོང་ཁྱེར་ནང་གཞན་གྱི་ཤུགས་རྐྱེན་ཡང་ཐེབས་སླ་བ་དཔེར་ན། ང་རང་ ༡༩༨༠ གྱ་གྲངས་ནང་ལྷ་སར་ཡོད་སྐབས་ཁོ་ནར་ལྷ་སའི་སྐད་ལ་འགྱུར་བ་མང་པོ་ཞིག་སོང་བ་དངོས་སུ་མཐོང་།
གྲོང་གསེབ་དང་ཁྱད་པར་དུ་འབྲོག་ཁུལ་དུ་གཞན་གྱི་ཤུགས་རྐྱེན་ཉུང་ཞིང་སྐྲག་དགོས་ས་དང་བརྩི་དགོས་ས་ཡང་ཉུང་བས། སྐད་ཆ་གྱོང་ཉམས་ཆེ་ཞིང་གུས་ཚིག་སོགས་ཉུང་བར་འདུག
མིང་ཚིག་ཕུན་སུམ་འཚོགས་ལོད་ཀྱི་ཐད་ནས་བཤད་ན། ངས་ནི་ཨ་མདོ་ཁུལ་ནས་བྲིས་པའི་དཔེ་དེབ་ཀློག་གིན་སེམས་ནང་མིང་ཚིག་ལྟ་དབུས་གཙང་ལ་ཕུན་སུམ་ཚོགས་པ་འདུག་རྐྱང་དྲན། དེ་ངའི་དྲན་ཚུལ་རེད། དབུས་གཙང་ནང་ནས་ཀྱང་ཆབ་སྲིད་དང་གཞུང་གི་ལས་དོན་དང་འབྲེལ་བ་རྣམས་ལྷ་སའི་སྐད་ནང་མིང་ཚིག་ཕུན་སུམ་ཚོགས་ཤིང་སྙན་ཆ་ཆེ།
མདོར་ན། ལྷ་སའི་སྐད་འདི་ཆོལ་ཁ་གསུམ་ཀའི་མི་མཉམ་དུ་འཚོགས་ཏེ་བྱུང་བའི་སྐད་འདྲ་བོ་ཞིག་རེད། འདིའི་ལེགས་ཆ་དང་ཞན་ཆ་གཉིས་དབུས་གཙང་ཡོངས་ཀྱི་རེད་དྲན་ན་ནོར་བ་རེད་ཅེས་ཞུ་བར་འདོད།
དེ་ནས་ས་ཁམས་ཆགས་ཚུལ་དང་མི་བྱུང་ཚུལ་དེ་རེད། ས་ཁམས་ཆགས་ཚུལ་ལ་བལྟས་ན། དབུས་གཙང་ཁུལ་འདི་བོད་ཁུལ་གཞན་ལས་སྤྱིར་ན་མཐོ་བ་ཡོད། ཇི་ཙམ་གྱིས་མཐོ་བ་དེ། མཚོའི་ནང་ནས་དེ་ཙམ་གྱིས་སྔོན་ལ་འབུར་ཡོང་བ་རེད། མཚོའི་ནང་ནས་སྔོན་ལ་འབུར་བའི་ཁུལ་དེར་མིའི་འགྲོ་བ་སྔོན་ལ་ཆགས་སྲིད་པ་ཞིག་རེད། ཤོང་ས་དེ་ཚོ་ཡུན་རིང་ཆུས་གང་སྟེ་གནས་པ་རེད།
དེ་ནས་རྒྱ་ནག་དང་རྒྱ་གར་གང་ལ་བལྟས་ནའང་། ཆུ་བོ་རྒྱུག་ཁུལ་དུ་མིའི་འགྲོ་བ་བྱུང་བའི་བཤད་སྟངས་ཤིག་འདུག དེ་དང་མཐུན་པར་ཡར་ཀླུངས་གཙང་པོ་རྒྱུག་ཁུལ་འདིར་བོད་ཀྱི་མི་བྱུང་བའི་བཤད་པ་ཡོངས་གྲགས་རེད་ལ། དེང་སྐབས་དཔང་རྟགས་ཀྱང་མང་པོ་རྙེད་བཞིན་པ་རེད། དེ་ལ་དོགས་པ་དེ་ཙམ་མི་འདུག
དེ་ནས་བོད་མིའི་ནང་དུ་མི་རིགས་གཞན་འདྲེས་པའི་གནས་ཚུལ་དེ་རེད། དེ་ནི་ཨ་མདོ་ཕྱོགས་དང་གདམ་གཞུང་ཕྱོགས་སུ་སོག་རིགས་འདྲེས་པ་དང་་། མངའ་རིས་ཕྱོགས་སུ་རྒྱ་གར་དང་བལ་པོའི་རིགས་འདྲེས་པ། མདོ་སྨད་ཕྱོགས་སུ་རྒྱ་དང་འདྲེས་པ་སོགས་ཡོད་ཀྱང་། དེ་ནི་མི་རིགས་ཀུན་ལ་སྲིད་པ་ཞིག་རེད། དེ་འདྲའི་ལོ་རྒྱུས་དམ་དུམ་གཅིག་འཁྱེར་ཡོང་སྟེ་མི་རིགས་ཧྲིལ་པོ་མི་རིགས་འདི་དང་འདི་ནས་བྱུང་བ་རེད་ཅེས་བཤད་མི་ཐུབ་པ་ཞིག་རེད།
ད་དྲི་བ་གཅིག་ཡོད། བོད་མི་རིགས་འདི་ཐོག་མར་མདོ་སྨད་ནས་བྱུང་བ་ཡིན་ན། བླ་ཆེན་དགོངས་པ་རབ་གསལ་གྱི་གོང་དུ་བོད་ཀྱི་མཁས་གྲུབ་ནང་དུ་མདོ་སྨད་ཀྱི་ཕྱོགས་ནས་མཁས་པ་ཧ་ལམ་བསྟན་དུ་མེད་པ་འདི་གནད་ཅི་ལ་ཐུག་པ་རེད། བླ་ཆེན་དགོངས་པ་རབ་གསལ་ཡང་མདོ་སྨད་ནས་མིན་པའི་ལོ་རྒྱུས་བཤད་མཁན་འདུག གནས་སྐབས་དེ་ཙམ་ཡིན།
ཁང་གསར་བས་བརྗོད་པ་སྤྱི་ལ་ལེགས་སོ་ཞུ་དགོས་འདུག ཡིན་ན་ཡང་ཡུལ་གང་དུ་མི་རིགས་ཀྱི་ཐོག་མ་བྱུང་བ་དང་ཡུལ་གང་དུ་མི་རིགས་ཀྱི་མཁས་གྲུབ་བྱུང་བ་གཉིས་མཉམ་དུ་སྦྱོར་མི་རུང་། མིའི་རིགས་ཐོག་མར་བྱུང་བ་དེས་མིའི་རིགས་ཀྱི་ཐོག་མའི་བྱུང་ཚུལ་ཙམ་ཞིག་ལས་མིའི་རིགས་དེའི་ཚད་ངེས་ཅན་ཞིག་ཏུ་བསླེབས་པའི་ཤེས་རིག་འཕེལ་རྒྱས་ཀྱི་ཐོག་མའི་འབྱུང་ཁུངས་སྟོན་པའི་ངེས་པ་མེད་ལ། ཤེས་རིག་འཕེལ་རྒྱས་ཀྱིས་ཀྱང་ཤེས་རིག་འཕེལ་རྒྱས་རང་སྟོན་པ་ལས་ཤེས་རིག་དེ་ལག་ལེན་དུ་བསྟར་མཁན་མི་རིགས་དེའི་ཐོག་མའི་འབྱུང་ཁུངས་མཚོན་པའི་ངེས་པ་ག་ལ་ཡོད་དེ་མེད་དོ།།དེ་ནས་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་དང་བོད་མིའི་རིག་པའི་གཞུང་ལུགས་ལས་བྱུང་བའི་མཁས་གྲུབ་ཀྱི་ཐོག་མའི་འབྱུང་ཁུངས་ཞེས་ཁ་ཁར་བཞག་ནས་ཞིབ་འཇུག་བྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན།
མགོ་རུལ་གྱི་སྐད་ཆ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། འོན་ཀྱང་ཁྱབ་པ་མེད་པ་ཞིག་རེད། རྒྱུ་མཚན་དེ་ཙམ་གྱིས་དེ་གཉིས་ལ་འབྲེལ་བ་མེད་པར་སྒྲུབ་ཐུབ་པ་ཞིག་མ་རེད། ད་དུང་མདོ་སྨད་ནས་བོད་ཀྱི་མི་བྱུང་ན། མདོ་སྨད་ནས་བོད་ལ་དབང་སྒྱུར་མཁན་གྱི་རྒྱལ་རྒྱུད་ཅིག་ཅིའི་ཕྱིར་མ་བྱུང་བ་རེད། འདི་ཡང་དྲི་བ་འདྲ་བོ་རེད། འདྲ་བོ་དེ་ཚོ་བརྩེགས་ཡོང་ན་དཔྱད་གཞི་ཆགས་ཀྱི་ཡོད་རེད། དེ་ནས་པུར་རྒྱལ་བཙན་པོས་མཐའ་སྲུང་དུ་བཏང་བ་དེ་ཚོ་གཞིས་ཆགས་པ་ལས་མདོ་སྨད་ཀྱི་བོད་མི་བྱུང་ཚུལ་དེ་ཚོ་ལ་ངེས་པ་རྙེད་སྲིད་པ་ཞིག་རེད།
ཁང་གསར་རྡོ་རྗེའི་དྲི་ལན།
བསམ་ཚུལ་ལྷུག་པར་བརྗོད་པར་ཐུགས་རྗེ་ཆེ།
༡ བོད་མི་རིགས་འདི་ཐོག་མར་མདོ་སྨད་ནས་བྱུང་བ་རེད་ཟེར་ནས་བཤད་མེད་པས་དེ་ལ་ལན་མེད། ངས་གོང་དུ་བོད་མི་རིགས་མཆེད་ཁུངས་བྱང་རྒྱུད་དང་འབྲེལ་བ་ཡོད་པའི་དོན་ཚན་བརྒྱད་བསྟན་ཡོད་པ་ལས་དེ་ནི་དཔེ་མཚོན་གཅིག་ཁོ་ན་ཡིན། དཔེར་བཞག་ན་སུམ་པ་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཆད་སྟངས་དང་རྨ་སྟོད་དུ་བོད་དང་རྒྱའི་མཆེད་ཁུངས་ཡིན་ཚུལ་བརྗོད་པ་དེ་ཚོ་ཁམས་དང་འབྲེལ་བ་ཡོད་པ་ཞིག་རེད། ཡིན་ནའང་དེ་ལ་བརྟེན་ནས་ཁམས་ནས་མཆེད་པ་རེད་ཟེར་མི་ཐུབ་ལ་ཨ་མདོ་ནས་མཆེད་པ་རེད་ཀྱང་ཟེར་མི་ཐུབ། གང་ལྟར་འདི་ཚོར་བྱང་རྒྱུད་དང་འབྲེལ་བ་ཡོད་པའི་དཔེ་མཚོན་ཙམ་རེད།
༢ བླ་ཆེན་དགོངས་པ་རབ་གསལ་འཁྲུངས་ཡུལ་ལ་བཞེད་པ་མི་མཐུན་པ་བདེན་པ་རེད། མི་མཐུན་པ་བྱུང་དགོས་དོན་ནི་གནའ་སྔ་མོ་མདོ་ཁམས་ཀྱི་ས་ཆ་ཚང་མར་ཁམས་ཞེས་འབོད་ཀྱི་ཡོད་པས་ཕྱིས་སུ་འགའ་རེས་ད་ལྟའི་ཁམས་སུ་འཁྲུངས་པར་བཞེད་ནས་བཞེད་པ་མི་མཐུན་པ་བྱུང་བ་རེད། ཐ་ན་ད་ལྟའང་རྒྱལ་བ་རིན་པོ་ཆེས་རང་གི་འཁྲུངས་ཡུལ་ཁམས་ཟེར་ནས་བྲིས་ཡོད་བསམ། ཁོང་གི་འཁྲུངས་ཡུལ་མདོ་སྨད་ཡིན་པ་དེར་ཕལ་ཆེར་རྩོད་གཞི་ཡོད་པ་མ་རེད་སྙམ། ཏན་ཏིག་ཕྱོགས་འཁྲུངས་ཡུལ་གྲོང་གསེབ་དང་བཅས་ངོས་འཛིན་དུ་ཡོད་པ་མ་ཟད་དམར་གཡོ་གཙང་གསུམ་གྱི་སྒྲུབ་གནས་སོགས་ཀྱང་ད་ལྟ་ངོས་འཛིན་དུ་ཡོད་པ་རེད།
༣ མཁས་པ་བྱུང་མ་བྱུང་དེ་མིའི་མཆེད་ཁུངས་དང་འབྲེལ་བ་མེད་པའི་དྲི་བ་ཐལ་བ་ར་ཅོ་སྒྱེ་ནང་བཅུག་པ་འདྲ་བ་ཞིག་རེད། དེ་ལ་ལན་མེད། ཤེས་རིག་དར་མ་དར་གྱི་ཁྱད་པར་ཞིག་ཡིན་རྒྱུ་རེད
༤ ས་ཁམས་ཆགས་ཚུལ་དབུས་ཁུལ་དེ་མཐོ་བ་ཡོད་ཟེར་བ་དེ་ནོར་བ་རེད།
༥ ལོ་རྒྱུས་གང་སར་ཤེས་རིག་དར་ཁྱབ་ཆེ་ས་ཞིག་ནས་ཡོང་བའི་མི་རིགས་དེས་གདོད་མའི་མི་རིགས་དེ་ཚོར་དབང་སྒྱུར་བའི་ལོ་རྒྱུས་དེ་འདྲ་གང་སར་ཡོད་པ་རེད། བྱང་ཨ་རི་དང་ཨོ་སི་ཊིརི་ལི་ཡ་དེས་དཔེ་མཚོན་དུ་དྲངས་ཆོག་སྙམ།
༦ པུར་རྒྱལ་བཙན་པོས་མཐའ་སྲུང་དུ་བཏང་བ་དེ་ཚོ་ད་རུང་ཡང་གདོད་མའི་ཨ་མདོའི་སྐད་མཁྲེགས་པོ་དེ་ཚོ་བཤད་མ་ཤེས་པར་ལྷ་སའི་སྐད་དམ་རྒྱ་སྐད་ལ་ཉེ་བའི་སྐད་ཞིག་བཤད་བཞིན་མདོ་སྨད་ན་ཡོད་པ་རེད། འབྲུག་ཆུ་དང་ཐེ་བོ་སོགས་རེད། གཞན་ཨ་མདོའི་ས་ཕྱོགས་གཞན་དང་གཞན་དུ་འདྲེས་པ་ཡང་ཡོད་པ་རེད།
༧ རྗེས་རྗེས་སུ་སོག་པོ་ནས་ཆད་ཡོང་བ་དེ་ཚོ་ཨ་མདོའི་ཁྲོད་ཡོང་ནས་ཡུན་རིང་བོ་འགོར་མེད་ཀྱང་ཨ་མདོའི་སྐད་དང་ཆུ་ལ་ཆུ་བཞག་ཏུ་གྱུར་བ་འདི་ནི་སྐད་ཀྱི་གདངས་ཤིག་ལ་འབྲེལ་བ་ཡོད་པ་ཡིན་ནམ་ཅི་ཡིན་མི་ཤེས།
༦ པ་དེ་བཤད་མ་ཤེས་པར་མ་རེད། དེ་མ་བཤད་པར་ཟེར་ནས་བཅོ་རོགས།
ཁང་རྡོར་དང་། མདའ་ཚན་པ་སོགས་ནས་ང་ལ་དགའ་བའི་ཁ་བརྡ་དེ་དག་བྱེད་ཀྱི་འདུག ཐུགས་རྗེ་ཆེ།
དེས་ན་རང་གི་བསམ་ཚུལ་ཞིག་མ་ཞུས་ག་ན་འགྲིགས། མི་རིགས་ཀྱི་ཐོག་མར་གནས་ས་དེ་ནི་གང་ན་ས་གཤིས་ཁ་དམའ་བ་དེ་རུ་བསྡད་ཡོད་པ་རེད། དེ་ཡང་སྣོད་ཀྱི་འཇིག་རྟེན་ལ་བལྟོས་དགོས་པས་རེད། གོས་སུ་ཤིང་ཤུན་དང་། སེམས་ཅན་ལྤགས་པ་དམར་རུ། ལོ་འདབ་ཙམ་ལས་གྱོན་དུ་མེད་པ་དང་།
གནས་ཡུལ་ཀྱང་མཁར་དང་ཁང་པ་ཕར་བཞག སྦྲ་གུར་ཙམ་ཡང་མེད་པར་གད་ཁུག་སོགས་ལ་གནས་བཅའ་དགོས་པས་རི་མགོ་དང་། ལ་ཁ་ལྟ་བུའི་ས་མཐོ་ས་རྣམས་སུ་ནམ་ཡང་གནས་མི་ཐུབ་པ་ཡིན། རྒྱུ་མཚན་དེས་ན་ཆུ་བོ་ཆེན་པའི་འགྲམས་དང་། ཉིན་ཁུག་ས་བབ་དྲོས་སར་དུས་བཞིར་གྲོ་མ་སོགས་རང་བྱུང་གི་རྩྭ་ལྡུམ་རྣམས་རྙེད་སླ་བས་རང་ཉིད་འཚོ་གནས་ཐུབ་པའི་གནས་ཞིག་ངེས་པར་དུ་འདེམས་པ་ཡིན། རྒྱུ་མཚན་དེ་ལྟར་ན་བོད་མི་རིགས་ཀྱི་ཐོག་མར་བྱུང་ས་ནི་ཡར་ཀླུང་གཙང་པོའི་འགྲམ་སོགས་སུ་བྱུང་བར་བཤད་པར་བདེན་ཆ་ཆེ།
གཞན་རྨ་ཆུ་དང་། འབྲི་ཆུ། རྫ་ཆུའི་རྒྱུད་རྣམས་སུ་བོད་མི་རིགས་ཐོག་མར་བྱུང་ས་མིན་ནམ་སྙམ། མ་ཟད་ཁམས་ཆབ་མདོ་ཁ་རོང་ནས་གནའ་ཤུལ་རྙེད་པ་དེ་དག་ཀྱང་ལོ་ངོ་བཞི་སྟོང་སྔོན་དུ་ཡིན་པར་བཤད་ལ་སྐབས་དེར་མི་རིགས་གནས་ནས་ཡུན་རིང་ལོན་ཡོད་པ་དང་། ཤེས་རིག་དང་ལག་ཤེས་ཀྱང་ཚད་མཐོ་བོ་ཞིག་ཏུ་གནས་ཡོད་པ་ཁང་པ་ཉིས་ཐོག་ཕུབས་པ་ལས་ཤེས་སོ། ཁམས་སྤོ་བོ་རོང་དེ་ཡང་མིའི་རིགས་རྒྱུད་སྔ་ཤོས་ཀྱི་གྲས་མིན་ནམ། བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོ་ཡང་སྤོ་བོ་ཡུལ་གྱི་བྱ་མི་མོ་བཙུན་བྱ་བའི་བུ་དགུ་པ་ཨུ་བེ་ར་ཟེར་བ་ཞིག་ཡིན་པར་ཡིག་ཆ་ཁུངས་མ་འགའ་ཞིག་ཏུ་ཡོད་བསམ།
སྤྱི་མིའི་རིགས་ཀྱི་ཐོག་མར་མི་གཅིག་ལ་གཏུགས་རྒྱུ་མེད་པ་བཞིན་དུ་བོད་མི་རིགས་ཀྱང་ཐོག་མར་མི་གཅིག་ལ་འདེད་མི་ཐུབ་པ་ཡིན། དེ་བཞིན་དུ་ཐོག་མར་ཡར་ཀླུང་རྒྱུད་དུ་མི་རིགས་བྱུང་ནས་དེ་ནས་རིམ་བཞིན་དེ་དག་གི་རྒྱུད་པ་བོད་ཡུལ་ཀུན་དུ་གྲམ་དགོས་པའི་ངེས་པ་མེད། ཡར་ཀླུང་འགྲམ་སོགས་ས་ཁད་དམའ་སར་དུ་མི་རིགས་བྱུང་བའི་མཐུན་རྐྱེན་ཚང་ན་བོད་ཀྱི་ས་གནས་གཞན་དུ་ཚང་མི་ཆོག་པའི་རྒྱུ་མཚན་ཅི་ཡོད།
ཕྱི་རྒྱལ་ཚན་རིག་མཁས་པ་འགའ་ཞིག་གིས་མིའི་རིགས་ཐོག་མར་ཨ་ཕྷི་རི་ཀའི་ཡུལ་ནས་བྱུང་ཞིང་དེ་ནས་རིམ་གྱིས་ཡར་གླིང་རྒྱ་གར་དང་། དེ་ནས་བོད་དུ་མཆེད། བོད་ཀྱི་རྨ་འགྲམ་ནས་ཕྱོགས་གཉིས་སུ་གྱེས་ནས་རུ་གཅིག་རྒྱ་ནག་དང་།འཇར་པན་ཕྱོགས་སུ་མཆེད་ནས་རྒྱ་མཚོ་ཆེན་པོར་ཐུག་སོང་བར་བཤད། ཡང་རུ་གཅིག་པོ་རྨ་ཆུ་མ་བརྒལ་ནས་ཨོ་རུ་སུའི་ཕྱོགས་སུ་གྷོ་བྷིས་བྱེ་ཐང་ཟེར་བ་གཤགས་ནས་ཨ་ལཀ་སི་ཀ་ཕྱོགས་ནས་ཨ་རིའི་ཡུལ་དུ་མཆེ་སོང་བ་བཤད། བཤད་ཚུལ་དེས་ནི་ལུག་ཁྱུ་དུམ་བུ་ཞིག་སྤྱང་ཀིས་དེད་སོང་བའི་སྣང་བ་འཁོར་ཡོང་གི་འདུག
གོང་དུ་བཤད་པ་བཞིན་གང་ན་མིའི་རིགས་འཚོ་གནས་ཐུབ་པའི་ཁོར་ཡུག་གྲུབ་པའི་རྗེས་སུ་དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་དེ་དག་འབྱུང་ངེས་པ་ཡིན། དེས་ན་བོད་ཀྱི་ཆུ་བོ་ཆེན་པོའི་རྒྱུད་རྣམས་སུ་མིའི་རིགས་འབྱུང་སྔ་ཕྱི་ཡོད་པ་སུས་ཀྱང་བཤད་མི་ཐུབ་པར་སེམས།
ཁང་གསར་རྡོ་རྗེ་ལགས་སུ་དྲི་བ་ཞིག་ཡོད་པ་ནི། ཁྱེད་ཀྱིས་མདའ་ཚན་པས་བཤད་པའི་ངག་རྩོམ་གྱི་རྣམ་གྲངས་མང་པོ་ཞིག་བཤད་པ་དེ་ཀུན་དབུས་གཙང་དུ་འདུག་ཅེས་བྲིས་འདུག་པ་ལྟར། རྩ་བའི་མདོ་དབུས་གཉིས་ཕར་ཚུར་ཤན་ཞུགས་པའི་ངག་རྩོམ་མང་པོ་ཞིག་ཡོད་པ་རེད་འདོད། ཡིན་ནའང་། ཨ་མདོའི་ངག་རྩོམ་དག་ལས་གདོད་མའི་བྲོ་བ་ཡལ་མེད་པ། སྲིད་པའི་རང་འཐག་ཆ་བརྒྱད། ཨ་མཚར་མཚར་ར་མཚར་དགུ། སྲིད་པའི་བ་ཆུང་བཤའ་ལུགས། སྲིད་པ་ཆགས་གླུ། ཁྱུང་དང་རུས་སྦལ་གྱི་བཤད་འདི་ཚོ་ཡུལ་དབུས་སུ་ཡོད་མེད་དང་། ཡོད་ན་འདྲ་ས་གང་འདྲ་དང་མ་འདྲ་ས་གང་འདྲ་ཡོད་མེད་མདོར་བསྡུས་ཤིག་ངོ་སྤྲོད་གནང་ན་ཅི་འདྲ་འདུག
མི་ཤེས་ན་ཤིས་འདོག་མ་བྱེད་། བོད་མི་འདི་ཡུལ་ཁ་བ་གངས་ཅན་ལྗོངས་ནས་གྲུབ་པས་འགྲོ་བ་མི་རེད་། ཡིན་ཅིག་མིན་ཅིག་རང་གི་འབྱུང་ཁོང་གཞན་ལ་བཙན་སྦྱོར་བྱས་ན་ག་རེ་ཕན་ཐོག་འདུག
