དོན་རྒྱལ་གྱི་བསམ་བློའི་འཁྱེར་སོར་བལྟ་ན། ཁོང་གི་ལྗགས་རྩོམ་རྣམས་ཡག་པོ་ཞིག་ཀློག་ན་ངོ་འཕྲོད་གི་རེད། ཕལ་ཆེར་ངོ་མ་འཕྲོད་པའང་ཡོད་རྒྱུ་མ་རེད། ལྷག་པར་དུའང་། ཁོང་གི་ལྗགས་རྩོམ། ་་འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་་ ཟེར་བ་དེ་ཁོང་གི་ཁོང་ན་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ་ཡིན་པ། རྩོམ་འཇུག་ཏུ། ་་འདི་ནི་ངའི་སེམས་ན་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ལ།་་ ཞེས་བྲིས་པས་ཤེས། དེས་ན་ཁོང་གི་སེམས་ཁོང་ན་ལྡིང་བཞིན་པའི་སྙིང་གསོན་དེ་ག་འདྲ་ཞིག་ཡིན་མིན་ལ་རོབ་ཙམ་བལྟས་ན།
གཅིག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ལྟ་སྟངས
རྩོམ་དེའི་མགོ་བཙུགས་མ་ཁད་དུ། ་་མཛེས་སྡུག མཚར་སྡུག སྙིང་སྡུག་་ ཅེས་དབུ་བཙུགས་ཡོད་པ་རེད། མཛེས་སྡུག མཚར་སྡུག སྙིང་སྡུག་དེ་ག་རེ་ལ་ཟེར་གི་ཡོད་པ་རེད་ཟེར་ན། དེའི་གཤམ་དུ། ་་སྲིད་པ་ཆགས་པའི་ཚུན་ཆད་དུ་་ བོད་མི་རིགས་ཀྱིས་གསར་བཏོང་གནང་ཡོང་བའི་ ་་ཡིད་དུ་འོང་བའི་ལོ་རྒྱུས་ཀྱི་བྱུང་བ་དང་། སྙིང་དུ་སྡུག་པའི་བཀའ་བསྟན་གྱི་མཛེས་མ། བརྗེད་པར་དཀའ་བའི་ཤེས་བྱ་ཡི་བང་མཛོད་ཅི་འདྲའི་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་་་ ཟེར་ནས་བཤད་ཡོད་པ་རེད། དེ་ཡང་། བོད་ཀྱི་འདས་པའི་ལོ་རྒྱུས་དེ་ཡིད་དུ་འོང་བ་ཞིག་དང་། བོད་ཀྱི་བཀའ་བསྟན་གཉིས་སྙིང་དུ་སྡུག་པའི་མཛེས་མ་ཞིག བོད་ཀྱི་ཤེས་པར་བྱ་བའི་རིག་པའི་གནས་བཅུ་དེ། བརྗེད་པར་དཀའ་བ་ཞིག་ལ་ངོས་བཟུང་ཡོད་པ་རེད།
་་ལང་ཚོའི་རྦབ་ཆུ་་ ནང་ཡང་། རིག་པའི་གནས་བཅུའི་མིང་རེ་རེ་ནས་སྨྲོས་ཤིང་། བོད་ཀྱི་གཞོན་ནུ་རྣམས་ལ་དེ་དག་རེ་རེ་ནས་བརྒྱུད་འཛིན་དང་སློབ་སྦྱོང་བྱེད་དགོས་པར་དངོས་སུ་སྐུལ་བ་བྱས་ཡོད་པ་རེད།
འདི་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཆེད་དུ་ཁོང་གི་ཁོང་ན་མཆོངས་ལྡིང་ཙམ་མིན་པར་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་དེ་དང་ཆབ་ཅིག་ད་རུང་ཁོང་གི་རྣ་ལམ་ན་ནམ་ཡང་འཇགས་པ་མེད་པའི་སྒྲ་དབྱངས་ཤིག་གྲག་བཞིན་པ་ནི།
་་སྔོན་གྱི་ཚེ་ན། ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས། སྙན་གྲགས་ཀྱི་བ་དན་དགུང་དུ་བསྐྱོད་མྱོང་ལ། དཔའ་རྟུལ་གྱི་མཛད་རྗེས་ནི། རྒྱ་གར་འཕགས་པའི་ཡུལ། མ་ཧྰ་ཙི་ནའི་ཁམས། གཞན་ཡང་། བལ་བོ། ཁ་ཆེ། འབྲས་ལྗོངས། འབྲུག་ཡུལ་སོགས་ནའང་། སྤྲིན་གྱི་སྒྲ་དབྱངས་། པི་ཝང་སྒྲ་དབྱངས། དྲི་ཟའི་གླུ་དབྱངས། དབྱངས་ཅན་གླུ་དབྱངས་ཇི་བཞིན་སྒྲོགས་བཞིན་པ་ཁྱེད་ཀྱིས་ཨེ་ཚོར་་ཞེས་བཙན་པོའི་སྐབས་ཀྱི་མཛད་འཕྲིན་དག་གཞན་ལ་དྲན་གསོ་བཏང་ཡོད་པ་རེད། འདི་དག་ལས་ཁོང་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འདས་པའི་ལོ་རྒྱུས་ལ་ལྟ་སྟངས་རོབ་ཙམ་རྟོགས་ཐུབ།
གཉིས། གསར་བཏོད་ཀྱི་བསམ་བློ།
མུ་མཐུད་དུ་མར་ཀློག་ཕྱིན་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་འདས་པའི་ལོ་རྒྱུས་ཀྱིས་ཁོང་ལ་སྤོབས་པ་ཞིག་སྤྲད་ཡོད་པ་ཤེས་ཐུབ་པ་མ་ཟད། ཁོང་གི་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ། དེ་ཙམ་གྱིས་འདོད་པ་ཁེངས་མེད་པར་ད་རུང་གསར་བཏོད་མང་པོ་ཞིག་གི་ཆེད་དུའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པ་མཐོང་། དེ་ཡང་། ་་བསམ་བློ་གསར་པ་ཞིག་དང་། ལྟ་བ་གསར་བ་ཞིག འདོད་ཚུལ་གསར་བ་ཞིག ལུགས་སྲོལ་གསར་པ་ཞིག་་ ཟེར་བ་ནས་མགོ་བཙུགས་ཏེ། དེ་དག ་་སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི། བསེ་རུའི་ར་དང་། རུས་སྦལ་སྤུ། མཁའ་ཡི་པད་མོ། ས་ཡི་འཇའ་ཚོན་བཞིན་དཀའ་བ་འདི་ཁྱེད་ཀྱིས་ཨེ་ཤེས་་ ཞེས་དེ་དག་གདན་འདྲེན་རྒྱུར་དཀའ་ས་དེའང་། ་་སྤྱི་ཚོགས་རིང་ལུགས་་ ཀྱི་གངས་ལྗོངས་ཟེར་ནས་སྤྱི་ཚོགས་རིང་ལུགས་ཀྱི་མིང་དངོས་སུ་སྨྲོས་ཡོད་པ་རེད།
འདི་ལྟར། ་་སྤྱི་ཚོགས་རིང་ལུགས་་ ཀྱི་གངས་ལྗོངས་སུ ་་སྔོན་ཐོན་གྱི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་མི་ཐུབ་པའི་སྐལ་བ་ཕྲ་ཙམ་གདའ་བ་་ དེའི་རྒྱུ་རྐྱེན་དུ། ་་རྙིང་ཞེན་་ ་་བག་ཆགས་་ ་་བག་འཁུམས་་ གསུམ་ལ་ཐུག་ཡོད་པ་བཤད་འདུག
གསུམ། མཐའ་མཇུག་གི་རེ་སྐུལ།
གོང་དུ་བརྗོད་པ་ལྟར། དང་པོ་བོད་ལ་སྙིང་དུ་སྡུག་པའི་ཆོས་རིག་གཏིང་ཟབ་པོ་དང་ཡིད་དུ་འོང་བའི་ལོ་རྒྱུས་ཡོད་པ་བསྟན་པ་དང་། གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་དེ། རྙིང་ཞེན། བག་ཆགས། བག་འཁུམས་ལ་བརྟེན་ནས་སྔོན་ཐོན་གྱི་གྲལ་དུ་སྙེགས་དཀའ་བ་བཤད། མཐའ་མཇུག ་་ཡིན་ནའང་་ ཟེར་ནས་འབྱུང་འགྱུར་རེ་བ་ཡོད་པའི་ཕྱོགས་ཚིག་དཀྱོག་སྟེ། ་་མི་རིགས་ཀྱི་རེ་བའི་རླངས་པ་ནི་མཁའ་ལ་འཕྱུར་ངེས་པ་་ དང་། ་་གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས་པ་་ ་་ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱེས་ཀྱང་ལྷང་ལ་འབུད་ངེས་་ ཞེས་བོད་ལ་རེ་བ་ཡོད་པ་དང་། བོད་ཀྱི་ལ་རྒྱ་ཡང་ལྷོ་ཕྱོགས་ནང་ལྡིང་ཡོང་རྒྱུ་ཡིན་པ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་འཐོབ་རྒྱུ་ཡོད་པ་བཤད་འདུག ད་རུང་མུ་མཐུད་དུ། བློ་མ་ཕམ། རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུག ཞལ་ལྕེ་ལ་དགའ་གསུམ་དང་འདར་གསུམ་ཡོད་པས། ཁྱོད་ཀྱི་བློ་ཅི་ལ་ཕམ། ཞེས་སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་ཀྱི་དཀའ་ངལ་དེའང་གནས་སྐབས་ཙམ་ཡིན་པར་བརྗོད ད་རུང་།། སེམས་མ་སྡུག གངས་ཅན་གྱི་གཞོན་ནུ། གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བའང་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཅེས་གངས་ཅན་གྱི་གཞོན་ནུ་ཚོར་སེམས་གསོ་གནང་ཞིང་། མཇུག་ཏུ།
ངའི་མིག་ལམ་དུ་སྣང་བ་ནི། བདེ་སྐྱིད་ཀྱི་བདུད་རྩི་ཡིན་པ་དང་།
ངའི་རྣ་ལམ་དུ་ད་ལྟའང་ད་དུང་འགེངས་པ་ནི། མ་འོངས་པའི་འཚོ་བ་ཡིན།
འདི་ནི། ངའི་སེམས་ན་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ལ།
འདི་ནི། ཕལ་ཆེར་ཁྱེད་རང་ཚོའི་སེམས་ན། དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ཀྱང་སྲིད་ཟེར་ནས་མཇུག་བསྡུས།
གྲོགས་པོ་།
་མི་ཚེའི་ལོ་རྒྱུས་དང་།རྩོམ་གྱི་མ་ཕྱི་།བསམ་པའི་འཁྱེར་སྟངས་།ཚིག་གི་བཀོལ་སྟངས་བཅས་ག་ལེར་ཡོང་གིན་རེད་།མི་མཐུད་དུ་དྲང་ངེས་ཀྱི་རྣམ་བཞག་དེ་ལྟ་བུ་ཞོག་དང་།ལྟད་མོ་རྗེས་ནས་ཡོང་།
མདའ་ཚན་པ་ལགས་།མི་འཐུད་དུ་འབྲི་རོགས་།ལུང་འདྲེན་པ་ཕན་ཤིན་ཏུ་ནས་ཐོགས་ཀྱིན་འདུག་།
ཐུགས་རྗེ་ཆེ།
འདི་ནའང་ལང་ཚོའི་རྦབ་ཆུ་ཞིག་འདུག་།རྒྱ་ནག་གི་སྙན་ངག་གི་ནང་དུ་རྦབ་ཆུ་ནི་ཧ་ལས་བའི་མཛེས་སྡུག་ལྡན་པ་དང་།ལྟ་བའི་ཆོག་མི་ཤེས་བ་ཞིག་ལ་དཔེ་བཞག་སྙན་རྩོམ་སྣ་ཆོགས་བྲིས་་ཡོད་པ་རེད་།ཡིན་ནའང་དོན་རྒྱལ་མ་བྱུང་བར་ཏུ་བོད་ཀྱི་སྙན་ངག་ནང་དུ་རྦབ་ཆུ་དམིགས་གསལ་གང་རྩིས་ཡོད་པ་མ་རེད་།
ཡ་མཚར་བ་ཞིག་ལ་།བོད་ཀྱི་དམར་སྲུང་དམག་མི་དག་གིས།དགེ་ཆོས་ལྟར་བོད་ཀྱི་སྙན་ངག་གི་དཔེ་བརྗོད་ཁ་ཤས་སུ་རྒྱ་གར་གངྒ་དང་།རི་བོ་འབིགས་བྱེད་དཔེ་བཞག་པ་ཟུར་ཟ་དང་དམའ་འབེབས་བྱ་ཞོར་ཏུ་།ལང་ཚོ་རྦབ་ཆུ་དབྱངས་སུ་གྱེར་ནས་།ཁ་ཏོན་བཞིན་འདོན་གིན་འདུག་།རྒྱང་བསྒྲགས་ནང་ནས་སྐབས་རེ་ཉིན་རེ་དང་།གནང་རེ་ལ་འདོན་ཀིན་འདུག་།
དངོས་གནས་དགོད་བྲོ་བོ་རེད་ཡ།
瀑布
叶圣陶
还没看见瀑布,
先听见瀑布的声音,
好像叠叠的浪涌上岸滩,
又像阵阵的风吹过松林。
山路忽然一转,
啊!望见了瀑布的全身!
这般景象没法比喻,
千丈青山衬着一道白银。
站在瀑布脚下仰望,
好伟大呀,一座珍珠的屏!