མདའ་ཚན་པས་ཉག་ཉོག་ལུང་པ་གང་བཤད་འདུག་མོད་རྒྱུ་མཚན་ཡོད་པ་མཐོང་མ་སོང་། གཙོ་བོ་ལྟ་རྒྱ་དང་མཐོང་རྒྱ་ཉུང་བ། ཁྲོན་སྦལ་གྱིས་རྒྱ་མཚོའི་ཚད་འཇལ་བའི་གཏམ་འདྲ་པོ་རེད། སྔོན་མ་མགོ་ལོག་བ་ཞིག་གིས། མགོ་ལོག་ཆེ་ནི་རེད། གུང་ཁྲན་ཏང་ཆེ་ནི་རེད་ཟེར་བ་དང་འདྲ་པོ་རེད། སྤྱིར་གནས་ཚུལ་གང་ཞིག་ལ་ཡང་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱོད་མ་ཐུབ་པར། རང་གི་དགའ་ས་དང་། སྦྲ་ནག ཕོར་པ་ཁོ་ནའི་ཉེ་འཁོར་དུ་བློ་འཕྱན་ནས་བསམ་བློ་བཏང་ན་བོད་ཙམ་མ་ཚད། འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་ཡང་མདོ་སྨད་ནས་ཡིན་པའི་དཔང་རྟགས་འགའ་བརྙེད་རྒྱུ་ཡོང་སྲིད། ཡིན་ན་ཡང་བོད་མི་རིགས་འབྱུང་ཚུལ་སྐོར་ལ་མི་རིགས་གཞན་གྱི་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་མོད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་གནའ་ནས་ད་བར་བོད་པ་རྣམས་ཀྱིས་སྤོབས་པ་དང་བཅས་གླེང་བར་བྱེད་པ་ནི་ཡར་ཀླུང་ནི་བོད་མི་རིགས་འབྱུང་ས་ཡིན་ལ། ཕ་སྤྲེལ་རྒན་དང་མ་བྲག་སྲིན་ནི་བོད་པ་རྣམས་ཀྱི་མེས་པོ་རེད། གཅིག་བྱས་ན་རང་གི་ཚོ་ཁག་ཆུང་ཆུང་ཞིག་གི་དོན་དུ་དཔུང་སྒྲིག་རྒྱུར་དགའ་བ་དང་། རང་གི་ཚོ་ཁག་ཆུང་ཆུང་དེར་བསྟོད་ར་འདྲ་པོ་གཏོང་གི་འདུག་བསམས་ན་སྤྱི་དོན་ཆུ་ལ་བསྐུར་བའི་བྱེད་སྟངས་དེ་ཚོ་མ་ལས་ངན་བྲག་སྲིན་མོ་དེའི་གཤིས་ཀ་རྒྱུད་ལ་འཁྲིད་པ་ཡང་ཡིན་ངེས། དེ་མ་གཏོགས་ཁྱེད་རང་གི་ལྟ་བ་འདི་ལ་རྒྱུ་མཚན་གང་ཡང་མི་འདུག དགེ་ཆོས་ཀྱི་དེབ་ཐེར་དཀར་པོའི་ནང་། ཨ་མདོའི་རིགས་འདི་ནི་དབུས་གཙང་གི་རྒྱུད་ལས་མཆེད་ཡོང་བའི་རྟགས་ནི། ཅོ་ནེ་ལ་སོགས་པ་དབུས་གཙང་ལ་ཡོད་པའི་རུས་ཆེན་དེ་ཚོ་ཨ་མདོའི་ནང་དུ་ཡང་ཡོད་ཅེས་གསུངས་ཡོད། གཞན་ཡང་ད་ལྟ་ཨ་མདོའི་ལུང་པར། བཀའ་མ་ལོག་ཟེར་བ་སོགས་ལོ་རྒྱུས་དང་འབྲེལ་བའི་ས་མིང་མང་པོ་ཞིག་ཡོད་པ་འདི་དག་དང་རྒྱལ་རབས་ལོ་རྒྱུས་ཀྱི་ནང་ནས་ཨ་མདོ་བ་རྣམས་དབུས་གཙང་ནས་མར་མཆེད་པ་བརྙེད་རྒྱུ་ཡོད། ཡིན་ན་ཡང་བཙན་པོའི་རྒྱལ་ཁབ་ཀྱིས་རྒྱ་མི་གཙོས་པའི་ས་མཐའི་མི་རིགས་རྣམས་འཇོམས་བཞིན་པའི་སྐབས་སུ་རྒྱ་མི་དང་ཁ་ཆེ་གཙོས་པའི་མི་འགའ་བོད་མིར་འགྱུར་ཡོད་ངེས་པ་ནི་སྔོན་ཚེ་རང་རེ་སྟོབས་ཆེ་བའི་རྟགས་ཡིན་ལ། མི་རིགས་ཞིག་སྟོབས་ཆེ་བའི་སྐབས་སུ་མི་རིགས་གཞན་ཡང་བསྡུ་ཡོང་བ་ད་ལྟ་མིག་གིས་མཐོང་རྒྱུ་ཡོད། རྒྱ་གཞུང་གིས་བོད་འདི་གནའ་བོའི་དུས་ནས་ཀྲུང་གོའི་ཡིན་ཟེར་བ་དང་། ཁྱེད་རང་གིས་བོད་འདིའི་འབྱུང་ཁུངས་ཡར་ལུང་ནས་མ་ཡིན་པར་བྱང་ཕྱོགས་དང་། རྒྱའི་རྒྱལ་ཕྲན་བྲོས་པའི་རྒྱུད་པར་གཏུག་སྟངས་འདི་ཚོ་འདྲ་པོ་འདུག གཞན་ཡང་ཁྱེད་རང་གིས་ཟེར་བ་ལ། ཡུལ་དབུས་དང་མདོ་སྨད་འདི་གཉིས་སྐད་ཀྱི་ཁྱད་པར་ལས་མི་རིགས་ཐ་དད་གཉིས་མིན་འགྲོ་བསམ་པ་ཡོད་ཟེར་བ་འདིར་བལྟས་ན་མི་རིགས་ཁ་བྲལ་གཏོང་མཁན་གྱི་གཏམ་སྐྱུག་བྲོ་པོ་དེ་འདྲར་མཐོང་གི་འདུག ཕལ་ཆེར་ཁྱེད་རང་སེམས་ཁྲལ་དགོས་པ་མ་རེད། ཉི་མ་གཅིག་ལ་དམར་ཤོག་གིས་རྒྱ་ནག་ཏུ་མི་རིགས་༡༠༠ཟེར་བ་ཡང་བཟོ་སྲིད། མཁས་དབང་དམུ་དགེ་བསམ་གཏན་གྱིས། བོད་པ་རྣམས་གཟབ་གཟབ་མ་བྱས་ན། རྒྱ་མིས་ཉི་མ་གཅིག་ལ་ད་ལྟའི་དབུས་གཙང་གི་གཙང་འདི་གཅིག་པུ་བོད་པ་རེད་ཟེར་སྲིད་ཅེས་གསུངས་མྱོང་། རྒྱང་རིང་པོར་གཟིགས་ཐུབ་མཁན་གྱི་མཁས་པ་རེད། གལ་སྲིད་ཁྱེད་རང་གིས་བཟི་གཏམ་འདི་དམུ་དགེ་བསམ་གཏན་ལགས་ལ་གཟིགས་བཅུག་ན་འགྲམ་ལྕག་གཅིག་ཉོ་བར་ང་ལ་ཐེ་ཚོམ་མི་འདུག དེ་མིན་ཨ་མཚར་མཚར་ལ་མཚར་དགུ་ཟེར་བ་དེ་ཚོ་ཁོམ་ན་བགྲོ་གླེང་བྱེད་ཆོག
མདའ་ཚན་པའི་སྐད་ཆ་དེ་ཡང་ཕྱོགས་ལྷུང་བའི་སྐད་ཆ་ཅང་མ་རེད། དོན་དངོས་ཤིག་ལ་གཏུག་གིན་འདུག ལ་ལ་ཡང་བཞིན་རྒྱུ་མཚན་ལྡན་པའི་བགྲོ་གླེང་ཞིག་ཡོང་འདོད་འདུག ངས་བལྟས་ན་བོད་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཞེས་པའི་ས་ཆ་གཅིག་རང་གཅིག་བོད་པའི་ལོ་རྒྱུས་ཁྲོད་དུ་སྟོན་རྒྱུ་ཡོད་པ་ནི་ལྷོ་ཁའི་རྩེད་ཐང་གི་བྲག་ཕུག་དེ་ཚོ་རེད། ཡིན་ན་ཡང་འདི་ལ་ལྷ་སྒྲུང་ལྟ་བུ་ཞིག་ལས་དོན་དངོས་པོའི་གནས་ཚུལ་དང་མཐུན་པའི་གཞི་འཛིན་ས་ཞེ་དྲགས་མེད་པ་ཡིན་དུས། གོང་ས་མཆོག་གིས་ཀྱང་ཁོང་གི་ཕྱག་དེབ་གྲགས་ཅན་རྡུལ་ཕྲན་གཅིག་ཁོ་ནའི་འཇིག་རྟེན་ཞེས་པའི་ནང་དུ་བོད་པའི་མི་རིགས་ཐོག་མ་སྤྲེལ་རྒན་དང་བྲག་སྲིན་ལས་བྱུང་ཟེར་བ་འདིར་ང་རང་ཡིད་ཆེས་མེད་གསུངས་ཡོད་པ་རེད། འདི་ནི་ཁོང་གིས་འཛམ་གླིང་སྤྱིའི་བཤད་སྲོལ་ཏེ་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཨ་ཧྥེ་རི་ཁ་ལ་གཏུགས་པའི་ཚན་རིག་གི་དཔྱད་འབྲས་དེར་ཞལ་བཞེས་གནང་གིན་ཡོད་པའི་དཔང་རྟགས་གསོན་པོ་ཞིག་རེད། ཡིན་ན་ཡང་ཨ་ཧྥེ་རི་ཁ་ནས་སྤྲ་སྤྲེལ་མི་རུ་འགྱུར་ཆོག་ན་ཡར་ལུང་ཁོག་ནས་ཀྱང་སྤྲ་སྤྲེལ་མི་རུ་འགྱུར་མི་ཆོག་པ་ཞིག་མིན་པ་ནི། རྒྱ་ནག་ལ་མཚོན་ན་པེ་ཅིན་སྤྲ་མིའི་རྗེས་ཤུལ་སོགས་ཀྱིས་འགྲེལ་བཤད་བརྒྱབ་ཚར་ཡོད་པ་རེད། ད་དུང་བོད་པའི་དེང་རབས་ལོ་རྒྱུས་སྨྲ་བ་ལྡོང་ཕྲུག་ཡིན་ནམ་ཞིག་གིས་བོད་མིའི་ཐོག་མའི་འབྱུང་ཁུངས་ཡར་ལུང་གི་སྤྲ་སྤྲེལ་མ་ཡིན་པར་བསྐལ་བ་དང་པོའི་རྫུས་སྐྱེས་ཀྱི་ལྷ་མི་དེ་དག་ཡིན་པར་ཡང་བྲིས་ཡོད་ཚུལ་གོ་མྱོང་། གང་ལྟར་བོད་མིའི་ཐོག་མའི་འབྱུང་ཁུངས་ནི་བསྐལ་བ་དང་པོའི་ལྷ་མི་(ཁོང་ཅག་མི་ཡིན་པ་ལ་ལྷ་དང་འདྲ་བའི་རྫུ་འཕྲུལ་ཡོད་པས་ལྷ་མི་ཞེས་བཏགས་ན་འཚམ་པར་བསམ། )དང་ཡར་ལུང་གི་སྤྲ་སྤྲེལ། དེ་བཞིན་ལྷོ་ཨ་ཧྥེ་རི་ཁའི་སྤྲ་མིའི་རྒྱུད་པ་བོད་དུ་བསླེབས་པ་གསུམ་ག་ཡིན་པར་ཁས་བླངས་ན་གནོད་བྱེད་ཅི་འབྱུང་གི་ཡོད་དམ།
་་་་་་ཁོ་ནའི་ནང་གི་་་་
ལ་ལ་ཡང་གོང་བཞིན། ་་་་
ལ་ལ་ལ། ད་བཤད་ཟིག་ཡ། མཁས་དབང་དམུ་དགེ་བསམ་གཏན་གྱིས་ང་ལ་འགྲམ་ལྕག་ཅིག་བྱས་པ་ཡིན་ན། གལ་སྲིད་ང་ནོར་ཡོད་ན་ངས་འགྲམ་པ་གཞན་པ་དེ་ཁོང་ལ་གཟེད་གི་རེད། གལ་སྲིད་ང་ནོར་མེད་པ་ཡིན་ན་ངས་ཕར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུ་གི་རེད།
མ་གཞི་འདི་དག་བསམ་ཚུལ་མི་མཐུན་པ་འགའ་བགྲོ་གླེང་གི་ཆེད་དུ་ཕུལ་བ་ཡིན་པ་གོང་ན་གསལ་བཤད་བྱས་ཡོད། མི་རིགས་བཤད་ནས་ཁྱོད་ལ་ཕོག་ཐུག་ཕྱིན་པ་དགོངས་འགལ་མེད་པ་ཞུ། མི་རིགས་དབྱེ་འབྱེད་ཀྱི་འོག་ནས་འཚར་བ་ཕལ་ཆེ་བ་ཞིག་བསམ་བློ་གུ་དོག་ཡོད་པ་རེད། དེ་ལ་ཁྱེད་ཁག་མེད།
ཡིན་ནའང་། མི་རིགས་ཆེན་པོ་གང་ཞིག་ཡིན་ནའང་མི་རིགས་ཆུང་ཁག་མང་པོ་ཞིག་འདུས་ནས་མ་གྲུབ་པ་ཞིག་ཡོད་པ་མ་རེད། ག་ཚོད་ཀྱིས་མི་རིགས་མི་འདྲ་བ་མང་པོའི་གྲུབ་ཆ་འདྲེས་ཡོད་ན་དེའི་ཚོད་ཀྱིས་མི་རིགས་དེ་རྒྱ་ཆེ་བ་དང་ཕུན་སུམ་ཚོགས་པ་ཡོད་པ་རེད། རང་ཉིད་མི་རིགས་ཀྱི་དབྱེ་འབྱེད་ལས་ཕྱི་ལ་ཐོན་ཏེ་བལྟས་ན་འདིར་སྤྱིར་བཏང་གི་བགྲོ་གླེང་ཞིག་ལས་གཞན་ཅང་ཡོད་པ་མ་རེད། རང་ཉིད་ང་མི་རིགས་འདི་ཡིན་བསམ་པ་ཞིག་དང་། མི་རིགས་འདི་མི་རིགས་གཞན་དང་མ་འདྲེས་པ་ཞིག་ཡིན་བསམ་ནས་བསམ་བློ་གུ་དོག་ཅིག་བཅངས་པ་ཡིན་ན་གོང་གསལ་འདི་ཚོ་མ་ཀློག་མ་གཏོགས་སྨྱོན་པ་ཆགས་གི་རེད་ད།
ཡར་ལུང་གི་བཤད་ཚུལ་དེ་ཚོ་སྔོན་གྱི་བཤད་ཚུལ་རེད། བྱང་ཕྱོགས་ནས་མཆེད་ཚུལ་དེ་ཚོ་ད་ལྟའི་ཚན་རིག་གཞིར་བཞག་པའི་བཤད་ཚུལ་གསར་པ་ཞིག་རེད། ངས་བཤད་ཚུལ་གསར་པ་དེ་ལ་སྐད་དང་ལོ་རྒྱུས་སོགས་ནས་སྒྲུབ་བྱེད་རེ་ཟུང་རྙེད་པ་མར་བཀོད་པ་ཙམ་ལས་དེ་ལྟར་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད་ལ། ཁྱེད་དེ་ངར་དགོས་དོན་ཡང་ཡོད་པ་མ་རེད།
ཨ་མདོར་དབུས་གཙང་ནས་མཆེད་ཡོང་བ་ཡོད་པ་དེར་ངོས་ལེན་ཡོད། ཡིན་ན་ཨ་མདོ་ཚང་མ་དབུས་པའི་དམག་མིའི་རྒྱུད་པ་ཡིན་ཚུལ་བཤད་པ་དེར་འདོད་པ་མེད། རྒྱའི་ལོ་རྒྱུས་ནང་བཀོད་པའི་གནའ་བོའི་ཆང་ངམ་འཇང་ཡང་ན་སྤྱང་ངམ་བྱང་དེ་ཚོའི་ལོ་རྒྱུས་ལ་བལྟས་ན་ཡག་པོ་ཤེས་གི་རེད།
ཤོད། མུ་མཐུད་དུ་ཤོད། འདིའི་སྐོར་མུ་མཐུད་དུ་ཤོད་དང་བཟང་ཆ་ལས་ངན་ཆ་མེད། ག་ཚད་མང་བ་བཤད་ན་ག་ཚད་བཟང་། དེའི་ཐོག་དྲི་བ་ཡང་ག་ཚད་མང་ན་ག་ཚད་བཟང་། དྲི་བ་འདོན་མཁན་དང་བསམ་ཚུལ་ཤོད་མཁན་སུ་ཡིན་རུང་བློ་རྒྱ་ཡངས་པོའི་སྒོ་ནས་ཤོད་ཐུབ་ན་དེ་ལས་བཟང་། ཡིན་ན་ཡང་། ཁྱེད་ཚོས་བོད་མི་རིགས་ཀྱི་བྱུང་བའི་ཁུངས་དེ་ལོ་སྟོང་ཕྲག་གཉིས་གསུམ་ཞིག་གི་གཡས་གཡོན་ལ་བཙན་སྦྱོར་བྱེད་པ་དེ་ཧ་ཅང་མ་འགྲིགས་པ་ཞིག་རེད་བསམས། གང་ཡིན་ཟེར་ན་ བོད་མི་རིགས་འདིར་ ་རང་ཉིད་གི་ལོ་རྒྱུས་མ་མཐར་ཡང་ལོ་ངོ་ཁྲི་ཁ་ཤས་ཡོད་པས་ཡིན།
སྲིད་པ་ཆགས་གླུ་དང་ཨ་མཚར་མཚར་དགུ་དེ་ཚོ་རྒྱུས་མེད། ཆུང་དུས་གྲོང་གསེབ་ནང་། ཨ་མཐོ་མཐོ་བའི་རི་དགུ་ཤོད། ཟེར་བ་དང་། ཨ་རིང་རིང་བའི་རིང་དགུ་ཤོད། ཟེར་བ་དེ་འདྲ་བཤད་རེས་བྱས་ཡོང་། དེ་ལ། རི་དང་ཆུའི་མིང་ལབ་དགོས་རེད། དེ་མིན་སྦར་མོ་གང་གིས་ནང་ཁེངས་པ་གང་རེད། ཟེར་བ་དང་། སོང་སོང་ནས་སླེབས་རྒྱུ་མེད་པ་ཅི་སོགས་ཀྱང་འདྲི་གི་རེད། དེ་ལ་ནི་མར་མེ་དང་དར་ལྕོག་རེད་ཅེས་ལན་འདེབས་དགོས། དེ་རིགས་དབུས་གཙང་གི་གྲོང་གསེབ་དང་འབྲོག་ཁུལ་དུ་ཤིན་ཏུ་དར་ཆེ་ཡང་། འདས་པའི་ལོ་ ༣༠ ནང་ཉམས་ཆག་ཆེན་པོ་འགྲོ་བཞིན་འདུག
དེ་མིན་ཆོལ་ཁ་གཞན་ལ་མཐོང་དཀོན་པའང་ཧ་ཅང་མང་། དཔེར་ན། ཤོན་དང་གར་གླུ། གཞས་ཆེན། རྦད། ལྗགས་རྒྱང་། རྒྱལ་གཞས། ལྷ་མོའི་རྣམ་ཐར་ལྟ་བུ་ངས་ནི་ཁམས་དང་ཨ་མདོ་གཉིས་ཀ་ནས་ཅང་མ་མཐོང་།
ཁྱེད་ཀྱིས་དབུས་གཙང་གི་སྐད་ལའང་མགོ་མ་ཚོས་པ་འདྲ་ཞིག་བཤད་འདུག དཔེ་མཚོན་བཤད་པ་དེ་ཚོར་བལྟས་ན་ཕལ་ཆེར་བཙན་བྱོལ་བོད་མིའི་སྐད་དེ་དབུས་སྐད་ཡིན་ཤག་གིས་བཤད་པ་མིན་ནམ་སྙམ། བཙན་བྱོལ་བོད་མིའི་སྐད་ཆ་བཤད་སྟངས་དེ་དབུས་པས་ཉན་ན། སྟོད་པའི་སྐད་ལ་ཁམས་སྐད་འདྲེས་པ་འདྲ་བོ། སྟོད་པས་ཉན་ན་དབུས་སྐད་ལ་ཨམ་སྐད་བསྲེས་པ་འདྲ་བོ། རྒྱུས་ཡོད་ཅན་ང་འདྲ་བས་ཉན་ན། སྟོད་པའི་སྐད་ཀྱིས་གཙོ་བྱས་པའི་ཆོལ་ཁ་གསུམ་ཀའི་སྐད་ལ་རྒྱ་གར་གྱི་སྒྲ་གདངས་ཀྱང་ཅུང་ཟད་འདྲེས་པའི་ཕུང་གསུམ་པ་ཞིག་རེད། ལོ་གཅིག་གི་གོང་དུ་ངའི་སྤུན་མཆེད་ཅིག་བོད་ནས་རྒྱ་གར་དུ་སླེབས། ལོ་རྒན་ཙམ་རེད། རྒྱ་གར་ནང་གི་བོད་ཕྲུག་ཚོའི་སྐད་མ་གོ་བའི་དཀའ་ངལ་འདུག ང་རང་ཐོག་མར་རྒྱ་གར་དུ་སླེབས་སྐབས་སུའང་། རྒྱ་གར་ནང་གི་བོད་མི་ཚོས་བོད་སྐད་རྡུམ་རྡུམ། སྙན་ཆ་མེད་པ། བཤད་ཧ་ཅང་མྱུར་བ་ཞིག་བཤད་ཀྱི་འདུག་སྙམ། དེ་འདྲ་རེད། དབུས་སྐད་དག་མ་ཟེར་ན། རྗེ་བཙུན་པདྨའི་བོད་སྐད་དེ་དང་ཐག་ཉེ་ཙམ་ཞིག་ཡོད་རེད།
བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་ངོ་མ་དབུས་ཀྱི་ཞོགས་ཕུ་མདའ་གཉིས་ལས་ཕུ་ལ་ཡིན་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསལ་འདུག
མིའི་འབྱུང་ཁུངས་ལ་འབྲེལ་བ་མེད་པའི་དབང་དུ་བཏང་རུང་། བླ་ཆེན་གྱི་ཡན་ལ་མདོ་སྨད་ལ་མཁས་པ་རྡོག་པོ་གཅིག་བསྟན་རྒྱུ་མེད་པ་དེ་ཡ་མཚན་མ་རེད་དམ། ཡིད་མ་ཆེས་པའི་གནད་འདི་རེད།
ཡ་དེ་ཙམ་ཡིན།
ཨ་མདོ་དབུས་གཙང་ནས་མཆེད་ཡོང་བར་ཁས་ལེན་ཡོད་ན་ལབ་རྒྱུ་གླེང་རྒྱུ་གཞན་མི་འདུག དེ་མ་གཏོགས་མི་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཟེར་སྲོལ་ཡོད་པ་རེད། གཞན་ཡང་མདའ་ཚན་པ་རང་གིས་དབུས་སྐད་དེ་རྒྱ་སྐད་དང་འདྲ་བར་གོ་བ་ནི་ཁྱད་མཚར་པོ་རེད། སྔ་མོའི་་དུས་ནས་བཟུང་མི་རིགས་ཞིག་གི་ཆབ་དཔལ་གྱི་ལྟེ་བ་དེ་རུ་བྱ་དངོས་ཐམས་ཅད་འཕེལ་རྒྱས་འགྲོ་མགྱོགས་པ་ནི་ཆོས་ཉིད་རེད། བོད་ལ་ཡང་ཤེས་རིག་གི་ལྟེ་བ་ཞང་ཞུང་ནས་ཡར་ཀླུང་དང་། ཡར་ཀླུང་ནས་ལྷ་སར་སྤོས་པའི་རྒྱུད་རིམ་དེ་བྱུང་མྱོང་ཡོད། དེར་བརྟེན་བོད་ལ་སྔ་ཕྱིར་བྱུང་བའི་སྐད་གསར་བཅད་ཀྱི་ལས་འགུལ་དང་། མི་རིགས་གཞན་དང་འབྲེལ་བའི་བརྒྱུད་རིམ་ཁྲོད་དུ་བོད་སྐད་དེ་རིམ་པས་ཟུར་གང་ཡང་དང་། གོ་གང་བདེ། རྣ་ལ་གང་སྙན་དུ་བྱུང་བའི་སྐད་དེ་ནི་དབུས་སྐད་རེད། གང་ལགས་ཟེར་ན་འདས་པའི་མི་ལོ་༡༤༠༠ལྷག་ཙམ་གྱི་རིང་དུ་ལྷ་ས་ནི་བོད་ཡོངས་ཀྱི་ཤེས་རིག་ལྟེ་བར་ཆགས་ཡོད། ཁམས་ཁུལ་གྱི་སྐད་ཡང་དབུས་སྐད་དང་ཨ་མདོའི་སྐད་གཉིས་ཀྱི་བར་དུ་ཡོད་པ་འདྲ་པོ་ཞིག་ཡོད། རྒྱུ་མཚན་ནི་སྔོན་གྱི་དུས་སུ་འགྲིམ་འགྲུལ་ལ་སོགས་པ་ད་ལྟ་ནང་བཞིན་གྱི་སྟབས་བདེ་མེད་པས་བོད་དབུས་ལ་བྱུང་བའི་སྐད་ཀྱི་འགྱུར་བ་དེ་དག་ས་མཐར་ཁྱབ་པ་ལ་རི་བོ་དང་ཆུ་ཀླུང་རྣམས་ཀྱིས་ཚོད་འཛིན་ཞིག་བྱེད་ཀྱི་ཡོད་པ་རེད། དཔེ་མངོན་གསལ་ཅན་ནི་རྒྱལ་རོང་གི་སྐད་རེད་ལ་ལོ་ངོ་སྟོང་ཕྲག་གཉིས་གསུམ་གོང་དུ་དབུས་གཙང་ལ་ཡང་ད་ལྟའི་ཨམ་སྐད་ལྟ་བུ་བརྗོད་ཀྱི་ཡོད་པ་དོགས་པ་བྱེད་དགོས་དོན་ཡོ་མ་རེད། དེ་ལྟར་ན་སྐད་རིགས་འཕེལ་འགྲོས་ནས་བཤད་ན་དབུས་སྐད་དེ་ཨང་དང་པོ་དང་། ཁམས་སྐད་དེ་ཨང་གཉིས་པ། ཨམ་སྐད་དེ་ཨང་གསུམ་པ་ལྟ་བུ་ཞིག་ཆགས་ཡོད་མོད་སྐད་རིགས་འདི་གསུམ་ཀ་ཕ་རྒྱུད་མ་རྒྱུད་གཅིག་ནས་མཆེད་ཡོང་བ་གསལ་པོ་རེད། དཔེར་ན། ཨ་མདོ་བས། ང་མི་འགྱོ་ཟེར་བ་དང་། ཁམས་པས། ང་འགྲོ་ལེ་མན་ཟེར་བ། དབུས་པས། ང་འགྲོ་ཀྱི་མིན་ཟེར་བ་ལྟ་བུ་ཁྱད་པར་ཅུང་ཟད་ཡོད་མོད་རྩ་བ་ནས་མི་འདྲ་བའི་སྐད་རིགས་གཉིས་ལ་རིག་པ་འཁྲུལ་ན་མ་གཏོགས་ནོར་དོན་ཡོ་མ་རེད། གཞན་ཡང་དགེ་ཆོས་ཀྱིས་ཁམས་ཟེར་བ་ནི་ས་མཐར་གོ་བའི་འགྲེལ་བཤད་ཡག་པོ་བྱས་ཡོད་ལ། ཁམས་དེ་ཆེ་ཆུང་གཉིས་སུ་གོ་བ་བླངས་ན་ཁམས་ཆེ་བའི་ནང་དུ་ཨ་མདོ་ཡང་ཚུད་ཡོད་པ་རེད། དཔར་ན་མདོ་སྟོད་དང་མདོ་སྨད་ཟེར་བ་དེ། ཁམས་སྟོད་དང་ཁམས་སྨད་ཟེར་བ་ལྟ་བུ་གོ་རྒྱུ་ཡོད་པས་ང་ཚོ་མདོ་དབུས་ཁམས་གསུམ་འདི་གཞི་གཅིག་ལ་བསྒྲིལ་ཐབས་ལ་འབད་དགོས་པ་ལས། ཁ་ཐོར་ཡ་ཐོར་ཞིག་ལ་བསྒྲུབ་ཐབས་བྱེད་པ་འདི་བློ་ལྡན་ཞིག་གི་བྱ་བ་རྩ་བ་ནས་མ་རེད། ཨ་མཚར་མཚར་ལ་མཚར་དགུ་ཟེར་བ་ལྟ་བུ། ང་རང་ཆུང་དུས་ཡི་གེ་མ་ཤེས་གོང་ནས་གོ་མྱོང་ཡོད། ཆ་ཚང་ངག་ལ་མི་འདུག དྲན་སོས་པ་ནི་ཨ་ར་ཅན་གྱི་ཞོ་འཐུང་འདི་ཚོ་མཚར། ཝ་ཞ་ཅན་མེ་བསོ་འདི་ཚོ་མཚར་ཟེར་བ་ཡོ་རེད། དེ་དག་མདོ་སྨད་གཅིག་པུར་ཡོད་པ་མ་རེད། དབུས་ནས་ཁམས་སུ་ཁྱབ། ཁམས་ནས་ཨ་མདོར་ཁྱབ། དབུས་སུ་རིག་གནས་གསར་པ་དར་མང་བས་དེ་དག་མང་པོ་བརྗེད། ཁམས་ཁུལ་དང་ཨ་མདོ་ཁུལ་དུ་ད་དུང་ཉར་ཡོད་པ་ལྟ་བུ་རེད། གོ་བདེར་བཤད་པ་ཡིན།
བོད་སྐད་དེ་རིམ་བཞིན་ཟུར་ཡང་པོ་ཟེར་བ་དེ་ཟོར་ཡང་པོར་བཅོས། ཟོར་ཡང་དུ་འགྲོ་བ་ནི་སྐད་རིགས་ཀྱི་འཕེལ་འགྲོས་རེད། འདི་ནི་སྐད་རིགས་ཚང་མར་ཁྱབ།
བོད་དུ་སྐམ་ས་འབུར་ཐོན་ཆེས་སྔ་ཤོས་དེ་བྱང་རྒྱུད་དང་གསར་ཤོས་དེ་ལྷོ་རྒྱུད་རེད་ཟེར། ཁུན་ལིན་རི་རྒྱུད་ལོ་ངོ་ས་ཡ་༣༠༠་ཡས་མས་སུ་གྲུབ་ཅིང་། ཧི་མ་ལ་ནི་ལོ་ངོ་ས་ཡ༢༠་ནས་༤༠ཡས་མས་སུ་གྲུབ་པར་བཤད། དེའི་ཕྱིར་དེང་སང་གི་ས་ཁམས་ཆགས་རིམ་་ཞིབ་འཇུག་ཚན་རིག་པ་ཚོས་བོད་ཀྱི་བྱང་རྒྱུད་ཆེས་གནའ་སྔ་མོ་ནས་གྲུབ་ཅིང་། བྱང་ཐང་དེའི་རྗེས་དང་། བོད་དབུས་དེའི་རྗེས། ཧི་མ་ལ་ཡ་ཐེ་བའི་བོད་ཀྱི་ལྷོ་རྒྱུད་ཆེས་ལོ་ན་ཆུང་ཤོས་སུ་བརྩི།
དེ་བཞིན། ཚ་འདམ་དང་ཁུ་ཁུ་ཞི་ལི་སོགས་ནས་རྙེད་པའི་གནའ་རྫས་རྣམས་རྡོ་ཆས་རྙིང་བའི་དུས་ཀྱི་ཅ་ལག་རེད་ཟེར།
ཨ་མདོའི་བོད་པ་རྣམས་ཀྱི་མཆེད་ཁུངས་མདོ་ཁམས་མ་ཡིན་པའི་ཡུལ་གཞན་དུ་་འཚོལ་གྱིན་པ་འདི་སྤྱིར་ཅུང་རྩིང་དྲག་འདུག་བསམས།
ཡིན་ནའང་། བདག་ནི། ངེད་ཅག་རྣམས་ས་སྐྱེས་རྡོ་སྐྱེས་ཡིན་ན་ངོ་མི་མཚར། བཙན་པོའི་དམག་མི་དེ་ཚོའི་རྒྱུད་པ་ཡིན་ནའང་ཧོན་མ་ིའཐོར། བྱང་སོག་ནས་མཆེད་པར་གྲུབ་ན་ཧང་མི་སངས། རྒྱ་ནག་གི་ནུབ་བྱང་གི་འབྲོག་པ་ཆང་ངམ་སྤྱང་དང་འདྲེས་པ་ཡིན་ནའང་ཡ་མི་མཚར།
དེང་སང་བོད་མི་ཟེར་བའི་མི་རིགས་མཛུབ་མོ་ཀེར་རེར་འཛུགས་ཆོག་ཆོག་གི་ཁྱིམ་ཚང་ཞིག་གི་ནང་མིར་གནས་ཡོད་ཕྱིར། དེ་ལས་གསལ་ཐང་ཐང་དང་དེ་ལས་ལྷག་པའི་གདོང་རྟགས་གཞན་ཞིག་རྙེད་དུ་མེད་པའི་ན། ས་ནས་བརྔོགས་ན་ཐོན་རྒྱུ་མེད་པ། གནམ་ནས་བཙལ་ན་རྙེད་རྒྱུ་མེད་པ། གནའ་བོའི་རང་དང་གཞན་གྱི་ཡིག་རྙིང་དག་ནའང་། ཐ་ན་ཐན་ནེ། གསལ་ལ་མི་གསལ། ཡིན་ཡིན་འདྲ་ལ་མིན་མིན་འདྲ་བ། ཐ་ར་ཐོ་རེ་ཞིག་ལས་མེད་པས་རྡོ་ཆག་བཙན་སྒྲིག་འེ་ཡོང་བསམས།
མཆན་སྐྱིད་པོ་རེ་མཐོང་སྐབས་མཛུབ་མོ་སྡོད་ཚུགས་པ་ཞིག་མི་འདུག ང་ཚོས་བོད་ཀྱི་རྒྱལ་རབས་ཀྱི་དཀར་ཆག་ དཔེར་ན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ན་ཡོད་པ་ཙམ་ཞིག་གིས་ རྒྱལ་རབས་སློབ་སྦྱོང་གི་མཐའ་འཁྱོལ་གྱིན་མེད་པ་དེ་གསལ་པོ་རེད། དམིགས་བསལ་གྱིས་མི་རྒྱུད་འཕེལ་སྟངས་དང་ས་མཚམས་དབྱེ་སྟངས། དམག་འཁྲུག་བྱས་སྟངས་སོགས་ཀྱི་ས་སྟོང་མང་པོ་ཡོད་པ་འདྲ། མི་ཉག་རྒྱལ་རབས་ཞེས་པའི་སྐོར་ལ་གསུངས་རྒྱུ་ཡོད་དམ། གླེང་ཙམ་གླེང་ཙམ་བྱས་སོང་། ཁ་བརྡའི་དྲ་ཐོག་ཏུ།
སྐད་ཀྱི་སྐོར་ལ་ཡ་མཚན་པ་ཞིག་ལ། ས་སྐྱའི་གསུང་འབུམ་ཁྲོད་རོལ་མོའི་བསྟན་བཅོས་ཡིན་ནམ་ཅིག་ལ། དབུས་པའི་སྒྲ་ལ་དམོད་པ་དང་ཆབས་གཅིག་ “དབུས་པས་འགྲོ་ལ་འགྱོ་ཞེས་ཀློག་”པར་གསུངས་འདུག དེ་ཡང་མཆན་གཅིག་ཡིན་ནོ།།
གོང་དུ་ལ་ལ་ཡིས་བཤད་པ་དེ་ཚོ་ངའི་བསམ་ཚུལ་དང་མཐུན་པོ་བྱུང་།
མི་ཉག་རྒྱལ་རབས་དེ་ད་ལྟའི་ཉིན་ཤ་宁夏ས་ཆ་ནས་ཡིན་འདུག ས་དེ་ནས་བོད་པའི་རིག་གནས་དང་འབྲེལ་བའི་རིག་དངོས་ཀྱང་མང་དུ་བུད་འདུག
འདས་པའི་ལོ་རྒྱུས་ཀྱིས་ང་རྒྱལ་བྱེད་ཆོག་པ་འདྲ་ཡོད་ན། ཁང་གསར་བས་ང་རྒྱལ་ཆེན་པོ་བྱེད་ཆོག རྒྱུ་མཚན་ནི་སྲོང་བཙན་སྒམ་པོ་དབུས་ནས་འཁྲུངས་པ་རེད། དེ་མིན་ད་ལྟའི་ལོ་རྒྱུས་དངོས་དང་སྦྱར་ནས་ང་རྒྱལ་བྱེད་དགོས་ན། མདའ་ཚན་པས་ང་རྒྱལ་བྱེད་ཆོག རྒྱུ་མཚན་ནི་རྒྱལ་བ་པཎ་ཆེན་གཉིས་ཀ་མདོ་སྨད་ནས་འཁྲུངས་སོང་། ངས་བལྟས་ན་ལོ་རྒྱུས་ཀྱི་འཚིག་རོ་དེ་དག་གླེང་ནས་མི་རིགས་ཀྱི་ནང་ཁུལ་དཀྲུགས་པའི་སྐད་ཆ་མ་བཤད་ན་དགའ་སྙམ། མ་གཞི་ང་ནི་ཁང་གསར་རྒད་པོར་དགའ་མཁན་ཞིག་ཡིན་ནའང་། ཁོས་དུས་རྟག་ཏུ་མདོ་སྨད་ཕྱོགས་ལ་ཚིག་ཟུར་དང་དོན་ཟུར་ནས་དམའ་འབེབས་མང་བོ་བྱེད་ཀྱི་འདུག དེ་མིན་མདའ་ཚན་པས་ཀྱང་དབུས་སྐད་འདི་དགྱ་སྐད་དང་ཉེ་བ་སོགས་མ་འོས་པའི་སྐད་ཆ་འགའ་རེ་ཐལ་འདུག འདི་ཙམ་རྩོད་ནས་མཐར་རྒྱ་ཆེ་རུ་སོང་སྟེ་ཤོག་ཁག་ཆེ་རུ་སོང་ན་ཁྱེད་གཉིས་ལ་དགོས་པ་ག་རེ་འདུག་ཨ། དེ་བས་དེང་སང་དགྱ་ནག་གིས་རང་རེའི་མི་རིགས་ཀྱི་ནང་ནས་ཁག་མང་བོར་མི་རིགས་གཞན་གྱི་མིང་བཏགས་ནས་སྟོབས་ཤུགས་ཆུང་དུ་གཏོང་གིན་པ་འདི་ལ་ཅིག་ཤོད་དང་། མ་གཞི་ཁང་གསར་བ་འདི་དགོས་ས་ན་མེད་པའི་ཟོལ་འདྲ་བོ་ཞིག་འདུག དུས་རྒྱུན་དུ་ཞེན་ཁོག་གིས་བཅིངས་ནས་སྡོད་པ་ཞིག་ཏུ་མཐོང་སོང་། མི་རིགས་ཀྱི་གནད་དོན་ཞིག་གླེང་གི་ཡིན་ན་ཆོལ་ཁ་ཕན་ཚུན་གྱི་བར་ལ་ཚིག་མདའ་འཕེན་རེས་མི་བྱེད་པར་འཚལ། ཨ་མཚར་མཚར་དགུ་ཡོད་མེད་དང་གླུ་དང་ལ་གཞས་ཡོད་མེད་ཀྱི་སྟེང་ནས་ཡུལ་ཕྱོགས་དེར་ཤེས་རིག་དར་མ་དར་བཤད་དགོས་དོན་མེད་པར་མཐོང་། ང་ཚོའི་རིགས་རྒྱུད་ཀྱི་མཆེད་ཁུངས་ཡར་ཀླུང་ཡིན་པ་དེར་རྩོད་གཞི་མེད་ནའང་མདའ་ཚན་པས་རང་ཉིད་སོག་པོ་ཡིན་སྟབས། བོད་མི་རིགས་ཀྱི་མཆེད་ཁུངས་སོག་པོར་གཏུགས་འདོད་པ་མིན་ན་བྱང་ནས་མཆེད་ཅེས་པ་ཁུངས་མེད་ལོང་གཏམ་རང་ཡིན་ནོ།།
མཐར་ཞུ་རྒྱུ་ཞིག་ལ། མི་རིགས་ཀྱི་ནང་ཁུལ་དཀྲུག་པའི་སྐད་ཆའི་རིགས་གང་ཐུབ་ཅི་ཐུབ་ཀྱིས་སྤང་པར་འབད་རོགས།
ངས་ནི་རང་གི་བསམ་ཚུལ་དྲང་པོར་འབྲི་གི་ཡོད། ནོར་ན་ནོར་བ་རེད། དེའི་འགན་ངས་ཁུར་གྱི་ཡིན། འགྲིག་ན་འགྲིགས་པ་རེད། དེའི་བྱས་འབྲས་ཀྱང་ངས་ཁུར་གྱི་ཡིན། མདའ་ཚན་པས་གླེང་ཡོང་དུས་ཆོལ་ཁའི་སྐད་ཆ་དང་ཞེན་ཁོག་བྱས་ནས་གླེང་བ་ཅང་མཐོང་མ་སོང་། ཁོ་རང་གི་དྲན་ཚུལ་དྲང་པོར་བཤད་འདུག ང་རང་གིས་འདིར་བྲིས་པ་རྣམས་ཀྱང་ངའི་དྲན་ཚུལ་ཡིན། དེའི་ནང་ཆོལ་ཁའི་ཞེན་བྱས་པ་འདི་ཡིན་ཞེས་པ་མེད། ལར་ནས་མི་གཞན་གྱི་གདོང་གི་རྣམ་འགྱུར་ལ་བལྟ་བཞིན་སྐད་ཆ་ལ་བཤད་ཚོད་ངས་བྱེད་མི་ཤེས། དེ་ཡན་གཅིག་ཡིན།
དེ་ནས་གནམ་ལྕགས་ཀྱི་སྐད་ཆ་ལ་ཚིག་འགའ་བཤད། མེས་དབོན་རྣམ་གསུམ་དབུས་ལ་འཁྲུངས་པའི་རྒྱུ་མཚན་གྱིས་དབུས་པ་ང་རྒྱལ་བྱེད་དོན་དང་མདོ་སྨད་པ་ཉམས་དམའ་པོ་བྱེད་དོན་མ་མཆིས། མེས་དབོན་རྣམ་གསུམ་ང་ཚོ་བོད་ཀྱི་མི་རེད། བོད་མི་ཡིན་ན། སུས་འཇོན་ནའང་བོད་མི་རིགས་སྤྱིའི་སྤོབས་པ་རེད་མ་གཏོགས་འཁྲུངས་ས་འཁྲུངས་ཡུལ་བརྩད་དེ་སྤོབས་པ་ལ་ཚོད་བྱེད་དགོས་པ་འདི་དངོས་གནས་ཆོལ་ཁའི་དུག་ཞེན་རེད།
ངས་ནི་བླ་ཆེན་དགོངས་པ་རབ་གསལ་ཡན་ན་མདོ་སྨད་དུ་མཁས་པ་མེད་པ་ཞིག་གཏན་ནས་ཡིན་གྱི་མ་རེད་དྲན། དྲན་པའི་དབང་གིས་ཞིབ་འཇུག་བྱས་ཀྱང་རྙེད་ཀྱི་མི་འདུག མདའ་ཚན་པ་འདི་མི་མཐོང་རྒྱ་ཅན། སྐད་ཆ་དྲང་པོར་སྨྲ་མཁན། སྨྲས་པ་རྣམས་ལ་འགན་ཁུར་མཁན་ཞིག་ཡིན་སྟབས། འདི་བཤད་ན་བློ་སྐྱེད་འདྲ་ཡོང་གི་རེད་དྲན་པ་ལས། གཞན་གྱི་དམིགས་ཡུལ་མེད།
དེ་ནས་ངས་མདོ་སྨད་ལ་ཚིག་ཟུར་དོན་ཟུར་ནས་དམའ་འབེབས་བྱས་ཚུལ་ཞིག་བཤད་འདུག ང་ཚོ་དབུས་ལ་གཏམ་དཔེ་གཉིས་ཡོད་རེད། ༡༽ གཏམ་དྲིས་ན་མི་ཤོད་སྒུག་ན་ཤོད། ༢༽ མི་བརྒྱའི་ནང་གཏམ་བཏང་ན་ནོངས་ཅན་གྱིས་ངོས་ལེན། ཟེར། གཏམ་འདི་དང་ཁྱེད་རང་གི་བཤད་ཚུལ་གཉིས་སྦྱར་ན། ཆོལ་ཁའི་ཞེན་གྱི་དུག་ཆུ་སྐོལ་མཁན་ངོ་མ་དེ་སུ་ཡིན་ས་རིས་ཐང་གསལ་ལྟ་བུར་མངོན།
ངས་བོན་གྱི་ལོ་རྒྱུས་ཤིག་ལས་བླ་ཆེན་མ་བྱོན་གོང་དུ་མདོ་ཁམས་སུ་མཁས་པ་གང་མང་བྱོན་པ་མཐོང་བས་དེབ་དེ་རག་ན་འདིར་རེ་རེ་བཞིན་འབྲི་གི་ཡིན། ཁྱེད་ཅག་གིས་བོད་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་གཞི་རྩར་འཛིན་རོགས། གོ་ན་རྣ་བའི་བདུད་རྩི་ཡིན། མ་གོ་གླུ་ལ་སྐྱར་ལེན་མེད།
མགོ་རུལ་ལགས། ངེས་པར་དུ་དེབ་དེ་རྙེད་པ་གནང་རོགས། ངས་བླ་ཆེན་དགོངས་པ་རབ་གསལ་གོང་ལ་ཏན་ཏན་མདོ་སྨད་ཀྱི་མཁས་པ་ཡོད་རེད་དྲན་གྱི་ཡོད།
དེ་བཞིན་བོན་གྱི་ཡིག་ཆའི་མིང་དང་གང་ནས་རག་གི་ཡོད་མེད་ཀྱི་ངོ་སྤྲོད་ཅིག་གནང་ཐུབ་ནའང་ཕན་ས་རེད། ངས་བོན་གྱི་ཐད་ལ་དོ་སྣང་བྱེད་དགོས་འདུག་དྲན་བཞིན་ཡོད། འོན་ཀྱང་ཡིག་ཆའི་མིང་དང་གང་ནས་རག་གི་ཡོད་མེད་ཤེས་ཀྱི་མི་འདུག
མི་ཉག་རྒྱལ་རབས་ལ་སྔ་ཕྱི་གཉིས་ཕལ་ཆེར་ཡོད། བོད་ཀྱི་རིགས་རྒྱུད་ཡིན་ལ། རྗེ་སྲོང་བཙན་གྱི་བཙུན་མོ་མི་ཉག་བཟའ་ཡོང་ས་དེ་སྔ་མ་ནས་ཡིན་པ་འདྲ། མི་ཉག་རྒྱལ་རབས་ཕྱི་མ་དེ་བོད་སིལ་བུའི་སྐབས་སུ་བྱུང་ཞིང་། དེང་སང་གི་ཉིན་ཤ་ཡིན་ཁྲོན་ཟེར་ས་ལྟེ་བ་བྱས་ཏེ་སྲིད་དབང་བཟུང་སྐབས། བཀའ་བརྒྱུད་པར་མཆོད་ཡོན་འབྲེལ། ཙོང་ཁའི་རྒྱལ་པོར་གཡུལ་འཁྲུག་ལན་མང་བྱས་འདུག ༡༢༢༧ལོར་ཧོར་ཇིང་གེར་གྱིས་ཕབ་སྟེ་མི་ཉག་རྒྱལ་པོ་རྡོ་རྗེ་དཔལ་གྱི་དབུ་བྲེགས། འབངས་མི་མང་པོ་སོག་ཡུལ་དུ་འཁྱར་བ་བྱེ་ཚན་དུ་ཆུ་ནང་བཞིན་དེར་ཐིམ། ཁག་ཅིག་ཁམས་ཕྱོགས་སུ་འཁྱར་བ་དར་རྩེ་མདོའི་མི་ཉག་ཡིན་པར་བཤད། ཤུལ་ལུས་རྣམས་རིགས་གཞན་པར་རིམ་གྱིས་འདྲེས་ནས་དམིགས་མེད་དུ་སོང་བ་ཡིན་འདུག ཁམས་སྡེ་རོང་བ་མཁས་དབང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ་ནང་མི་ཉག་སྐོར་ཅུང་གསལ་ཙམ་བྲིས་འདུག
བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཚང་མའི་ནང་དུ་གནའ་བོའི་བོད་སྐད་ཀྱི་བརྡ་རྙིང་མང་པོ་འདུག ཚང་མ་འདྲ་པོ་འདྲ་པོ་འདུག འོན་ཀྱང་མི་འདྲ་ས་དེ་གདངས་རེད། གོམས་འདྲིས་མེད་པའི་དབང་གིས་སྐད་མ་གོ་བ་དང༌། དེ་རྐྱེན་གྱིས་དག་ཆ་ལ་དོ་སྣང་མ་བྱུང་བར་ཕལ་སྐད་ཕལ་རྐྱང་ཡིན་པར་བསམ་གྱི་ཡོད།
དཔེར་ན། དབུས་གཙང་གི་མི་ཞིག་གིས་བོད་མདོ་ཁམས་ཕྱོགས་ནས་སླེབས་པའི་མི་ཞིག་ལ་མིང་སྐད་ཆ་དྲིས་ནས་ཡིག་ཐོག་ཏུ་འགོད་པའི་ཚེ། དག་ཆ་ཏག་ཏག་མ་བསྡད་པའི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་ནི་ང་ཚོས་མཁྱེན་གསལ་རེད། རྒྱུ་མཚན་ནི། སྐད་གདངས་མི་གཅིག་པར་སོང༌། དོན་མགོ་མ་འཚོས། དོན་མགོ་མ་འཚོས་པར་བརྟེན་དག་ཆ་ནོར། མ་རེད་དམ།
མདའ་ཚན་པ་ལགས།
ཁྱེད་ཀྱིས་”ཏན་རྟགས”དང་། “བདེན་རྟགས”ཞེས་གསུངས་འདུག དེ་”དན་རྟགས”ལ་བསམས་ནས་གསུང་གི་ཡོད་ན་ནི་ཡིག་ནོར་རེད་ལགས།
སྒོམ་སྡེ།
ཐུགས་རྗེ་ཆེ། ཞུ་དག་གནང་བ། ངས་ཏན་ཏན་ཏིག་ཏིག་ཡིན་པའི་རྟགས་སམ་བདེན་པ་ཡིན་པའི་རྟགས་ལ་ཏན་རྟགས་དང་བདེན་རྟགས་ཞེས་བཀོད་པའི་ཁུལ་རེད་དེ་ཁྱོད་ཀྱིས་བཅོས་པ་ལྟར་དན་བྲིས་ནའང་ཁུངས་ཡོད་པ་རེད།
སྐུ་ཉིད་ཀྱིས་ངའི་ཡིག་ནོར་གཅིག་མ་གཏོགས་གོང་དུ་དོན་ཚན་བརྒྱད་བྲིས་པའི་དོན་ཆེན་དེ་ཚོའི་སྐོར་སྨྲ་བ་མེད་པའི་བརྟུལ་ཞུགས་འཛིན་པ་དེ་ཅི་ཡིན་ནམ།