时时来一阵风,
把它吹得如烟,如雾,如尘。
དམར་སྲུང་དམག དམར་སྲུང་དམག སེར་མོ་བ་སྲུང་སྐྱོབ་བྱེད་པའི་སེར་སྲུང་དམག་ཀྱང་ཡོད་ན་ཆོག་ག དམར་སྲུང་དམག སེར་སྲུང་དམག
དེ་ནི་རྦབ་ཆུ་ཞིག་བཤད་ཀྱི་ཡོད་པ་མ་གཏོགས་ལང་ཚོའི་རྦབ་ཆུ་མ་རེད། ཚིག་ཆུང་ངུ་རེའི་བཤད་སྟངས་བརྗེས་དེ་རྒྱ་ཡིག་མི་ཤེས་པ་ཚོ་ལོག་ལམ་དུ་མ་ཁྲིད།
ལང་ཚོའི་རྦབ་ཆུ་དང་། འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་གཉིས་ལ་འདྲ་བའི་ཁྱད་ཆོས་མང་པོ་ཞིག་འདུག ནང་དོན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་བརྒྱུད་འཛིན་དང་དེའི་ཐོག་གསར་བཏོད་བྱེད་དགོས་པའི་སྐུལ་མ་ལྟ་བུ་ཞིག་རེད།
རྣམ་པ་ཉིན་ཤས་གོང་བཤད་ཟིན་པ་ལྟར། ཡར་ལོངས་འཁྱག་ལྟོགས་ཀྱིས་མནར་བའི་བྲན་གཡོག་ཚོ་ཟེར་བ་དང་། མདུན་སྐྱོད། མི་རིགས་ཁག་གི་དཔའ་བོའི་མི་མང་། མདུན་དུ་སྐྱོད། ཟེར་བ་སོགས་རྒྱའི་གླུ་གཞས་དེ་དག་གི་ཉམས་འདྲ་པོ་ཞིག་རང་བཞིན་གྱིས་སྟེར། ཚིག་གི་ནང་། རྒྱ་བོད་གཉིས་ཀྱི་ཤུགས་རྐྱེན་འདུག་སྙམ། རྒྱ་ཚིག། རྦབ་ཆུ། འཐབ་འཛིང་། གསར་བཏོད་ཀྱི་སྙིང་སྟོབས། མདུན་བསྐྱོད།མཐུན་སྒྲིལ། གྲལ་འགྲིག་པའི་རུ་དཔུང་། རྨོངས་དད། རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་ལྟ་བུ་དམར་བོའི་ཚིག་དང་། སྙན་ངག་མེ་ལོང་སོགས་བོད་ཚིག་ནི། ནེ་ཙོའི་སྒྲོ་ཐུལ། ཟ་འོག་རི་མོ། དབང་བོའི་གཞུ་རུས། དྲི་ཟའི་གླུ་དབྱངས། ཚངས་པའི་གླུ་དབྱངས་། དབྱངས་ཅན་ངག ཁུ་བྱུག་གདངས། དཔྱིད་གསུམ། དབྱར་གསུམ། སྟོན་གསུམ་སད་དང་སེར་བ། དགུན་གསུམ་ཁངས་དང་ཁ་བ། ཡན་ལག་བརྒྱད་ལྡན་གྱི་ཆུ། སྙན་ངག་གི་རྟ་མཆོག་སོགས་གཟུགས་སུ་བཀོད་པ་དེ་དག་གོ
མདོར་ན། རྒྱ་གར། རྒྱ་ནག བོད་ཚིག སྲོལ་རྒྱུན་གྱི་ཚིག དམར་ཤོག་གི་ཚིག་སོགས་སྣེ་མང་འདུས་པ་ཞིག་རེད་འདུག
ཕྱོགས་ཡོངས་ནས་བལྟས་ན། ཁོང་གིས་བོད་ཡིག་ནང་འབྲི་ཐབས་གསར་པ་ཞིག་གསར་བཏོད་གནང་བ་རེད།ནང་དོན་དང་རྣམ་པ་གཉིས་ཐད་ནས་གཞན་དང་གཞན་གྱི་ཤུགས་རྐྱེན་ཡོད་པ་མ་གཏོགས་སྒྱུར་རྩོམ་ཞིག་གི་ཉམས་ཟུར་ཙམ་ཡང་མེད་པར་མཐོང་། གསར་བཏོད་ཟེར་ན། གཞན་གང་ལའང་མ་ལྟོས་པར་གནམ་ནས་ལྷུངས་ཡོང་རྒྱུ་ཞིག་ཡོད་པ་མ་རེད། དཔེ་བཞག་ན། སྙན་ངག་མེ་ལོང་དེ་སྒྱུར་མ་རེད། དེའི་འབྲི་སྟངས་ལྟར་བོད་ཡིག་ནང་ཐེངས་དང་པོར་འབྲི་མཁན་དེ་གསར་གཏོད་པ་རེད།
མགོན་པོ་ཕྱག་གཉིས་པས་དོན་གྲུབ་རྒྱལ་གྱི་སྐོར་ལ་བྲིས་པའི་མཆན་བུ་དེ་ཚོ་ཤིན་ཏུ་རྣོན་པོ་འདུག མགོན་པོའི་ཕྱག་གི་རལ་གྲི་རྣོན་པོ་དེས་བང་རྫི་ལྟ་བུའི་ཕས་རྒོལ་སྟོང་ཕྲག་གི་མཇིང་བ་བརྒྱ་ཕྲག་དུས་གཅིག་ཏུ་དུམ་བུར་གཅོད་པ་ལ་ཐེ་ཚོམ་མི་འདུག དེ་ལ་རྗེས་སུ་ཡི་རངས་ཡོད།
དོན་གྲུབ་རྒྱལ་གྱི་རྩོམ་ཡིག་བརྩམས་ཆོས་ཀྱི་སྐོར་ལ་ང་ཚོས་སློབ་སྦྱོང་བྱས་པ་རེད། ད་དུང་སློབ་སྦྱོང་བྱེད་བཞིན་པ་རེད། དོན་གྲུབ་རྒྱལ་གྱི་དཔྱད་རྩོམ་དང་། བརྩམས་སྒྲུང་། སྙན་ངག འབོལ་རྩོམ། བསྒྱུར་རྩོམ། ལྷུག་རྩོམ་གང་ཞིག་ྐློག་ནའང་། དོན་གྲུབ་རྒྱལ་འདི་བ་ཚང་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོང་གི་བརྩམས་ཆོས་རྣམས་ནི་ཁ་གསལ་བོ། གཏིང་ཟབ་པོ། ཁུངས་དག་པ། གསར་བཏོད་ཀྱི་ཁྱད་ཆོས་ཡོད་པ། སྒྱུ་རྩལ་གྱིས་ཕྱུག་པ་དེ་འདྲ་རྐྱང་རྐྱང་རེད། སྐབས་རེར་དགུང་ལོ་སོ་གཉིས་ཙམ་ལས་མ་བཞུགས་པའི་གསར་བུ་ཞིག་གིས་ཚད་ལྡན་བརྩམས་ཆོས་འདི་འདྲ་མང་པོ་ཞིག་གང་འདྲ་བྱས་ཏེ་བྲིས་པ་རེད་ཨང་སྙམ་པའི་ཚོར་བ་ཞིག་བཅོས་མེད་དུ་སྟེར་བར་བྱེད།
དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཁག་དང་དོན་གྲུབ་རྒྱལ་གྱི་གྲོགས་པོ་ཚོས་ཁོང་གི་སྐོར་ལ་གང་གསུངས་པ་ཁག་ལ་བལྟས་ན། ཕལ་ཆེར་དོན་གྲུབ་རྒྱལ་ནི་རིག་གནས་ལ་བྱང་ཆུབ་ཅིང་། གཞུང་ལུགས་ཆེན་མོ་ཁག་ལའང་གཟིགས་མྱོང་བ། བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཟབ་པ། རྩོམ་ཡིག་འབྲི་བར་དགའ་སྣང་ཡོད་པ། བརྩམས་ཆོས་ཚད་ལྡན་འབྲི་གང་ཐུབ་ཐུབ་བྱེད་པ། གསར་བཏོད་ཀྱི་རིགས་ལ་དགའ་བ། སྐབས་རེར་རང་གིས་བྲིས་པའི་རྩོམ་ཡིག་ལ་བཟོ་བཅོས་ཐེངས་མང་བྱེད་མཁན། མཚམས་རེར་ཉིན་དང་མཚན་མཐུད་ནས་དཔེ་ྐློག་དང་རྩོམ་འབྲི་བ། དེ་ནས་གླུ་ལེན་གར་རྩེད་ལ་དགའ་བ། ངག་བདེ་མོ་ཅན་ཞིག དུ་ཆང་མེད་ན་འདུག་མི་ཐུབ་པ། བུད་མེད་གང་འདོད་དུ་སྤྱོད་པ། མི་གཏོང་ཕོད་ཅན། གྲོགས་པོ་ཚོར་འདང་བརྩེ་ཟབ་པ། བླ་རྫུན་གྱི་རིགས་ལ་མཆིལ་ཞགས་འཕེན་མཁན། ད་དུང་། ང་རྒྱལ་ཆེ་ཞིང་། ལབ་རིང་རྒྱག་པ། མི་རིགས་ཀྱི་ལ་རྒྱ་ཆེ་བ་ཞིག་ཡིན་པ་དང་། སྐབས་རེར་རྡུང་རེས་བྱེད་པ། མཚམས་རེར་འཇིག་རྟེན་གྱི་འཚོ་བ་ལ་རྐྱེན་བྱས་ཏེ་སེམས་སྐྱིད་པོ་མེད་མཁན་ཞིག་ཡིན་པར་སྙམ།
ཁ་སང་དེ་རིང་བོད་ཕྱི་ནང་གི་མི་ཁ་ཤས་ཀྱིས་དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག་ཅེས་པ་འདི་གསར་བཏོད་བྱས་པ་མ་རེད་ཟེར། ངས་བལྟས་ན་གནའ་བོའི་མགུར་གླུ་དང་སྙན་ངག་གི་རིགས་ཁ་ཤས་རང་མོས་སྙན་ངག་དང་ཐག་ཉེ་བོ་ཡོད་ནའང་། དེ་རྣམས་རང་མོས་སྙན་ངག་མ་རེད། རང་མོས་སྙན་ངག་ཟེར་བ་འདི་ནི་ཚིག་རིང་ཐུང་ཡོད་པའི་སྙན་ངག་ཐམས་ཅད་སྙན་ངག་རང་མོས་སྙན་ངག་རེད་ཅེས་འདོད་མཁན་ཡོད་ན་ནི་ནོར་བ་རེད། རང་མོས་སྙན་ངག་ཡིན་མིན་ནི་གཙོ་བོ་རྩོམ་སྟངས་ཀྱི་ཆ་དང་། ཚིག་བསྐོར་སྟངས་ཀྱི་ཆ། ཚིག་གཅོད་མཚམས་ཀྱི་ཆ། རོལ་མྱོང་གི་ཆ་སོགས་ཆ་མང་པོ་ཞིག་གི་ངོས་ནས་བལྟ་དགོས་པ་རེད། འདི་གཅིག་ཡིན། ཡང་མི་ཁ་ཤས་ཀྱིས་དོན་གྲུབ་རྒྱལ་གཅིག་པུས་ལང་ཚོའི་རྦབ་ཆུ་བརྩམས་པ་མ་རེད་ཟེར་བ་དང་། ལང་ཚོའི་རྦབ་ཆུའི་སྔོན་ལ་ལྗང་བུས་རང་མོས་སྙན་ངག་བྲིས་པ་རེད་ཟེར། སྐད་ཆ་འདི་དག་ཁོ་བོས་སྔ་མོ་ནས་གོ་ཞིང་། སྐད་ཆ་འདི་དག་བསྐྱར་དུ་གོ་ན། ཁོ་བོར་དགོད་ཅིག་ཤོར་བྱུང་ལ། མ་གཞི་ནས་སྐད་ཆ་འདི་དག་ནི་མ་ཉེས་ཁ་གཡོག་རེད་སྙམ།
ཨོ། དོན་དག་ཅིག་བརྗེད་གྲབས་འདུག ལོ་འགའི་ཡར་སྔོན་དུ་ཁོ་བོས་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ཧྥ་ཡིག་ཏུ་བསྒྱུར་བ་དང་། ཧྥ་ཡིག་མཁྱེན་མཁན་ཚོས་གཟིགས་འདོན་ན། དྲ་ཐག་འདི་ན་༼http://www.tibet-info.net/www/Cascade-de-jeunesse.html༽འདུག
ངས་ཧྥ་ཡིག་མི་ཤེས་པ་འདི་ཡང་ཧྥ་ཁུ་རེད་ཡ།
ཕྱག་གཉིས་བ་།
རྒྱ་ནག་གི་སྙན་རྩོམ་ནང་།རྦབ་ཆུ་ཡི་ཁེངས་བསྡད་ཡོད་པ་རེད་།ལང་ཚོའི་༼གོ་རྒྱུ་དེ་འདྲ་མེད་ཀིན༽རྦབ་ཆུ་ཡང་མང་པོ་འདུག་།ཉིན་ཞིག་ལ་ངས་ཁྱོད་ལ་རིག་གསར་སྐབས་ཀྱི་རྒྱའི་སྙན་རྩོམ་།ལང་ཚོའི་རྦབ་ཆུ་རླངས་བ་ཐོལ་ཐོལ་ལེར་བོད་འགྱུར་མ་ཞིག་འཁྱེར་ཡོང་།དེ་དུས་ང་ལ་དམར་སྲུང་དམག་མི་ཡིན་པའི་སྐད་ཆ་མང་པོ་ཤོད་།
མཐའ་སྡོམ་ནི།།སྔོན་དུ་བོད་མི་རྣམས་ཀྱི་རང་མོས་ཀྱིས་།ཆུ་བོ་གངྒ་དང་།རི་བོ་འབིགས་བྱེད་བཞིན་དུ་ཟེར་ནས་རྩོམ་བྲིས་ནས་།དོན་གྲུབ་རྒྱལ་ཡོང་ནས་རྒྱབ་ཁབ་ཀྱི་རྒྱང་སྒྲོག་དང་།ཚགས་པར་།ལས་ཁུངས་བེད་སྤྱད་དེ་།རྦབ་ཆུ༼རྒྱ་ནག་གི༽་བཞིན་དུ་་་་ཟེར་བའི་དུས་ཤིག་བྱུང་བ་རེད་།
དེ་གཉིས་ལ་རྩ་བའི་ཐོག་ནས་ཁྱད་པར་མི་འདུག་གམ་།
“ཕྱོགས་ཡོངས་ནས་བལྟས་ན། ཁོང་གིས་བོད་ཡིག་ནང་འབྲི་ཐབས་གསར་པ་ཞིག་གསར་བཏོད་གནང་བ་རེད།ནང་དོན་དང་རྣམ་པ་གཉིས་ཐད་ནས་གཞན་དང་གཞན་གྱི་ཤུགས་རྐྱེན་ཡོད་པ་མ་གཏོགས་སྒྱུར་རྩོམ་ཞིག་གི་ཉམས་ཟུར་ཙམ་ཡང་མེད་པར་མཐོང་”
ཁྱོད་ཚོས་ཕལ་ཆེར་མཐོང་ཡོད་རྒྱུ་མ་རེད་།ང་དགུ་ལོ་ནས་བཟུང་བའི་རྩིས་བའི་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བོད་ཡིག་ཐོག་བྲིས་བའི་།རྩོམ་དག་གིས་ནང་དུའང་།ཚིག་དེ་དག་བཀོལ་སྤྱོད་བྱས་འདུག་།མོའི་གསུང་གིན་ནང་དུའང་ཚིག་དེ་འདྲ་མཐོང་རྒྱུ་འདུག་།
གསར་གཏོད་བཤད་དགོས་ན་།
མོའི་གསུང་འགྱུར་མའི་ནང་དུ་།ད་ལྟ་རྒྱ་ཁྱབ་དུ་ང་ཚོས་རྒྱ་ཁྱབ་དུ་བཀོལ་བཞིན་པའས་ཚིག་མང་པོའི་གསར་འགྱུར་བྱས་ཡོད་པ་དང་།
དཔེར་ན་།སྲོལ་རྒྱུན་རིག་གནས་།གྲལ་རིམ་འཐབ་རྩོད་།སྤྱི་ཚོགས་ཟེར་བ་ལྟ་བུ་རེད་།དེ་འདྲ་ཤིན་ཏུ་ནས་མང་པོ་རེད་།རྩོམ་སྟངས་ཆ་ནས་བཤད་ན་།གསར་གཏོད་མང་པོ་བྱས་ཡོད་ནི་རེད་།དཔེར་ན་།སྐབས་རེར་བློ་མཐུན་རྣམ་པ་ཟེར་བ་ལྟ་བུ་རེད་།
སྙན་བཟང་གཡུང་དྲུང་ཚེ་རིང་།
ང་ཧྥ་རན་སི་ལ་འགྲོ་མྱོང་།དེའི་ལོ་རྒྱུས་ལའང་བལྟས་མྱོང་།ལྷག་པར་འཛམ་གླིང་འཁྲུག་ཆེན་གཉིས་བའི་སྐབས་ཀྱི་collaborationist་ཚོའི་ལོ་རྒྱུས་ལ་དོ་སྣང་ཆེན་པོ་བྱས་ཀིན་ཡོད་།ཁོམ་སྐབས་རེ་ཡོད་ན་དེ་ཚོ་སྐོར་ཀློག་དང་།དོན་གྱིས་ངས་ག་རེ་བཤད་ཀིན་ཡོད་པ་ཧ་གོ་སྙམ་པའི་རེ་བ་ཡོད་།
ཧྥ་རན་སིའི་བོད་ཀྱི་དེང་རབས་རྩོམ་རིགས་ཞིབ་མཇུག་བྱེད་པ་དག་ལ་ཁྱད་ཆོས་ཐུན་མོང་མ་ཡིན་འགའ་ཤས་འདུག་།
༼༡༽་ཁོ་ཚོ་དགོན་པ་དང་གྲྭ་བ་ལ་གཏན་ནས་མི་འགའ་།
༼༢༽ཁོ་ཚོས་དགེ་ལུགས་མིག་ནང་གི་ཚེར་མ་ལྟར་བརྩི་།
༼༣༽དྷ་རམ་ས་ལ་ཁ་ཆེ་ཕག་ཤ་མཐོང་བ་ལྟར་།རྒྱང་ནས་བསྐོར་ནས་འགྲོ།
༼༤༽་ཚང་མས་ཁ་ནས་།དེང་རབས་།དེང་རབས་ཞེས་མ་ནི་འདོན་པ་ལྟར་བྱས་།
ད་དུང་མང་པོ་ཡོད་ཀྱང་།རྗེས་ནས་ལབ་ཡོང་།
དེ་བས་ཁོམ་སྐབས་རེ་ཡོང་ན་།བོད་ཀྱི་མཁས་བ་ཡིན་ཟེར་བ་དེ་དག་ལས་།ཧྥ་རན་སའི་དངོས་གནས་མཁས་བ་།
Jean-François Lyotard, Michel foucault་སོགས་ཀྱི་དཔེ་དེབ་ལ་ལྟོས་དང་།བློ་བསྐྱེད་རེ་འབུད་ངེས་།
རྒྱ་ཡིག་ནང་ལང་ཚོའི་རྦབ་ཆུ་ཡོད་མ་རེད་ཟེར་གི་མེད། ཡོད་ན་ཐང་། གོང་དུ་ཁྱེད་རང་གིས་འདི་ནའང་ལང་ཚོའི་རྦབ་ཆུ་ཞིག་འདུག་ཟེར་བ་དེ་ལང་ཚོའི་རྦབ་ཆུ་མ་རེད། རྦབ་ཆུ་རེད། རྦབ་ཆུའི་སྐོར་གྱི་སྙན་ངག རིག་གསར་སྐབས་ནས་དར་བ་ཞིག་མིན་པར་རྒྱ་ནག་གི་ཐང་གི་སྙན་ངག་དག་གི་ནང་ཡང་ཡོད་པ་རེད།
ལང་ཚོའི་རྦབ་ཆུ་དེ་རྒྱ་ཡིག་ནས་ཚུར་བསྒྱུར་བ་ཞིག་མིན་པ་ནི། སྒྲ་རིག་པའི་རལ་གྲི་ལ་ངར་ཇི་ལྟར་ལྡུད། བཟོ་རིག་པའི་ཆུ་གྲི་ལ་རྣོ་ཇི་ལྟར་འཇོག གསོ་རིག་པའི་ལྗོན་པ་རྒྱས་མི་ཐུབ་ལ། ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུའང་སྨིན་མི་སྲིད། ཞེས་པའི་ཚིག་འདི་དག་གི་ཐོག་ནས་ཤེས་ཐུབ་ལ། ད་རུང་། སྡེབ་སྦྱོར་གྱི་གླང་ཆེན་ཚ་བས་གཙེས་ན་ཇི་ལྟར་བྱ། མངོན་བརྗོད་ཀྱི་སེང་གེ་དྲེགས་པས་གཟིར་ན་ཇི་ལྟར་བྱ། ཟློས་གར་བུ་ཆུང་དྭ་དྲུག་ལུས་ན་ཇི་ལྟར་སྐྱོང་། སྐར་རྩིས་ཀྱི་ཕ་ཤུལ་སྟོང་བར་ལུས་ན་སུ་ཡིས་འཛིན། ཚན་རིག་གི་གཞོན་ནུ་མག་པར་ལེན་ན་བསུ་བ་ཇི་ལྟར་བགྱིད། ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱ་ཟེར་བ་འདི་ཚོས་ཀྱང་ཤེས་ཐུབ། ཡིན་ནའང་གསར་བརྗེའི་ཁ་གཡང་གི་ཚིག་གི་ཤུགས་རྐྱེན་ཡོད་པ་ཙམ་ངས་ཀྱང་འདོད།
དེ་མིན་དོན་རྒྱལ་དང་དགེ་ཆོས་སོགས་དམར་སྲུང་དམག་དང་སྦྱར་ཐབས་ལ་འབད་ན་དཀའ་ལས་ཁག་རོགས་རེད། དམར་སྲུང་དམག་གི་དམིགས་ཡུལ་ག་རེ་རེད། ཀུན་སློང་དང་བསམ་སྦྱོར་ག་རེ་རེད། འབྱུང་རྐྱེན་ག་རེ་རེད། རྗེས་འབྲས་ག་རེ་བྱུང་རེད། སུ་ཡི་ལག་གཡོག་རེད།
དགེ་ཆོས་དང་དོན་རྒྱལ་གཉིས་ཀྱི་དམིགས་ཡུལ་ག་རེ་རེད། ཀུན་སློང་དང་བསམ་སྦྱོར་ག་རེ་རེད། ཕན་འབྲས་ག་རེ་རེད།
གཡག་ཞར་གྱིས་རྩྭ་བཟས་པ་ལྟར་དང་། ཁྱི་གུའི་ཧོལ་རྒྱུགས་ཀྱི་བརྟུལ་ཞུགས། འུད་བཤད། སྒྲོ་འདོགས། སྐུར་འདེབས། ཕྱོགས་ཞེན་དང་དགའ་སྡུག་གི་སྐད་ཆ། རིགས་པ་ཆུ་ཚགས་ལྟ་བུ་བཀོལ་རྒྱུ་སོགས་ལ་གཟབ་ནས་ཞིབ་ཚགས་པོས་དཔྱད་ཞིབ་བྱེད་པར་འཚལ། ཁྱེད་རང་གིས་ང་ལ་དགོད་སློང་བ་ཐེངས་གཅིག་མིན་དུ་ཡིན། ཡང་ན་ང་སེམས་ཐང་ཐང་མེད་པ་རེད་ལ་ཡང་ན་ཁྱེད་རང་ཐང་ཐང་མེད་པ་རེད།
དོན་གྲུབ་རྒྱལ་གྱི་སྐོར་ལ་དམིགས་བསལ་སྐད་ཆ་བཤད་རྒྱུ་ཅིའང་མེད། ང་རང་ཕ་ཡུལ་ན་ཡོད་སྐབས། མཚོ་སྔོན་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཁོང་གི་སྙན་རྩོམ་༼ལང་ཚོའི་རྦབ་ཆུ༽དང་། ༼ཨེ་མ་མཚོ་སྔོན་པོ༽། སོགས་རྒྱང་སྲིང་བྱས་པ་ཕལ་ཆེར་ཉི་མ་རེ་རེར་གོ་རྒྱུ་ཡོད། སྙན་ངག་དེ་དག་ལ་བརྟེན་ནས། གནས་ལུགས་ཧ་གོ་ཡོད་རུང་མེད་རུང་། གྲོང་དང་གྲོང་གསེབ། གྲོང་བརྡལ་སོགས་སུ་མི་ཚོས་སྤོབས་པ་མཐོན་པོའི་ངང་གྱེར་འདོན་བྱས་པ་དྲན་གྱིན་འདུག ངས་དྲི་བ་ཞིག་ནི། ཁོང་གིས་བཤད་པའི་༼རྨོངས་དད། དང་། རྙིང་ཞེན། བགས་ཆགས།༽ཞེས་པ་ཅི་ཞིག་ལ་གོ་དགོས་པ་རེད། དེ་བཞིན་འགའ་རེས་ཁོང་གིས་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་། མི་རིགས་ཀྱི་འདུ་ཤེས། སྤྱི་ཚོགས་ཀྱི་གནས་བབ་སོགས་ལས་ཡིད་སུན་ཏེ། རང་སྲོག་རང་གིས་བཅད་པ་རེད་ཟེར། དེ་བདེན་ན་ཁོང་གི་རྒྱུད་ན་བོད་ཀྱི་བགས་ཆགས་ཅི་འདྲ་ཞིག་ཡོད་མེད་ཀྱང་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། རང་མོས་སྙན་ངག་ཅེས་པ་འདི། ཁོང་གིས་བོད་ལ་གསར་གཏོད་བྱས་པ་ཞིག་ཡིན་པར་ཆ་འཇོག་དགོས་པ་རེད་དམ། ཡང་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་སྔ་མོ་ནས་ཡོད་པ་ཞིག་རེད། འདི་སྐོར་ལ་ཀུན་ཀྱིས་ཆ་འཇོག་བྱ་ཐུབ་པའི་རྒྱུ་མཚན་འཐད་ལྡན་འདྲ་ཡོད་པ་རེད་དམ། ཁ་ཅིག་གིས། ཁོང་གིས་རྒྱའི་རིག་གསར་གྱི་བསམ་བློ་ལས་ཞལ་ཏ་བླངས་ནས། བོད་ལའང་གསར་བརྗེ་ཞིག་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་རེད་ཟེར། དེ་དག་བདེན་པ་ཞིག་ཨེ་ཡིན་ན། ཆ་རྒྱུས་ཅན་གྱི་དྲྭ་གྲོགས་སུ་ཡིན་རུང་འདི་ལ་ལན་རེ་གནང་རོགས་ཞུ།
དོན་གྱིས་གཅིག་མ་རེད་དམ་།”གསར་བརྗེའི་ཁ་གཡང་གི་ཚིག་གི་ཤུགས་རྐྱེན་ཡོད་པ་ཙམ་ངས་ཀྱང་འདོད།”
ངས་ཀྱང་དེ་ལྟར་བཤད་ཀིན་ཡོད་།དོན་རྒྱལ་གྱི་སྙན་རྩོམ་ཟེར་བ་འདི་དོན་གྱི་རིག་གསར་གྱི་སྐབས་སུ་བྱུང་བའི་དམར་སྲུང་དམག་གི་སྙན་རྩོམ་ཤིག་རེད་ཅེས་བཤད་ན་།དེ་ན་ད་དུང་ལྷན་པ་མང་པོ་རྒྱག་དགོས་ཅི་ཞིག་ཡིན་ནམ།
ངས་ཁྱོད་ལ་སྐད་ཆ་གསལ་བོ་གཉིས་བཤད།
༼༡༽་དོན་རྒྱལ་གྱི་སྙན་ངག་དང་།ལྟ་བ་།རྩོམ་བཤིས་རྣམས་ནི་།དོན་གྱི་རྒྱ་ནག་དང་།ལྷག་པར་རིག་གསར་གྱི་རྗེས་སུ་བྱུང་བའི་རྙིང་གཏོར་རམ་།དོན་གྱི་མོའི་རྙིང་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་ཤིག་རེད་།འདི་དག་རྒྱ་ནག་གིའང་དོར་འདུག་།བོད་པ་ཚོས་དོར་མི་ཐུབ་པ་གང་ན་འདུག་།
༼༢༽དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་།བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས་།
དོན་རྡོག་པོ་བཤད་ན་འདི་གཉིས་རེད་།
ཁྱོད་ཀྱིས་དོན་རྒྱལ་གྱིས་ཚིག་དུམ་འགའ་རེ་དྲངས་ནས་།དོན་རྒྱལ་ནི་བོད་ཀྱི་རིག་གཞུང་གི་ཐད་ལ་ཧ་ལས་བའི་བྱས་རྗེས་ཅན་ཞིག་ཡིན་པ་སྒྲུབ་བཞིན་ཡོད་པ་མ་རེད་དམ་།ཁྱོད་ཀྱིས་ཚིག་དུམ་དེ་དག་གི་ལན་དུ་བོད་པས་ཁྱོད་ལ་དཔེ་དེབ་གཅིག་ནང་གི་ཚིག་དུམ་འགའ་ཤས་དྲངས་ནས་དྲི་བ་བཀོད་སོང་ཡང་།ད་དུང་ལན་བཏབ་མེད་པར་བསྡད་ཡོད་པ་མ་ཡིན་ནམ་།
ཁྱོད་དགོད་རྒྱུ་ཡོང་གིན་འདུག་།རིག་གསར་གྱི་སྐབས་སུ་མི་མང་པོ་བགད་པ་རེད་།དོན་རྒྱལ་ཡང་ཨ་ཁུ་བཤད་སྒྲུབ་སོགས་ལ་བལྟས་ནས་བགད་པ་རེད་།དེ་དག་ལ་ཡ་མཚར་རྒྱུ་འདུག་གམ་།
མི་ཁ་ཤས་ལ་གཞན་ལ་ཁ་ཏ་དང་བསླབ་བྱ་གཏོང་རྒྱུ་གོམས་སྲོལ་ཞིག་ཡོད་།འདིས་ཀྱང་སེམས་ཁམས་ཁྱད་མཚར་བ་ཤིག་མཚོན་ཡོད་།
“རིགས་པ་ཆུ་ཚགས་ལྟ་བུ་བཀོལ་རྒྱུ་སོགས་ལ་གཟབ་ནས་ཞིབ་ཚགས་པོས་དཔྱད་ཞིབ་བྱེད་པར་འཚལ།”
སྤྱིར་བཏང་དགེ་ཆོས་དང་།དོན་རྒྱལ་གཉིས་འདྲ་ཀིན་མ་རེད་།འདིས་ཁྱད་པར་ངས་་གསལ་བོ་བཤད་ཡོད་།
ཁྱེད་རང་གི་སྐད་ཆ་གསལ་བོ་གཉིས་བཤད་ཟེར་བ་དེ་གསལ་བ་ཅང་མ་རེད། རབ་རིབ་རེད།
༡ དོན་རྒྱལ་གྱི་དགོངས་པ་དེ། གོང་གསལ་ཁོང་གི་སྙན་ངག་ལྟར་ན། རིག་གནས་རྙིང་བ་བརྒྱུད་འཛིན་དང་དེའི་ཐོག་གསར་བཏོད་བྱེད་དགོས་པ་དེ་རེད། ་་དོན་གྱི་རིག་གསར་གྱི་སྐབས་སུ་བྱུང་བའི་དམར་སྲུང་དམག་གི་སྙན་རྩོམ་ཤིག་་ ནང་ ་་ཡིད་དུ་འོང་བའི་བཀའ་བསྟན་གྱི་མཛེས་མ་་ ཟེར་ས་ཞིག་གང་ན་ཡོད།
༢ ་་དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་།་་ བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་སེམས་སུ། བོད་ཀྱི་རིག་གཞུང་དར་སྤེལ་དང་ལྷག་པར་དུ་རྩོམ་འབྲིའི་བྱ་བ། མི་རིགས་ཀྱི་ལར་ཞེན་བཅས་བསྐྲུན་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་འདོད།
༣ བོད་པས་དཔེ་དེབ་གཅིག་ནང་གི་ཚིག་དུམ་འགའ་ཤས་དྲངས་པ་དེ། ཅུང་ཆ་མི་མཚུངས་པ་ཞིག་རེད། དེ་དོན་རྒྱལ་གྱི་ལག་བྲིས་ངོ་མ་ཡིན་མིན། ཡིན་ན་ལོ་ཟླ་ཚེས་གྲངས་ནམ་ཡིན། གནས་སྟངས་ག་འདྲ་ཞིག་གི་འོག་ནས་བྲིས་པ་ཡིན་མིན་སོགས་གསལ་བོ་བཟོས་དང་དེ་ནས་བཤད།
ཨོ། ངས་ཁ་སང་འབྲི་རྒྱུ་བརྗེད་སོང་བ་ཞིག་ནི། འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཟེར་བའི་རྩོམ་དེ། སྤྱི་ལོ་༨༥ ཟླ་༧ཚེས་༢༡ ལ་བྲིས་པ་གསལ། ལོ་ཟླ་སོགས་པང་སྒྲིག་ནས་དོན་འགྲུབ་རྒྱལ་གྱི་མི་ཚེ་དང་བསམ་བློའི་འགྱུར་རིམ་ལ་ཏན་ཏན་བལྟ་རྒྱུ་ཡོད་པ་རེད། རིག་གསར་སྐབས་ཀྱི་དོན་རྒྱལ་དང་རིག་གསར་རྗེས་ཀྱི་དོན་རྒྱལ་ལ་ཁྱད་པར་ཡོད་རྒྱུ་རེད་འདོད། དོན་དགུ་ལོའི་དོན་རྒྱལ་དང་གྱ་ལྔ་ལོའི་དོན་རྒྱལ་ལའང་གོ་རྟོགས་སད་ཡོད་མེད་ལ་ཁྱད་པར་ཡོད་རྒྱུ་རེད་འདོད། ཁྱོན་ཡོངས་ནས་མི་བཤད་པར་ཚིག་ཟུར་རེ་ལ་འཇུས་ནས་གནམ་སར་མི་ཤོང་བའི་སྐད་ཆ་བཤད་པ་དེའང་དམར་སྲུང་དམག་གི་གཡའ་ཞིག་ཡིན་མིན་ལ་ཐེ་ཚོམ་སྐྱེ།
ཁུངས་མང་པོ་ཞིག་དྲངས་ནས་སྡོམ་གནད་བསྡུས་ཤིག་བྱས་ན་དགའ་བསུ་ཡོད། ཚིག་ཟུར་ཉུང་ངུ་རེ་ལ་འཇུས་ནས་སྐད་ཆ་ཆེན་པོ་དང་མང་པོ། སྦོམ་པོ། འོད་ཚོད། འུད་བཤད་བྱས་ན་སུས་བློར་འགྲོ། སྙིང་རྗེ། མི་འདི་འདྲ་ཞིག་སྔོན་མ་ཞིག་ལའང་དྲ་ཁང་ནང་འདིར་གཅིག་སླེབས་སོང་། ད་རུང་བོད་རིག་པ་སྨྲ་བ་ཡིན་ན་ཅིག་ཟེར་གི་འདུག ཁྱེད་ཚོ་རིག་པ་སྨྲ་བ་ཚོས་དེ་འདྲ་སྐད་ཆ་ཐལ་ཆ་ཅན་བཤད་ན། ངེད་ཚོ་མི་དཀྱུས་མ་དང་ཀློག་པ་པོ་ཚོ་ངོ་ཚ་གི་འདུག
ངས་ལོ་མང་པོ་རིག་གསར་སྐབས་ཀྱི་དམར་སྲུང་དམག་དག་གིས་སེམས་ཁམས་དང་། རྒྱ་དམར་གྱི་སེམས་པའི་འཁྱེར་སྟངས་ལ་དོ་སྣང་མང་པོ་བྱས་མྱོང། ཁོ་ཚོ་ལ་གཞན་དང་མི་འདྲ་བའི་བཤིས་རྒྱུན་མང་པོ་ཡོད་པའི་ནང་གི་གཅིག་ནི་།་རྩོད་པ་སོགས་རྒྱག་དུས་ལུས་དང་། ངག་གི་རྣམ་འགྱུར་མི་འདྲ་བ་འགའ་སྟོན་པ་དེ་རེད་།ལུས་གཡས་ཟུར་དང་། གཡོན་ཟུར་བྱས་པ་དང་། ཁ་ནས་ཁེར་རྒོད་དང། བཅོས་མའི་འཛུམ་ཞིག་ལངས་ཤོར་དུ་། རང་ནི་ཡ་མཚར་བོ་ཞིག་དང་། ཧ་ལས་བ་ཞིག་ཡིན་མདོག་སྟོན་པ་དེ་རེད་། ང་ཚོ་བོད་ལ་བཤིས་རྒྱུད་དེ་ལྟ་བུ་ཤིག་མི་འདུག་།ནུབ་དུའང་མི་འདུག་།
༼༡༽” དོན་རྒྱལ་གྱི་དགོངས་པ་དེ། གོང་གསལ་ཁོང་གི་སྙན་ངག་ལྟར་ན། རིག་གནས་རྙིང་བ་བརྒྱུད་འཛིན་དང་དེའི་ཐོག་གསར་བཏོད་བྱེད་དགོས་པ་དེ་རེད། ་་དོན་གྱི་རིག་གསར་གྱི་སྐབས་སུ་བྱུང་བའི་དམར་སྲུང་དམག་གི་སྙན་རྩོམ་ཤིག་་ ནང་ ་་ཡིད་དུ་འོང་བའི་བཀའ་བསྟན་གྱི་མཛེས་མ་་ ཟེར་ས་ཞིག་གང་ན་ཡོད།”
སྐད་ཆ་འདི་ལ་ལྟོས་དང་། རྩོད་པ་འདི་འདྲ་རྒྱག་གིན་འདུག་། ཕྱོགས་གཅིག་ནས་་སྤྱིའི་ཆ་ནས་ལྟོས་ཞེས་འུར་སྒྲ་སྒྲོག་། ཕྱོགས་གཅིག་ནས་ཚིག་དུམ་འདི་འདྲ་དྲངས་ཡོངས་ནས་། དོན་རྒྱལ་ནི་ཡ་མཚར་བ་ཡིན་པ་ཞིག་སྒྲུབ་། ག་རེ་ཡིན་ནམ་།་
དེ་ན་༼རྙིང་ཞེན། བག་འཁུམ། རྨོངས་དད། ལེ་ལོ… …ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད། ་རྗེས་ལུས། ཀླ་ཀློ མུན་ནག ལོག་སྤྱོད… … ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།༽
འདི་དག་གི་ག་རེ་མཚོན་གིན་འདུག་།་ཚིག་འདི་དག་།་དོན་རྒྱལ་ཀྱི་མི་ཚེའི་ཁོར་ཡུག་དང་སྤྱར་ན་།་ཁོ་དམར་སྲུང་དམག་མི་ཤིག་ཡིན་པ་སྒྲུབ་ཐུབ་ཀྱིན་འདུག་གམ།