ཚེ་རིང་ལོ་བརྒྱ་སོགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ། སྡེ་རོང་གི་དེབ་དེ་འཚོལ་གྱི་ཡིན། ངའི་རྒྱུ་མཚན་ནི། སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་མི་ཉག་གི་སྐོར་ལ་གསུང་བཤད་གནང་བ་ཞིག་ལ་ང་ཉན་དུ་ཕྱིན་པ་ཡིན། ང་ཁ་གདངས་དགོས་པ་ཞིག་བཟོས་བྱུང་། ཁྱེད་ཀྱིས་གསུངས་པའི་མི་ཉག་ཕྱི་མའི་རྒྱལ་རབས་ཀྱི་སྐོར་དེ་རེད། ཧ་ལམ་བཙན་པོ་ཚོའི་དབང་ཤུགས་ཀྱི་ཚད་ལ་འགྲན་པ་ཞིག་བྱུང་ཡོད་འདུག དེ་ཡང་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ལ་རེད་འདུག དྲ་ཐོག་ནས་ཝི་ཀི་པི་ཌི་ཡ་སོགས་ལ་བལྟས་སྐབས་འབྲེལ་ཐག་འདི་དག་ན་ཡོད་པའི་གནས་ཚུལ་རྣམས་མཐོང་བྱུང་།
http://en.wikipedia.org/wiki/Tangut_Empire
http://www.suuh.org/towers/muya05_en.htm
མི་ཉག་གི་སྐད་ཀྱི་སྐོར་ལ་ཡང་དྲ་ཐོག་ན་འགའ་འདུག ཡ་མཚན་པོ་འདུག མི་ཉག་ལ་ Tangut ཐང་གུར་ཞེས་པ་ལྟ་བུར་འབོད་པ་ནི་ སོག་པོས་བཏགས་པའི་མིང་རེད་ཟེར། མིང་འདི་སྤྱད་ནས་སོག་པོ་དང་ཡང་རྒྱ་ཕྱོགས་ཀྱིས་ བོད་ལའང་འབོད་པ་རེད་ཟེར། བོད་ཡིག་ཏུ་ མི་ཉག་དང་། མཚམས་རེར་ མྱ་འམ་མྱཱ་ཞེས་ཀྱང་འབོད་ཟེར། སོག་པོས་ཆམ་ལ་འབེབས་སྐབས་ཀྱི་ལོ་རྒྱུས་ཁ་གསལ་ཞིག་ལྷོ་རོང་ཆོས་འབྱུང་ན་འདུག་ཟེར།
མཆན་འདེབས་ས་ནོར་འདུག
མི་ཉག་སྐོར་དེ་སྡེ་རོང་གི་དེབ་ལས་རྒྱལ་མོ་འབྲུག་པའི་དེབ་ནང་ནའང་ཅུང་ཟད་མང་ང་འདུག
དེབ་ཐེར་དམར་པོའི་ནང་ཡང་ཅུང་ཟད་ཡོད་པ་རེད། མདོ་སྨད་ཀྱི་ས་ག་ཚོད་ཅིག་ཡིན་མིན་མི་ཤེས་ཀྱང་མི་ཉག་རྒྱལ་རྒོད་འོག་ས་ཆ་གང་འཚམས་ཡོད་པ་འདྲ། བླ་བྲང་དགེ་བཤེས་སྦྱིན་པ་ལ་དོན་རྒྱལ་གྱིས་བཅར་འདྲི་བྱས་པ་ཞིག་ནང་། འདི་ཕྱོགས་སྔོན་མི་ཉག་རྒྱལ་རྒོད་ཀྱིས་བཟུང་ཡོད་པ་ལ་རྗེས་སུ་ཁོ་ཚོ་དཔོན་རབ་བརྟན་ཟེར་བ་ཞིག་ནས་མཐར་སྤྲད་པ་རེད་ཟེར་བ་ལྟ་བུ་ཞིག་སྔོན་མ་ཞིག་ལ་མཐོང་མྱོང་།
གནམ་ལྕགས་ལ།
ཁང་གསར་རྡོ་རྗེའི་བཤད་པ་ལྟར། ཕྱོགས་ཞེན་གྱི་འཕྲང་ལས་མ་ཐར་བར་བསྡད་ཡོད་མཁན་དེ་གནམ་ལྕགས་ཟེར་བ་དེ་རེད། ང་དགོད་ཤོར་གི་འདུག དབུས་སྐད་རྒྱ་སྐད་དང་ཉེ་བ་འདུག་ཟེར་ན་མ་འོས་པ་ཡིན་པའི་རྒྱུ་མཚན་ངས་རྩ་ནས་ཤེས་ཀྱི་མི་འདུག དེས་ན་ཨམ་སྐད་ཀྱི་གདངས་དེ་སོག་སྐད་དང་ཨ་རབ་འདྲ་བོ་འདུག་ཟེར་ན་དེ་ཡང་མ་འོས་པའི་གཏམ་ཡིན་རྒྱུ་རེད། སྒོམ་སྡེས་བོད་ཁུངས་རྒྱ་གར་ལ་གཏུགས་པ་དང་བོད་སྐད་ནང་ལེགས་སྦྱར་ཟུར་ཆག་མང་ཚུལ་བཤད་པ་དེ་ཡང་མ་འོས་པ་ཡིན་རྒྱུ་རེད། ད་དེ་ཡིན་ན་ལོ་རྒྱུས་སྐོར་བགྲོ་གླེང་བྱེད་ས་འགྲོ་གི་མ་རེད། མདོ་ཁམས་ས་ཆ་རྒྱ་ནག་ཐང་གི་འོག་ཏུ་ཕྱིན་པ། བོད་བཙན་པོའི་འོག་ཏུ་ཕྱིན་པ།ཙོང་ཁ་རྒྱལ་པོའི་འོག་ཏུ་ཕྱིན་པ། མི་ཉག་རྒྱལ་རྒོད་ཀྱི་འོག་ཏུ་ཚུད་པ། སོག་པོའི་འོག་ཏུ་ཚུད་པ། མཐའ་མ་རྒྱའི་འོག་ཏུ་ཚུད་པ་དེ་ཚོ་ཚང་མ་སྦས་དགོས་པ་རེད་དམ། བྱིས་པ་ཆུང་ངུ་ཚོས་ཁྱེད་ཚོའི་སྡེ་བ་དང་ངེད་ཚོའི་སྡེ་བ་ཟེར་ནས་རྩོད་པ་དང་འདྲ་བོ་འདུག
ལ་ལ།
སྐད་གསར་བཅད་དེ་ཡི་གེ་དང་འགྱུར་གྱི་གསར་བཅད་མིན་འགྲོ། ཡིན་ནའང་། དེས་སྐད་ལ་ཏན་ཏན་ཤུགས་རྐྱེན་ཐེབས་ཡོད་པ་རེད་འདོད། ལྷག་པར་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་གནས་དང་མི་རིགས་སྣ་མང་འདུ་འཛོམས་བྱེད་ས་ཡིན་པས་སྐད་ལ་ཤུགས་གང་འཚམས་ཐེབས་ཡོད་པ་དེ་བཤད་མ་དགོས་པ་རེད། ཁྱེད་ཀྱི་སྐད་ཆ་འདི་ནི་སྐད་ཆ་གསར་པ་ཅང་མ་རེད། ཨ་མདོའི་སྐད་དེ་ཡིག་སྐད་དང་དབུས་སྐད་ལ་མི་འདྲ་བའི་སྒྲུབ་བྱེད་ལ་ཚང་མས་གནའ་ནས་ད་བར་སྐད་ཆ་གཅིག་པ་ཞིག་བཤད་ཡོང་གི་ཡོད་པ་རེད་དེ། མི་འདྲ་བའི་ཁྱད་པར་དེ་ལོ་གཅིག་སྟོང་ལྷག་བརྒྱུད་ཡོང་བའི་འགྱུར་བ་གཅིག་པོས་སྒྲུབ་མི་ཐུབ་པ་འདྲ།
ཝྰ་ར་ཎྰ་སི། མདོ་དབུས་གཉིས་ཀྱི་སྐད་ཀྱི་ཁྱད་པར་དེ་བརྡ་རྙིང་ཡོད་མེད་དང་གདངས་གཅིག་པོ་མ་རེད། སྐད་ཀྱི་ནང་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་ཀྱང་འདྲ་གི་ཡོད་པ་མ་རེད། ཡིག་ཐོག་གི་བརྡ་སྤྲོད་དང་སྐད་ཆའི་ནང་གི་བརྡ་སྤྲོད་གཉིས་ལོགས་ཀ་རེད།
ད་ཆེས་ཉན་སྤྲོ་བ་དེ། རང་རང་གི་ཕ་ཡུལ་གྱི་སྐད་ནང་གི་བརྡ་སྤྲོད་སྐོར་ངོ་སྤྲོད་རེ་བྱས་ན་དེ་ལ་ཉན་འདོད་ཤིན་ཏུ་ཆེ། དཔེ་བཞག་ན། ཀྱང་འང་ཡང་གསུམ་གྱི་ཚབ། ལ་དོན་གྱི་ཚབ། དེ་ཏེ་སྟེ་གསུམ་གྱི་ཚབ་ཇི་ལྟར་ཕལ་སྐད་ནང་ཤོད་པ་སོགས། ཨ་མདོར་མཚོན་ན། ཀྱང་འང་ཡང་གསུམ་གྱི་ཚབ་ར་རེད། ལ་དོན་ཚབ། རྟེན་གནས་ཡིན་ན་ན་དང་། གཞན་པ་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར། བྱང་ང་འཁོར། ཐུར་ར་རྒྱུགས་ལྟ་བུ། ལྷག་བཅས་མཚམས་སྦྱོར་ལ་འཇུག་ཚུལ་ཡང་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར། ཤོར་རས་ཡོང་། རྒྱུག་གས་སོང་། མནན་ནས་བསྡད། རྗེས་འཇུག་ད་དང་ལ་གཉིས་ཡིན་ན་ལས་སྦྱོར། དེད་ལས་ཡོང་། བརྒལ་ལས་སོང་ལྟ་བུ།
ངས་གོང་དུ་བཏབ་པའི་མཆན་ལ་མདའ་ཚན་པས་ལན་བཀྱོན་མི་འདུག་པས་མི་སྨྲའི་བརྟུལ་ཞུགས་ཀྱི་ངང་ནས་ངའི་སྐད་ཆ་དེ་དག་བློ་ལ་ཅུང་ཟད་བབས་པ་མིན་ནམ་བསམས་སོང་། དེ་ལྟར་བྱུང་ན་ངས་མཆན་འདི་དག་བཏབ་གོ་ཡང་ཆོད་པ་རེད་སྙམ་ནས་དགའ་སོང་། ཁ་བརྡ་དྲྭ་ཚིགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་ང་ཚོ་བོད་པ་རྣམས་ཕན་ཚུན་བསམ་མནོ་བརྗེ་རེས་བྱེད་ཐུབ་པའི་ཐོག་ནས་བོད་ཀྱི་བསྟན་སྲིད་དང་རིག་གནས་ལ་ཕན་པ་ཅུང་ཙམ་བསྒྲུབ་ཐུབ་རྒྱུ་དེ་རེད་བསམ་གྱི་ཡོད། ལར་བསམ་མནོ་བརྗེ་རེས་བྱེད་པ་ལ་སྐབས་སྐབས་སུ་གཞན་གྱིས་རང་ལ་མ་བཤད་ན་རང་སྐྱོན་ཡིན་ཀྱང་ཧ་མི་གོ་བའི་སྐྱོན་དེ་འབྱུང་བ་རེད། དེ་ལྟར་ན་གོང་དུ་མདའ་ཚན་པ་ལགས་ལ་འཛེམ་བག་མེད་པར་ཚིག་འགའ་ཞུས་པ་བཞིན་སྐད་ཆ་དེ་དག་རྒྱས་བཤད་ཞིག་བྱེད་འདོད་བྱུང་།
༡༽མདའ་ཚན་པས་དབུས་སྐད་རྒྱ་སྐད་འདྲ་ཟེར་བ་དེ་ཁང་གསར་ལགས་ཀྱིས་རྒྱ་གར་སྐད་ལ་གོ་ནོར་ཤོར་འདུག དོན་ལ་རྒྱ་ནག་གི་སྐད་རེད། མདའ་ཚན་པའི་སྒྲུབ་བྱེད་ལ་རྒྱ་ཡི་དེབ་ཐེར་དུ་རྒྱ་རྒྱུད་རྒྱལ་ཕྲན་ཞིག་དབུས་གཙང་དུ་སྤོས་པས་དེའི་རྒྱུད་པ་ཡིན་ཞེས་བཤད་འདུག རྒྱའི་དེབ་ཐེར་ལྟར་རྒྱ་རྒྱུད་དབུས་གཙང་དུ་སྤོས་པ་རྒྱུ་མཚན་དུ་དྲངས་ན། ཕྱི་གླིང་བས་ཕྱི་གླིང་བའི་གྲུབ་མཐའི་ཚོ་པ་ཞིག་ཧེ་མ་ལ་ཡའི་རི་རྒྱུད་དུ་སྤོས་སོང་བ་ལས་བོད་མི་བྱུང་བར་བཤད་པ་དེ་གང་དུ་བཞག་རྩིས་ཡོད། རང་མི་རིགས་རང་གི་ལོ་རྒྱུས་ལ་ཁུངས་མ་གཏུག་པར་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་དང་བཤད་རྒྱུན་ཐན་ཐུན་རེ་འགའ་ལུང་དུ་དྲངས་ནས་རྣལ་མར་འཛིན་པ་དེ་རྩ་བ་བསྐྱུར་ནས་ཡལ་ག་འཇུས་པ་ལྟར་རང་གཟུངས་ལྷག་མེད་ཤོར་རྒྱུ་རེད།
༢༽དབུས་སྐད་རྒྱ་སྐད་འདྲ་ཟེར་ན། ཨམ་སྐད་དེ་སོག་སྐད་དང་ཐག་དེ་བས་ཉེ། དབུས་གཙང་བས་ཨམ་སྐད་དེ་ཉན་ན་ཧྲག་རྩིང་རྩུབ་རལ་རྣ་ལ་གཟན་པ་ཞིག་འདུག་ཟེར། སྤྱིར་མདོ་དབུས་ཁམས་ཀྱི་ཆོལ་ཁའི་དབྱེ་བ་དང་སྐད་གང་རང་རྒྱུད་འཇགས་ཆེ་བ་འདྲིས་ཆེ་ན། དེ་ལ་ཞེན་ཆེ་བར་ཆ་བཞག་ནས་བོད་རིགས་རང་གི་བོད་སྐད་སྐད་གདངས་མི་འདྲ་བའི་ལེགས་ཉེས་གླེང་ན་གཟུ་དཔང་མི་ཡོང་། དེས་ན་བོད་ཡིག་ལ་འབྲེལ་འདྲིས་མེད་པ་བོད་སྐད་ཡེ་ནས་མི་ཤེས་མཁན་ཕྱི་གླིང་བ་ཞིག་ལ་རྒྱ་དང་མདོ་དབུས་ཁམས་གསུམ་གྱི་སྐད་དེ་དག་ཉན་དུ་བཅུག་ནས་ཁྱད་པར་གང་ཡོད་དྲིས་ན་དཔྱད་པ་དྲང་བ་ཡོང་བ་རེད། སྔོན་མ་ཚོགས་ཆེན་ཞིག་ན་རྒྱ་བོད་སོག་དབྱིན་ཁོ་རེ་ཡ་སོགས་སྐད་རིགས་མང་པོ་ཞིག་མཉམ་འཛོམས་སྐད་བསྒྱུར་བྱེད་དུས་བོད་སྐད་དེ་མདོ་དབུས་ཁམས་གསུམ་གྱི་བོད་མིས་རང་སྐད་རང་བཤད་བྱས་པ་རེད། དེར་ཕྱི་གླིང་བ་ཞིག་གིས་ཉན་པ་ལས་དབུས་སྐད་དེ་ཁོ་རེ་ཡ་དང་འཇར་པན་དབྱིན་སྐད་ལྟར་རྣ་ལ་འཇམ་ལ་སྙན་ཆ་ཆེ་བ་གདངས་མཐོ་དམན་འགྱུར་ཁུག་བཟང་བའི་ཁྱད་ཆོས་ཡོད་པ་དང་། རྒྱ་སྐད་དང་ཨམ་སྐད་ལ་སྒྲ་རེ་རེ་ཧྲང་ངེར་ཐོན་པ་གདངས་རྐྱང་པ་རྩུབ་ཧྲག་ཆེ་བ་རྣ་ལ་གཟན་པ་ཞིག་འདུག ཁམས་སྐད་དེ་ཅུང་གྱོང་བ་དེ་གཉིས་ཀྱི་བར་ན་རེད། སོག་སྐད་དེ་དབུགས་ཁོམ་མེད་པ་འགོ་ནས་མཇུག་བར་ཆུ་བཤོས་པ་ནང་བཞིན་ཚིག་ཟིན་དཀའ་བ་ཞིག་འདུག་ཟེར། ཕྱི་གླིང་བའི་གཏམ་དེ་ལས་དོན་གང་བསྟན་པར་བསམ་བློ་ཐོངས། ཁྱེད་རང་ཚོ་ཡིད་མ་ཆེས་ན་RFAསོགས་ལ་མདོ་དབུས་ཁམས་གསུམ་གྱི་སྐད་ཡོད་པས་འཁྲིས་ན་ཡོད་པའི་མགོ་སེར་བོད་སྐད་མི་ཤེས་མཁན་ཞིག་ལ་ཉན་བཅུག་ནས་གང་ཟེར་བར་ལྟོས་དང་།
༣༽ སྐད་རིགས་གཞན་སྤྱོད་པ་ལ་དབུས་གཙང་དང་། ལྷག་པར་ལྷ་ས་བ་རྣམས་སྒྲ་དག་པོ་ཡོད་པ་ནི་ཁས་མ་ལེན་རང་ལེན་རེད། ང་རང་རྒྱ་ཡིག་དང་དབྱིན་ཡིག་གི་སྒྲ་གདངས་འགའ་ལ་དཀའ་ངལ་འཕྲད་གྱི་ཡོད་མོད། དབུས་གཙང་བ་རྣམས་ལ་དེ་ལྟ་བུའི་དཀའ་ངལ་ཉུང་བ་དང་། ལྷ་ས་བ་ཞིག་ཡིན་ན་སྒྲ་ཡི་སྐྱེ་གནས་གང་ཞིག་ཡིན་ཀྱང་ཆུ་རྒྱུགས་རྒྱུགས་ལྟ་བུའི་ཁྱད་ཆོས་ཞིག་ཐོན་རྒྱུ་འདུག རྒྱུ་མཚན་ནི་དབུས་སྐད་དེ་བོད་སྐད་ནང་ནས་འཕེལ་རྒྱས་ཆེ་ཤོས་དེ་ཡིན་ལ་སྒྲ་ཡི་སྐྱེ་གནས་ཚང་བར་སྤྱོད་ནུས་ལྡན་པས། སྐད་རིགས་གཞན་སྦྱོང་དུས་སྒྲ་དག་པོ་ཡོང་བ་རེད། དབུས་སྐད་དང་བསྡུར་ན་ཨམ་སྐད་དེ་འཕེལ་ནུས་ཚད་བཀག་ཐེབས་ཤིང་སོག་རྒྱའི་ས་མཐའི་གྲོང་སྐད་ཀྱི་ཤན་ཞུགས་ལ། བཙན་པོའི་དུས་རྗེས་ཀྱི་བཀས་གསར་བཅད་དང་བོད་སྐད་འཕེལ་རྒྱས་ཀྱི་རྗེས་མ་ཟིན་པ་ཞིག་རེད། རྒྱ་ཡི་སྤྱི་སྐད་ཟེར་བ་དེ་རྒྱ་ནག་བྱང་ཕྱོགས་ཀྱི་གདངས་གཙོ་བོར་བྱས་པའི་པེ་ཅིང་གི་སྐད་ལ་ཟེར་བ་རེད། ཨམ་སྐད་ལ་ཤན་ཞུགས་པ་ནི་རྒྱ་སོག་ས་མཐའི་ཡུལ་སྐད་ཧྲག་པོ་རེད། རྒྱ་སྐད་ལ་ཡང་ཡུལ་སྐད་མི་འདྲ་བ་སྣ་ཚོགས་ཡོད་ལ། རྒྱ་སྐད་ཡིན་ལ་གོ་བརྡ་མི་འཕྲོད་པའི་ཡུལ་སྐད་མང་པོ་ཡོད། མི་རིགས་ནང་ཁུལ་སྐད་བརྡ་མི་འཕྲོད་པ་ང་ཚོ་བོད་པ་ཙམ་མིན་པ་ཞོར་འཕྲོས་ཡིན།
༤༽ མདའ་ཚན་པས་ཨ་མདོར་ཡོད་པའི་གླུ་ཤགས་སོགས་པ་མང་པོ་ཞིག་དབུས་གཙང་ན་མེད་པའི་སྒྲུབ་བྱེད་
༤༽ མདའ་ཚན་པས་ཨ་མདོར་ཡོད་པའི་གླུ་ཤགས་སོགས་པ་མང་པོ་ཞིག་དབུས་གཙང་ན་མེད་པའི་སྒྲུབ་བྱེད་བཀོད་འདུག དབུས་གཙང་ལ་གླུ་ཤགས་སོགས་པ་མེད་པ་མ་རེད། ཁང་གསར་ལགས་ཀྱིས་དཔེ་རུ་དྲངས་འདུག་པས་མང་ན་ཉུང་ན་དེ་སྔོན་དར་མྱོང་བའི་ཤུལ་ལྷག་ཡོད་ལ། མི་འདུག་བསམ་པ་ནི་ཁྱེད་རང་གིས་མ་མཐོང་བའི་རྒྱུ་མཚན་ཙམ་གྱིས་རེད། རང་གིས་མ་མཐོང་མ་ཐོས་མེད་པར་དགོངས་ན། རང་གིས་རང་ལ་སྣ་རྒྱུགས་བཞུས་པ་རང་རེད། ད་དུང་དབུས་ལ་ཡོད་པ་ཨ་མདོ་ལ་མེད་པ་ཁྱེད་ཀྱིས་དྲངས་མི་འདུག དབུས་གཙང་ལ་ཡོད་པ་ལྷ་མོ་རྣམ་ཐར་དང་གཞས་ཆེན་སོགས་པ་ཨ་མདོ་ལ་མེད་པ་ཨ་མདོ་ཀུན་གྱིས་ཁས་བླངས་བླངས་པ་རྩོད་མེད་རེད། དེ་ལས་དེང་སྐབས་ང་ཚོས་གློག་ཀླད་ལ་འཐམས་ནས་ཁ་བརྡ་གློད། གླུ་གཞས་ཉན་པ་དང་། བོད་ལུང་ཁུག་དེ་ཚོར་སྒྲ་སྡུད་འཕྲུལ་ཆས་དག་ལས་གཞས་ཉན་བཞིན་པ་དང་ཆ་རེད། ང་ཚོ་ད་ལྟ་གློག་ཀླད་རྩེ་མཁན་དག་ཀྱང་ལོ་མང་པོའི་གོང་དུ་སྒྲ་སྡུད་འཕྲུལ་ཆས་འཁྱེར་ནས་དར་སོ་ཆེན་པོས་གཞས་ཉན་པའི་དུས་དེ་བརྒྱུད་མྱོང་བ་རེད། ལོ་བཅུ་ཤས་གོང་གི་ལོ་རྒྱུས་རེད། སྔོན་མའི་སྒྲ་སྡུད་འཕྲུལ་ཆས་དེ་ད་ཆ་རེ་འགས་མཚམས་རེ་བེད་སྤྱོད་པ་དང་། རེ་འགས་བེད་མེད་དུ་བསྐྱུར་བ། རེ་འགས་གད་སྙིགས་སུ་བརྩིས་ནས་མཐོང་སར་མེད་པ་ཆགས་ཡོད། འོན་ཀྱང་བོད་ཀྱི་ལུང་ཁུག་དེ་ཚོར་ད་ཆ་ཡང་སྒྲ་སྡུད་འཁོར་ཐག་ལ་དབྱིངས་ཚུད་པའི་སྒང་རེད། ང་ཚོ་ཁ་བརྡའི་གྲོགས་པོ་ཚོར་སྒྲ་སྡུད་ཡོད་དམ་ཟེར་ན་སྔོན་མ་ཡོད་མྱོང་། ལུང་ཁུག་པ་ཚོར་གློག་ཀླད་ཡོད་དམ་ཟེར་ན་ད་བར་ཡེ་ནས་མེད། རིགས་འགྲེ།
༥༽དབུས་སྐད་ལ་རྒྱ་སྐད་མང་པོ་འདུག་ཟེར། ངས་བལྟས་ན་ཨ་མདོ་རོང་པ་དེ་ཚོས་བཤད་པའི་སྐད་ཆའི་ནང་རྒྱ་སྐད་ཀྱིས་བརྒྱ་ཆ་ཉི་ཤུ་ཡན་ཟིན་གྱི་འདུག་ལ་རྒྱ་སྐད་དང་ཨམ་སྐད་འདྲེས་མར་བཤད་དུས་འཁོན་ཐོགས་ཏིལ་འབྲུ་ཙམ་ཡང་མི་འདུག་པ་མ་ཟད། རྒྱ་མ་ཨམ་གྱི་སྐད་གདངས་ཧ་ལས་པ་ཞིག་གི་ཐོག་ནས་བཤད་ཀྱི་འདུག བླ་བྲང་དང་སྐུ་འབུམ་སོགས་པའི་རྒྱ་མ་ཨམ་གྱི་སྐད་དེ་ཧང་སངས་དགོས་པ་ཞིག་རེད། དབུས་སྐད་ལ་དེང་དུས་དུས་ཀྱི་དབང་གིས་རྒྱ་སྐད་བསྲེས་པ་མང་མོད། ༡༩༥༠ལོའི་གོང་དུ་ཟ་མ་སོགས་དང་རིག་གཞུང་ཀུན་བཅུད་བཟང་ལེན་བྱས་པའི་ནང་དུ་རྒྱ་དཀར་ནག་གཉིས་སོགས་པའི་གཡར་ཚིག་ཡོད་པ་ལས་ཁ་སྐད་ལབ་གླེང་ནང་ལ་བོད་སྐད་ཡོད་བཞིན་དུ་རྒྱ་སྐད་བསྲེས་པའི་ར་མ་ལུག་གི་སྐད་ཆ་བཤད་པ་མེད་པ་རེད། རྒྱུ་མཚན་ནི་སྐབས་དེར་དབུས་གཙང་བརྒྱུད་དུ་རྒྱ་མི་ཐར་ཐོར་ལས་མེད་ལ། ལོ་རྒྱུས་རིང་པོའི་ནང་དབུས་གཙང་དུ་རྒྱ་མི་འཕོན་ཆེན་གནས་བཅས་པ་དང་རྒྱ་འདྲེས་ཤོར་བའི་གནས་ཚུལ་ལྷག་མེད། འོན་ཀྱང་ཨ་མདོ་ནི་རྒྱ་སོག་དང་ས་འདྲེས་རྡོ་འདྲེས་སུ་གནས་ཡོད་པས་རྒྱ་སོག་ཁ་ཆེ་སོགས་པའི་མི་རིགས་མང་པོའི་ཁྲག་རྒྱུན་འདྲེས་ཡོད་སྟབས་སྐད་ལ་ཡང་དེའི་རྐྱེན་གྱིས་ཤན་སྣ་ཚོགས་པ་ཞིག་ཞུགས་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།
༦༽ ཁྱོད་ཀྱིས་ཐོག་མའི་རྩོམ་གྱི་ཁས་བླངས་སྤངས་ནས་བོད་དམག་གི་རྒྱུན་ཡོད་པ་མཆན་དུ་བཀོད་མོད། ཞོར་དུ་བོད་དམག་ཁོ་ནའི་རྒྱུད་པ་མིན་པར་བཤད་ནས་རང་གི་ཁས་བླངས་ཤུགས་སུ་སྒྲུབ་ཐབས་བྱས་འདུག སྦར་མོས་ནམ་མཁའ་མི་ཁེབས་པ་གཏན་གཏན་རེད། ཤེས་པ་འཛོམས་པའི་མི་ཞིག་ཡིན་ན། རིགས་རྒྱུད་ཤ་གཙང་རུས་གཙང་ཞིག་འཛམ་གླིང་འདི་ན་མེད་པ་གསལ་པོར་ཤེས་ངེས་རེད། མི་རིགས་གང་ཞིག་ཡིན་རུང་མི་རིགས་ཆང་ངེ་ཆུང་ངེ་མང་པོ་ལོ་རྒྱུས་ཀྱི་ཕུ་རིང་ནང་འཕུར་མཉེས་ཐེབས་ནས་མི་རིགས་ཆེ་བ་རེ་རེར་འདུས་ལ། མི་རིགས་ཆེ་བ་དེ་ཡང་དེ་དག་ལས་དབང་ཤུགས་ཆེ་བ་མི་ཚོགས་མང་བ་དེའི་ཁོངས་སུ་ཚུད་ཡོད། ཨ་མདོ་བར་ད་བར་དུ་བོད་ཨ་མདོ་ཟེར་བས་བོད་རིགས་གཙོ་ཆེ་བ་དང་མཐའ་འཁོར་གྱི་མི་རིགས་སོག་རྒྱ་ཁ་ཆེ་སོགས་པ་དབང་དུ་འདུས་པ་ཞིག་ཡིན་པ་གོར་མི་ཆག དེས་ན་བོད་དམག་གི་རྒྱུན་དེ་གཙོ་ཤས་ཡིན་ལ་མི་རིགས་གཞན་པ་དག་ཁོངས་སུ་བསྡུས་པ་ཁྲག་རྒྱུད་འདྲེས་མང་བ་ཞིག་ཡིན་པ་འདྲ།
༧༽བོད་མིའི་མི་ཁུངས་རྒྱ་ལ་གཏུག་པ་དེ་གཏམ་གསར་པ་ཞིག་གཏན་ནས་མ་རེད། དེའི་ཐད་ཁུངས་ལུང་མང་པོར་གཏུག་པའི་རྒྱ་རྩོམ་ཆབ་ཆོབ་མང་པོ་འདུག ཉེ་ཆར་2008ལོར་བྲིས་པའི་དཔྱད་རྩོམ་རྙིང་པ་ཞིག་རོ་ལངས་བརྒྱབ་ནས་དྲ་ངོས་རེ་འགར་མཐོང་རྒྱུ་འདུག དེའི་ནང་བོད་རྒྱ་མི་ཁུངས་གཅིག་པ་ཡིན་ལུགས་རྣམ་པ་བཅོ་བརྒྱད་བཤད་ལུགས་ལ། ལོ་རྒྱུས་དང་། གནའ་རྫས། བོད་མིའི་ལུས་ཕུང་གི་DNAསོགས་པར་ཕྱི་རྒྱལ་གྱི་མཁས་པ་ཡིན་ཟེར་བ་འགའ་དང་རྒྱའི་མཁས་པ་ཡིན་ཟེར་བ་འགས་མཉམ་དུ་དཔྱད་ཞིབ་བྱས་ནས་བསྒྲུབ་འདུག དེ་ནི་རྒྱ་ནག་གཞུང་གིས་བཀའ་སློབ་ལྟར་བྲིས་པའི་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་རིག་གཞུང་དཔྱད་རྩོམ་རྫུས་མ་ཞིག་རེད། རྒྱུ་མཚན་ནི་རྒྱ་ནག་ལ་མི་རིགས་མང་པོ་འདི་འདྲ་ཡོད་པ་ལས་བོད་རིགས་གཅིག་པུ་ཚུར་བཏོན་ནས་རྒྱ་དང་རྒྱུད་གཅིག་པ་ཡིན་པ་བཤད་དགོས་དོན་མེད། མ་ཟད་དེང་དུས་རྒྱ་གཞུང་གི་དྲིལ་བསྒྲགས་དེ་དམར་རྗེན་གྱི་ཆབ་སྲིད་དྲིལ་བསྒྲགས་གཅིག་པུ་མ་ཡིན་པར་ཕྱོགས་གང་ས་ག་ལ་ཁྱབ་ཡོད། ཞབས་འདེགས་ཞུ་མིར་ཕྱི་རྒྱལ་གྱི་མཁས་པའི་མིང་རྟགས་པའི་མི་མང་པོ་རྒྱུ་ནོར་གྱིས་བསླུས་ནས་ཁོང་ཚོའི་ཕྱོགས་གསུམ་པའམ་གཟུ་དཔང་གི་ཐོབ་ཐང་དེ་གཡར་ནས་བདེན་པར་སྒྲུབ་ཀྱི་ཡོད། བརྙན་འཕྲིན་གྱི་དྲིལ་བསྒྲགས་མང་པོའི་ནང་ཕྱི་གླིང་མགོ་སེར་མང་པོས་བོད་བསྐོར་ནས་རྒྱལ་ཁབ་གང་ལ་ཡང་ཡོད་སྲིད་པའི་སྐྱོན་ཐར་ཐོར་རེ་འགའ་དྲངས་བའི་ཞོར་དུ། གཙོ་བོ་བོད་མི་མི་རིགས་གཞན་དང་འདྲ་བའི་ཐོབ་ཐང་ཡོད་པ་དང་སྐྱིད་པོ་ཡོད་ལུགས་བཤད་ཀྱི་འདུག བོད་རྒྱ་མི་ཁུངས་གཅིག་པར་བཤད་པ་དེ་ཡང་རིགས་འགྲེ། དེས་གང་ཞིག་ངོ་འཕྲོད་པར་ཕན་ནམ་ཞེ་ན། གནའ་སྔ་མོའི་དུས་ནས་བོད་དེ་རྒྱ་ཁོངས་ཡིན་པ་ར་འཕྲོད་པ་རེད།
ཆོལ་ཁའི་ཞེན་ཁོག་གི་ཞྭ་མོ་ཆེན་པོ་དེ་གཡོགས་མ་ཡོང་རོགས། ངས་དབུས་སྐད་སྐོར་གླེང་བ་དེ་ཨ་མདོ་ལ་ཕྱོགས་ལྷུང་གི་ལྟ་བ་བཟུང་ནས་བཤད་པ་མ་ཡིན། ཨ་མདོ་ལ་ཡོད་པའི་ཡོན་ཏན་དེ་ཚོ་བརྗོད་མ་དགོས་པ་རེད། ཤར་རྒྱལ་བ་ཙོང་ཁ་པ་ནས་ད་ལྟའི་སྐྱབས་མགོན་རིན་པོ་ཆེ་བར་ཨ་མདོ་ནས་སྐྱེས་ཆེན་གྲངས་མེད་བྱོན་ཡོད་པ་རེད་ལ། ཨ་མདོ་བ་རྣམས་ཡོན་ཏན་སློབ་པ་ལ་བརྩོན་འགྲུས་ཆེ་བ་ལ་སོགས་པའི་ཁྱད་ཆོས་མང་པོ་ཡོ་རེད། ཡིན་ན་ཡང་སྐད་ཀྱི་ཐོག་ནས་དབུས་སྐད་དེ་བོད་ཀྱི་སྤྱི་སྐད་དུ་ངོས་འཛིན་དགོས་པ་ནི་བོད་མི་ཤེས་རབ་ཅན་ཞིག་གི་མདུན་དུ་ལོ་རྒྱུས་ཀྱིས་བཞག་པའི་གདམས་ཀ་ལེགས་ཤོས་དེ་རེད་བསམ་གྱི་ཡོད།
ཞེན་ཁོག ཞེན་ཁོག་གླེང་བས་ཁང་གསར་ལགས་ཀྱང་དག་འབུད་ཀྱི་མཆན་བཀོད་ནས་རང་གཙང་མ་བཟོ་བར་མགོ་འཁོར་དགོས་པ་བཟོས་ཏེ་དོན་གྱི་བགྲོ་གླེང་གནང་མཚམས་ཡང་དབང་མེད་བཞག་དགོས་ཐུག་འདུག དེ་ལྟར་ན་སྐད་ཆ་བཤད་ས་མེད་པ་ཆགས་འགྲོ་གི་འདུག ཕན་ཚུན་ཞྭ་མོ་མི་གཡོགས་པར་རང་རང་གི་རྒྱུ་མཚན་དྲངས་ནས་མུ་མཐུད་ཁོག་ཡངས་པོས་ཚ་ཚ་འུར་འུར་དུ་གླེང་ན་ལེགས། གླེང་མང་ན་དོན་གྱི་མདོག་ཁ་རིམ་གྱིས་ཐོན་ཡོང་།
མདའ་ཚན་པ་དང་ཁང་གསར་ལགས་སོགས་པ་མུ་མཐུད་ཡིན་དྰ།
མཆན་ཆ་ཚང་ཀློག་པ་ཡིན། ངའི་ཨ་མཚར་མཚར་ར་མཚར་དགུ་དེ་མིའི་བྱེད་སྤྱོད་དང་འབྲེལ་བའི་མཚར་སྣང་ཞིག་མིན་པར་རང་བྱུང་གི་ཆགས་གནས་དང་འབྲེལ་བའི་མཚར་སྣང་ཞིག་ཡིན་པ་རེད། གནམ་འགྱོགས་མཁན་མཁན་མེད་པར་མཐོན་པོ་ཡིན་པ། ཚེར་མ་གཞོག་མཁན་མེད་པོར་རྣོན་པོ་ཡིན་པ་སོགས་ཀྱི་མཚར་སྣང་ཞིག་རེད།
ཁྱེད་ཚོའི་མཉམ་དུ་བསམ་ཚུལ་ཞིག་བཤད་ན་འདོད་ནས་སྡོད་ཚུགས་གི་མི་འདུག
བསམ་ཚུལ་བཤད་རྒྱུའི་དུས་ཚོད་མེད་ནས་ཤི་གྲབས་བྱེད་ཀྱི་འདུག ང་ལ་ཡང་འདིའི་སྐོར་ལ་རྨོངས་འཆར་འགའ་ཡོད།
ཉིན་འགའི་རྗེས་ནས་འཁྱེར་ཡོང་གི་ཡིན།
༡ ངས་གོང་དུ་བྲིས་པ་དེ་ཚོ་མུ་མཐུན་པའི་ཕྱོགས་ནས་བྲིས་པ་རེད། མཐུན་ཕྱོགས་ནས་བཤད་ནའང་དེ་ལ་བཤད་རྒྱུ་མང་པོ་ཡོད་པ་རེད། ད་གཙོ་བོ་དེ་བོད་མིའི་རྒྱུད་དེ་ང་ཚོའི་ལོ་རྒྱུས་ནང་ལྟར་ཡར་ལུང་ནས་ཆད་པ་རེད་དམ་བྱང་ཕྱོགས་ནས་ཆད་པ་རེད། བྱང་ཕྱོགས་ནས་ཆད་པར་བརྗོད་པ་དེ་རྒྱུ་མཚན་པང་བསྒྲིགས་ནས་ཁུངས་མེད་དུ་སྒྲུབ་ཐུབ་བམ།
༢ ཨ་མདོར་དབུས་ནས་ཆད་མཁན་ཡོད་པ་ཁས་ལེན། རྩ་བའི་ཆ་ནས་ས་ཆ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཆང་ཟེར་བ་དེ་རེད། དབུས་ནས་ཆད་པའི་འབྲུག་ཆུ་དང་ཐེ་བོ་སོགས་ཨ་མདོར་ཡོང་ནས་ལོ་སྟོང་ཕྲག་ལྷག་འགོར་གི་ཡོད་ཀྱང་སྐད་ལོགས་ཀ་ཡིན་པ་དེ་ལྟར་རེད། གཞན་ཨ་མདོའི་ནང་འདྲེས་ཕྱིན་པ་ཡང་མང་པོ་ཡོད་རེད། དབུས་ནས་ཡོང་བ་དེ་ཚོ་མང་པོ་ཞིག་རྒྱལ་མཚམས་སུ་བསྡད་ཡོད་པ་རེད། རྒྱལ་མཚམས་སུ་བོད་མི་རྒྱ་རུ་ཆགས་པ་ཧ་ལས་པའི་མང་པོ་རེད། རྒྱ་ཡིས་མཁས་པ་ཞིག་གིས་ཀྱང་། བོད་མི་རྒྱ་རུ་ཆགས་པ་ས་ཡ་ལས་བརྒལ་ཡོད་ཚུལ་བཤད་ཡོད་པ་རེད། རྒྱ་བོད་མིར་ཆགས་པ་དེ་ལས་ཉུང་ང་རེད། དབུས་གཙང་གི་དམག་རྒྱུད་དེ་ཚོ་སྐོར་ཞིག་རྒྱ་རུ་འགྱུར་བ་རེད། སྐོར་ཞིག་གིས་རྒྱ་མཚམས་སུ་རྒྱ་སྐད་དང་ཨམ་སྐད་འདྲ་སེ་འདྲེས་སེ་ཞིག་བཤད་ནས་ཡོངས་སུ་ཉམས་མེད་པ་དེ་བདེན་པ་རེད།
༣ ད་མི་མཐུན་པ་གཞན་ཞིག་ནི་གཉའ་ཁྲི་བཙན་པོ་རྒྱ་གར་ནས་ཡོང་པ་རེད་དམ་ཡང་ན་རྒྱ་ནག་ནས་ཡོང་པ་རེད། ཡང་ན་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རེད། བོད་རང་གི་མི་ཞིག་ཡིན་ན་གོ་བརྡ་མ་འཕྲོད་པར་ལག་བརྡ་བྱེད་དགོས་དོན་ག་རེ་རེད། ད་རུང་གཉའ་བར་ཁྲི་བྱས་ཟེར་བ་དེའང་རྒྱ་གར་ནག་གཉིས་གང་རུང་གི་ཕེབས་བྱམས་ལ་བོད་ལ་རྒྱུས་མེད་པར་གཉའ་བར་ཁྲི་བྱས་ཟེར་བ་མ་ཡིན་ནམ།
༤ ངག་རྩོམ་གྱི་སྐོར་དེ་གོང་དུ་བཤད་ཚར། དབུས་ལ་མེད་པ་ཨ་མདོར་ཡོད་པ་དང་། ཨ་མདོར་ཡོད་པ་དབུསལ་མེད་པ་ཡོད་རྒྱུ་རེད། ཕན་ཚུན་ཤན་ཞུགས་པའང་ཡོད་རྒྱུ་རེད། ཡིན་ནའང་ཆེས་གདོད་མའི་དྲི་མ་ཡོད་པ། སྲིད་པའི་རང་འཐག་ཆ་བརྒྱད། རུས་སྦལ་དང་ཁྱུང་གི་སྐོར་གྱི་བཤད་པ། སྲིད་པ་ཆགས་གླུ་དེ་ཚོ་དབུས་པར་ཡོད་པ་རེད་དམ་མ་རེད། ངས་འདིར་རིག་གཞུང་ཕྱུག་པོ་ཡིན་མིན་རྩོད་གི་མེད། དེ་ལྟར་ཡིན་ན་ཁྱེད་ཀྱིས་ཨ་མདོ་ལ་ཤོན་དང་ལྷ་མོ་ཡོད་མེད་འདྲི་ཆོག་གི་རེད། ངས་འདི་ཚོ་འདྲི་དོན་ནི་ཨ་མདོ་དེ་ཆེས་གདོད་མིའི་མི་རིགས་བོད་ཀྱི་ཕྱི་མ་ལྟ་བུར་མཐོང་ནས་དེ་ལྟར་འདྲི་གི་ཡོད། ད་རུང་ཞང་ཞུང་ཡང་ཨ་མདོའི་ནས་ཆད་པའི་སྐོར་ཞིག་མཐོང་མྱོང་སྟེ་ཁུངས་དང་རྒྱུ་མཚན་གསལ་པོ་མ་རྙེད། ས་ཁམས་ཆགས་ཚུལ་ཐོག་ནས་བཤད་ན་འདྲ་སེ་ཡོད་པ་རེད། ཁུ་ནུ་རི་རྒྱུད་དེ་སྟོད་མངའ་རིས་ནས་སྨད་ཨ་མདོ་བར་ཐུག་ཡོད་པ་རེད། ཁུ་ནུའི་ཤར་ནུབ་ཀྱི་རྒྱུད་དུ་ཆགས་པའི་མི་རིགས་ཚང་མ་འབྲེལ་བ་ཞིག་ཡོད་པར་མཐོང་། དེའི་ནང་མན་ཇུ་དང་སོག་པོའང་ཚུད་ཡོད་པ་རེད།
༥ mongoloid ལ་བྱང་དང་ལྷོ་གཉིས་སུ་བརྩི་གི་ཡོད་པ་ལྟར། བོད་ཀྱི་ལྷོ་ངོས་དེ་ས་ཆའི་ཆགས་རིམ གཙང་བོ་གང་ལ་བལྟས་ན་ལྷོ་བར་འབྲེལ་ཆེ་བ་ལྟ་བུར་མཐོང་། ལྷོ་དེར་རྒྱ་ནག་གི་ཤན་ཞུགས་པ་མང་ང་ཡོད་པ་རེད། ཁ་སང་ངས་དྲངས་པའི་རྒྱ་ནག་གི་ལོ་རྒྱུས་དེ་ལའང་དཔྱད་རྒྱུ་ཞིག་ཏན་ཏན་ཡོད་པ་འདྲ། དེ་ལྟར་ཡོད་པ་ཡིན་ན། མི་རིགས་དེ་འཇང་གི་ཁྲོད་སིམ་ནས་དེའི་སྐད་ཡིག་དང་བཅས་པ་འགྱུར་བ་ཡིན་ནའང་དེའི་ཤུལ་རྗེས་ཤིག་ང་ཚོར་རྙེད་གི་རེད་ལ། གོང་གི་ངས་དྲངས་པ་དེ་ཚོའང་དེའི་རྗེས་ཤུལ་རེད། ཁྱེད་ཀྱིས་བཤད་པ་ལྟར་སྐད་ལ་འགྱུར་བ་བྱུང་བའི་གོ་རིམ་དེ་ཚོར་ངས་བསམ་བློ་གཞིབ་ཚགས་བཏང་ཡིན། ཡིན་ན། རྩ་བའི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་བཅས་པ་མི་འདྲ་བའི་བར་ཆད་འདི་འདྲ་ཆེན་པོ་ཞིག་ཡོང་དགོས་དོན་ངས་བློ་ངོར་འཆར་གི་མི་འདུག ལོ་ངོ་གཅིག་སྟོང་ནང་དེ་འདྲ་འགྱུར་བ་ཆེན་པོ་ཞིག་ཡོང་མི་སྲིད་པ་ཞིག་རེད། ལོ་ངོ་གཅིག་སྟོང་གོང་ཀོང་པོ་ནས་ཡོང་བའི་འབྲུག་ཆུའི་སྐད་ལ་ཅིག་ལྟོས། དེ་ནས་ཀོང་པོའི་སྐད་ལ་ཅིག་ལྟོས། འགྱུར་བ་ག་ཚོད་ཕྱིན་འདུག དེས་ཀྱང་རོབ་ཙམ་ཚོད་དཔག་བྱེད་ཐུབ་གི་རེད།
༦ བོད་འདི་གཅིག་གྱུར་ཆགས་པ་ནས་ཕྱོགས་མཐའི་རིག་གཞུངགི་ཤུགས་རྐྱེན་ཚང་མ་ཆུ་གཉེར་སྒོར་མོ་ཞིག་བཞིན་དབུས་ལྟེ་བར་བྱས་པའི་དཀྱིལ་ནས་མཐའ་རུ་བཀྱེད་པ་དེ་ཚོའི་སྐོར་བསམ་ཚུལ་གཅིག་པ་རེད། མང་དུ་བཤད་མི་དགོས་པ་བྱེད། བླ་ཆེན་གོང་ཨ་མདོར་མཁས་པ་མེད་པ་ཡང་དེས་ཡིན་རྒྱུ་རེད། མར་རྒྱ་ནས་བཤད་ན་མཐའ་འཁོབ། ཡར་བོད་ནས་བཤད་ན་མཐའ་འཁོབ་ཡིན་པས་ཡིན་རྒྱུ་རེད། སྤྱིར་མཐའ་འཁོབ་པ་ཚོ་གང་ན་ཡིན་ན་རྩུབ་རེག་རེག་ཅིག་ཡོད་པ་རེད། དབུས་དེ་ཡ་རབས་གུས་ཞབས་ལྡན་པ་ཡིན་པ་དེ་ཚོ་དེ་ག་རང་རེད།
༧ བསྟན་པ་བྱང་ནས་བྱང་དུ་དར་བ་ལ་བརྟེན་ནས་མཁས་པའང་བྱང་ནས་བྱང་དུ་ཡོང་བ་རེད། ད་དེ་ཙམ་བྱེད། མདོར་དེད་ན་ཁྱེད་རང་གིས་མང་པོ་ཞིག་བཤད་འདུག་སྟེ་ངའི་གོང་གསལ་གྱི་དོན་ཚན་བརྒྱད་ཅན་དེའི་དྭོགས་གཞི་སངས་ཐུབ་པའི་ལན་གཅིག་གེ་རེག་མ་སོང་། རྩྭ་བའི་ངས་གོང་དུ་བཤད་པ་དེ་ཚོ་གྲྭ་བ་ཚོ་བཞིན་དམ་བཅའ་ཞིག་འཛིན་པའི་ཆེད་དུ་མིན་པར་དྭོགས་གཞི་སངས་པའི་ཆེད་དུ་ཡིན། ཁྱེད་རང་ལ་གནད་ལ་ཁེལ་བ་ཞིག་བཤད་རྒྱུ་མི་འདུག ངས་དང་པོ་ནས་བསམ་བློ་བཏང་ཚར་བ་དེ་ཚོ་ལས་ལྷག་ཅིག་ཁྱེད་རང་ལ་ཤོད་རྒྱུ་མི་འདུག དེ་ཚོར་ངས་དང་པོ་ནས་བསམ་བློ་བཏང་ཚར་ནས་བཤད་པ་ཞིག་ཡིན། ད་དེ་བྱས། ཁྱེད་རང་ལན་བྲིས་བསྡད་ན་ཆུ་ཚོད་འཕྲོ་བརླག་རེད། མང་པོ་འབྲི་རྒྱུ་ཅང་མེད།
གཅིག་ཆད་འདུག རྒྱ་སྐད་འདྲེས་མ་འདྲེས་དེ་ལོགས་ཀ་རེད། དཔེ་བཞག་ན། ལྷ་སའི་ཁོ་ཙེ། ཚེ་ཟེར་བ་དེ་ཚོའི་སྐོར་ངས་བཤད་གི་མེད། དེ་ཚོ་རྗེས་ནས་ཤན་ཞུགས་པར་རྩི་གི་ཡོད། རྩ་བའི་བོད་སྐད་ཀྱི་ནང་ན་རྒྱ་སྐད་ཟུར་ཆགས་ཡོད་པའི་སྐོར་ཤོད་ཀྱི་ཡོད། སྐད་ཀྱི་གདངས་ཉེ་བོ་ཡོད་པའི་རྒྱུ་མཚན་གཅིག ང་སྔོན་རྒྱ་མིའི་སློབ་ཕྲུག་ཅིག་ཡོད། ཨ་མདོའི་སྐད་རྩ་བ་ཁོ་རང་ནས་བཤད་ཤེས་ཀྱི་མི་འདུག ལྷ་སའི་སྐད་ལམ་སང་ཤེས་ཀྱི་འདུག སྐད་ཆ་བཤད་སྟངས་ཡང་ཨ་མདོ་ལྟར་མགྲིན་པ་དང་ཁོག་པ་ཤུགས་ཆེ་བ་མིན་པར་ལྷ་ས་ལྟར་ལྕེ་རྩེ་དང་མཆུ་རྩེ་ནས་ཡོང་གི་འདུག