(་ཡིད་དུ་འོང་བའི་བཀའ་བསྟན་གྱི་མཛེས་མ་)ཚིག་དེ་འདྲ་ཙམ་ཡང་མ་བྲིས་ནའང་། སུས་ཉན་གིན་རེད་། མོའི་དང་དམར་བོ་ཚང་མས་ཀྱང་ཐོག་མར་བོད་མི་རིགས་ཡར་རྒྱས་དང་། ཆོས་ལུགས་དད་མོས་རང་དབང་། བོད་ཀྱི་ཤེས་རིག་ཡར་རྒྱས་ཀྱི་མིང་ཐོགས་ནས་། བོད་ཀྱི་མི་རིགས་འདི་བཞིན་རྡུལ་ཕྲན་བཞིན་དུ་བརླགས་པ་མ་ཡིན་ནམ་།
༢་ཁྱེད་རང་གིས་གསུང་བ་བཞིན་། སྤྱིའི་ཆ་ནས་ལྟོས་དང་། དོན་རྒྱལ་གྱིས་ག་རེ་བྱས་པ་རེད་། ལྟ་བ་རྣལ་མ་དེ་གང་རེད་། ལྷག་པར་ཏུ་ལྟ་བ་དེ་དག་གི་ཕུགས་གང་ནས་བྱུང་བ་རེད་། དུས་དང་སྐབས་གང་འདྲ་ཤིག་ལ་བྱུང་བ་རེད་། དེ་ནས་མིག་གིས་མཐོང་རྒྱུ་ཡོད་པའི་རྩོམ་དག་ལ་རིམ་གྱིས་ལྟོས་དང་། ངས་གང་བཤད་པ་དེ་དག་ར་སྤྲོད་ཡོང་གིན་རེད་།
དེའི་སྐབས་དེ་ལ་བོད་པ་རྣམས་ཀྱི་སྤྲུལ་སྐུ་རྣམས་ཆེན་པོ་བརྩིས་ཏེ་། ཆོས་སོགས་དར་སྤེལ་བྱ་དུས་། ཁོས་སྤྲུལ་སྐུ་བརྩམས་། བོད་ཀྱི་རིག་གཞུང་ལ་གང་ཅིའི་དར་སྤེལ་བྱས་དུས་། ཁོས་སྲོལ་རྒྱུན་རིག་གནས་དགོས་མིན་གྱི་དོགས་པ་བསླངས་། སྙན་ངག་སོགས་ཤུགས་ཆེན་པོས་སྤྱོང་བ་བྱེད་ཀིན་ཡོད་དུས་། ཁོས་རང་མོས་སྙན་ངག་ཟེར་བ་བརྩམས་། ངས་ཁོང་གི་རྩོམ་རེ་རེ་ཆབ་སྲིད་ཀྱི་ལྟ་གྲུབ་དང་།ལོ་རྒྱུས་དང་ལ་སྤྱར་ནས་རྗེས་མར་འབྲི་རྩིས་ཡོད་། ་ང་ལ་རིག་གསར་དང་།དེའི་སྔོན་དུ་བཏོན་པའི་བོད་ཡིག་གི་དཔེ་ཆ་འགའ་ཤས་ཡོད་།རྗེས་སུ་དེ་ཚང་མའང་ཕྱི་ལ་བཏོན་གིན་ཡོད་།
འོ་། དམར་སྲུང་དམག་ཞིག་ལ་སྙིང་རྗེ་ཡོད་པ་དྲན་མ་བྱུང་། ཁོ་ཚོས་སྙིང་རྗེ་ཟེར་བ་འདི་། རྙིང་བ་དང་། བཤུ་གཞོག་གྲལ་རིམ་གྱིས་འབྱོར་མེད་གྲལ་རིམ་གྱི་མགོ་གནོན་པའི་ལག་ཆ་ངོས་འཛིན་བྱས་ཡོད་རེད་བསམ་བྱུང་། དེ་འདྲ་མ་རེད་དམ་། སྔོན་མ་དེ་འདྲ་མང་པོ་ཡོང་ས་རེད་། བོད་རིག་པ་སྨྲ་བ་ཟེར་བ་་ཞིག་གོ་མ་མྱོང་མོད་།དེང་རབས་བོད་ཀྱི་རྩོམ་རིགས་ཉམས་ཞིབ་པ་ཡིན་ཟེར་མཁན་བུད་མེད་ཀྱི་ཐོང་ཐབ་རྒྱང་བསྒྲགས་ནས་བཤད་མཁན་ཞིག་གོ་མྱོང་། དེ་མིན་གཞན་ཤེས་མ་སོང་ལགས་།
ཨོ་ད་ཡ་མཚན་ཞིང་ཡིད་དུ་མི་འོང་བ་ཞིག་ནི། ང་ཚོས་རང་གི་འདོད་ཐོག་ཏུ་མ་སོང་ཚེ། “XX”མིང་བཏགས་ནས་དགྲ་ལྟར་བརྩི་བ་འདི་རེད། རང་གི་འདོད་ཕྱོགས་དེ་མི་ཐམས་ཅད་ཀྱིས་འདོད་དགོས་པའི་ཨུ་ཚུགས་འདི་ནི་ངོ་མ་ལྐུགས་རྟགས་རང་རེད། རང་ཉིད་ཀྱིས་རང་ཉིད་འདོད་པ་སྒྲོག་ཐུབ་པ་དང་མཉམ་དུ། གཞན་གྱི་འདོད་པ་དེ་ལའང་གུས་ཞབས་བྱེད་ཐུབ་པ་ཞིག་ཅི་ཞིག་ལ་མ་ཡོང་བ་རེད།
སྤྱིར་བཏང་ད་བར་ཏུ་།སྐད་ཆ་ཕྱོགས་གཅིག་དང་།རང་གི་མཐུན་ཕྱོགས་ཀྱི་སྐད་ཆ་ཁོ་ན་བཤད་ཡོང་བ་རེད་།དེ་ལ་ཕྱོགས་གཞན་ཞིག་ནས་།གླེང་ན་ཕན་རེ་ཐོགས་སྙམ་ཡང་།ད་ཡང་རྩོད་གླེང་ལ་འབྲེལ་བ་མེད་པ་ཤིག་དྲུད་ཡོང་གིན་འདུག་།་ད་དེ་ཡིན་།ཁྱེད་ཚང་མ་བཀྲ་ཤིས་བདེ་ལེགས་ཡོད་།
ཁྱེད་རང་གིས་དོན་རྒྱལ་གྱི་ ་་རྩོམ་རེ་རེ་ཆབ་སྲིད་ཀྱི་ལྟ་གྲུབ་དང་།ལོ་རྒྱུས་དང་ལ་སྤྱར་ནས་རྗེས་མར་འབྲི་རྩིས་ཡོད་་ ན་དགའ་བསུ་ཞུ། དེའི་སྐབས་ཀྱང་ད་ལྟ་ནང་བཞིན་ཕྱོགས་གཅིག་ཁོ་ན་མིན་པར་ཕྱོགས་གཉིས་ནས་བཤད་རོགས་གནང་།
༡ ངས་ཤེས་པ་ལྟར་ན། བོད་ཀྱི་དཔེ་རྙིང་དུག་རྩ་ལ་རྩིས་ནས་ཚང་མས་གསར་བརྗེའི་གླུ་དབྱངས་བླངས་ནས་འགྲོ་བའི་སྐབས་དེར། དོན་རྒྱལ་གྱིས་བོད་དཔེ་རྙིང་བ་འགའ་རེར་ལྐོག་ཉར་བྱས་ཡོད་པ་མ་ཟད་བོད་མཁས་པས་བརྩམས་པའི་སྙན་ངག་མེ་ལོང་མའི་འགྲེལ་བ་དང་དཔེར་བརྗོད་ལྷན་དུ་ཡོད་པ་ལོ་རབས་ལྔ་བཅུའི་ནང་པར་སྐྲུན་བྱས་པ་ཞིག་སྦྱོང་ཀློག་བྱེད་ཀྱི་ཡོད་པ་ཁོང་གི་གྲོགས་པོ་ཟླ་བས་པད་མ་འབུམ་ལ་བཤད་འདུག
༢ པད་མ་འབུམ་གྱིས་བྲིས་པའི་དོན་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ནང་། རིག་གསར་ཚར་མ་ཐག་སྐབས་ཀྱི་ཁོང་གི་གནས་ཚུལ་བཀོད་པར། ་་སྐབས་འདིར་དོན་རྒྱལ་གྱིས་རླུང་འཕྲིན་རྒྱལ་གྱི་མིང་ཐོག་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་དུཚིག་འགྲོས་འདྲ་མིན་གྱི་སྡེབས་ལེགས་རྣར་སྙན་གྱི་རྩོམ་ཡིག་སྣ་ཚོགས་སྤེལ་ཡོང་བ་ན། གཞོན་སྐྱེས་མང་པོ་ཞིག་ལ་བོད་ཀྱི་སྲོལ་རྒྱུན་རྩོམ་ཡིག་གི་རྒྱུན་ཡང་སྐྱར་མཐུད་ཐུབ་པའི་བློ་སྟོབས་སྐྱེས་ཏེ། བོད་ཡིག་གི་ཚགས་པར་འདྲ་མིན་གྱི་སྟེང་ནས་བོད་ཀྱི་རྩོམ་རིག་ཡང་སྐྱར་གསོན་མགོ་ཚུགས།
དོན་གྲུབ་རྒྱལ་གྱིས་ཕྱི་ལོ་༡༩༧༦གི་ལོ་མཇུག་གམ་༡༩༧༧ལོ་མགོ་ནས་༡༩༧༩ལོའི་བར་མཚོ་སྔོན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལྗགས་རྩོམ་འདྲ་མིན་གཙོ་བོ་མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་སྟེང་དུ་སྤེལ་ཡོད་པའི་ནང་དུ། དེང་དུས་དང་མཐུན་པའི་རྩོམ་སྟངས་ལའང་ཚོད་ལྟ་རེ་ཟུང་གནང་ཡོད་ཀྱང་། གཙོ་བོ་བོད་ཀྱི་སྲོལ་རྒྱུན་རྩོམ་སྟངས་འདྲ་མིན་ལ་ཉམས་ལེན་དང་རྒྱུས་ལོན་གནང་སྟེ་དེའི་ཕྱོགས་ཀྱི་རྩོམ་རྩལ་ཟླ་རེ་ལོ་རེ་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཅེས་བྲིས་འདུག་པ་འདི་ཚོ་ཡང་སྐྱག་རྫུན་རེད་དམ། །
དོན་རྒྱལ་གྱི་རྩོམ་དཔེ་དང་པོ། ་་འབོལ་རྩོམ་ཞོགས་པའི་སྐྱ་རེངས་་ རེད། དེ་ནང་ཁོང་གི་ ༧༩ དང་༨༠ གཉིས་ཀྱི་རྩོམ་ལེགས་གྲས་༡༦ ཕྱོགས་སྒྲིགས་བྱས་ནས་མཁས་དབང་དུང་དཀར་ཚང་གིས་སྔོན་འགྲོའི་གཏམ་སྦྱར་བ་ཞིག་རེད། དེའི་ནང་གི་རྩོམ་མང་ཆེ་བའང་སྲོལ་རྒྱུན་གྱི་རྩོམ་རེད། དང་པོ་དེ་ད་རུང་སློབ་དཔོན་ལ་བསྟོད་པའི་རྩོམ་ཞིག་རེད། རྩོམ་དེབ་དེར་མཁས་དབང་རྒན་པ་ཚོས་ཀྱང་མངག་བརྗོད་དཔེ་མེད་གནང་བ་གསལ། དེའི་སྐབས་ཀྱི་མཁས་པ་ཕལ་ཆེ་བ་ཞིག་ལྟར། དེའི་ནང་ཏང་དང་མེས་རྒྱལ་ལ་བསྟོད་པའི་རྩོམ་དེ་འདྲ་ཡོད་པ་མི་དྲན།
དེའི་རྗེས་བརྒྱད་ཅུ་གྱ་གྲངས་ནང་། ལང་ཚོའི་རྦབ་ཆུ་སོགས་རང་མོས་སྙན་རྩོམ་རེ་ཟུང་གསར་རྩོམ་གནང་བ་རེད། དེའི་ནང་དོན་གཞོན་སྐྱེས་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་བཅུ་སྦྱོང་དགོས་པའི་དྲན་སྐུལ་དང་བཙན་པོའི་སྐབས་ཀྱི་བོད་ཀྱི་གནས་སྟངས་རྗེས་རབས་པ་རྣམས་ལ་ཡང་ཡང་དྲན་གསོ་གནང་བ་དང་། མི་རིགས་དང་ལ་རྒྱ་ཟེར་བའི་ཚིག་འབྲུ་གང་སར་མཐོང་རྒྱུ་འདུག ་་དམར་སྲུང་དམག་་ ཅིག་ལ་སྲོལ་རྒྱུན་རིག་གནས་སྦྱོང་རྒྱུ་དང་། བཙན་པོའི་སྐབས་ཀྱི་ལོ་རྒྱུས་ལ་སྤོབས་པ་སྐྱེ་བ། མི་རིགས་ཀྱི་ལར་ཞེན་རྣོན་པོ་འདི་འདྲ་ཞིག་ཡོང་དགོས་པའི་བསམ་བློའི་འབྱུང་ཁུངས་གང་ལ་ཐུག་པ་དེ་ཚོར་ཡང་དཔྱད་པ་རེ་གནང་རྒྱུ་མི་བརྗེད་པ་གྱིས།
འདི་ཚོའི་བསམ་བློའི་འབྱུང་ཁུངས་དེ། མར་ཁེ་སི་ལ་ཐུག་ཡོད་པ་རེད། ཡང་ན་ཨང་ཁེ་སི་ཐུག་ཡོད་པ་རེད། དེ་མིན་ན་ལེ་ཉིན་དང་མའོ་ཙེ་ཏུང་། སི་ཏ་ལེན་སོགས་སུ་ལ་ཐུག་པ་རེད། ཡང་ན་ ་་ཁ་བྲལ་རིང་ལུགས་པ་་ ཚོས་བཙན་སྐུལ་གནང་བ་རེད། ད་ཁོང་གི་གསར་བཏོད་ཀྱི་སྙིང་སྟོབས་སྐོར་གླེང་གི་མིན། དམར་སྲུང་དམག་གིས་ཚ་འདེད་བཏང་བ་བཞིན་ཁྱེད་རང་གིས་ངར་ཤུགས་ཆེན་པོ་དང་འུད་ཆེན་པོས་བརྗོད་ཡོང་གི་འདུག
མ་གཞི་དགེ་ཆོས་ཡིན་ན་འདྲ། དོན་རྒྱལ་ཡིན་ན་འདྲ། རྒྱུ་མཚན་དང་གནས་ལུགས་ལྡན་པའི་སྐྱོན་བརྗོད་ན་དགའ་བསུ་ཡོད་ཀྱང་། ཁྱེད་རང་གི་སྐྱོན་བརྗོད་སྟངས་དེ་རིག་གསར་སྐབས་ཀྱི་མི་ལ་ཞྭ་མོ་གཡོག་སྟངས་དང་དགག་པ་རྒྱག་སྟངས། འཐབ་རྩོད་བྱེད་སྟངས་འདྲ་བོ་ཞིག་འདུག
ཟླ་བ་ཁ་ཤས་ཀྱི་སྔོན་དུ་ངས་དྲུག་ཅུ་རེ་གྲངས་ཀྱི་ཚུན་ཆད་དུ་བོད་ཀྱི་མཁས་པ་དང་རྩོམ་པ་པོ་ཚོས་རྒྱ་གཞུང་ལ་བསྟོད་པ་བགྱིས་པའི་བརྩམས་ཆོས་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། རྒྱ་གཞུང་གི་དཔོན་རིགས་དང་གུང་ཁྲན་ལ་བསྟོད་པའི་རྩོམ་ཡིག་ཉུང་ཉུང་མ་རེད། དེ་ཚོ་དུས་ཚོད་ཀྱི་དབང་དང་གནང་སྟངས་ཀྱི་དབང་གིས་རེད། དུང་དཀར་ཚང་གིས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ནང་དུ་བྲིས་པའི་དོན་དག་ཁ་ཤས་གནས་སྟངས་ཀྱི་དབང་གིས་ཡིན་མ་གཏོགས། ཁོས་ལྟ་བ་ངོ་མ་མིན་ཞེས་གསུངས་འདུག གཞན་པ་ཚོ་ཡང་དེ་ལྟར་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། འདི་ལ་ཨ་མཚར་དང་དོགས་འདྲོགས་ཀྱིས་གནམ་ལྡིང་ས་ལྡིང་བྱེད་དགོས་དོན་ཨེ་ཡོད་སྙམ། དེ་བཞིན་ང་ཚོ་བོད་དུ་ཡོང་དུས། སྐེ་དཀྲིས་དམར་པོ་དཀྲིས་ཏེ། རྒྱ་ནག་གི་རྒྱལ་གླུ་ལངས་པ་རེད། མའོ་ཀྲུའུ་ཞི་ཁྲི་ལོ་བརྟན་པར་ཤོག་ཅེས་སྨོན་ལམ་བརྒྱབ་པ་རེད། འདི་ཚོའང་ཁོར་ཡུག་དང་དགོས་དབང་གི་འོག་ཏུ་ཚུད་པ་རེད།
བོང་རྫི་ཟེར་བ་འདིས་བྲིས་པའི་མཆན་བུ་དེ་ཚོ་ལྟ་བ་ཐན་ཐུན་དང་སྣང་བ་བན་བུན་རེད། དྲང་མོར་བཤད་ན་ཉེས་པ་རང་རེད། མི་འདི་འདྲ་ལ་ག་རེ་བྱེད་དགོས་པ་རེད། ཨ་ཁ།
རེད་རེད། ཁྱོད་ཚོས་བཤད་པ་བདེན་པ་རྐྱང་རྐྱང་རེད། སྔོན་མ་དོན་རྒྱལ་སོགས་ཀྱིས་ལུགས་སྲོལ་རྙིང་པ་ལ་དགག་པ་རྒྱབ་པ་རེད། ད་ཁོའི་དེ་རྙིང་པ་ཆགས་པ་རེད། ང་ཚོས་ཁོ་ལ་དགག་པ་རྒྱབ་ན་དེ་ནི་ཁོའི་དགོངས་པ་ཡང་ཡིན་རྒྱུ་རེད། མུ་མཐུད་དགག་པ་རྒྱག་དགོས་པ་རེད། ད་ལྟོས་ན་ཁོ་རང་གི་ལྟ་བ་ཡང་རྙིང་པ་རེད། དམར་པོ་རེད། གླེན་པ་རེད། རྨོངས་དད་རེད། ལེ་ལོ་རེད། དེའི་རྗེས་སུ་འབྲངས་པ་རྣམས་ཀྱང་དེ་བཞིན་རེད་ཟེར་ནས་དགག་པ་རྒྱག་དགོ་ནི་རེད།
འདན་ཚན་པ་ལགས་།
ངས་སྐད་ཆ་མང་པོ་མི་བཤད་།
ཁྱོད་ཀྱི་ལུང་དྲངས་བ་དེ་ཚོ་མི་གཅིག་གིས་དོན་གྲུབ་རྒྱལ་ལ་བཞག་པའི་མི་ཚེའི་ལྟ་ཚུལ་ཤིག་རེད་།ངས་ད་ལྟ་འཇོག་བཞིན་པའི་མི་ཚེའི་ལྟ་ཚུལ་དང་གཅིག་པ་རེད་།ཁྱད་པར་ནི་ང་ལ་དོན་གྲུབ་རྒྱལ་ཡར་བསྟོད་ནས་།དུས་རབས་གསར་བ་་ཞིག་འཛུགས་འདོད་པའི་ཀུན་སློང་མེད་།དེ་བཞིན་སྔོན་གྱི་རྩོལ་སྲོལ་དག་ནི་ནང་བའི་སངས་རྒྱས་བས་བརྩམས་པ་རེད་ཅེས་ཁྱབ་བསྒྲགས་ཀྱང་བྱས་མ་མྱོང་།
གང་ལྟར་དོན་གྲུབ་རྒྱལ་གྱི་དུག་ཡན་དེ་།བཙན་བྱོལ་དུའང་སླེབས་ནས་།མི་མང་པོ་སེམས་ཁ་རབ་རབ་ཅིག་བཟོས་འདུག་།དེ་སྤེལ་བ་ལ་ཤིན་ཏུ་ནས་གལ་ཆེན་པོ་རེད་།ཡིན་ནའང་ཕྱོགས་ཡོངས་ནས་བརྗོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་།དེ་བས་གོང་གི་དོགས་སློང་ཐམས་ཅད་བཀོད་པ་ཡིན་ལ་།རྗེས་མར་མུ་མཐུད་དུ་བཀོད་བསམ་པ་ཡིན་།
ཁྱེད་ལ་རྔ་བའི་རྒྱལ་ཁམས་པས་དྲི་བ་འགའ་བཀོད་འདུག་།དྲི་བ་དེ་ཚོ་ལ་ལན་རེ་རེ་ཐོབ་དང་།ཕན་ཆེན་པོ་ཐོགས་ས་རེད་།
སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་འདྲ་མང་པོ་རེད་།ལྷག་པར་ཏུ་དུང་དཀར་རིན་པོ་ཆེ་དེ་འདྲ་རེད་།ཡིན་ནའང་ཁོ་ཚོ་རྩ་བ་ཉིད་ནས་འདྲ་ཀིན་མ་རེད་།
༼༡༽དུང་དཀར་རིན་པོ་ཆེ་དགོན་པ་ནས་སློབ་གཉེར་བྱས་བ་ཡིན་ཕྱིར་།དོན་གྱི་སྤྱི་ཚོགས་གསར་རྙིང་གི་ཁྱད་པར་ཤེས་།
༼༢༽དུང་དཀར་རིན་པོ་ཆེ་ནམ་ཡིན་ཡང་།སྔོན་གྱི་མཁས་བ་དག་གི་ལུང་ཤིག་འདྲེན་ཅི་ཐུབ་བྱ་།དེ་བས་དོན་གྱི་བོད་ཀྱི་ཤེས་རིག་འདི་འདྲ་བ་ཞིག་རེད་ཅེས་སྒྲོག་བཞིན་ཡོད་།དོན་རྒྱལ་ནས་དེ་ལས་ལྡོག་པ་ཞིག་རེད་།ནམ་ཡིན་ཡང་།རྙིང་ཞེན་དང་།སྲོལ་རྒྱུན་ཞེས་ཟུར་ཟ་དང་།མཐོང་ཆུང་བྱས་ཡོད་པ་རེད་།དུང་དཀར་རིན་པོ་ཆེ་མི་ཚེ་མཐའ་མཇུག་བོད་རྣལ་མ་ཆོས་བ་ཡང་དག་་ཤིག་བྱས་ནས་ཞིང་དུ་ཕེབས་སོང་།
༼༣༽དུང་དཀར་རིན་པོ་ཆེ་།དུས་དང་།ཆབ་སྲིད་ལ་ལྟོས་ནས་།སྐད་ཆ་ཞིག་བཤད་བཞིན་ཡོད་།དོན་རྒྱལ་ནི་དོན་གྱི་རྙིང་བ་གཏོར་བའི་གསར་བརྗེ་བ་ཞིག་ཡིན་།
དེ་འདྲ་ཤིན་ཏུ་ནས་མང་པོ་རེད་།
ཁྱེད་ལ་ཁག་མི་འདུག་།དུང་ཞེན་གྱི་དབང་གིས་བློས་གཏོང་མི་ཕོད་ན་།ཡིན་ནའང་ད་ལྟ་དམར་སྲུང་དམག་གི་དུས་མ་རེད་།དུས་རབས་ཉེར་གཅིག་པ་རེད་།དེ་བས་བློ་ཁོགས་ཡང་མོ་བྱོས་།
ང་ལ་བཅོས་བ་གཅིག་ཀྱང་མི་འདུག་།བཅོས་བསམ་གིན་ཡང་མི་འདུག་།
སྐད་ཆ་སོམས་ལ་ཤོད། ཟ་མ་ལྡོད་ལ་མིད་ཅེས་པ་བཞིན་ང་ཚོས་དོན་འགྲུབ་རྒྱལ་གྱི་བརྩམས་ཆོས་དང་ཕྱག་ལས་ཅི་གནང་སོགས་ལ་ཞིབ་མོར་དཔྱད་ནས་ཁོང་ལ་གདེང་འཇོག་བྱེད་དགོས་པ་ལས་དམར་སྲུང་དམག་ཅེས་གཞི་མེད་པའི་ཞྭ་མོ་ཆེན་པོ་ཞིག་གཡོག་ན། དེ་ནི་བོད་མི་རིགས་ཀྱི་སྲོལ་དེང་གི་རིག་གནས་ལ་བྱས་རྗེས་ཆེན་པོ་འཇོག་མཁན་ཞིག་ལ་འགྲེལ་ལོག་རྒྱབ་ནས་དྲིན་ལོག་བྱས་པ་ཡིན་པ་མ་ཟད། ཞྭ་མོ་གཡོག་མཁན་རང་ཉིད་ཡང་ད་དུང་རིག་གསར་གྱི་ལྟ་གྲུབ་དང་བྱེད་ལས་ནག་པོ་དེ་ལས་ཐར་མེད་པ་དེ་མཚོན་གྱི་འདུག
ཁོང་གི་བརྩམས་ཆོས་ལ་ལྟོས་དང་། རང་མོས་སྙན་ངག་དང་སྒྲུང་རྩོམ་(འདི་ཚོ་ཡང་ཡིག་ངག་གཉིས་ཀྱི་སྲོལ་རྒྱུན་རིག་གནས་ལས་རྦད་དེ་ཐར་མེད)སོགས་མིང་གྲགས་ཆེ་ནའང་ཁོང་གི་ལུས་སེམས་ཀྱི་ངལ་རྩོལ་མང་ཤོས་སྲོལ་རྒྱུན་རིག་གནས་འགྲེལ་བ། དཔྱོད་པ། ཁྲིད་པ་སོགས་བྱས་ནས་བཏང་འདུག་སྙམ། ཁོང་གི་འགྲེལ་རྩོམ། ཐོར་རྩོམ། དཔྱད་རྩོམ། སྙན་ངག་ཕྱོགས་བསྒྲིགས་སོགས་ཀྱི་པོད་རྣམས་ལ་དུས་ཚོད་མེད་ནའང་ཟུར་མིག་ཙམ་ཕོངས་དང་ས་ཆ་མང་ཆེ་བ་སྲོལ་རྒྱུན་སྙན་ངག བཙན་པོའི་ལོ་རྒྱུས། རཱ་མ་ཎའི་རྟོགས་བརྗོད། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མགུར་གླུ་ཞིབ་འཇུག་སོགས་ཀྱིས་བཟུང་བསྡད་ཡོད། འདི་དག་ནི་རིག་གསར་རྗེས་སུ་སྲོལ་རྒྱུན་རིག་གནས་བསྐྱར་བཞེངས་ཀྱི་ཕྱག་ལས་ཞིག་ལོས་ཡིན། འདི་དག་གིས་ཁོང་གི་གསར་གཏོད་ལ་བག་ཆགས་གཏིང་ཟབ་བཞག་ཡོད་པ་ཡང་ཁོང་གི་བརྩམས་སྒྲུང་དང་སྙན་རྩོམ་སོགས་ཀློག་དང་ཤེས་ཐུབ། ཁོང་གིས་ཀྱང་(མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས) ཞེས་པའི་དཔྱད་རྩོམ་རིང་མོ་དེའི་ནང་འདི་འདྲ་ཞིག་གསུང་ཡོད།
“གསར་རྩོམ་གྱི་བྱེད་ཐབས་ཤིག་འགྲུབ་པར་བྱེད་པ་ནི། དུས་ཡིན་ཐུང་ཐུང་ཙམ་གྱི་རིང་ལ་འབྱུང་པ་ཞིག་ མ་ཡིན་ལ། སྐྱེ་བོ་ཕུལ་དུ་བྱུང་བ་ཞིག་གིས་གཏན་འཁེལ་བྱེད་ཐུབ་པ་ཞིག་ཀྱང་མིན། གསར་རྩོམ་གྱི་བྱེད་ཐབས་ཤིག་བྱུང་བ་དང་འཕེལ་རྒྱས་འགྲོ་བ་ནི། རྩོམ་རིག་གི་ལག་ལེན་གྱི་ཉམས་མྱོང་དུས་ཡུན་རིང་པོར་སྤྱི་བསྡོམས་བྱེད་དགོས་པ་དང་སྒྱུ་རྩལ་མཁན་དང་རྩོམ་པ་པོ་བགྲང་ལས་འདས་པའི་ཧུར་བརྩོན་གྱི་ངལ་རྩོལ་ལ་བརྟེན་དགོས་པར་མ་ཟད། ད་དུང་སྲོལ་རྒྱུན་གྱི་རྩོམ་རིག་དང་རྩོམ་པ་པོའི་སྒྱུ་རྩལ་ཆུ་ཚད་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་རག་ལས་པ་ཞིག་ཀྱང་རེད། གསར་རྩོམ་གྱི་བྱེད་ཐབས་ཤིག་ཆགས་པར་བྱེད་ན། མི་རབས་གཅིག་གམ་མི་རབས་དུ་མས་ཐུན་མོང་གི་རྩོལ་བ་ལ་རྟེན་དགོས་པ་ཞིག་རེད།” (བོད་ཀྱི་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་བསྡུས་པར་སྟོན་པ་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་ངོས་519 ནས 520པར་གཟིགས་རོགས)
རྩོམ་འདིའི་ཁ་བྱང་གཅིག་པོའི་ཐོག་ནས་ཀྱང་སྲོལ་རྒྱུན་གྱི་བག་ཆགས་མཐོང་ཐུབ། ནུབ་ཕྱོགས་པའི་རྩོམ་རིག་དཔྱད་བརྗོད་པ་Northrop Frye, Harold Bloom རྟོག་གེ་བ་དང་སྙན་ངག་པ་Ralph Waldo Emerson དེ་མིན་དབྱིན་ཡིག་ཐོག་གི་དེང་རབས་སྙན་ངག་པ་ཆེན་པོ། རྩོམ་པ་པོ། རྩོམ་རིག་དཔྱད་བརྗོད་པT. S. Eliotསོགས་ཀྱི་བརྩམས་ཆོས་ལ་ལྟོས་དང་ཡང་འདི་དང་འདི་འདྲ་བའི་ལྟ་གྲུབ་ཞིག་རྟོགས་ཐུབ།
སྐད་ཆ་འདི་ཚོ་ཁོང་གི་བརྩམས་ཆོས་ལ་བལྟས་ནས་བཤད་པ་ཡིན་མ་གཏོགས། ཡ་རབས་ཀུན་སྤྱོད་ཀྱི་ལྟ་གྲུབ་ཞིག་ལ་རྟེན་ནས་ཁོང་གི་མི་གཞི་ཡག་གཙོག་གང་ཡིན་མིན་གྱི་གཏམ་བཤད་མི་ཕོད་ལ་བཤད་རྒྱུ་ཡང་མེད། མི་སྐྱོན་མེད་འཛམ་པོའི་གླིང་ལ་མེད་ཟེར་བ་དེ་ལོས་བདེན།
གོང་གི་སྐད་ཆ་དེ་ལས་འཕྲོས་ཏེ་། དམར་སྲུང་དམག་མི་རྣམ་པ་དང། བོད་ཀྱི་སློབ་གྲྭ་བ་དག་གིས་་སེམས་ཀྱི་འཆར་སྟངས་གཞན་ཞིག་གླེང་བར་བྱ་། དེ་ནི་མི་རྣམས་ལ་སྐྲག་བསླངས་ནས་། རང་གིས་ཧ་ལས་བ་ཞིག་གོ་ཚུལ་དང་ཤེས་ཚུལ་བྱས་ནས་བཅོས་མའི་རྣམ་འགྱུར་སྟོན་པ་དེ་རེད་། ཁོང་ཚོས་་ནུབ་ཀྱི་རིག་གཞུང་དང་།བོད་ཀྱི་རིག་གཞུང་སོགས་ལ་སྤྱང་བ་ཞན་ཞིང་། འདྲིས་ཆ་ཆུང་བ་། གང་ཅི་ཐད་ནས་དགོངས་དོན་་ནུབ་དང་བོད་ཀྱི་མཁས་བ་དག་གིས་དགོངས་དོན་རྣལ་མ་ཞིག་ཧ་གོ་མེད་ནའང་། སྐབས་འགར་ཁོ་ཚོས་མཁས་བོ་ཆེན་པོ་འགའ་མིང་དང་། ལྟ་གྲུབ་གཏིང་ཟབ་པ་འགའི་མིང་ནས་བཟུང་ཏེ་རང་གི་རྩོམ་ནང་འགོད་ཅི་ཐུབ་བྱ་བའི་་ལུགས་སྲོལ་ཞིག་ཡོད་པ་རེད་། མི་བདེན་ན་། ཁོ་ཚོས་བྲིས་བ་རྣམས་ལ་ལྟོས་དང་། རྒྱན་དྲུག་མཆོག་གཉིས་དང་། མདོ་སྔགས་།གཉིས་ཀའི་མིང་དྲངས་ཡོད་པ་མ་ཟད་། ཕྱི་རྒྱལ་གྱི་མཁས་བ་ཁ་ཤས་མིང་ཡང་འབྲེལ་བ་ཅི་ཡང་མེད་པར་ལུང་འདྲེན་བྱས་ཡོད་། འདི་དག་ཁོ་ཚོས་ཤེས་ནས་དྲངས་ནས་མ་རེད་།ཀློག་པ་པོ་རྣམས་ལ་སྐྲག་བསླངས་རྒྱུའི་ཆེད་དུ་དྲངས་བ་རེད་ལ་། དོན་གྱིས་འདིས་ཡང་ཁོ་ཚོའི་སེམས་ཁམས་ཁྱད་འཚར་བ་ཤིག་མཚོན་གིན་ཡོད་།
འདིར་བཤད་དོན་ཞིག་ནི་། སྦྲ་ནག་གཡག་སྙིང་གིས་དྲངས་བའི་ནུབ་ཀྱི་མཁས་བ་ཁ་ཅིག་གིས་མིང་དང་དེ་ཚོའི་ལྟ་གྲུབ་དང་། དོན་རྒྱལ་བར་གྱི་ལྟ་གྲུབ་དེ་རེད་། སྐད་ཆ་མང་པོ་མི་བཤད་རྒྱུ་བྱས་། འདི་དག་གིས་ཆོག་པར་བྱས་།
༼༡༽་དོན་རྒྱལ་གྱིས་ག་རེ་བྲིས་ཀྱང་། བཤད་ཀྱང་དམིགས་ཡུལ་གཙོ་བོ་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་ཤིག་འཛུགས་རྒྱུ་དེ་རེད་། དེ་ནི་དོན་གྱི་རིག་གསར་གྱི་སྐབས་སུ་བྱུང་བའི་རྙིང་གཏོར་གྱི་ལྟ་བ་དེ་རེད་། དོན་རྒྱལ་གྱི་སྲོལ་རྒྱུན་དང་། དེང་རབས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཕྱེས་ཏེ་། གཅིག་ཡོད་ན་།གཅིག་མེད་པར་འགྱུར་འགྲོ་བ་དང་། དེ་གཉིས་ནམ་ཡང་མཉམ་དུ་གནས་ཐབས་མེད་པ་ཤིག་ལ་འདོད་།
༼༢༽ནུབ་ཀྱི་མཁས་བ་འདི་དག་ལ་། སྤྱི་ཚོགས་རིང་ལུགས་དང་། རྙིང་གཏོར་གྱི་དམིགས་ཡུལ་མེད་ལ་ཁོ་ཚོས་སྲོལ་་རྒྱུན་དང་། དེང་རབས་ཀྱི་ཁྱད་པར་དེ་འདྲ་རྒྱ་ཆེན་པོ་ཕྱེ་མེད་།
༼༣༽དོན་གྲུབ་རྒྱལ་གྱིས་སྲིད་གཞུང་ཞིག་ལ་ཞབས་འདེགས་བྱས་། ལས་ཀ་བྱས་ནས་བྱུང་བ་ལ་། ནུབ་ཀྱི་མཁས་བ་འདི་ཚོ་སྲིད་གཞུང་ལ་འབྲེལ་བ་གཏན་ནས་མེད་།
དེ་བས་དོན་རྒྱལ་དང་ནུབ་ཀྱི་མཁས་བ་དེ་ཚོའི་རྩོམ་བར་ཁྱད་པར་རྒྱ་ཆེན་པོ་རེད་།
ག་ལེར་ཐོག་གི་མཆན་རྣམས་ལ་ལྟོས་། ངས་ཁྱོད་ལ་ལན་ཆ་ཚང་བཏབ་འདུག་། བཤད་རྒྱུ་མང་པོ་འདུག་མོད་། ད་རེབ་འདི་ཙམ་། རྗེས་སུ་ག་ལེར་ཡོང་གིན་རེད་།
བོང་རྫི་ལགས། ཁྱེད་ཀྱིས་༼དོན་རྒྱལ་གྱི་སྲོལ་རྒྱུན་དང་། དེང་རབས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཕྱེས་ཏེ་། གཅིག་ཡོད་ན་།གཅིག་མེད་པར་འགྱུར་འགྲོ་བ་དང་། དེ་གཉིས་ནམ་ཡང་མཉམ་དུ་གནས་ཐབས་མེད་པ་ཤིག་ལ་འདོད༽ཅེས་པ་ལས་ཁྱེད་ཀྱིས་དོན་འགྲུབ་རྒྱལ་ལ་རྒྱུས་ལོན་ག་ཙམ་བྱས་ཡོད་རྟོགས་ཐུབ་ཀྱིན་འདུག
དེ་ལ་ཁྱེད་རང་གོ་ནོར་ཆེན་པོ་ཞིག་ཐེབས་ཡོད་པར་འདོད།
སྲོལ་རྒྱུན་ལ་སྤང་བྱ་དང་བླང་བྱ་གཉིས་ཀ་ཡོད་པ་ཁྱེད་ཀྱིས་ཀྱང་ཁས་ལེན་རྒྱུ་རེད་ལ། དེ་ཁས་མི་ལེན་ཟེར་ན་ཁྱེད་རང་བོང་རྫི་རང་བྱས་ནས་སྡོད་དང་ཡག་པོ་འདུག
གོང་དུ་སྦྲ་ནག་གཡག་སྙིང་ལགས་ནས་ཀྱང་གསལ་བོ་བཟོས་ཟིན་པ་ལྟར་རེད།
མཁས་དབང་དོན་འགྲུབ་རྒྱལ་ལགས་ཀྱིས་སྲོལ་རྒྱུན་ཐ་དག་དགག་བྱར་བཟུང་མེད་པ་ཁོང་གི་སྲོལ་རྒྱུན་རྩོམ་ཡིག་དག་ལས་ཀྱང་གསལ་གྱི་ལེར་མཐོང་ཐུབ།
དེ་དག་མཇལ་རོགས།
ཟླ་བ་གཞོན་ནུ་།
སྤྱིར་བཏང་ངས་རང་གི་ནུས་ཚོས་་རང་གི་ཞིབ་དཔྱད་བྱས་།ཕྱི་ནང་གཉིས་ཀྱི་ཁུང་ལུང་བཙལ་།དེ་ནས་སྐད་ཆ་འདྲ་བཤད་ཀིན་ཡོད་།དོན་གྲུབ་རྒྱལ་དང་།ཁོའི་རྗེས་མཇུག་པ་ལྟར་ཧོལ་གྱི་གཞན་གྱི་རྗེས་སུ་མཇུག་པ་དང་།ཧོལ་གྱི་དོར་བ་དང་ལེན་པ་གཉིས་ཕྱེས་ཀིན་མེད་།
༼༡༽་༼དོན་རྒྱལ་གྱི་སྲོལ་རྒྱུན་དང་། དེང་རབས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཕྱེས་ཏེ་། གཅིག་ཡོད་ན་།གཅིག་མེད་པར་འགྱུར་འགྲོ་བ་དང་། དེ་གཉིས་ནམ་ཡང་མཉམ་དུ་གནས་ཐབས་མེད་པ་ཤིག་ལ་འདོད༽