ཡར་ར་འགྱོ། མར་ར་འགྱོ་ཟེར་ནས་བསླབས་ན་ ཡ་ལ་གྲོ་ལྟ་བུ། ཡག་པོ་བྱུང་ན་ ཡར་ལ་གྲོ་ལྟ་བུ་ཞིག་ལས་མི་ཡོང་གི དེ་ནས་དཀའ། བཀའ བགའ འདི་ཚོ་རྩ་ནས་མི་ཡོང་གི ཀ གྷ་ལྟ་བུ་ཞིག་ལས་མི་ཡོང་གི དེ་ཡང་དཔེ་མཚན་ཙམ་ཡིན།
༩ ཨ་མདོ་ཟེར་ནས་གཅིག་ཏུ་བསྡུས་ནས་བཤད་ན་མི་ཤེས། འབྲོག་སྐད་རོང་སྐད་གཉིས་ལའང་ཁྱད་པར་ཡོད་པ་རེད། འབྲོག་སྐད་ལ་བརྒྱགས་གི་སྒྲ་གསལ་བོར་ཡོང་ཡང་རོང་སྐད་ལ་རྒྱགས་གི་སྒྲ་མ་གཏོགས་སྔོན་འཇུག་གི་སྒྲ་མི་ཡོང་། དེ་ལུང་ཚན་དེ་ཚོ་ཡང་ཁྱད་པར་ཡོད་པ་རེད། འགའ་རེ་དངོས་གནས་རྒྱ་ནས་ཆད་པ་མིན་ནམ། ཡང་ན་སྔོན་ལྷ་སའི་དམག་དཔུང་གི་རྒྱུད་པ་མིན་ནམ་བསམ་བསམ་ཨམ་སྐད་སྒྲ་དག་པ་ཞིག་མི་ཡོང་བ་དེ་འདྲ་འདུག་ག
སོག་པོ་ཨ་མདོར་འདྲེས་པ་ཚོས་ཨ་མདོ་འབྲོག་སྐད་རང་བཤད་གི་ཡོད་པ་རེད། མི་རིགས་གང་ཞིག་གི་སྐད་ཆ་ཇི་མ་ཇི་བཞིན་བཤད་ཐུབ་མི་ཐུབ་དེ་རྩ་བའི་མི་རིགས་གང་དེའི་ཕ་ལྕེ་མ་ལྕེ་ལ་རེག་ལུས་ཡོད་པ་རེད། ཨ་མཆོག་ལ་མཚོན་ན། སྒའི་ཕྱི་རུ་ལ་ཤུ་རུ་ལྟ་བུ་ཞིག་ཟེར།
སྐུ་ཞབས་མདའ་ཚན་པ་ལགས།
ཁྱེད་ཀྱིས་དགེ་ཆོས་ཀྱིས་རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ཞེས་པའི་ནང་གི་བོད་འཇང་ལས་མཆེད་པའི་ཚིག་དུམ་ཞིག་དྲངས་པར་བསྙད་དེ། བོད་ཀྱི་རྒྱུད་པ་ནི་ནུབ་ཕྱོགས་འཇང་ལས་མཆེད་པ་འདྲ་བའི་ཚོར་བ་སྐྱེ་བཞིན་ཡོད་པ་འདྲ། དེང་དུས་ཀྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ཀྱང་བོད་ཀྱི་རུས་རྒྱུད་ཀྱི་མཆེད་ཁུངས་གླེང་དུས། ཚིག་དུམ་འདི་ལུང་འདྲེན་མང་པོ་བྱས་འདུག ཡིན་ན་ཡང་། དོན་གྲུབ་རྒྱལ་གྱིས་ཐང་ཡིག་གསར་རྙིང་གཉིས་ལས་ཧན་གྱི་རྒྱལ་རབས་རྗེས་མའི་ཡིག་ཚང་ལུང་དྲངས་པའི་རྗེས་ཀྱི་དེབ་ཐེར་ནང་དུ་བོད་ནི་ནུབ་ཀྱི་འཇང་གི་རུས་སུ་གཏོགས་ལ། དེར་ཡང་རིགས་བརྒྱ་དང་ལྔ་བཅུ་མཆིས། དེའི་ནང་གི་ཆེ་བ་བྷོ་འཇང་དང་ཐང་མོ་ལ་སོགས་པ་སྤྱི་ལོའི་དུས་རབས་དང་པོའི་སྔ་གཞུག་ཏུ་མཚོ་བོད་མཐོ་སྒང་དུ་འཚོ་བ་རོལ་བར་བཤད་པ་དང་། སྤྱི་ལོའི་དུས་རབས་ལྔ་པའི་ཚེ་ན། རང་རྒྱལ་གྱི་ལྷོ་བྱང་རྒྱལ་རབས་ཀྱི་ཟིང་སློང་སྐབས་སུ་གནའ་བོའི་འཇང་བ་དང་ཞན་པི་བ་ཁག་ཅིག་ལྷོ་རུ་བསྐྱོད་དེ་བོད་གྲུབ་ཡིན་ཟེར་བའི་རྒྱའི་བཤད་སྟངས་འདི་ལས་འཕྲོས་ཏེ་དེར་དགག་པ་མཛད་འདུག བཤད་སྟངས་འདི་བདེན་པའི་དབང་དུ་བཏང་ནའང་། ཉེ་སྔོན་གསར་དུ་རྙེད་པའི་གནའ་ཤུལ་དང་གནའ་རྫས་རྙེད་པ་དཔེར་ན། ༡༩༦༦ལོར་གཞིས་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་ནས་རྙེད་པའི་རྡོ་ཡི་ཡོ་བྱེད་(དུས་རབས་སྔ་མའི་བར་དུས་སམ་ཡང་དེའི་ཕྱིས་ཙམ། ༡༩༥༨ལོར་ཉིང་ཁྲི་རྫོང་ནས་རྡོ་ཆས་བཀོལ་བའི་དུས་རབས་གཞུག་མའི་སྐབས་སམ་ཡང་ན་ལྕགས་རྡོ་མཉམ་སྤྱོད་ཀྱི་དུས་སུ་བྱུང་བའི་གནའ་མིའི་མགོ་རུས་རྙེད་པ་སོགས་ཀྱིས་བདེན་པ་ར་སྤྲོད་བྱེད་ཀྱི་འདུག
ཡང་། ཁྱེད་ཀྱིས་ཕན་ཉིའི་སྐོར་གྱི་གཏམ་རྒྱུད་ཅིག་དྲངས་འདུག དོན་གྲུབ་རྒྱལ་གྱིས་རྒྱ་ནག་གི་ཡིག་ཚང་འགར། ནན་ལེང་ཐུའུ་ཧྥ་ལི་ལོ་ཀུའུ་བྱ་བ་ ཞིག་གི་རྒྱུད་པས་སྲིད་བསྐྱངས་པ་ལ་རུས་སྤུ་རྒྱལ་དུ་བྱས་ཞེས་བྱུང་ཡང་། དེས་རུས་སྤུ་རྒྱལ་དུ་བྱེད་པའི་རྒྱུ་མཚན་གསལ་པོར་མ་བཤད་ལ། ཐང་ཡིག་རྙིང་མར་མེས་པོར་སྤུ་རྒྱལ་དུ་འབོད་ཅེས་དང་། ཐང་ཡིག་གསར་མར་དེའི་རིགས་རྒྱུད་དང་ཚོ་བ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ལ། འཕན་མྱི་བྱ་བ་ཞིག་གིས་རང་གི་རུས་སྤུར་རྒྱལ་དུ་བྱས་སོགས་འབྱུང་ཞེས་པ་འདི་ལའང་བསམ་བློ་གཏོང་རྒྱུ་འདུག ‘‘ཁོང་གི་རིགས་རྒྱུད་ལ་ཐུའུ་ཧྥ་བྱ་བ་ལས་ཕྱིས་ཐུ་བྷོད་བྱ་བར་གྲགས་’’ཞེས་པ་འདི་ལའང་ཡ་མཆར་རྒྱུ་ཆེར་མེད། ཐུ་བྷོད་ཟེར་བ་ནི་བོད་ཡིག་གི་ལྷོ་བོད་ཅེས་པའི་སྒྲ་ཟུར་ཆག་པ་ཡིན་པ་དང་། རྒྱུ་མཚན་ནི་བོད་རིགས་ནི་ཡར་ྐླུང་ལྷོ་རྒྱུད་དུ་དར་བ་ཡིན་པས་མིང་ལ་ལྷོ་ཁ་དང་ལྷོ་བོད་ཅེས་ཀྱང་ཟེར་བ་ལགས་སོ། གསེར་གྱི་གཞོང་བ་ལ་འཇག་མའི་ལྷན་པ་རེད་དེ། མདའ་ཚན་པས་གཞན་ཚིག་འདི་དག་ཀྱང་ཐུགས་ལ་འཛིན་རོགས།
རུས་མཛོད་མེ་ཏོག་སྐྱེད་ཚལ་ནང་གསལ་བའི་སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ་ཞེས་པ་འདི་སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་ལས་གྲོལ་ཞེས་བཟོས་ན་ག་འདྲ་འདུག ཡོངས་གྲགས་ཀྱི་རྒྱལ་ཕྲན་བཅུ་གཉིས་ནང་དུ་སུམ་བྷ་མི་གསལ་ནའང་། རྒྱལ་ཕྲན་བཅུ་གཉིས་གང་རུང་ཞིག་གི་རྒྱུད་པ་ཡིན་ནམ། ཡང་ན་ཏུང་ཧོང་ཡིག་ཚང་དུ་རྒྱལ་ཕྲན་བཅུ་བདུན་འབྱུང་བས། རྒྱལ་ཕྲན་བཅུ་བདུན་གྱི་གྲས་སུ་སུམ་བྷ་འདི་ཡོད་ནའང་ཐང་།
སྙན་བཟང་ལགས།
བསམ་ཚུལ་སྤེལ་བ་བཟང་། ངས་རྒྱ་ཡིག་ལོ་རྒྱུས་དུམ་བུ་དེར་གཞི་བཞག་ནས་མང་པོ་ཞིག་བཤད་པ་མིན། ལུང་དུམ་གཅིག་ལ་བརྟེན་ནས་མང་པོ་བཤད་རྒྱུའི་གཞི་རྩ་ང་ལ་མེད། གཙོ་བོ་ས་གཤིས་ཀྱི་ཆགས་ཚུལ། མི་རིགས་ཀྱི་མཆེད་ཚུལ། སྐད་དང་གདངས། སྐད་ནང་ཡོད་པའི་ཟུར་ཆག་གི་ཡི་གེ སྲིད་པའི་གངས་རྒན་དག་མིང་འདོགས་ཚུལ་དེ་འདྲ་ཕྱོགས་ཁ་ཤས་ཤིག་ནས་བཤད་པའི་ཁུལ་ཡིན། དེ་ནས་ཨ་མདོའི་སྐད་དེ་ཆེས་གདོད་མའི་སྐད་ཅིག་ཡིན་པའི་ངེས་པ་རྙེད། དེ་དང་དབུས་སྐད་གཉིས་བར་མ་འདྲ་བ་ཆེན་པོ་ཡོད་པ། དེ་ཡང་སྐད་གསར་བཅད་སོགས་དང་ལོ་གཅིག་སྟོང་ལྷག་གི་འགྱུར་བས་མདོ་དབུས་ཀྱི་སྐད་གཉིས་ཀྱི་བར་སྟོང་དེ་གསབ་ཐུབ་པ་མི་འདུག ཡུལ་དབུས་ཀྱི་སྐད་ལ་རྒྱའི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པའི་བློ་རྒྱུ་མཚན་དུ་མ་ལ་བརྟེན་ནས་སྔོན་མ་ནས་སྐྱེས་ཡོད། ལུང་དུམ་དེ་རྗེས་སུ་རྙེད་ནས་ངའི་མཐུན་པའི་ཆ་རྐྱེན་དུ་གྱུར། བོད་ཀྱི་རྒྱུད་པ་འཇང་ཡིན་པ་དེ་བདེན་པར་མཐོང་། སྤུར་རྒྱལ་འཁོར་དང་བཅས་པ་མི་རིགས་གཞན་པ་ཕྱི་ལོགས་ནས་ཡོང་བ་ཞིག་ཡིན་པ་དེ་བོད་ཀྱི་ལོ་རྒྱུས་ཁག་ནང་ཡང་ཡོད་པ་རེད།
སུམ་བྷ་འབྲི་ཡི་སྐོར་དེ་ངས་རང་དགར་བསྒྱུར་བཅོས་གཏོང་མི་ཐུབ། གནའ་དཔེ་ཁུངས་ཐུབ་ཅིག་རྙེད་ན་པར་མ་འདྲ་བ་ཁ་ཤས་ཤིག་བསྡུར་ནས་དེ་ནས་མང་བའི་ཕྱོགས་དེ་འགྲིགས་པ་བྱེད་དགོས་པ་རེད་དམ་ཅི། དེ་ཡང་
རྡོ་རྗེ་གཅོད་པར་ཞུ་དག་བཏང་བའི་གཏམ་གྱི་རྗེས་སུ་མ་སོང་བའི་ངེས་པ་ཡོད་མ་རེད།
ད་མདོར་དེད་ན། ས་ཁམས་ཀྱི་ལོ་རྒྱུས་བྱང་རྒྱུད་མཐོ་བ། མི་རྒྱུད་བྱང་ནས་མཆེད་པ་དེ་ཚོ་དེང་རབས་ཚན་རིག་པ་ཚོའི་གཏམ་རེད། དེ་རྒྱ་ནག་གི་ལོ་རྒྱུས་ནང་བོད་ཀྱི་རུས་རྒྱུད་དམ་ས་སྐྱེས་རྡོ་སྐྱེས་ཀྱི་མི་འཇང་རིགས་དག་ཡིན་པར་བཤད་པ་དང་ཡང་མཐུན། མི་རྒྱུད་བྱང་ནས་ཆད་པ་དང་ཨ་མདོ་སྐད་ལ་གདོད་མའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་འདིའང་མཐུན་པའི་གྲོགས་སུ་མ་སོང་ནའང་འགལ་ཆར་མི་འགྲོ་བ་འདྲ། སུམ་བྷ་བྱང་ན་ཡོད་པ་དང་དེ་ལས་རྒྱལ་ཕྲན་བཅུ་གཉིས་གྱེས་ཚུལ་འདི་ཡང་གོང་དང་མཐུན། ད་རུང་ཞང་ཞུང་ཨ་མདོ་ནས་ཆད་པའི་དབྱིན་རྩོམ་ཞིག་མཐོང། དེ་ཡང་གོང་གི་དེ་ཚོ་དང་མཐུན། ད་དེ་འདྲ་ཞིག་རེད། གྲོགས་པོ།
སྤུར་རྒྱལ་འཁོར་དང་བཅས་པ་དེ་ཕྱིའི་མི་རིགས་ཤིག་ཡིན་པ་རྒྱ་གར་ནག་གཉིས་དང་བོད་གསུམ་གྱི་ཡིག་ཆའི་ནང་ཡོད་པ་ཞིག་ལས་ངས་གསར་བཤད་བྱས་པ་ཅང་མེད། དེ་ལ་སྒྲུབ་བྱེད་ཀྱང་གང་འཚམས་ཡོད་པ་གོང་དུ་དྲངས་པ་ལྟར་རེད། ལོ་རྒྱུས་ནི་ལོ་རྒྱུས་རེད། སོག་རྒྱུད་ཡིན་ནས་ཡག་རྒྱུ་དང་རྒྱ་རྒྱུད་ཡིན་ནས་སྡུག་རྒྱུ་ཅང་ཡོད་མ་རེད། མི་རིགས་ཁེ་གཙང་ཡིན་ནས་དགའ་རྒྱུའང་ཅང་ཡོད་པ་མ་རེད། མི་རིགས་ཡག་བཙོག་ཅིག་བཤད་ན་་ང་ཡིན་ན་རྒྱ་རྒྱུད་ཡིན་ན་ཡག་ས་རེད། སོག་པོ་དང་མདོ་ཁམས་ཀྱི་མི་ལྟར་དམུ་རྒོད་མིན་པ། ལོ་རྒྱུས་རིང་ཞིང་རིག་གནས་དར་རྒྱས་ཆེན་པོའི་ལུང་པ་དེ་འདྲ་རེད།
ད་མདའ་ཚན་པ་ཅུང་ཙམ་ངར་འདུག ངར་སྟངས་དེ་ཡང་གཞན་ཟེར་ཁས་མི་ལེན་པ་མ་ཟད། ཁྱེད་རང་གི་ཤེས་པ་དེ་ང་རང་གིས་ཀྱང་ཤེས་ཀྱི་ཡོད་ཟེར་བ་ཙམ་རེད། གློ་བུར་དུ་ངར་ལངས་སྟངས་འདིར་བལྟས་ན་ངས་བཤད་པ་དེ་ཚོས་བསམ་མནོ་ཅུང་ཙམ་ཁྱོམ་ཡོད་ས་རེད། མི་འགའ་ཤས་ལ་གཤིས་ཀ་འདི་འདྲ་ཡོད། གཞན་ཁ་མ་ལོན་དུས་གདོང་ནག་རོག་གེ་བ་ཞིག་བསྟན་ཡོང་བ་རེད། ཧ་ཧ། དེ་ལྟར་ཡིན་ན་ཁོག་པ་ཆུང་དྲག་པ་རེད། བརྡ་སྤྲོད་སྐོར་དེ་ནས་ཅུང་ཙམ་ལབ་འདོད་བྱུང་། ཁྱེད་རང་གིས་དབུས་སྐད་དང་ཨམ་སྐད་བར་ལ་བརྡ་སྤྲོད་ནས་ཀྱང་ཁྱད་པར་ཆེ་ཚུལ་ཞིག་བཤད་ནས་རང་གི་ལྟ་བ་ལ་ཨེ་ཕན་ཞིག་བལྟས་འདུག དོན་ངོ་མར་ཁ་སྐད་ནང་བརྡ་སྤྲོད་ཀྱི་འགྲོ་སྟངས་ནས་བཤད་ཀྱང་ཨམ་སྐད་ལ་རྒྱ་སྐད་ཀྱི་ཤན་བཞུགས་ཆེ་བ་མངོན་གསལ་དོད་པོ་རེད། ངས་གོང་གི་མཆན་གྱི་ནང་དུ་མདོ་དབུས་ཁམས་གསུམ་གྱི་སྐད་དཔེ་རུ་དྲངས་ཡོད། ཨ་མདོ་བས། ང་མི་འགྱོ། ཁམས་པས། ང་འགྲོ་ལེ་མན། དབུས་པས། ང་འགྲོ་ཀྱི་མིན་ཟེར་བ་ལྟ་བུར་མཚོན་ན་དབུས་དང་ཁམས་ཀྱི་སྐད་ནང་དུ་དགག་སྒྲ་དེ་ཚིག་མཐའ་ལ་ཡོད་མོད། ཨ་མདོའི་སྐད་ནང་དུ་བྱ་ཚིག་གི་མདུན་དུ་སླེབས་ཡོད། དེ་ནི་རྒྱ་སྐད་我不去 ཟེར་བ་ལྟ་བུ་རྒྱ་རིགས་དང་འབྲེལ་འདྲིས་མང་བའི་དབང་གིས་ཁ་སྐད་ནང་དུ་ཤུགས་རྐྱེན་ཕོག་པ་རེད། ཡིན་ན་ཡང་མདོ་དབུས་ཁམས་གསུམ་གྱི་སྐད་ཀྱི་མ་གཅིག་ཡིན་པ་ནི་མི་ལོ་སྟོང་ཕྲག་འགའ་ཤས་འགོར་ཡང་ཡིག་ཐོག་ནས་བཤད་ན་མདོ་དབུས་ཁམས་གསུམ་གཅིག་གྱུར་དུ་གནས་ཡོད་པ་དང་། ད་ལྟའི་དུས་སུ་ཡང་དེ་ལྟར་གནས་ཡོད་པས་གོ་སླ་བ་ཡིན། ད་མང་པོ་མི་འབྲི། མདའ་ཚན་པའི་བློ་ལ་གཤོང་གཤོང་ཙམ་ཡོང་བའི་ཆེད་ཡིན།
ལྷ་སའི་ཕྱིན་ཟེར་བ་དེ་རྒྱ་མིའི་ཆས་དང་འདྲ། ཨ་མདོས་སོང་ཟེར་གི་རེད། ང་ཡེ་ཁོང་ཡེ་ཟེར་བ་དེ་རྒྱ་མིས་ཀྱང་ཡེ་ཟེར། ལ་དོན་གྱི་ཚབ་ལྷ་སས་ཕྲད་མི་འཇོག་པ་དེ་ཡང་རྒྱ་དང་འདྲ། བྱེད་པ་པོ་དང་བྱ་བའི་བར་ཕྲད་མེད་པ་དེ་ཡང་རྒྱ་དང་འདྲ། ལྷ་སས་གཙང་བོ་ཟེར་བ་དང་རྒྱ་མིས་ཅང་ཟེར་བ་དེ་ཡང་འདྲ། ལྷ་སའི་བཞི་དང་ཤི་ཡང་རྒྱ་དང་ཐག་ཉེ ། ཨ་མདོ་སྲིད་པ་ཆགས་པའི་གངས་རྒན་ཚོར་ཨ་མྱེས་གྱི་ལིང། ཨ་མྱེས་བྱ་ཆུང་སོགས་ཨ་མྱེས་ཀྱིས་མིང་གིས་ཁེངས་ཡོད་པ་རེད་དེ། ལྷ་སར་ཇོ་བོ། ཇོ་མོ་ཟེར་ནས་རྒྱ་སྐད་ཀྱི་ཨ་མྱེས་ཀྱི་ཚིག་ཇོ་ཇོ་དང་འདྲ། ད་པོ་པོ། མོ་མོ་ཁོ་ཙེ། ཚེ་ཟེར་བ་དེ་ཚོ་མི་བཤད། དེ་རྗེས་སུ་ཤན་ཞུགས་པར་བསམ་གྱི་ཡོད། ད་རུང་དྲངས་ན་མང་པོ་ཡོད་པ་རེད།
དེ་སྐད་ཆ་དེ་ཚོ་ཡོངས་གྲགས་ཀྱི་ཤོད་སྟངས་རེད། དེའི་སྐོར་ངས་བསམ་བློ་སྔོན་ཚུད་ནས་བཏང་ནས་བཤད་པ་ཡིན་པས་དམིགས་བསལ་ལན་འདེབས་ཀྱང་མེད།
ཧ་ཧ། ད་མདའ་ཚན་པའི་སྐད་ཆ་དང་པོ་ནས་སྐྱུག་བྲོ་་བ་དེའི་སྟེང་དུ་དྲི་མ་འཚུབ་པ་ཞིག་བཤད་འདུག ” མི་རིགས་ཡག་བཙོག་ཅིག་བཤད་ན་་ང་ཡིན་ན་རྒྱ་རྒྱུད་ཡིན་ན་ཡག་ས་རེད། སོག་པོ་དང་མདོ་ཁམས་ཀྱི་མི་ལྟར་དམུ་རྒོད་མིན་པ། ལོ་རྒྱུས་རིང་ཞིང་རིག་གནས་དར་རྒྱས་ཆེན་པོའི་ལུང་པ་དེ་འདྲ་རེད།”ཟེར། ད་རྒྱ་ལ་དགའ་པོ་ཡོད་པ་དེ་ཁ་ནས་ཤོར་སོང་། ཁྱེད་རང་གིས་སྐད་ཆ་དེ་སྔ་ཙམ་ལབ་ན་ངས་མཆན་མང་པོ་ཞིག་འདེབས་དགོས་དོན་མི་འདུག ངས་ཁྱེད་རང་གི་བསྒྲུབ་སྟངས་དེ་རྒྱ་མིའི་བཤད་སྟངས་དང་གཅིག་པ་རེད་ལབ་ཨེ་སོང་། ད་ཁྱི་ཤ་ནས་བྱི་ལའི་ཤ་བར་སེམས་ཅན་ཐམས་ཅད་ཞལ་དུ་གསོལ་མཁན། ཉུག་རུམ་པ་དང་རྐང་རིལ་གྱི་ཕ་ས། ས་རྒྱུ་འཐུང་རྒྱུ་ཁོ་ནར་མགོ་འཁོར་ནས་སྡོད་པ་མི་རིགས་དུད་འགྲོ་ལྟ་བུ་དེའི་རིགས་ལ་ཡིད་སྨོན་ཤོར་ན་ཁྱེད་རང་གི་འདོད་པ་རེད། སེམས་ཅན་མོས་པ་མི་གཅིག་པ། རྒྱལ་བས་ཀྱང་ནི་མགུ་དཀའ་ན། ཟེར་བ་དེ་དྲན་བྱུང་། ད་ནི་ཁ་ཁར་འདུག་པར་སྤྲོའོ།
ཁས་ལེན་དགོས་པ་ཞིག་ལ། གདོད་མའི་ཁྱད་ཆོས་ཡོད་མེད་ལ་མ་ལྟོས་པར། དབུས་ལའང་མདོ་ཁམས་ལྟར་ངག་རྩོམ་ཕྱུག་པོ་ཡིན་པ་དེ་རེད། ཁང་གསར་གྱི་སྐད་ཆ་དེས་བསམ་བློའི་འཛིན་ཚུལ་ལ་བརྗེ་བོ་ཅུང་ཟད་རྒྱག་གི་ཡིན།
ད་དེས་ན་ཁ་བཙུམ་སྟེ་རྒྱུགས་ཤིག ལན་མེད་པ་ནི་ཕམ་པ་རྣམས་ཀྱི་མཐར་ཐུག་གོ ཡང་སྐྱར་ཡོང་ན་ཁྱི་ཤ་དང་ཙིཙིའི་ཤ། ཡང་མིན་ན་རྟ་མཇེ་བཙོས་མ། དེ་མིན་ན་མིའི་ཀླད་ཞོ་ཁ་ནང་ལ་བརྫངས་དགོས།
བྱ་ཁྱུང་ནོར་འདུག