༼༢༽་༼ནུབ་ཀྱི་མཁས་བ་འདི་དག་ལ་། སྤྱི་ཚོགས་རིང་ལུགས་དང་། རྙིང་གཏོར་གྱི་དམིགས་ཡུལ་མེད་ལ་ཁོ་ཚོས་སྲོལ་་རྒྱུན་དང་། དེང་རབས་ཀྱི་ཁྱད་པར་དེ་འདྲ་རྒྱ་ཆེན་པོ་ཕྱེ་མེད་།༽
ཞེས་གསལ་བོ་དག་པོ་བཤད་ཡོད་།ད་དུང་ཧ་མ་གོ་ན་།ང་ལ་ཐབས་ཤེས་ཅི་ཡང་མི་འདུག་།
བོང་རྫི་ལགས།
དོན་གྲུབ་རྒྱལ་གྱིས་རྨོངས་དད། རྙིང་ཞེན། བག་ཆགས་ལ་སོགས་ཀྱི་ཚིག་མང་པོ་དྲངས་ཏེ། བོད་མི་རིགས་ཀྱི་གཞོན་ནུ་རྣམས་དེ་དག་གི་རྗེས་སུ་མ་སོང་བར་དུས་རབས་གསར་པ་དང་མཐུན་པའི་རིག་གནས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་གསར་པ་ཞིག་བཏོད་པ་ལ་འབོད་སྐུལ་གྱི་དུང་བརྡ་བསྒྲགས་པ་རེད། ཡང་མཐའ་གཅིག་ཏུ་རྙིང་བ་ཐམས་ཅད་བཅོམ་ཆག་སྐྱ་ཉིལ་དུ་གཏོང་བའི་དགོངས་པ་དེ་འདྲ་ཁོང་ལ་མི་འདུག དེ་ནི་ཁོང་གི་བརྩམས་ཆོས་ཁག་ལས་བདེན་པ་ར་སྤྲོད་བྱེད་ཐུབ་པར་མ་ཟད། ཁོང་གིས་འདི་ལྟར། ཁོ་བོས་བལྟས་ན་དམངས་ཁྲོད་དུ་རིག་གནས་མ་དར་ན། ཆོས་ལུགས་ལ་ཡང་གཞི་རྩ་ཆགས་ས་མེད། མང་མང་གིས་རིག་གནས་ཤེས་ན། ཆོས་ལུགས་ཀྱང་ཞོར་ལ་དར་རྒྱས་སུ་འགྲོ་ངེས་ཞེས་གསུངས་འདུག ད་དུང་ཁོང་གི་དགོངས་པ་ངོ་མ་དེ་ཤེས་འདོད་ཚེ། ཁོང་གིས་བརྩམས་པའི་རྐང་ལམ་ཕྲ་མོ་ཞེས་པའི་ལྷུག་རྩོམ་དེར་བལྟ་རོགས། ལྷུག་རྩོམ་དེའི་ནང་དུ་ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་། དུང་སེམས། འབོད་ཞེན་སོགས་ཕྱི་གསལ་ནང་གསལ་གྱིས་བྲིས་ཡོད་པ་རེད།
བོད་ཀྱི་རིག་གནས་ཐམས་ཅད་མེད་བརླག་རུ་བཏང་བའི་དུས་སྐབས་དེ་འདྲ་ཞིག་ལ། དོན་གྲུབ་རྒྱལ་གྱི་རྩོམ་ཡིག་གིས་བོད་ཀྱི་གཞོན་ནུ་མང་པོ་ཞིག་རྨོངས་གཉིད་ལས་སད་བཅུག་པ་རེད། བོད་སྐད་བཤད་ཅིང་བོད་ལྭ་དང་བོད་ཞྭ་གོན་པའི་གསར་བུ་འདི་ལྟ་བུ་ནི་བོད་མི་རིགས་ཀྱི་རྒྱན་རེད། མི་འདི་འདྲར་བརྩི་བཀུར་མི་བྱེད་སུ་ལ་བརྩི་བཀུར་བྱེད། བསམ་བློ་ཡག་པོ་ཞིག་ཐོངས། ཁོང་གིས་བྲིས་པའི་པོད་དྲུག་གི་བདག་ཉིད་ཅན་གྱི་གསུང་འབུམ་དག་ལ་ཞིབ་ཏུ་ལྟོས། དེ་དག་གི་ནང་དུ་མི་གོ་བ་དང་དཀའ་གནད་ཅན་འདྲ་མི་འདུག དེ་ནས་རང་གིས་བོད་ཡིག་ཡག་པོ་ཞིག་སྦྱོངས། སྤྱིར་ཁྱོད་ལ་མཆན་བུ་འདེབས་པ་ནི་ཁུར་བོ་ལས་ཁུར་ཐག་ལྗིད་མོ་ཡོད་པ་དང་འདྲ་བོ་འདུག
སྙན་བཟང་གཡུང་དྲུང་ཚེ་རིང།
གཞན་ལ་བསླབ་བྱ་དང་ཁ་ཏ་རེ་བྱེད་ཁུལ་བྱས་།དེ་ནས་དོན་རྒྱལ་ནི་”དོན་གྲུབ་རྒྱལ་གྱི་རྩོམ་ཡིག་གིས་བོད་ཀྱི་གཞོན་ནུ་མང་པོ་ཞིག་རྨོངས་གཉིད་ལས་སད་བཅུག་པ་རེད།”་ཅེས་བསྐྱར་ཏུ་འུད་སྒྲོག་བྱས་།
ཁྱེད་ལ་ལན་འདེབས་བྱེད་ན་རྒྱུ་མཚན་འདུག་གམ་།
“དོན་གྲུབ་རྒྱལ་གྱིས་རྨོངས་དད། རྙིང་ཞེན། བག་ཆགས་ལ་སོགས་ཀྱི་ཚིག་མང་པོ་དྲངས་ཏེ། བོད་མི་རིགས་ཀྱི་གཞོན་ནུ་རྣམས་དེ་དག་གི་རྗེས་སུ་མ་སོང་བར་དུས་རབས་གསར་པ་དང་མཐུན་པའི་རིག་གནས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་གསར་པ་ཞིག་བཏོད་པ་ལ་འབོད་སྐུལ་གྱི་དུང་བརྡ་བསྒྲགས་པ་རེད།”
ལམ་གང་ཞིག་གཏོད་པ་རེད་།རྙིང་བའི་གཏོར་བའི་ལམ་།གསར་བ་མེད་པའི་ལམ་།རིགས་པ་དང་།ཡ་རབས་དང་སྤྱོད་བཟང་མེད་པའི་ལམ་།
ལམ་གསར་བ་ཟེར་གང་ལ་ཟེར་གིན་ཡོད་།སྐད་ཤུགས་ཆེན་པོའི་སྐད་འབོད་ཇི་ལྟར་བསྒྲགས་ཀྱང་ལམ་གསར་བ་ཞིག་དང་།་ཡག་པོ་ཞིག་རྩ་བ་ཉིད་ནས་མཐོང་རྒྱུ་མི་འདུག་།རིག་གསར་སྐབས་ཀྱི་རྙིང་བའི་བཅོམ་པའི་ལམ་།མི་བཤིས་ཆབ་ཆོལ་ཅན་གྱི་ལམ་དེ་འདྲ་མང་པོ་འདུག་།དེ་མིན་གཞན་གང་ཡིན་མཐོང་མ་སོང་།
སྤྱིར་བཏང་ཁྱོད་ཚོས་ནུབ་ཀྱི་ལྟ་གྲུབ་སོགས་ཅི་ཡང་ཤེས་ཀིན་མི་འདུག་།རིག་གསར་གྱི་རྗེས་སུ་དར་བའི་དམར་བོ་འདྲེས་མ་ཅན་གྱི་ལྟ་བ་འགའ་རེ་རང་གིས་ཀྱང་མ་ཤེས་བ་ཚུར་བཤད་པ་ཅིག་འདུག་།
ཚིག་འདི་འདྲ་ཞིག་བྲིས་ནའང་།དམར་བོའི་འབྲེལ་བ་དང་མེད་པ་ཅིག་འབྲི་ཐུབ་ཀྱིན་མི་འདུག་།
“བོད་མི་རིགས་ཀྱི་༼གཞོན་ནུ་༽རྣམས་དེ་དག་གི་རྗེས་སུ་མ་སོང་བར་༼དུས་རབས་གསར་པ་དང་མཐུན་པའི་རིག་གནས༽་ལ་བརྟེན་ནས༼་མདུན་སྐྱོད་ཀྱི་ལམ་གསར་པ༽་ཞིག་བཏོད་པ་ལ་༼འབོད་སྐུལ་གྱི་དུང་བརྡ་༽བསྒྲགས་པ་རེད།
ཚིག་འདི་དག་གང་ནས་བྱུང་བ་རེད་དམ་།ག་རེ་མཚོན་གིན་འདུག་།
རྡོ་སྦིས་ཤེས་རབ་རྒྱ་མཚོ་ཞབས་ཀྱིས་མའོ་ཙེ་ཏུང་དང་གུང་ཁྲན་ཏང་ལ་བསྟོད་བསྔགས་བྱས་པ་ཡོད་པ་ནི། བསླབ་བྱ་རང་བྱུང་ལྷའི་རྔ་བོ་ཞེས་པ་ལས།
རྒྱལ་ཡོངས་མི་དམངས་སྡུག་བསྔལ་ཁྲི་ཁྲག་གིས།།
མནར་པའི་ཉམས་ལ་སྙིང་རྗེ་མ་བཟོད་པར།།
འཇིགས་བྲལ་དཔལ་བོའི་གོ་ཆ་ལྷུར་བཞེས་ཏེ།།
དང་པོར་དགྲ་ལས་རྒྱལ་བ་གུང་ཁྲན་ཏང་།།
རང་ལ་ཆོས་ལུགས་མེད་ཅིང་ཁས་མི་ལེན།།
གཞན་ལ་མི་འགོག་དད་མོས་རང་དབང་སྟེ།།
ཆབ་སྲིད་ཏང་གི་སྲོལ་ལྟར་བརྩི་དགོས་པ།།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
བློ་མཐུན་མའོ་ཙེ་ཏུང་དང་མཁས་མང་གིས།།
ལན་བརྒྱར་བརྟགས་པ་ལས་བྱུང་རྩ་བའི་ཁྲིམས།།
དར་ཆ་གསུམ་དང་ཏང་གི་རྣམ་འདྲེན་ལ།།
སྤྱི་འབངས་ཀུན་གྱིས་ཡིད་ཆེས་བྱ་དགོས་པ།།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
རྩད་ནས་དགག་དགོས་དགྲ་ཡི་འགལ་བ་དང་།།
བཅོས་པས་ཚོགས་པ་ནང་གི་འགལ་བ་གཉིས།།
སོ་སོར་ཕྱེ་ནས་ཉམས་སུ་བསྟར་དགོས་པ།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
བཙན་རྒྱལ་ལུགས་ལ་སྡང་མིག་དམར་པོ་དང་།།
སྤྱི་ཚོགས་ལུགས་ལ་དགའི་མཛུམ་དཀར་གཉིས།།
གསལ་བར་སྟོན་པའི་རྣམ་འགྱུར་མི་འཛོལ་བ།།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
ཨ་རིས་ཤོག་གུའི་སྟག་དང་ལྦུ་བའི་གསོབ།།
ཆེ་དྲག་རྫིག་ཉམས་ཆོ་འཕྲུལ་ཅི་བསྟན་ཀྱང་།།
བདེན་དོན་བརྟག་བཟོད་ཏིལ་ཙམ་མ་དམིགས་པ།།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
ཆུང་ངུའི་རྒྱལ་ཁབ་ཡི་དྭགས་འདྲ་བ་འགའ།།
ནོར་གྱིས་བསླུས་པས་རང་གི་ཕྱོགས་སུ་འཁྲིད།།
གཞན་ལའང་སྲིན་མོ་འཛུམ་འདྲར་ཤེས་དགོས་པ།།
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན།།
དེང་སང་སྲིད་ན་ཀྲུང་གོ་འཕྲུལ་གྱིས་ཆེ།།
བཙན་གྱིས་མིས་གོས་སྤྱི་བོར་འཕུར་བ་དང་།།
དེ་ཡང་སྙིང་རྩ་འདར་བར་ཤེས་དགོས་པ།།
འདི་ནི་ཏང་གི་ད་ལྟའི་གྲུབ་མཐའ་ཡིན།།
ཞེས་པ་དང་།
བསླབ་བྱ་འཕགས་མཆོག་འཇམ་དཔལ་དགྱེས་པའི་འཛུམ་ཟེར་ལས།
ཐུབ་བསྟན་འོ་མའི་མཚོ་ཆེན་འཕྱུར་བ་ལས།།
གུང་ཁྲན་ཟླ་བའི་འཛུམ་དཀར་གཉེན་དུ་ཆེ།།
བྱམས་བརྩེའི་བ་གམ་མཐོན་པོར་དཀྲིགས་པའི་སྤྲིན།།
ཕྱོགས་ཀྱི་འཁོར་ལོ་འགེབས་པའི་གྲིབ་བསིལ་ཅན།།
ཞེས་པ་དང་།
གུང་སྲིད་གསར་མཐུན་འགྲོགས་ཟབ་མོ་བསུས།།
འདིའི་རིག་པར་ཁྲ་གླག་སྤྱང་གསུམ་འཛོམས།།
ཁ་ཞེ་འགལ་གཡོ་ཟོལ་གཏན་མ་བྱེད།།
ཁོས་འབངས་མིར་འཚེ་བ་སྤུ་ཙམ་མེད།
ཁྱད་པར་དུ།
རང་གི་ཆོས་ལུགས་རྩ་ལྟར་འདོར་བའི་བློ།།
རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་པ།།
རང་སྐྱོང་ཞིབ་མོའི་རིག་པས་གཟིར་བའི་མུར།།
རང་དང་གུང་ཁྲན་རྡོ་རྗེའི་སྤུན་དུ་སྡེབས།།
ད་དུང་།
མའོ་ཙེ་ཏུང་གི་དགོངས་དབྱིངས་ནམ་མཁའི་མཐོངས།།
སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།།
ཟས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།།
འཛིན་མའི་ཁྱོན་ན་དགེ་བར་ཁོ་བོས་རྟོགས།།
མའོ་ཙེ་ཏུང་ཞེས་བྱ་བའི་དམ་པ་འདིར།།
ཤཱཀྱ་སེང་གེའི་དགོངས་པ་རྨ་མེད་པའི།།
ངོ་མཚར་བསྔགས་པར་འོས་པ་མང་པོ་ཞིག།
འཇམ་དཔལ་དགྱེས་པའི་བློ་གྲོས་བདག་གིས་མཐོང་།།
ཞེས་པ་དང་།
ཆོས་ཀྱི་ཚུལ་ལ་རང་གི་སྟོན་པའི་སྲས།།
སྲིད་ཀྱི་ཕྱོགས་ལ་ཏང་གི་འདྲེན་པའི་འོག།
ཡ་ང་བག་ཚ་མེད་པར་བྱ་དགོས་པ།།
འདི་ནི་མའོ་ཙེ་ཏུང་གི་རིང་ལུགས་ཡིན།།
ཞེས་པ་ནས། སྡང་བའི་དགྲ་རྣམས་རྡོ་རྗེའི་ཐོག་གིས་འཇོམས།།
ཞི་རྒྱས་དབང་དང་དྲག་པའི་འཇིགས་ཟིལ་ཅན།།
མའོ་ཙེ་ཏུང་ལ་དྭངས་པའི་མིག་གིས་ལྟོས།།
ཆོས་པས་ཆོས་ལུགས་འཛིན་ལ་དེ་བཞིན་མཛོད།།
ཞེས་པ་དང་།
གསུང་རྩོམ་པོད་གཉིས་པའི་ཤོག་ངོས་༥༠༩ལས།
ཨེ་མ་ད་ནི་རིལ་མོའི་འཛམ་གླིང་ནས།།
ཇེ་ཧྥང་མཆོག་གི་འོད་དམར་འཕྱུར་བའི་ཟིལ།།
སྐྱེ་རྒུ་ཡོངས་ཀྱི་མགྲིན་པའི་རོལ་མོ་ཁྲོལ།
ཞེས་པ་དང་།
ད་དུང་ཁོང་གི་ཞལ་ནས།
སྔོན་ཆད་གོ་མིན་ཏང་གིས་བཀུར།།
ད་ལྟ་གུང་ཁྲན་ཏང་གིས་ཀྱང་།།
སྟོན་པས་བདེན་པ་རྒྱལ་ལོ་ཞེས།།
གསུང་ལ་དད་པས་སྙིང་ག་གང་།།
ཞེས་སོགས་ཤིན་ཏུ་མང་པོ་ཡོད་ནའང་། གོང་གི་བསྟོད་བསྔགས་འདི་དག་དུས་དང་རྐྱེན་གྱི་དབང་གིས་དམ་པ་གང་གིས་འབྲི་རྩོམ་བྱེད་དགོས་བྱུང་བ་དེ་ནི། ང་ཚོས་གསལ་པོར་ཤེས་ཐུབ།།
ཨོ། བོང་རྫི། ཁྱེད་ཀྱི་ཐེ་ཚོམ་དེ་དག་སང་གནངས་གཅོད་ངེས་ཡིན། ད་ཉལ་གི་ཡིན། གོང་གི་ཚིགས་བཅད་དེ་དག་སྐྱོར་ནས་སྡོད།
བོད་ཀྱི་སློབ་གྲྭ་སོང་བ་འདི་ཚོ་ལའང་།གཞན་དང་མི་འདྲ་བའི་བཤིས་རྒྱུན་མང་པོ་ཡོད་པ་ནང་གི་གཅིག་ནི་།ཁོ་ཚོས་གཞན་གྱིས་ལྟ་བ་མ་རྟོགས་ཞིང་།ཤེས་ཐབས་ལའང་མི་འབད་།དེ་ནས་མི་ཤེས་བའི་ཚུལ་དུ་མི་སྡོད་པར་།ཁ་ནས་ས་སྟེང་དུ་མི་ཤོང་བའི་གཏམ་འགའ་ཞིག་བཤད་པ་དེ་ཡིན་།
ཁོ་ཚོ་བཤིས་རྒྱུན་དེ་འདྲ་ཤིག་གོམས་པའི་དབང་གིས་ཏ།མི་གཞན་དག་ཡང་དེ་འདྲ་ཡིན་པའི་བསམ་པའི་འཁྱེར་སྟངས་ཏན་ཏན་ཡོད་།
སེམས་བཤིས་འདི་རྩོད་གླེང་འདི་ལ་ལྟོས་དང་གསལ་བོ་ངོམ་བསྡད་འདུག་།མི་མང་པོ་ཤིག་གིས་ཕྲན་ལ་ཡང་དུ་ཡང་དུ་”ཁོང་གིས་བྲིས་པའི་པོད་དྲུག་གི་བདག་ཉིད་ཅན་གྱི་གསུང་འབུམ་དག་ལ་ཞིབ་ཏུ་ལྟོས།”ཞེས་དྲན་གསོ་བྱ་བཞིན་པ་དེ་རེད་།
ངས་དཔེ་ཆ་དེ་དག་ལ་མ་བལྟས་བ་ཁོ་ཚོས་ཇི་ལྟར་ཤེས་།དེ་ལྟར་བཤད་དགོས་བའི་རྒྱུ་མཚན་ཅི་ཡིན་ཞེ་ན་།
དོན་གྱི་ཁོ་ཚོ་རང་གི་སེམས་ཀྱི་གོམས་བཤིས་དེ་མི་གཞན་ལའང་ཡོད་རྒྱུ་་རེད་བསམ་པ་མ་གཏོགས་གཞན་ཅི་ཡང་མེད་།
འོ་རྡོ་སྦིས་དགེ་བཤེས་ཀྱི་གསུང་མང་པོ་ཞིག་དྲངས་འདུག་།ཡི་གེ་བཏགས་ནས་ཆུ་ཚོད་མང་པོ་སོང་རྒྱུ་རེད་།འདི་ལ་ལྟོས་ན་།རྩོད་རྙོག་འདི་གལ་ཆེན་པོ་ཞིག་ལ་བརྩིས་ནས་གླེང་གིན་ཡོད་པ་འདྲ་།དེ་ལྷག་བསམ་རྣམ་དག་རེད་།དེ་ལ་དགའ་བ་སྒོམ་གིན་ཡོད་།
སྤྱིར་བཏང་རྡོ་སྦིས་དགེ་བཤེས་དང་།དོན་རྒྱལ་གཉིས་ལ་འབྲེལ་བ་ཅི་ཡང་མེད་ཀིན་།ཡིན་ནའང་ཁྱེད་ཀྱིས་དེ་འདྲ་དཀའ་ལས་སྤྱད་ནས་འདི་བཀོད་པ་ཡིན་པས་།ལན་ཞིག་མ་རྒྱབ་ནའང་མི་འགྲིག་སྙམ་སོང་།
ལྔ་བཅུའི་སྟོད་ལ་རྡོ་སྦིས་དགེ་བཤེས་རྒྱ་དམར་དང་མཉམ་དུ་འབྲེལ་བ་ཡོད་པ་ཏན་ཏན་ཡིན་པ་ཟད་།ཁོ་ཚོ་ལ་ཡིད་ཆེས་ཡོད་པ་ཏན་ཏན་རེད་།འདི་ལ་རྩོད་པ་ཅི་ཡང་རྒྱག་གིན་མེད་།ཁོས་དེ་ལྟར་བྱས་པའི་རྒྱུ་མཚན་ནི་།རྒྱ་དམར་གྱི་ཆབ་སྲིད་ལ་བརྟེན་ནས་།བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་རེ་ཐོགས་ན་སྙམ་པའི་ཀུན་སློང་དེ་རེད་།རྗེས་སུ་བསམ་པ་བཞིན་དུ་མ་སོང་བ་རང་གི་མི་ཚེའི་ཕྲ་མོ་བདེན་དཔང་བྱས་བ་དེ་རེད་།
དོན་རྒྱལ་དང་འདྲ་ཀིན་མ་རེད་།བོད་ཀྱི་ཆོས་དང་རིག་གཞུང་ལ་རྒོལ་བསམ་པ་ཤིག་ནམ་ཡང་བསམ་དུ་དྲན་མི་འདུག་།ཆོས་དང་རིག་གཞུང་༼ཁྱོད་ཚོས་སྲོལ་རྒྱུན་རིག་གནས་ཞེས་འདོགས་ཀིན་འདུག༽སོགས་རྙིང་བ་བཅོམ་ནས་།གསར་བ་ཞིག་རྩ་བ་ཉིད་ནས་འཛུགས་བསམ་ཡོད་པ་མ་རེད་།འདོར་བསྡུས་ན་།གཅིག་ནི་ཆབ་སྲིད་ཁོ་ན་རེད་།གཞན་གཅིག་ནི་རིག་གཞུང་དང་ཆབ་སྲིད་གཉིས་ཀ་རེད་།འདི་གཉིས་ཀྱི་ཁྱད་པར་འདི་རེད་།
འདིར་ངེས་པར་ཏུ་བཤད་དགོས་བ་ཞིག་ལ་། མི་མང་པོ་ཤིག་གིས་ང་ལ་ཆབ་སྲིད་དང་། གྲུབ་མཐའ་།ཡང་ན་ཡུལ་ཁོག་ལུང་ཁོག་གི་ཞེན་ཁོག་གིས་དབང་གིས་སྐད་ཆ་འདི་དག་བཤད་པ་རེད་བསམ་ཀིན་འདུག་། འདི་ནི་ཁོ་ཚོའི་མིག་དེ་ལ་གྲུབ་མཐའ་དང་། ཡུལ་ཁོག་དང་ལུང་ཁོག་གི་ཤེལ་མིག་ཕྱོགས་རེ་བ་གཅིག་གོན་ནས་བཤད་པ་རེད་མ་གཏོགས་། ང་ལ་དེ་ལྟ་བུ་ཞིག་གཏན་ནས་མེད་།ཡོད་དོན་ཡང་ཅི་ཡང་མེད་།
བསམ་བློ་སྙིང་ཐག་པ་ཐོངས་དང་། དེ་འདྲ་ཡོད་པའི་རྒྱུ་མཚན་ག་རེ་འདུག་།
བོང་རྫི་ཡི་སྐད་ཆར་ཉན་རྒྱུ་འདུག
དོན་གྲུབ་རྒྱལ་སུ་རེད། ཁོང་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བ་ཞིག་འཛུགས་རྒྱུའི་དབང་ཤུགས་དེ་འདྲ་ཞིག་ཡོད་པ་རེད་དམ།
ངས་བལྟས་ན། ཁོའི་དབང་ཤུགས་ནི་རྩོམ་ཡིག་ཁ་ཤས་བྲིས་ཏེ་ཁ་དབང་ཚད་རྒྱུ་དེ་རེད་མོད། ཡིན་ནའང་བོད་མིའི་ཡིག་རྨོངས་ཀྱི་བརྒྱ་ཆ་མཐོན་པོ་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད་ལ། ཡིག་ངོ་ཆོད་མཁན་ཞིག་ཡིན་ཚད་ལ་དེང་རབས་ཀྱི་བརྩམས་སྒྲུང་དང་རང་མོས་སྙན་ངག་ཀློག་འདོད་ཡོད་པ་དེ་འདྲའང་མ་རེད། ལྷག་པར་དུ་མཐར་གཏུགས་ན། དགེ་ཆོས་དང་དོན་རྒྱལ་ཞེས་མང་པོ་མང་པོ་ཞིག་བཤད་སྡོད་མཁན་ནི་མང་ཆེ་བ་ཨ་མདོའི་ཡིག་ངོ་ཆོད་མཁན་ཁ་ཤས་ཤིག་རེད། དབུས་གཙང་དང་ཁམས་ཕྱོགས་སུ་དོན་གྲུབ་རྒྱལ་ཟེར་བ་ཞིག་ཤེས་མཁན་མང་པོ་མེད་ལ། རྒྱ་གར་ལ་གསར་དུ་འབྱོར་བའི་དབུས་གཙང་བ་ཁ་ཤས་ཀྱིས་ཨ་མདོ་ཚོས་རྦབ་ཆུ་ཡ་རྦབ་ཆུ་ཞེས་ཀློག་སྐབས། བ་ཕྱུགས་ཡ་བ་ཕྱུགས་ཞེས་པར་གོ་ནོར་ཐེབས་ཀྱི་ཡོད། གནས་ཚུལ་འདི་ལྟ་བུ་ལ་འདང་བརྒྱབ་ཚེ། དོན་གྲུབ་རྒྱལ་དང་ཡང་ན་དེ་མིན་གྱི་རྩོམ་པ་པོར་ཁས་འཆེ་མཁན་སུ་ཞིག་ཡིན་རུང་། བོད་ཀྱི་སྤྱི་ཚོགས་སུ་ཤུགས་རྐྱེན་ཐེབས་སུ་འཇུག་རྒྱུ་ནི་དཀའ་མོ་རེད། བོད་མི་ཚོར་ཁ་བཏོན་འདོན་རྒྱུ་མ་གཏོགས། དེབ་ཀློག་རྒྱུའི་གཤིས་ཀ་ཡོད་པ་ཞིག་རྩ་ནས་མཐོང་གི་མི་འདུག་མོད། ཡིན་ནའང་བོད་ཀྱི་དེང་རབས་ཀྱི་རྩོམ་རིག་ཟེར་བ་དེའི་སྐོར་བཤད་མཁན་ཚོའི་ཁྲོད་དུ་འུད་ཤོབས་ཆེ་བ་མང་ཙམ་ཡོད་པ་ནི། ཕཱ་རན་སིའི་ཕྱི་གླིང་བ་བོད་མིང་ལ་ཆོས་ཉིད་དབང་མོ་ཟེར་བ་དེས་༡༩༨༥ ལོའི་ཚུན་གྱི་བོད་ཀྱི་བརྩམས་སྒྲུང་ལ་དཔྱད་ཞིབ་ཅིག་བྱས་པའི་རྩོམ་དེ་རུ། གཙུག་གཡུ་ཟེར་བའི་སྒྲུང་དེབ་དེའི་སྐོར་ལ་འདི་ལྟར་བྲིས་འདུག
གཙུག་གཡུ་ལ་ཤོག་གྲངས་ ༣༠༤ ཡོད་ཅིང་། ༡༩༨༥ ལོར་དཔར་
ཐེངས་དང་པོ་ལ་དེབ་གྲངས་ ༢༥༠༠ དཔར། སློབ་དཔོན་བདེ་སྦྱིན་བཟང་མོ་ལགས་ (Pr. H. Stoddard) ཀྱིས་གསུངས་ན། གཙུག་གཡུ་དཔེ་སྐྲུན་བྱས་མ་ཐག་ཏུ་དེ་རྩོམ་སྒྲིག་པའི་གླེང་བརྗོད་ཚ་ཤོས་སུ་གྱུར་ཞིང་། ཀློག་པ་པོ་ཚོས་འདོན་ཐེངས་རྗེས་མ་ལ་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱས་འདུག ཚེ་རིང་ཤཱཀྱ་ལགས་ཀྱིས་ཁོང་ལྷ་སར་བཞུགས་པའི་རིང་ལ་གཙུག་གཡུའི་དཔེ་དེབ་ཅིག་རེག་ཐབས་བྱས་པར། གཙུག་གཡུའི་དཔེ་དེབ་བཙོང་རྒྱུ་ལྷག་མེད་པས། སུས་ཀྱང་སོ་སོའི་དེ་གཞན་ལ་སྟེར་འདོད་བྱེད་ཀྱི་མི་འདུག་ཅེས་ཕྱིར་དྲན་གནང་སྟེ་གསུངས་བྱུང་ཞེས་བྲིས་འདུག
བློ་གཟུ་བོར་གནས་ཏེ་བཤད་ན། གཙུག་གཡུ་ཞེས་པའི་དེབ་ཀློག་མཁན་གྱི་བོད་མི་ཅི་ཙམ་བྱུང་ཡོད་དམ། ཤེས་གསལ་ལྟར་ན། ༢༠༠༢ ལོར་གཙུག་གཡུ་ཞེས་པའི་དེབ་དེ་སྤྱིར་བཏང་ལས་བརྒལ་བའི་དེབ་གྲངས་༦༠༠༠ དཔར་འདུག དེས་ན་དཔར་ཐེངས་སྔ་རྗེས་གཉིས་ཀར་ཁྱོན་བསྡོམས་དེབ་གྲངས་ ༨༥༠༠ ལས་མེད། འདི་མང་པོ་རེད་དམ་ཉུང་ཉུང་རེད། ཁ་ཤས་ཀྱིས་བཤད་ན། ད་ལྟ་བོད་དུ་བོད་ཡིག་གི་དཔེ་ཆ་བྲིན་ཆེ་ཤོས་ནི་ཞལ་འདོན་ཕྱོགས་སྒྲིག་རེད་ཟེར། དེ་སྔ་རྗེས་སུ་དེབ་གྲངས་ཅི་ཙམ་དཔར་ཡོད་མེད་ཤེས་མཁན་ཡོད་དམ།
ང་ལ་མཚོན་ན་ངའི་སེམས་ཁུར་ནི་དོན་རྒྱལ་དང་དོན་རྒྱལ་གྱི་རྩོམ་དེ་དག་མིན་པར། རང་ཉིད་གྲགས་འདོད་ཀྱི་བསམ་པ་ཁོ་ནའི་ཐོག་ནས། གནམ་སར་མི་ཤོངས་པའི་འུད་ཤོབས་བཤད་པའི་གཤིས་ཀ་དེ་རེད།
བོང་རྫི་ཡིས་དེ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་གི་ཚུལ་དུ་སྐད་ཆ་བཤད་མོད། ཡིན་ནའང་འུད་ཤོབས་བཤད་པར་ཁོ་ལས་ཡན་ཞིག་མི་འདུག དང་པོར་མི་འདིས་དགེ་ཆོས་ཀྱི་སྐོར་ནས་བཤད་སོང་། དེ་ནས་ཞོགས་དུང་གི་སྐོར་ནས་བཤད་སོང་། ད་ནི་དོན་རྒྱལ་གྱི་སྐོར་ནས་བཤད་དེ་བོད་ཧྲིལ་བོར་གནོད་བསྐྱལ་བཞག་ཡོད་པ་འདྲ་ཞིག་བཤད་ཀྱི་འདུག ཨ་མདོ་མིན་པའི་བོད་ཀྱི་ས་ཁུལ་གཞན་དུ་མི་འདི་ཚོར་ཤུགས་རྐྱེན་ངོ་མ་ཞིག་ཡོད་པ་རེད་དམ་ཞེས་འདྲི་འདོད་བྱུང་།
“ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས་” ཞེས་པའི་སྐད་ཆ་འདི་དག་ནི་བཙན་རྒྱལ་རིང་ལུགས་པ་ཚོས་མི་སེར་སྤེལ་ཡུལ་གྱི་མི་རིགས་ཉམས་ཆུང་ཚོའི་སེམས་ཀྱི་སྤོབས་པ་གཅོག་བྱེད་ཀྱི་ལྕགས་ཀྱི་ཐོ་བ་ཞིག་རེད། དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་མངའ་འོག་གི་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་མང་དག་ཅིག་གི་སྐུ་དྲག་མི་དྲག་ཚོ་ནི་ལག་ཆ་འདིའི་བྲན་གཡོག་ཏུ་གྱུར་མཁན་སྔ་ཤོས་ཀྱི་གྲས་རེད། དཔེར་ན། རྒྱ་གར་གྱི་གཱན་ཌིའི་རྗེ་ལ་མཚོན་ནའང་ཐོག་མར་ཁོང་ནི་དབྱིན་ཇིའི་རིག་གཞུང་གིས་བཟི་སྟེ། རྒྱ་གར་རང་གི་སྲོལ་རྒྱུན་གྱི་རིག་གཞུང་དང་ཐག་གང་རིང་རིང་དུ་བཞུགས་མཁན་དེ་འདྲ་རེད། དབྱིན་ཇིའི་སློབ་གྲྭར་འགྲོ་མྱོང་བའི་ཨ་ཕེ་རི་ཀའི་མི་དྲག་ཚོའི་ཁྲོད་དུ་ཨ་ཕེ་རི་ཀའི་མང་ཚོགས་ལ་ཚོགས་འདུའི་ཐོག་ནས་གཏམ་བཤད་གནང་སྐབས། སོ་སོའི་ཕ་སྐད་ལ་རྫིག་ཉམས་མ་མཐོང་བར་དབྱིན་སྐད་བཤད་དེ། སྐད་སྒྱུར་བ་ཞིག་གིས་ཡང་སྐྱར་དེ་ཕྱིར་ཕ་སྐད་དུ་བསྒྱུར་བའི་དངོས་ཡོད་གནས་ཚུལ་མང་པོ་མཐོང་རྒྱུ་འདུག
རྒྱ་ནག་གུང་ཁྲན་གྱི་དབང་སྒྱུར་བོད་ལ་སླེབས་སྐབས། ཐོག་མར་སློབ་གྲྭ་འཛུགས་པ་དང་། སྨན་ཁང་ལས་པ། རྒྱང་བསྒྲགས་འཛུགས་པ་བཅས་ནི་ཆབ་སྲིད་ཀྱི་ལག་ཆ་རེད། དང་པོར་བོད་ཀྱི་སྐུ་དྲག་མི་དྲག་ཚོ་དང་ཡང་ན། ཉམས་ཐག་དབུལ་བོ་ཚོའི་བུ་ཕྲུག་ལ་རྒྱ་ནག་གི་སློབ་གསོ་སྤྲད་དེ་ཆབ་སྲིད་ཀྱི་ལག་ཆར་སྤྱད་ཡོད། དོན་གྲུབ་རྒྱལ་ནི་སྐབས་དེར་རྒྱ་ནག་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་སའི་རྒྱང་བསྒྲགས་ལས་ཁུངས་སུ་ལས་ཀ་སྤྲད་ཡོད་པ་ལྟར།
ལྷ་སར་སོག་པོ་དགེ་བཤེས་ཆོས་གྲགས་དང་། ཚ་སྤྲུལ་རིན་པོ་ཆེ་སོགས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་ཀ་སྤྲད་ཡོད། གཞན་ཡང་བོད་ཀྱི་མཁས་པ་ཡིན་ཟེར་མཁན་མང་པོ་ཞིག་པེ་ཅིན་དུ་བསྐོང་སྟེ། རྒྱ་ནག་གི་རྩོམ་རིག་གྲགས་ཅན་ཆུ་ངོགས་གཏམ་རྒྱུད་དང་། ཐོག་ཁང་དམར་པོའི་རྨི་ལམ་ལ་སོགས་བོད་ཡིག་ཏུ་བསྒྱུར་ཏེ། རྒྱ་ནག་གི་ཤེས་རིག་གི་གཟི་བརྗིད་ངོམས་ནས་བོད་མི་ཚོའི་ཡིད་སྨོན་འཕྲོག་ཨེ་ཐུབ་བལྟ་གི་ཡོད།
འདི་དག་ཚང་མ་རྒྱ་ནག་གུང་ཁྲན་ཙམ་མིན་པར། བཙན་རྒྱལ་རིང་ལུགས་པ་ཚོས་མི་སེར་སྤེལ་བའི་དབང་སྒྱུར་བྱེད་ཐབས་ཤིག་རེད་ལ། བོད་མི་མང་པོ་ཞིག་འདོད་པ་ཡོད་མེད་གཉིས་ཀའི་ཐོག་ནས་དབང་སྒྱུར་བའི་ལག་ཆར་གྱུར་ཡོད། དེ་དག་གི་ནང་ནས་བོང་རྫི་ཡིས་འདིར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་དོན་གྲུབ་རྒྱལ་གཉིས་ལ་མཚོན་ན་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་ཡིན་པ་འདྲ་འདྲ་ཡིན་རུང་ཁོག་གི་གཟུང་ཞུགས་འདྲ་གི་མ་རེད། གཅིག་ནི་བོད་ཀྱི་དགོན་པ་ནས་རེད། གཅིག་ནི་རྒྱ་ནག་གི་སློབ་གྲྭ་ནས་རེད་ཅེས་བཤད་ཀྱི་ཡོད་མོད། ང་ལ་མཚོན་ན། ཨ་རིའི་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གཉིས་ཀྱི་ལས་བྱེད་སུ་ཡིན་རུང་དབང་སྒྱུར་གྲལ་རིམ་གྱི་ལག་ཆ་ཡིན་པ་འདྲ་འདྲ་རེད། གཅིག་ནི་ཨ་རིའི་གཞུང་གི་ལག་ཆ་རེད་ལ། གཞན་དེ་ནི་རྒྱ་ནག་གཞུང་གི་ལག་ཆ་རེད།
གཞུང་ཞིག་གི་ལག་ཆ་ཡིན་མིན་གྱི་ཐད་ནས་བཤད་ན་ཞོགས་དུང་ལ་གཟི་བརྗིད་མི་འདུག་གམ། སོ་སོའི་བསམ་བློ་དང་ཡིད་ཆེས་ཀྱི་ཆེད་དུ་བཙོན་དུ་ཕྱིན་པ་མ་རེད་དམ།