ཨ་ལེ། རྩེད་མོ་ཡིན། ད་གཟིམས་འཇགས་གནང་། ཁྱེད་ཀྱི་བསམ་ཚུལ་དེ་ཡོངས་གྲགས་ཀྱི་བསམ་ཚུལ་ཡིན་མིན་ལ་མ་བལྟས་པར་བགྲོ་གླེང་ཡག་པོ་གནང་སོང་། ང་ལ་ཁ་གཏད་གཅོག་གི་ཡིན་ན་ད་རུང་ལོ་བཅུ་གྲངས་ཤིག་དཔེ་ཆ་ཀློག་ནས་ཤོག ལྷག་པར་དུ་བསམ་བློ་མང་པོ་ཞིག་བཏང་ནས་ཤོག དཔེ་ཀློག་དང་བསམ་གཞིགས་གཉིས་ལས་བསམ་གཞིགས་གལ་ཆེ་བར་ཟུངས། ཐུགས་རྗེ་ཆེ།
ལ་ལས་སྐད་ཀྱི་སྐོར་བཤད་པ། “ཨ་མདོ་བས། ང་མི་འགྱོ། ཁམས་པས། ང་འགྲོ་ལེ་མན། དབུས་པས། ང་འགྲོ་ཀྱི་མིན་ཟེར་བ་ལྟ་བུར་མཚོན་ན་དབུས་དང་ཁམས་ཀྱི་སྐད་ནང་དུ་དགག་སྒྲ་དེ་ཚིག་མཐའ་ལ་ཡོད་མོད། ཨ་མདོའི་སྐད་ནང་དུ་བྱ་ཚིག་གི་མདུན་དུ་སླེབས་ཡོད། དེ་ནི་རྒྱ་སྐད་我不去 ཟེར་བ་ལྟ་བུ་རྒྱ་རིགས་དང་འབྲེལ་འདྲིས་མང་བའི་དབང་གིས་ཁ་སྐད་ནང་དུ་ཤུགས་རྐྱེན་ཕོག་པ་རེད།” ཅེས་པ་འདི་དངོས་གནས་ཁྱད་མཚར་པོ་ཞིག་འདུག མ་མི་གཉིས་པོ་སྔོན་ལ་སྦྱོར།། མིན་མེད་གཉིས་པོ་རྗེས་ལ་སྦྱོར།། ཟེར་བ་དེ་རེད། དེས་ན་དབྱིན་སྐད་ལ་ཡང་། “་སྐད་我不去 ཟེར་བ་ལྟ་བུ་རྒྱ་རིགས་དང་འབྲེལ་འདྲིས་མང་བའི་དབང་གིས་ཁ་སྐད་ནང་དུ་ཤུགས་རྐྱེན་ཕོག” ཡོད་ཀྱི་རེད། ཧ་ཧ།
དགེ་རབ། ང་ཚོས་འདིར་གླེང་བ་དབུས་སྐད་དང་ཨམ་སྐད་གཉིས་ལས་གང་ཞིག་རྒྱ་སྐད་དང་ཐག་ཉེ་བ་དེ་རེད། གོང་གི་དཔེར་བརྗོད་དེར་མདོ་དབུས་ཁམས་གསུམ་ཚང་མར་བརྡ་སྤྲོད་ཐད་སྐྱོན་མེད་པ་ཁྱེད་ཀྱིས་སྒྲུབ་པ་ནང་བཞིན་ཡིན་མོད། ཁ་ལ་གོམས་པའི་ཐད་ནས་བཤད་ན། དབུས་ཁམས་ཀྱི་བཤད་སྟངས་དེ་ལས་ཨ་མདོའི་བཤད་ལུགས་དེ་རྒྱ་སྐད་དང་ཐག་ཉེ་བ་འདུག་ཅེས་བརྗོད་པ་ཙམ་ཡིན། ད་དུང་། ང་མི་ཟ་སོགས་པ་མང་པོ་རེད། དབུས་དང་ཁམས་ཀྱི་ཁ་སྐད་ལ་དེ་འདྲ་མི་ཟེར་བ་རེད།
ཨ་རོ། ད་སྒྲུབ་བྱེད་ཀྱིས་མ་འདང་ན་རྫུན་མ་བཤད། ངས་མི་ཟ་ཟེར་བ་ཞིག་མ་གཏོགས་ང་མི་ཟ་སུས་ཟེར། དེ་ཡང་བོད་དམག་གི་རྒྱུད་པ་ཚོ་ཡིན་རྒྱུ་རེད་ད།
ཨ་མདོ་བ་མང་པོས་བཙན་བྱོལ་ནང་གི་དབུས་སྐད་ལ་ཆ་རྒྱུས་ཕྲན་བུ་ཡོད་སྟབས། དེའི་སྐྱོན་བཤད་བདེ་ཙམ་ཡོད་རེད། ངེད་ཅག་དབུས་པ་ཚོ་ཨམ་སྐད་དང་ཁམས་སྐད་ལ་ཆ་རྒྱུས་ཞེ་དྲག་རང་ཡོད་མ་རེད། དེར་བརྟེན་དེའི་སྐྱོན་བཤད་དགོས་བྱུང་ན་དཀའ་ཙམ་རེད། དེ་འཇོན་མ་འཇོན་གྱི་སྐད་ཆ་མ་རེད། ཁོར་ཡུག་གིས་བཟོས་པ་རེད།
འོན་ཀྱང་དེས་དབུས་སྐད་ནང་ལ་སྐྱོན་ཆེ་བ་ཡོད་པའམ། དབུས་སྐད་ནང་ལ་རྒྱ་སྐད་མང་བ་ཡོད་པར་སྒྲུབ་ཐུབ་པ་ཞིག་མ་རེད།
ངས་དོ་སྣང་བྱུང་བའི་ཨམ་སྐད་ཀྱི་གྲུབ་ཚུལ་གཉིས་བཤད།
སེམས་ཆུང་བྱོས། ཞེས་པ་དེ་དབུས་པ་དང་ཨ་མདོ་བ་གཉིས་ཀས་ཤོད་བཞིན་པའི་བསླབ་བྱ་ཞིག་རེད། འོན་ཀྱང་གོ་དོན་འདྲ་གི་མ་རེད། དབུས་པས་སེམས་ཆུང་བྱོས་ཟེར་ན། སྙེམས་ཆུང་བྱོས། ང་རྒྱལ་དང་སྤོབས་པ་ཆེན་པོ་མ་བྱེད་ཟེར་གྱི་ཡོད་རེད། ཨ་མདོས་སེམས་ཆུང་བྱོས་ཟེར་བ་དེ། གཟབ་གཟབ་བྱོས་ཟེར་བ་རེད། དེ་ཡང་མདོར་བསྡུས་ན། རྒྱ་སྐད་ཀྱི་ཞའོ་ཤིན་ཞེས་པའི་ཞའོ་ནི་ཆུང་ཆུང་དང་། ཤིན་ནི་སེམས་ཡིན་པས། རྒྱ་སྐད་ཀྱི་བསམ་ཚུལ་དེ་ག་བོད་སྐད་ནང་འཁྱེར་ཡོང་བ་ཞིག་རེད།
དེ་ནས་དབུས་པས་ཐ་མག་འཐེན་ཟེར་གྱི་རེད། ཐ་མག་ཅེས་པ་དེ་ཐ་མ་ཁ་ཞེས་པ་མྱུར་དུ་བརྗོད་པ་ལས་ཐ་མག་ཆགས་པ་རེད། ཨ་མདོས་དུ་བ་འཐེན་ཟེར་གྱི་རེད། དེ་ཡང་རྒྱ་སྐད་ཀྱི་ཁྲུ་ཡན་ཟེར་བ་དེའི་བསམ་ཚུལ་སླེབས་པ་རེད།
དེ་ནས་དབུས་པའི་སྐད་དེ་རྒྱ་སྐད་དང་ཉེ་བའི་སྒྲུབ་བྱེད་དུ། རྒྱ་མིས་དབུས་སྐད་སྦྱོང་བདེ་ཚུལ་བཤད་འདུག དེ་ཡང་གད་མོ་ཤོར་དགོས་པའི་རྒྱུ་མཚན་ཞིག་རེད། མགོ་སེར་དེ་ཚོས་ཀྱང་དབུས་སྐད་དང་ཁམས་སྐད། ཨམ་སྐད་གསུམ་ལས་དབུས་སྐད་ཤེས་བདེ་བ་འདུག་ཟེར་གྱི་འདུག འོ་ན་དབུས་སྐད་དང་མགོ་སེའི་སྐད་ཐག་ཉེ་བ་རེད་དམ། རྒྱ་སྐད་དང་ཉེ་ས་མེད། དཔེར་ན། རྒྱ་མི་སུས་ཀྱང་དབུས་ཀྱི་སྐུ་དྲག་ང་ཕོད་ངག་དབང་འཇིགས་མེད་ཀྱི་མིང་གི་དག་ཆ་འདོན་ཤེས་ཀྱི་མེད། རྟག་པར་ཨ་ཕོད་ཨ་ཝང་འཇིད་མེད་ཟེར་གྱི་མི་འདུག་གམ།
དོན་དུ་ཨ་མདོ་དང་དབུས་ཀྱི་མི་དཀྱུས་མ་གཉིས་རྒྱུན་གྱི་ཁ་བརྡ་བྱས་པ་རྣམས་ཡི་གེར་བཀོད་ན། གང་ཞིག་སྒྲ་དག་པ་དང་། གང་ཞིག་རྒྱ་དང་ཉེ་མིན། གང་ཞིག་བོད་ཀྱི་བརྡ་སྤྲོད་དང་མཐུན་ཆེ་བ་ཡོད་མེད་ཤེས་ཀྱི་རེད།
ཨ་མདོ་ལ་བརྡ་རྙིང་མང་ང་ཡོད་ཀི་རེད། དེ་ཏན་ཏན་མེད། བོད་ཀྱི་ལུང་ཁུག་གང་ཡིན་ལ་སྐད་ཆ་གྱོང་ཉམས་ཆེ་ལ་བརྡ་རྙིང་མང་བས། ཨ་མདོ་ལའང་དེ་འདྲ་ཡིན་གྱི་རེད། དེས་དུས་ཀྱི་འཕེལ་རིམ་གྱི་རྗེས་མ་ཆོད་པའི་རྟགས་ཙམ་སྟོན་པ་རེད་མ་གཏོགས། བཤད་སྟངས་རྙིང་པ་གང་དུ་ལྷག་ཡོད་ན། དེ་ནས་ཐོག་མར་མིའི་འགྲོ་བ་བྱུང་བར་སྒྲུབ་ཐུབ་པ་ཞིག་མ་རེད།
སེམས་ཆུང་བྱོས་དང་དུ་བ་འཐེན་དེ་གཉིས་དངོས་གནས་འདྲ་བོ་འདུག ཡིན་ནའང་བོད་ཀྱི་བརྡ་སྤྲོད་ལྟར་ན། རྒྱན་ཚིག་དང་བྱ་ཚིག་མིང་གི་རྗེས་ལ་ཡོད་པ་དང་རྒྱ་ནག་ལ་དེ་སྔོན་ལ་ཡོད་པ་དེ་འདྲ་གི་མི་འདུག གསུམ་མི་ཟེར་བ། ཆུང་སེམས་ཟེར་བ་འདི་དབྱིན་ཇི་དང་འདྲ་ཆེ།
དེ་ནས་ཨ་མདོ་ལ་རྒྱ་སྐད་བཞིན་དཔའ་སྒྲ་ཧྭ་འདི་ཡོད་པ་རེད། དབུས་པར་ཡོད་པ་མ་རེད། རྒྱ་མིའི་de ke ཟེར་བའི་སྒྲ་འདི་དབུས་གཙང་ལ་མེད་པ་འདྲ། འདི་ཡང་རྒྱ་དང་ཨ་མདོ་གཉིས་འདྲ། ངས་སྔོན་མ་འདི་འདྲའི་རིགས་ལ་བསམ་བློ་ཅུང་བཏང་ཡོད་ཨ་མདོའི་འབྲོག་སྐད་ཚོའི་ནང་རྒྱ་སྐད་དང་འདྲ་བ་ཞེ་དྲག་རྙེད་མ་སོང་། གོང་གི་ཁྱེད་རང་གིས་བཤད་པའི་སེམས་ཆུང་བྱོས། དུ་བ་འཐེན་ཟེར་བ་དེ་ཚོ་ངོ་ནས་འདྲ་སེ་འདུག དེ་ཚོ་རྙེད་པ་གསར་བ་རེད། ཐུགས་རྗེ་ཆེ། དེ་འདྲ་ད་རུང་ཡོད་རྒྱུ་རེད་ད།
དང་པོར་ངས་ཨ་མདོའི་སྐད་འདི་རྒྱ་སྐད་ལ་འབྲེལ་བ་ཆེ་རྒྱུ་རེད་བསམ་ནས་བསམ་བློ་གཏོང་ཁུལ་བྱས་པ་ཡིན་ཏེ་ཞེ་དྲག་རྙེད་མ་སོང་། བསམ་བློ་བཏང་གི་བཏང་གི་ལྷ་སའི་སྐད་དེ་ཉེ་བ་ཞིག་མཐོང་ཡོང་སོང་། ཨ་མདོའི་འབྲོག་སྐད་ནང་ཏ་ལེན་ཟེར་བ་ཞིག་ཡོད་པ་རེད། དེ་རྒྱ་སྐད་ཡིན་པ་འདྲ། དེ་ནས་ནང་ཁྲོལ་རིགས་ཚང་མ་གཙབ་ནས་ཁྲག་ནང་བསྐོལ་བ་ཧུའུ་རྡང་ཟེར་བ་ཞིག་ཡོད་པ་རེད། དེ་ཕལ་ཆེར་ཧུའུ་ཐང་ཟེར་ནས་རྒྱ་སྐད་ཡིན་པ་འདྲ། རྒྱ་སྐད་ཀྱི་ཐང་ལ་ལྷ་སས་ཀྱང་ཐང་ཟེར་གི་ཡོད་པ་མ་རེད་དམ། ཨ་མདོ་ནས་དྭངས་ཟེར་གི་རེད། གཞན་ལ་ལ་ཁྱོད་ཨ་མདོ་ཡིན་པ་འདྲ། ཨ་མདོའི་སྐད་ནང་རྒྱ་སྐད་འདྲ་བ་དེ་ཚོ་མང་ཟིག་འདིར་བཀོད་ཐུབ་ན་བཟང་། སྤྱིར་བཏང་ཕར་ཚུར་ཤན་ཞུགས་པ་མང་པོ་ཡོད་པ་རེད། གོང་གི་བཞི་དང་ཤི་ཟེར་བ་ཨམ་སྐད་ནང་ཡང་སྒྲ་ཆེ་ཆུང་མ་གཏོགས་གཅིག་པ་རེད། ཡིན་ན་ལྷ་སའི་སྐད་དེ་ཨམ་སྐད་དང་རྒྱ་སྐད་གཉིས་ཀྱི་བར་ན་ཡོད་པ་རེད། གཞན་བོད་ཡོངས་ཁྱབ་ཏུ་བཀོད་པའི་ཐ་སྙད་རྒྱ་སྐད་དང་གཅིག་པ་དེ་ཚོ་ཀློག་སྟངས་ཀྱི་ཐོག་ནས་ལྷ་སའི་སྐད་དེ་རྒྱ་སྐད་དང་ཉེ་བ་འདུག་བསམས་སོང་།
ཨ། བོད་ཀྱི་སྐད་རིག་ཞིབ་འཇུག་མཁས་པ་རྣམས། གཤམ་གྱི་ཨམསྐད་འདི་དག་བོད་སྐད་རེད་དམ་ཅི་ཞིག་རེད།
ཧྲ་གི མི་ཧྲ་གི་
བ་གི མི་བ་གི
བྱི་ལི བྱི་མོ
ཞ་ཡི
འབུ་ལི
མཇེ
རྙ་མ
ཨ་ལི
ཨོང་མདོང
ད་དུང་།
འཛགས ཞི་མོ་ཡག་མ་ཞིག་འ་འཛགས
ཆི་མི་མྱི་དབེར་བ་ཞིག་རེད་ཅེས་བའི་དབེར།
ཡང་ཁ་ཤས་འབྲི་གི་ཡིན། དུས་ཚོད་སྐར་མ་བཅོ་ལྔ་ཡོད།
ཕྱིན་ཟེར་བ་དེ་ནི་བོད་སྐད་གཙང་མ་རེད། ལྷ་སར་ཕྱིན་པ་ཡིན། གཙང་ལ་ཕྱིན་པ་ཡིན་ཟེར་གྱི་རེད། རྒྱ་དང་འདྲ་མ་འདྲའི་སྐད་ཆ་མེད། འདྲ་བ་ཙམ་གྱིས་ཡིན་པར་སྒྲུབ་ནུས་ན། ཨ་མདོའི་རི་ལ་འགོ་ཟེར་བ་རེད་དབྱིན་ཇིའི་go དང་འདྲ་བས་དེ་རེད་ཟེར་དགོས་ས་རེད།
དབུས་ཀྱི་འབྲི་གུང་བ་ཚོས། སོང་ཟེར་གྱི་རེད། ལྷ་ས་བས་ཀྱང་སོང་ཟེར་བའི་སྐབས་ཡོད་རེད། ཐ་ན་ཕྱིན་དང་སོང་གཉིས་མཉམ་དུ་སྦྱར་ནས་ཕྱིན་སོང་ཟེར་སྲོལ་ཡོད།
ང་ཡེ་ཁོང་ཡེ་ཟེར་བ་དེ་རྒྱ་མིས་ཀྱང་ཡེ་ཟེར་བཤད་འདུག ལྷ་ས་བ་ཚོས། ང་ཡང་དང་། ཁོང་ཡང་ཞེས་པའི་ཡང་སྒྲ་དེ་ཡེ་དང་འེ་གཉིས་ཀྱི་སྒྲ་བར་མ་ཞིག་བཏོན་ཡོང་། ཁོང་འེ་ཕྱིན་སོང་། ང་འེ་འགྲོ་གི་ཡིན་ཟེར་བ་རེད། གང་ལྟར་དེ་ནི་ངའང་དང་ང་ཡང་གི་སྒྲ་མྱུར་མོར་བརྗོད་པ་ལས་བྱུང་བའི་བོད་སྐད་རེད། སྐད་ཅེས་པ་དེ་དེ་འདྲ་རེད། དབྱིན་སྐད་ཀྱི་ you ཞེས་པ་དེ་ཨ་རི་བ་ཚོས་ ཡུ་ཞེས་མི་བརྗོད་པར་ཡཱ་འདྲ་བ་ཞིག་བརྗོད་པ་ལྟ་བུ་རེད། སྐད་ལ་ཆ་རྒྱུུས་མེད་པ་ཚོས་ང་ཡེ་ཞེས་ཡེ་སྒྲ་ཤུགས་ཆེ་བར་གོ་ནའང་། ང་ལྷ་སའི་སྐད་ལ་གོམས་པ་ཚོས་འེ་སྒྲ་ཤུགས་ཆེ་བར་གོ་གི་འདུག
ལ་དོན་གྱི་ཚབ་ལྷ་སས་ཕྲད་མི་འཇོག་ཟེར་བ་དེ་མ་བརྟག་པའི་གཏམ་རེད། ང་ལྷ་ས་ལ་འགྲོ་གི་ཡིན་ཞེས་པ་དེ། ལྷ་ས་བ་ཚོས་ ང་ལྷ་སར་འགྲོ་གི་ཡིན་ཞེས་ལ་དོན་གསལ་པོ་ཡོད། ལ་དོན་ཡོད་པ་ཙམ་མ་ཟད་དེའི་མཇུག་དེར་ཡ་སྒྲ་ཞིག་ཀྱང་འབྱུང་བ་དཔེར་ན། ང་ལྷ་སར་ཡ་འགྲོ་འདོད་འདུག ངས་ཁོང་ལ་ཡ་མ་གནང་ཞུས་པ་ཡིན་ཏེ་ཁོང་གིས་གནང་སོང་། ལྟ་བུ་རེད། འོན་ཀྱང་དེང་སྐབས་བཙན་བྱོལ་གྱི་དུ་འཚར་ལོངས་བྱུང་བ་སྤྱི་དང་ལྷག་པར་མ་སུ་རི་ཁུལ་གྱི་གཞོན་སྐྱེས་ཚོས་ལ་དོན་ཙམ་དུ་མ་ཟད། བྱེད་སྒྲ་ཡང་མི་ཐོན་པ་མང་པོ་འདུག
ཡང་ཁྱེད་ཀྱིས་བྱེད་པ་པོ་དང་བྱ་བའི་བར་ཕྲད་མེད་པ་དེ་ཡང་རྒྱ་དང་འདྲ། བཤད་འདུག བཤད་སྟངས་དེ་ཚོ་ལ་བལྟས་ན། ལྷ་ས་ལ་གཟའ་འཁོར་གཅིག་ཀྱང་བཞུགས་མྱོང་ཨེ་ཡོད་དྲན། ལྷ་སའི་སྐད་ལ་གཞན་དག་མི་འདུག་ཅེས་བཤད་ན་འགྲིག་པའི་སྐབས་བྱེད་པ་པོ་དང་བྱ་བའི་བར་ལ་ཕྲད་མེད་ཅེས་བཤད་ན། དངོས་གནས་བཞད་གད་གྱི་གནས་རང་རེད། ཁྱེད་རང་གི་སྐྱེ་སྨན་དེ་མ་སུ་རི་ནས་ཐོན་པ་ཞིག་མ་རེད་དམ། ཨ་རོགས། རྒད་མོའི་ཁ་ལ་བལྟ་བཞིན་ཚོད་ཚོད་བྱས་ནས་བཤད་མ་ཡོང་ཨ། དོན་དངོས་སུ། ལྷ་སའི་སྐད་ནང་བྱེད་པོ་དང་བྱའི་བར་གྱི་ཕྲད་དེ་ཧ་ཅང་གསལ་པོ་རེད། བཀྲ་ཤིས་ལགས་ཀྱིས་མ་གནང་བྱུང་ང་བསམས་བྱུང་སྟེ། ཁོང་གིས་ནི་ཁྱོད་ལ་དགོས་ན་འདི་ཁྱེར་ཟེར་བ་ནང་བཞིན་ཏག་ཏག་གནང་སོང་། འདི་ལ་གཟིགས་དང་། ལྷ་སའི་སྐད་འདི་རེད། བྱེད་པོ་དང་བྱ་བའི་བར་གྱི་ཕྲད་ཧ་ཅང་གསལ་པོ་རེད། སྤྱིར་བཏང་ནས་ལྷ་ས་བ་ཚོ་སུས་བྱས་མ་བྱས་ལ་དོ་སྣང་ཆེ་བས་ཕྲད་དེ་མེད་ན་ག་པར་འགྲིག་གི་རེད།
ལྷ་སས་གཙང་བོ་ཟེར་བ་དང་རྒྱ་མིས་ཅང་ཟེར་བ་དེ་ཡང་འདྲ། ཞེས་བཤད་པ་ནི་འདྲ་ས་ཙམ་ཡང་མི་འདུག་ཅེས་བརྗོད་འདོད་བྱུང་། ཅ་དང་ཙ་གཉིས་སྒྲ་ལ་ཁྱད་ཆེན་པོ་རེད།
ལྷ་སའི་བཞི་དང་རྒྱ་ནག་གི་སི་གཉིས། ཁྱོད་ཅག་ལྕེ་དིག་ཚོ་ལ་གཅིག་པར་སྣང་སྲིད། ངེད་ཅག་ལ་ནི་ཁྱད་ཆེ།
མདོར་ན། མདའ་ཚན་པས་དཔེར་དྲངས་པ་དག་ལ་བརྟག་ན། ལྷ་སའི་མཐིལ་གྱི་སྐད་ལ་ཆ་རྒྱུས་ཡོད་པའི་མི་ཞིག་མ་རེད་ཅེས་ཞུ་འདོད་བྱུང་།
ངས་ནོར་མེད། ཕལ་ཆེར་མདའ་ཚན་པས། རྒྱ་གར་ནང་འཚར་ལོངས་བྱུང་བའི་བུད་མེད་ཅིག་གི་ཁ་ལ་བལྟ་བཞིན་འབྲི་གི་མེད་དམ་སྙམ། ཚོད་དཔག་ཡིན།
དུ་བ་འཐེན་ཟེར་བ་འདི་རྒྱ་གུང་ཁྲན་སླེབས་ཚར་བའི་རྗེས་ཀྱི་ཤན་ཤུགས་རེད།
བཙན་བྱོལ་སྤྱི་ཚོགས་ནང་ ངའི་ཁ་པར་གྱིས་ལས་ཀ་བྱེད་གི་་མི་འདུག་ཟེར་བ་ དང་གཅིག་་པ་འདྲ་བོ་རེད།
ཁྱེད་ཚོ་འགའ་ཤས་ཀྱིས་མི་རིགས་གཞན་པ་ཞིག་དང་སྐད་འདྲ་བོ་འདུག་ཟེར་ན་སྡུག་ག་བརྩི་གི་ཡོད་པ་འདྲ། མི་རིགས་གཞན་པས་ཤན་མ་ཞུགས་པ་གཅིག་གེ་ཡོད་པ་མ་རེད་སྙམ། སྡུག་ག་དེ་འདྲ་མ་རེད། ང་ཚོས་ཁྱོད་ཀྱི་སྐད་ནང་རྒྱ་མིའི་སྐད་མང་ང་འདུག ངའི་སྐད་ནང་ཉུང་ང་འདུག་ཟེར་ནས་རྩོད་གི་ཡོད་པ་མ་རེད། མི་རིགས་ཤིག་གི་མཆེད་ཁུངས་ལ་རྟོག་ཞིབ་ཀྱི་ཆེད་དུ་རེད།
འདི་འདྲའི་སྐབས་མི་རིགས་ཀྱི་ཕྱོགས་སུ་ལྷུང་ནས་སེམས་གུ་དོག་ཅིག་བཟུང་བ་ཡིན་ན་བདེན་པ་ཟེར་བ་ཞིག་རྙེད་རྒྱུ་ཡོད་པ་མ་རེད། ཨ་མདོའི་ནང་ཡང་སོག་པོ། རྒྱ། ཁ་ཆེ། ཧོར་ཟེར་བ་དེ་འདྲ་འདྲ་མིན་ཡོད་པ་རེད། དེ་ཚོ་སྡེ་མིང་། གོམས་སྤྱོད་སོགས་ལས་ཤེས་ཐུབ་པ་རེད། རེབ་གོང་གཅིག་པོ་ལ་མཚོན་ནའང་། ཐོ་རྒྱ་ཟེར་བའི་སྡེ་བ་ཞིག་ཡོད་པ་རེད། དེ་ཚོ་སྔོན་མ་སྔོན་མ་རྒྱ་ནས་ཆད་པའི་ལོ་རྒྱུས་ཡོད་པ་རེད། དེ་ནས་དེར་གཉན་ཐོག་ཟེར་བ་ཞིག་ཡོད་པ་རེད། སྐད་མ་འདྲ་བ་ཞིག་བཤད་གི་རེད། སེང་གེ་གཤོངས་ཟེར་བ་ཞིག་ཡོད་པ་རེད། དེ་ཡང་དེ་བཞིན་རེད། དེ་ནས་རྒྱལ་པོ་སྒང་། བཙན་མོ། བློན་ཆེ་ཞེས་ཆོས་རྒྱལ་ཚོའི་སྐབས་ཀྱི་མིང་བཏགས་པ་འདི་འདྲའང་ཡོད་པ་རེད། ཧོར་ནག་ཟེར་བ། སོག་རུ་ཟེར་བ། ས་སྐྱ་ནས་ཆད་ཡོང་བའི་མི་སྡེ་དེ་འདྲ་ཡོད་པ་རེད། དེ་ཚོ་ས་མིང་སྡེ་མིང་སོགས་ལ་བརྟེན་ནས་ཁུངས་འདེད་བྱེད་ཐུབ་གི་ཡོད་པ་རེད། ཡང་རྒྱ་མིང་ཞིག་མིན་ནམ་སྙམ་པ་གུ་དེ་ཟེར་བ་དེ་འདྲ་ཡང་ཡོད་པ་རེད།
དེ་ནི་གསལ་བཤད་ཀྱི་ཆེད་དུ་ཡིན། དེ་མིན་ངའི་རྣ་ཡག ཁྱེད་ཀྱི་ཁ་ཡག་ཟེར་ནས་རྩོད་བསྡད་ན་རྙོག་དྲ་ཞིག་མ་གཏོགས་ཡོད་པ་མ་རེད། སེམས་གུ་ཡངས་ཟིག་གནང་རོགས།
ཁྱོད་ཚོས་གསུངས་གིན་གསུངས་གིན་ད་རྩོད་རྒྱུ་རྫོགས་ཟིན་པ་འདྲ། དུ་བ་འཐེན་དང་སེམས་ཆུང་བྱོས་ཟེར་བ་རྒྱ་སྐད་ལ་ཡོད་སྟབས་ཨམ་སྐད་རྒྱ་སྐད་ལ་ཉེ་རབས་བཤད་ན་དེ་ལས་གཏན་ཚིགས་མི་ལྡན་པ་ཞིག་གང་ནས་རྙེད་དྲན། ང་ཚོ་སྐད་ཡིག་རིག་པ་བ་མ་རེད། ཚང་མ་ཤེས་དགོས་པ་ཡང་མ་རེད། ཐམས་ཅད་མཁྱེན་པ་མིན་ཡང་རུང་བ་རེད། མིའུ་ཆུང་སྙིང་མ་ཆེ།། རྟེའུ་ཆུང་སྒ་མ་ཆེ་ཟེར་བ་འདྲ་ཞིག་ཏུན་ཧོང་ཡིག་རྙིང་ན་ཡོད་དྲན། འཐེན་ན་དུ་བ་འཐེན་པ་ལས་ཐ་མག་འཐེན་གྱིན་མེད་པ་འདྲ། ཐ་མག་འཐེན་ན་ཆག་འགྲོ་གི་རེད་དཱ། དེ་ལས་ཁ་སང་ཅིག་གིས་བྲིས་པ་བཞིན་སྐད་ཀྱི་གདངས་ཐད་ནས་བལྟས་ན་བལྟ་རྒྱུ་ཞིག་ཡོད་རེད་དྲན། རྒྱ་སྐད་ཀྱི་གདངས་ཡར་འཐེན་མར་འབེབས་དེ་ལྷ་སའི་སྐད་ལ་འདུག་གཱ། ངོ་མ་བཤད་ན། བོད་སྐད་ཀྱི་ཀ་མད་སུམ་ཅུ་ཚུན་ནས་གདངས་མ་འཐེན་པར་དུམ་སེ་བཅད་ནས་ཀློག་དགོས་པ་རེད་ཅེས་རག་ར་རིན་པོ་ཆེས་གསུངས་མྱོང་དྲན།
ད་བོད་སྐད་ནང་གི་འབྱུང་ཁུངས་ཀྱི་སྒྲ་ནས་ལས་གཉིས་ཀྱང་རྒྱ་སྐད་རེད་ཟེར་ན་ཁྱེད་ཚོ་ཕལ་ཆེར་སྨྱོ་ས་རེད་དགོས། ནས་ལས་གཉིས་ཀ་ནང་གི་དོན་རེད། འདི་ནི་ཡང་རྒྱ་སྐད་དང་འདྲ། རེད་ཀྱང་རྒྱ་སྐད་ཀྱི་ཧྲི་དང་འདྲ། ཡོད། མེད་ཡང་རྒྱ་སྐད་དང་འདྲ་བ་རེད། འདི་ཚོ་ཨ་མདོ་ཡང་གཅིག་པ་ཡིན་ཡང་། ལྷ་སའི་སྐད་རྒྱ་སྐད་དང་ཉེ། ཟུར་ཆག་ཟེར་བ་དེ་ཁ་ཤས་ཧ་གོ་གི་རེད། ཁ་ཤས་ཐག་རིང་དྲག་ནས་ལམ་སང་ཧ་གོ་མ་ཐུབ་པ་དེ་འདྲ་ཡོད་པ་རེད། ད་རུང་གྱང་། ལ་ཕུག ཅོག་ཙེ། སྒྲོག་ཙེ་མང་པོ་ཡོད་པ་རེད་དེ་ཅི་བྱེད་ད་མཚམས་འཇོག
ཨ་མདོའི་མཚོན་ཐེའུ་ཟེར་བ་ལ་ལྷ་སས་ཚེ་ཏོ་ཟེར་བ་དེ་ཡང་རྒྱ་སྐད་རེད། དེ་ནས་སོག་སྐད་ཀྱང་འདྲེས་ཡོད་པ་རེད། ཨ་མདོས་སྒྲོག་གུ་ཟེར་བ་ལ་ལྷ་སས་ཐོབ་ཆི་ཟེར་བ། སྨན་པ་ལ་ཨེམ་ཆི་ཟེར་བ་སོགས་མང་ངོ།
ད་ངོ་མ་མཚམས་འཇོག
ལ་ལ། ཨམ་སྐད་རྒྱུས་ལོན་བྱས་ནས་སྐད་ཆ་བཤད་རོགས་གནང་། “ཁམས་པས། ང་འགྲོ་ལེ་མན། དབུས་པས། ང་འགྲོ་ཀྱི་མིན་”ཟེར་བ་དེའི་ཚབ་དངོས་དེ་ཨ་མདོ་བས་”ང་འགྱོ་གི་མིན་ཟེར།” དེ་མིན་ངས་ཟ་གི་མིན་སོགས་ཁམས་དབུས་དང་ལབ་སྟངས་མཐུན།
ལྟས་ངན། དབུས་མི་རྒྱ་ནས་མཆེད་དང་དབུས་སྐད་རྒྱ་སྐད་འདྲ་ཟེར་བ་དེ་རིང་མ་གཏོགས་ཐོས་མ་མྱོང་། བོད་མིར་རྫུས་པའི་སོག་པོ་དེ་ཚོ་བོད་མིའི་ལྟོ་ཟོས། བོད་པའི་སྐད་ལབ། བོད་པའི་གོས་གྱོན་པས་མ་རྒྱགས། ད་ཡིན་ན་རང་གི་དྲིན་ཅན་ནང་དམེ་བཟོ་བ་དང་དགྲ་ཡི་དཔུང་རོགས་ལ་ཤོར་གྱི་འདུག་ག ཁྲག་རྒྱུད་གང་ཙམ་མང་བ་འདྲེས་ན་གང་ཙམ་གྱིས་མི་དྲན་དགུ་དྲན་ཚ་བ། ཕུ་དཀྲུག་མདའ་དཀྲུག་ལ་མཁས་པ་ཞིག་ཡིན་རྟིང་མ་རེད་འདུག ཁུངས་ལུང་ཡོད་མདོག་དང་ལོ་རྒྱུས་མཁན་པོའི་བདེན་གཏམ་ཡིན་མདོག་དེ་ཚོས་་ཧམ་པས་མི་གསོན་པོ་ཟ་བར་འདུག མདའ་ཚན་པ་ཟེར་བ་མི་ཁ་སྤྲུལ་ངོ་སྤྲུལ་བྱེད་མཁན་དེ་སྐྱག་དོང་ནང་བརྒྱངས་ནས་་རྫབ་དོང་མྱགས་མའི་བྲོ་བ་མྱངས་མ་འཇུག་ན།ངན་ཤེད་སྒལ་རལ་གྱིས་ང་ཚོ་བོད་པའི་ཆོལ་ཁའི་ཞེན་ཁོག་གི་ནད་རྙིང་དེ་ཡི་ཟུག་གཟེར་ཆེ་རུ་གཏོང་རྒྱུ་ཁོ་ནའི་ལས་བྱེད་ཀྱི་འདུག
མཁས་པའི་གོ་འཕང་ཐོབ་པར། ཐོས་པ་བསགས། མཁྱེན་པ་རྒྱས། འཆད་རྩོད་རྩོམ་གྱི་རྩལ་ལག་ཚང་དགོས་པ་ཨ་ཅང་བརྗོད་མེད་ཡིན་པའི་ཐོག མཐར་ཐུག་རྣམ་དཔྱོད་ཡོད་མེད་དེས་མཁས་བླུན་དབྱེ་འབྱེད་བྱེད་པ་ཡིན། དེ་ལས་བླུན་པོས་འཕྱུགས་ན་ཐོ་གང་། མཁས་པ་འཕྱུགས་ན་འདོམ་གང་། ཟེར་བ་དེ་བྱུང་། མཁས་པ་ཞིག་ཡིན་ན་སྤྱིར་འཕྱུགས་མི་སྲིད་ལ་དོན་ཆེན་ལ་དེ་བས་འཕྱུགས་མི་སྲིད། འཕྱུགས་མཁན་དེ་མཁས་པར་རློམ་མཁན་དེ་ཚོ་རེད་ལ། འཕྱུགས་ཉེས་ཤོར་མཁན་མཁས་པ་དེ་ཚོ་ལོ་རྒྱུས་ཐོག་མཁས་པའི་གྲས་སུ་ཚུད་པར་དཀའ། ཡིག་རིགས་གཞན་ལས་བོད་སྐོར་གཏམ་གསར་རེ་དང་དོན་མཚར་རེ་གོ་དུས། རང་ཐོས་པ་ཆེ་མདོག་དང་མཁྱེན་པ་ཡངས་མདོག་གིས་དཔྱད་པ་ཙམ་ཡང་མེད་པར། རང་གི་ཁོར་ར་ཁོར་ཡུག་ནས་དེ་འབྲེལ་གྱི་ཅ་དངོས་རེ་གཉིས་འཁྱེར་ཏེ་ཉམས་ཞིབ་ཆེ་མདོག་གིས་ངས་སྔ་ས་ནས་དེ་ལྟར་བསམས། དུས་ད་ལྟ་དེ་ལྟར་ཡིན་ས་རེད་བཤད་ནས་མཁས་མདོག་འཇོན་མདོག་བྱེད་པ་དེ་བོད་ཡིག་ཁོ་ན་ཤེས་མཁན་ཚོའི་སྣང་བ་རེ་ཞིག་འཁྲུལ་སྲིད་པ་ཙམ་རེད། དེ་ལས་ལྷག་པ་རྩ་དོན་གང་ཡང་མེད་པར་གཞན་གྱིས་གང་སྨྲ་རང་རིགས་ལ་ཕན་མིན་ལ་མི་བལྟོས་པར་ཁེ་གྲགས་ཁོ་ནས་བསྐུལ་བའི་བྱ་བཙོག་དེས་རང་གི་ཁོག་པ་འཇལ་བྱེད་ཀྱི་རྒྱ་མ་མི་ལག་ལ་བཞག་པ་དང་ཁྱད་ཅི་ཡོད། བོད་མིའི་ཕུགས་རྩ་དགྲ་ལ་གཏུག་པའི་བྱ་བཙོག་དེ་ལས་ཁོ་པ་རྒྱ་གཞུང་ལ་བླ་བཙོངས་མཁན་བོད་མི་མཁས་མིང་འཛིན་མཁན་དེ་ཚོའི་རྗེས་སུ་འབྲངས་ནས་མིག་ལོང་ཞ་མཆོངས་བརྒྱབ་པ་ད་དུང་ཤེས་ཀྱི་མེད་བཟོ་འདུག
བོད་མིར་རྫུས་པའི་སོག་ངན་གྱི་རྒྱུད་པ་དེ་ཚོ་ཤ་རུས་ཁྲག་གསུམ་གང་ནས་བཤད་ཀྱང་བོད་དང་བོད་མིར་ཤ་ཞེན་གཏན་ནས་མེད་པ་དངོས་གནས་ཤེས་སོང་། ང་ཚོ་བོད་མི་དག་བོད་རྫུས་སོག་པོ་དག་ལ་ཡིད་གཟབ་བྱེད་དགོས་འདུག
སྐད་སྐོར་བཤད་ན། གོང་དུ་དབུས་སྐད་ལ་ཕྲད་ཀྱི་སྦྱོར་བ་མེད་པ་རྒྱ་སྐད་དང་འདྲ་ཞེས་ཨུ་ཚུགས་བྱས་པ་དེར་མི་བུ་འགའ་ཡིས་དགག་ལན་རྣག་ཐོག་བཙགས་འཁེལ་འགའ་འཕངས་འདུག་པས། རང་གི་དེ་ཕུགས་མ་འཁྱོངས་བ་ཤེས་དུས། ཡང་དབུས་སྐད་ཀྱི་མདངས་དེ་རྒྱ་སྐད་དང་འདྲ་ཞེས་བཤད་འདུག ཡ་ཡ། དེ་འདྲ་ཡིན་ན་ངས་དབུས་སྐད་དེ་རྒྱ་སྐད་དང་འདྲ་བས་མ་ཟད་དབྱིན་སྐད་དང་དེ་བས་འདྲ་བ་རེད་ཟེར་རྒྱུ་ཡིན། ཁྱོད་ཚོ་ལྟོས་ཤིག སེམས་ཅན་དུད་འགྲོ་དེ་ཚོའི་སྐད་དེ་གང་ནས་ཐོན་གྱི་འདུག ཁོག་པ་ནས་འདོན་གྱི་འདུག་ག མིའི་རིགས་དེ་ཡང་གདོད་མའི་དུས་སུ་དང་ཐོག་མར་སྒྲ་ཐམས་ཅད་ཁོག་ནས་འདོན་པ་རེད། ཕྱིས་སུ་ལྕེ་བདེ་རུ་ཕྱིན། གྲམ་ཤ་ཡ་རྐན་མ་རྐན་མཉེན་དུ་སོང་བ་སོགས་ཁ་ཡི་སྐྱེ་གནས་དག་སྤྱོད་ཤེས་ནས་ཁོག་སྒྲ་འདོན་དཀའ་བ་དང་སྙན་ཆ་མེད་པ་དེ་སྤྱོད་ཚད་ཉུང་ནས་ཉུང་དུ་དང་མཐར་མེད་པ་ཆགས་པ་རེད། དཀའ་ནས་སླ་རུ་གཏོང་བ་དེ་འཛམ་གླིང་ཆོས་ཀྱི་འཕེལ་ལུགས་རེད། རྒྱ་སྐད་དབྱིན་སྐད་གཉིས་འཕེལ་རྒྱས་ཆེ་བས་ཁ་ནས་བརྗོད་བདེ་བ་ཡོང་ཆེད་སྐྱེ་གནས་ཁོག་པ་དང་མགྲིན་པ་བྱས་པའི་གདོད་མའི་སྒྲ་མཁྲེགས་པོ་དག་ལོ་རྒྱུས་ཀྱི་ཆུ་བོ་རིང་མོའི་ནང་བསྐྱུར་ཟིན་ནས། ད་ཆ་མགྲིན་པ་མན་ནས་སྒྲ་ཐོན་པ་ཕལ་ཆེར་མེད་པ་ཆགས་ཟིན། དབུས་སྐད་དེ་ཡང་དེ་ལྟར་ཡིན། བྱས་ཙང་དབུས་སྐད་དེ་རྒྱ་སྐད་དང་དབྱིན་སྐད་གཉིས་ཀ་དང་གདངས་འདྲ་པོ་ཡོད། དབུས་སྐད་དེ་བརྗོད་བདེ་བས་རྒྱ་མིས་སྦྱོང་བདེ་བ་མ་ཚད། འཛམ་གླིང་གི་མི་སུ་ཞིག་ལ་སློབ་ཀྱང་ཨམ་སྐད་ལས་ཞེ་དྲག་སྦྱངས་བདེ་བ་དེ་ཡིས་གསལ་བཤད་བྱེད་ཐུབ།
མདོར་བཤད་ན། མིའི་རིགས་ཐམས་ཅད་ཁ་ནས་སྐད་ཆ་བཤད་ཀྱི་ཡོད་པས་ཕན་ཚུན་འདྲ་བ་ཡོད་སྲིད་དང་སྲིད་པ་དང་། མི་རིགས་ཕན་ཚུན་འབྲེལ་བ་ཡོད་པས་སྐད་ལ་མི་རིགས་གཞན་གྱི་ཚིག་སྤྱོད་པ་སྤྱི་ཡི་འགྲོ་ལུགས་རེད། རྙོག་གཏམ་དེ་འདྲ་ཞིག་འགོ་བཙུགས་མཁན་དེས་མཁས་མདོག་ཚུལ་དང་མ་རུངས་ཁོག་ལ་བཅངས་བ་ཞིག་མ་ཡིན་ན། ཁོ་པར་མཁས་པར་དགོས་པའི་ཐོས་པ་དང་མཁྱེན་པ་མི་གདང་བ་མ་ཚད། ད་དུང་བོད་མིའི་རྩ་དོན་ལ་བསམས་པའི་རྣམ་དཔྱོད་དེ་ཁོག་ལ་རྩ་བ་ནས་ཞུགས་མྱོང་མེད་པ་མངོན་ངོན་རྗེན་རྗེན་དུ་སྟོན་འདུག དེ་ནི་སྤྲེལ་ལ་ངོམ་རྒྱུ་རྐུབ་ཟེར་བ་དེ་རེད།
(འགྲོ་བ་མི་ཡིན་ན་འཕོངས་རྐུབ་དེ་གོས་ཀྱིས་བཀབ་ནས་གཞན་ལ་དམར་རྗེན་དུ་མི་སྟོན་པ་རེད།)
ངའི་མཆན་བུ་མ་འདོན་ཡག་ག་རེ་བྱས་པ་རེད་དམ།
ང་ཚོས་བླ་ཆེན་དགོངས་པ་རབ་གསལ་གྱི་སྔོན་མདོ་སྨད་དུ་མཁས་པ་བྱུང་ཡོད་མེད་སྐོར་ཁ་བརྡ་ཅུང་ཟད་བྱེད་སྐབས་ཤིག མགོ་རིལ་ལགས་ནས་མདོ་སྨད་བྱང་རྒྱུད་དུ་བོན་གྱི་མཁས་པ་བྱུང་ཡོད་ཚུལ་གསུངས་པ་ལྟར། འདི་ནའང་མཁས་པ་ཁ་ཤས་ཤིག་གི་མིང་འདུག ཨ་ལགས་བོན་བརྒྱ་ཚང་གི་གསུང་ལས་བཤུས་ཏེ་འདིར་བཀོད་པ་ཡིན།
སྔོན་དང་པོ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་མཁས་པ་དྲུག་བྱོན་པའི་ནང་གི་ཁྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་མཚོ་སྔོན་ཕྱོགས་འདིར་འཁྲུངས་པ་ཡིན། དེ་ནས་བཟུང་། རྨ་ཁྲོམ་ར་གསུམ་ཞེས་རྨ་རྒྱལ་ཆུ་གླིང་དང་ཁྲོམ་ཁྲི་གཤོག་རྒྱལ་མོའི་མཚོ་མོ། ར་རྒྱ་ཁྱུང་མགོན་སོགས་སུ་བོན་བསྟན་དར། དེ་ནས་བོད་རྒྱལ་ཏིང་ཁྲི་བཙན་པོའི་རིང་མདོ་ཁམས་ཁམས་དབྱར་མོ་ཐང་ཞེས་པར་ཀ་ཅུའི་༼ཀ་ཆུ༽མཁན་པོ་གཙུག་ཕུད་རྒྱལ་བ་འཁྲུངས་ནས། མཚོ་ཁའི་བོན་པོ་གདོང་སྣ་དང་འདུལ་བའི་བླ་རྣམ་དུ། བྲག་དཀར་རྩེ་མཐོར་སྒོམ་ལ་གནས། ཞེས་གསུངས་པ་བྲག་དཀར་༼རྨ་རི་ཏེའུ་གསུམ༽གྱི་གྲུབ་གནས་སོགས་སུ་་མདོ་སྔགས་གཉིས་ཀ་དར་བར་མཛད་པ་པོ་ནི། ཁྲོམ་གཤེན་རྔམ་པ་ལྕེ་རིང་དང་མཁན་ཆེན་མུ་ཟི་གསལ་བཟང་སོགས་ཡིན་པ་ཀུན་གྱིས་ཤེས་ལ་དེ་དག་གནམ་གྱི་ཁྲི་བདུན་རིང་ཡིན་པའང་ཀུན་གྱིས་ཤེས་ཐུབ་བོ། དེའི་སྐབས་སུ་བོན་བསྟན་དར་བའི་རྟགས་མཚན་གསལ་བོ་ཅི་ཡོད་ཅེ་ན། རེབ་གོང་གི་དྲན་པའི་གྲུབ་གནས་སོགས་ཀྱིས་གསལ་བོར་ཤེས་ལ་བསྟན་པའི་བདག་པོ་ཁྲོམ་གཤེན་གྱི་དངོས་སློབ་ནི། ཁྲོམ་ཀརྨ་མུ་ཕྱོ་དང་མེ་ཉག་ནམ་ར་རྩེ་དགུ། སུམ་པའི་མཁས་པ་གྷུ་ཧུ་ལུ་སྤར་ཡའི་སློབ་མ་སུམ་པ་མུ་སྤུངས་གསལ་ཏིང་། སུམ་པ་ལི་ཕྱོ་ཧ་ར། མེ་ཉག་ལྕ་ཚ་མཁར་བུ། མཁས་པ་དྲུག་པོའི་ཞབས་བསྟེན་པའི་སློབ་མ་བླ་ཆེན་དྲན་པ་ནམ་མཁའ་སོགས་ཕྱོགས་འདིར་བྱོན་པ་བསྟན་འབྱུང་ལོ་རྒྱུས་རྣམས་ཞལ་མཐུན་ནོ།
སྔ་འགྱུར་བསྟན་པའི་གནས་གཞི་བྱུང་ཚུལ་ནི། མཚོ་སྔོན་རེབ་གོང་ཕྱོགས་སུ་སློབ་དཔོན་དྲན་པ་ནམ་མཁས་བྱང་ཕྱོགས་གོང་མོའི་གུར་ཁང་དུ་གྲུབ་གནས་ཁྱད་པར་བ་ཞིག་ཡོད་ལ། རྒྱབ་ན་སྲིད་རྒྱལ་བླ་རི། མདུན་ན་བྲག་བཙན་ཟངས་རི། ཉེ་འདབས་ན་ཨ་བ་ངོས་བཟང་གི་དགོན་སྡེ་བཏབས། སེ་བོན་གྱི་གདུང་རྒྱུད་ལས་མཆེད་པའི་ལྷ་སྡེ་སེ་བརྒྱ་བོན་ཐང་གི་སྡེ་ཡོད། ཤར་ཕྱོགས་ལྷ་རི་དཀར་པོའི་རྩ་བ་ན་དབལ་མོ་གནས་ཀྱི་དགོན་སྡེ་ཆེན་པོ་ཡོད། ཤར་ལྷོའི་སྟག་གཡག་བྱ་ལུང་རི་རྩེ་ན་སྤྱི་དགོན་གཡུང་དྲུང་གསང་བ་བདེ་ཆེན་གླིང་ཡོད། དེ་དང་ཉེ་བའི་དཀོན་མོའི་ཉིན་ཕྱོགས་ན་ཡེ་ཤེས་ཉི་མ་ཕུག་གི་དགོན་ཆེན་ཡོད། ཡར་ནང་ལྷོ་ཕྱོགས་གཡུ་འབྲོང་ཁྱུང་གསུམ་མདུན་དབུས་ན་ཞོ་ར་སྨན་གྱི་རི་བོའི་རི་ཁྲོད་ཡོད། ནུབ་ཕྱོགས་བྱ་ཁྱུང་ལྷུན་པོའི་མདུན་ལུང་ན་དགོན་ཁུག་བདེ་ཡངས་ཞེས་པའི་དགོན་སྡེ་ཡོད། བྱང་ཕྱོགས་རི་བོ་ཁྱུང་ཆེན་དར་མའི་ཁ་ལྡིང་ན་ཁྱུང་བོ་དར་ལྡིང་དགོན་ཆེན་ཞེས་པའི་སྒྲུབ་སྡེ་ཆགས། དེ་རྣམས་དུས་ཚོད་ནམ་ཞིག་རེད་ཅེ་ན། སྔོན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོན་བསྟན་དྲན་པ་ནམ་མཁའ་ནས་ཨ་བ་ངོས་བཟང་དགོན་སྡེ་སོགས་ཕྱག་བཏབས་ནས་བསྟན་པ་དར་ཡོད་པའི་ཕྱིར། དེ་རྗེས་བོད་རྒྱལ་དར་མའི་རིང་ཁྲིམས་བཙན་པ་ལ་བྲོས་བཤོལ་ཚུལ་དུ་རེབ་གོང་གྲུབ་ཐོབ་གསུམ་ཞེས་ཡོངས་སུ་གྲགས་པ་སྤྱི་རྟིང་འཁོར་ལོས་བསྒྱུར་བ་དང་། ངོ་མོ་ཡེ་ཤེས་མཚོ་རྒྱལ་དང་ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ། དབུས་ས་ཀ་གདོང་དྲུག་ནས་ཕྱོགས་འདིར་བྱོན་ཞེས་ལོ་རྒྱུས་དང་བཅའ་ཡིག་སོགས་ན་གསུངས་ཡོད་པ་དེ། ད་ལྟ་ཁྱུང་པོ་སྟེང་ཆེན་རྫོང་གི་རི་རྩེ་དྲུག་གི་ཕྱོགས་དེ་ནས་བྱོན་པ་ཡིན། གྲུབ་ཆེན་རྣམ་པ་གསུམ་གྱི་དྲན་པ་ནམ་མཁའི་བསྟན་པ་དར་ཡོད་པ་ལ་འཛིན་སྐྱོང་སྤེལ་གསུམ་མཛད་ནས་ངོ་སྤྱི་ཁྱུང་གསུམ་གྱི་སྒྲུབ་སྡེ་སོགས་དར་བ་ཡིན་ལ། མི་ལོ་སུམ་བརྒྱ་ཙམ་གྱི་ཡུན་ལ་ཧ་ཅང་བོན་བསྟན་དར་རྒྱས་བྱུང་།