མདོ་དོན་ཁོ་རང་སྒེར་ལ་གྱོང་སྐུར་ནས་སྤྱི་བ་ལ་བྱས་རྗེས་བཞག་པ་རེད་བསམ། འོན་ཀྱང་བསྟོད་པ་ཚད་རྒལ་བྱེད་མཁན་དང་། སྐྱོན་ཚད་བརྒལ་བྱེད་མཁན་གཉིས་ལ་སྐྱོན་ཆ་ཚད་ལས་བརྒལ་བ་འདུག
གཞི་གཅིག་ལ་ག་དུས་ཡིན་ན་ཡང་ངོས་གཅིག་ཁོ་ན་ནས་བལྟས་ན་དེ་ནི་བལྟ་བ་པོ་དེའི་སྐྱོན་རེད་བསམ།
དྲྭ་གྲོགས་རྣམ་ཚོར་ངས་ཁྱེད་རྣམ་པས་དོན་རྒྱལ་དང་། ཁོང་གི་སྙན་ངག་སྐོར་གླེང་སློང་་བྱས་པ་ཐེངས་གཅིག་ཀློགས་པ་ཡིན། མདའ་ཚན་པ་དང་གཡག་སྙིང་གིས་བློ་ལ་འབབ་པ་དང་རྒྱུ་མཚན་ཡོད་པ་ཞིག་བྲིས་ཡོད་པར་སྣང་། བོང་་རྫིས་སྐབས་འགར་གོ་བ་ལོན་གྱི་མེད་པ་འདྲ་བོ། མཚམས་རེ་འཁྱོག་བཤད་བྱེད་ཀྱིན་ཡོད་པ་འདྲ་བོ་དེ། ཁྱེད་རྣམ་པས་གསལ་བྱེད་ཅི་ཙམ་བྱས་ཡང་ངལ་པའི་རྒྱུ་མ་གཏོགས་མེད་པ་འདྲ། གོ་བ་མེད་པའི་གླང་རྒན་དེ། རྒྱལ་པོའི་བཀའ་ལས་དབྱུག་པའི་བཙན་ཞེས་པའི་གཏམ་དཔེ་དེ་ལས་གཞན་སུ་ཞིག་གིས་ཨ་ལན་སྟེར།
དེ་ལ་ཨ་ལན་བྱེད་མཁན་ཁྱེད་རྣམ་པའང་་ཀླད་པ་སྐྱོན་ཡོད་པ་མིན་ནམ།
མཁས་པ་མཁས་པའི་དྲུང་ནས་སྐྱིད། མཁས་པ་གླུན་པོའི་ཁྲོད་ནས་སྡུག་ཅེས་པ་་ལྟར། ཁོམ་ལོང་ཡོད་ན་འབྲེལ་བྱེད་གོ་མཁན་ཞིག་ལ་ཁ་བརྡ་བྱས་ན་མི་བཟང་ངམ།
འཇུ་སྐལ་བཟང་གིས་མཆོ་སྔོན་གྱི་སྦྲང་ཆར་དུས་དེབ་བཙུགས་ནས་ལོ་བཅུ་འཁོར་བའི་ཤིས་ཚིག་ཏུ། སྦྲང་ཆར་ནི་བསླུ་བྲིད་ཀྱིས་བསླངས་པའི་རྡོ་རིང་ཞིག་ཏུ་བཤད་ཡོད་པ་ལྟར། འདིར་བོད་དུ་བཞུགས་པའི་རྩོམ་པ་པོ་ཁག་ཅིག་གི་རྩོམ་ཡིག་གི་སྐོར་ལ་འཆར་སྣང་དང་འགྲེལ་བཤད་ཁ་ཤས་བརྒྱག་འདོད་ཀྱང་། རང་དབང་གི་རྒྱལ་ཁབ་ནས་ཁོང་ཚོའི་བདེ་འཇགས་ལ་མི་བསམ་པར་བྱུང་རྒྱལ་དུ་སྨྲ་བར་མི་སྤོབས།
གཉིས་ནས་འདིར་དྲན་སྐུལ་ཞུ་རྒྱུ་ཞིག་ལ། རྩོམ་པ་པོ་ཞིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་ཞིག་འཛུགས་རྒྱུའི་དམིགས་ཡུལ་བཅངས་པ་རེད་ཟེར་བ་དེ་དགོད་བྲོ་བ་ཞིག་རེད། རྩོམ་པ་པོ་ལ་རྩོམ་པ་པོའི་ཚོད་ཀྱི་ནུས་པ་ཞིག་ལས་མེད་ལ། ནུས་པ་དེའི་ཁྲོད་དུ་སྲིད་ཇུས་གཏན་འབེབས་དང་ལག་བསྟར་སོགས་ཀྱི་འཇུག་ཡུལ་གཏན་ནས་མེད་པ་ཤེས་དགོས།
དོ་དགུང་ལག་འདུག་མི་ཐུབ་པར་མཆན་ཁ་ཤས་དབང་མེད་དུ་འབྲི་བར་ཐལ། མཆན་འདི་དག་ནི་བོང་རྫི་ལ་དམིགས་ནས་བྲིས་པ་མིན། བོང་རྫི་ལ་སྔར་ནས་ཉོབ་ཚར་ཡོད། བིས་མདོའི་གྲོགས་པོ་ཞིག་གིས་བོང་རྫིས་སྔར་ཁོ་ལ་ཁྱོད་ཚོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་སྲོག་རླུང་ཞུགས་པ་ལྟར་ཁ་འཛིང་བྱས་སོང་ཟེར་རུང་། བོང་རྫི་ནི་དེ་འདྲའི་གཏུ་ཐུག་ཞིག་ཡིན་རྒྱུ་མ་རེད་བསམ་སོང་། ད་ནི་བོང་རྫིའི་ངོ་བོ་ཉིན་རེ་ལ་ཉིན་རེ་ཇེ་གསལ་དུ་འགྲོ་བཞིན་འདུག
ད་ཁྱེད་ཚོས་བོང་རྫིའི་ཁ་མ་ཀློང་། མྱི་ངན་པའི་ཁ་ཀློང་ན། ཞག་གསུམ་ལ་གཉིད་མི་ཁུག་ཟེར་བ་ཞིག་ཡོད་པ་རེད། དང་པོ། ངས་ཀྱང་མ་ཤེས་པར་ཁོ་དང་མཉམ་བགྲོ་གླེང་བྱེད་རིན་འདུག་བསམ་ནས་ཚིག་ཁ་ཤས་ཐལ་སོང་། ད་ལྟ་ཤེས་པ་ནི། ཁོ་གནས་ལུགས་དང་རྒྱུ་མཚན་འགྲོ་སའི་མི་དེ་འདྲ་མ་རེད། སྐད་ཆ་ལ་གཏན་ཚིགས་ཡོད་མཁན་དེ་འདྲ་རེད་མི་འདུག
ཁ་ནས་བཤད་རྒྱུ་དམར་སྲུང་དམག་མི་མ་གཏོགས་མི་འདུག
བཤད་སྟངས་ཀྱང་དམར་སྲུང་དམག་མི་དང་འདྲ།
རྒྱུ་མཚན་བཤད་ས་མེད་པ་དེའང་དམར་སྲུང་དམག་མི་དང་འདྲ།
བཤད་ན་ཁུངས་ལུང་མི་དགོས་པ་དེའང་དམར་སྲུང་དམག་མི་དང་འདྲ།
བཟང་ངན་ལ་དབྱེ་འབྱེད་མེད་པར་མང་པོ་ཞིག་གཞི་གཅིག་ཏུ་བཞག་ནས་བཤད་འགྲོ་བ་དེའང་དམར་སྲུང་དམག་མི་འདྲ།
གཤིས་ཀ་ཨུ་ཚུགས་ཆེ་བ་དེའང་དམར་སྲུང་དམག་མི་དང་འདྲ།
བོང་རྫི་གང་ལ་སླེབས་ན་དེར་དགག་རྒྱག་གི་ཚོགས་འདུ་འཚོགས་ཀྱི་ཡོད་པ་འདྲ་བོ་ཞིག་འདུག བོང་རྫིའི་སྐད་ཆ་དེ་ཚོ་དམར་ཤོག་གི་འགོ་ཁྲིད་ཚོས་དགག་རྒྱག་འཚོགས་འདུའི་ཐོག་གཏམ་བཤད་བྱེད་ཀྱི་ཡོད་པ་འདྲ་ཞིག་འདུག ངས་བསམ་བློ་ཞིག་བཏང་ན་ཁོ་ཕལ་ཆེར་མིག་གཅིག་ཅན་ཞིག་མིན་འགྲོ་བསམ།
ད་སྙིང་རྗེ། ཁོ་ལ་སློབ་ཡོན་གྱི་སྦྱིན་བདག་བྱེད་མཁན་དེའི་དངུལ་ཚང་མ་འཕྲོ་བརླག་རེད་འདུག
ངས་དོན་རྒྱལ་གྱི་གསུང་འབུམ་དེབ་དང་པོ་ཀློག་ནས་ཚར་ལ་ཉེ། རང་གི་བསམ་ཚུལ་དང་ནང་གི་ཏང་བསྟོད་ཚང་མ་ཟུར་འདོན་བྱེད་གི་ཡིན།
འདི་ན་རྩོད་པ་རྒྱག་མཁན་ཕྱོགས་ཁག་གཉིས་འདུག ཕྱོགས་ཁག་གཉིས་ཀྱི་རྒྱབ་ལྗོངས་སུ་ལྟ་བ་ཆེན་པོ་གཉིས་ཀྱི་གྲུབ་འདུག ཆེ་ས་ནས་བཤད་ན་སྟོན་པ་ཤཀྱ་ཐུབ་པ་དང་མར་ཁེ་སི་གཉིས་ཀྱི་ལྟ་བ་རེད། ཡང་ན་ཤར་ཕྱོགས་དང་ནུབ་ཕྱོགས་བར་གྱི་ལྟ་བ་རེད། ཝེ་ཏི་ནམ་གྱི་དམག་འཁྲུག་ཆེན་མོ་དེ་ཡང་ལྟ་བ་དེའི་དབང་གིས་བྱུང་བ་རེད། ཁོ་རི་་ཡ་ལྷོ་བྱང་གཉིས་རྒྱལ་ཁབ་གཉིས་སུ་གྱེས་ནས་ཁྱོ་ཤི་ང་གསོན་གྱི་དམག་འཁྲུག་རྒྱག་ལ་ཉེ་བ་འདི་ཡང་ལྟ་བ་འདེའི་ཆེད་རེད། འཇར་མིན་གྱི་ཤར་ནུབ་བར་ལ་རྩིགས་གྱང་བརྒྱབས་པ་དེ་ཡང་ལྟ་བ་འདིའི་དབང་གིས་རེད། ༧་གོང་ས་མཆོག་གི་བཀའ་དྲིན་ལས་ང་ཚོར་ལྟ་བ་འདི་རྩད་ནས་ནང་འཁྲུག་ཆེན་པོ་མ་བྱུང་བ་རེད། ཡིན་ནའང་བོད་ནང་ན་ལྟ་བ་འདི་ཅན་པ་མང་པོ་ཡོད་པ་དེ་དག་ཚུར་འགུགས་ཐབས་སུ་༧་གོང་ས་མཆོག་གིས་ང་མར་སི་ཕྱེད་ཀ་ཡིན་ཞེས་ཡིད་སྐྱོ་དགོས་པའི་གསུང་དེ་གསུངས་དགོས་བྱུང་བ་རེད། ཕྱག་གཉིས་པ་སོགས་ལ་ཁག་མི་འདུག ཆུང་ཆུང་དུས་ནས་བཟུང་ལྟ་བ་དེའི་བག་ཆགས་འཐུགས་པོ་ཡོད་པས། ལྟ་བ་དེ་བློ་ལ་བདེ་ནི་རེད། དེ་དང་ཁ་བྲལ་ཁག་པོ་ཡིན་ནི་རེད།
གཡུ་འབྲུག་གི་སྤྱིའི་ཆ་ནས་ཡག་པོ་ཤིག་བཤད་སོང་།
“ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས་” ཞེས་པའི་སྐད་ཆ་འདི་དག་ནི་བཙན་རྒྱལ་རིང་ལུགས་པ་ཚོས་མི་སེར་སྤེལ་ཡུལ་གྱི་མི་རིགས་ཉམས་ཆུང་ཚོའི་སེམས་ཀྱི་སྤོབས་པ་གཅོག་བྱེད་ཀྱི་ལྕགས་ཀྱི་ཐོ་བ་ཞིག་རེད། ”
སྐད་ཆ་ཡག་པོ་དང་། ཤིན་ཏུ་འཐད་པ་བྱུང་། དེ་འདྲ་རེད་།
བཙན་རྒྱལ་རིགས་ལུགས་པ་ཚང་མས་ལྟ་བ་དེ་འདྲ་ཞིག་ཁྱེར་ནས་།གཞན་ཡུལ་དུ་སོང་། དབང་སྒྱུར་བྱས་། སྐད་ཆ་དེ་འདྲ་མ་བྱེད་ན་།གཞན་ཡུལ་དབང་སྒྱུར་བྱེད་པའི་ཁ་གཡར་ས་ཅི་ཡང་མེད་།
གཞན་ཡུལ་དབང་སྒྱུར་གྱི་ཆེད་དུ་”རྒྱ་ནག་གུང་ཁྲན་གྱི་དབང་སྒྱུར་བོད་ལ་སླེབས་སྐབས། ཐོག་མར་སློབ་གྲྭ་འཛུགས་པ་དང་། སྨན་ཁང་ལས་པ། རྒྱང་བསྒྲགས་འཛུགས་པ་བཅས་ནི་ཆབ་སྲིད་ཀྱི་ལག་ཆ་རེད”
སྐད་ཆ་འདི་ཡང་ཤིན་ཏུ་བདེན་པ་རེད་བསམ་གིན་ཡོད་།
དེ་བས་ཕྲན་གྱིས་ཀྱང་”བིས་མདོའི་གྲོགས་པོ་ཞིག་གིས་བོང་རྫིས་སྔར་ཁོ་ལ་ཁྱོད་ཚོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་སྲོག་རླུང་ཞུགས་པ་ལྟར་ཁ་འཛིང་བྱས་”་དོན་ཡང་ཏག་ཏག་ལ་”་སློབ་གྲྭ་འཛུགས་པ་དང་། སྨན་ཁང་ལས་པ། རྒྱང་བསྒྲགས་འཛུགས་པ་བཅས་ནི་ཆབ་སྲིད་ཀྱི་ལག་ཆ་རེད”་་ཡིན་མིད་དེ་ཡིན། དེ་མིན་གཞན་ཅི་མེད་། དེ་ནས་ཁྱོད་ཀྱིས་ཤོབ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་དུ་བཙུགས་པ་རེད་དམ་། དོན་གྱིས་ཁྱོད་ཀྱིས་བཤད་པ་དང་། ངས་བཤད་པ་ཁྱད་པར་ཅི་ཡང་མི་འདུག་།
ཁྱོད་རང་གི་སྐད་ཆ་ལ་ཉོབ་ཀིན་མི་འདུག་གམ་ །སྤྱིར་བཏང ཁུངས་ལུངས་ཡོད་མེད་ཀྱི་་སྒེར་གྱི་སྐད་ཆ་འདི་དག་དྲ་རྒྱ་ཐོག་མ་བཏོན་ནའང་བསམ་བྱུང་མོད་།བཏོན་འདུག་པས་།སྐད་ཆ་དེ་བཤད་པ་ཡིན་
ཁྱོད་ཀྱིས་”རྩོམ་པ་པོ་ཞིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་ཞིག་འཛུགས་རྒྱུའི་དམིགས་ཡུལ་བཅངས་པ་རེད་ཟེར་བ་དེ་དགོད་བྲོ་བ་ཞིག་རེད། རྩོམ་པ་པོ་ལ་རྩོམ་པ་པོའི་ཚོད་ཀྱི་ནུས་པ་ཞིག་ལས་མེད་ལ། ནུས་པ་དེའི་ཁྲོད་དུ་སྲིད་ཇུས་གཏན་འབེབས་དང་ལག་བསྟར་སོགས་ཀྱི་འཇུག་ཡུལ་གཏན་ནས་མེད་པ་ཤེས་དགོས།”
ནུས་བ་ཐོན་ཡོད་མེད་བཤད་ཀྱིན་མེད་། དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ་། རྩོམ་བཤིས་བཅས་གླེང་གིན་ཡོད་།
“་གཞུང་ཞིག་གི་ལག་ཆ་ཡིན་མིན་གྱི་ཐད་ནས་བཤད་ན་ཞོགས་དུང་ལ་གཟི་བརྗིད་མི་འདུག་གམ། སོ་སོའི་བསམ་བློ་དང་ཡིད་ཆེས་ཀྱི་ཆེད་དུ་བཙོན་དུ་ཕྱིན་པ་མ་རེད་དམ།”
སྐད་ཆ་འདི་བདེན་པ་རེད་། ཁས་ལེན་ཡོད་། ཁོ་རང་གིས་གང་བཤད་ལ་རྩ་བ་ཉིད་ནས་ཡིད་ཆེད་ནས་། བཙོན་དུ་ཕྱིན་པ་རེད་། ཁོ་ནི་ད་ལྟ་ཡོད་པའི་ཆབ་སྲིད་བརྒྱ་ཕྲག་ཁ་ཤས་ནང་གི་གཅིག་རེད་། ལྟ་བའི་ཐད་ལ་སྔོན་ནས་བཤད་ཡོད་པ་དེ་འདྲ་རེད་། དེ་མིན་གསར་བ་བཤད་རྒྱུ་ཅི་ཡང་མེད་།
རེད་རེད། ད་སྤྱིར་བཏང་བཤད་ན་དེ་འདྲ་འུར་རྒྱག་དགོས་དོན་མི་འདུག་བསམ་མོད། སྔར་ནས་འུར་རྒྱག་གི་ཡོད་པ་རེད། རྩོད་པ་འདི་འགོ་འཛུགས་མཁན་ངོ་མ་ནི་ལྟ་བ་གསར་བ་ཅན་པོ་རེད། རྩོམ་ཡིག་ཙམ་མ་ཡིན་པར་མི་གདོང་དང་གདོང་ཐུག་ནས་མི་ནག ཀླ་ཀློ ཀླད་པ་ལྗང་ཁུ། སོགས་ལག་པས་བྲིས་ཞིང་། གདོང་ལ་ལྟོས་ནས་མཐོང་ཆུང་དང་དམོད་པ་བོར་བ་སྐབས་དེ་དུས་ཉམས་དུ་བསྡད་པ་དག་ལ་བཤད་ཀྱི་ཡོད་པ་རེད། ཆབ་ཆ་ལ་མཚོན་ན་ཨ་ཁུ་བཤད་སྒྲུབ་དང་ཨ་ཁུ་དམ་ཆོས་ཅན་པོ་ལ་ཁ་གཉེར་སྣ་གཉེར་མང་པོ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་འདི་ལ་མཚོན་ན་ཡང་ཚིག་དེ་ཚོ་བེད་སྤྱོད་བཏང་ཡོང་གི་ཡོད་པ་རེད། དེ་བས་ན་ཕྱོགས་གཞན་ནས་ཀྱང་དེ་ལ་ཁ་ལན་རློག དེ་ནས་ང་ཚོ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་འགལ་བ་ལྟ་བུ་ཆགས་འགྲོ་གི་ཡོད་པ་རེད། འདི་ཕྱོགས་གཉིས་ཀ་ལ་སྲིད་དོན་པ་ཞིག་གིས་ངོ་ནས་དཀྲུགས་པ་ཡིན་ན་འབར་ཆོག་ཆོག་གི་འབར་རྫས་ཞིག་རེད་འོ།
ཕྱག་གཉིས་བ་དང་འབུམ་གཅིག་གཉིས་ལ་ང་སྐད་ཆ་མང་པོ་མེད་། ངས་རྩོད་རྙོག་འདི་མགོ་རྩོམ་དུས་། སྐད་ཆ་འདི་འདྲ་ཞིག་བཤད་ཡོད་། དེ་ཕལ་ཆེར་ལུང་བསྟན་ལྟ་བུ་ཤིག་ལ་འགྲོ་གིན་འདུག།
“ཉེན་ཁ་ཆེ་བ་ཞིག་ནི་།བོད་ཀྱི་དེང་རབས་རྩོམ་པ་པོ་འདི་དག་གིས་རིགས་པ་ཟེར་བ་དང་།དབྱིན་ཇིའི་logicཟེར་བ་ཞིག་ཁས་ལེན་གིན་མི་འདུག་།ཁོ་ཚོ་ལ་སེམས་ཀྱི་བཤིས་རྒྱུན་ཕྲ་མོ་ཡ་མཚར་བ་ཞིག་ཡོད་པ་རེད་།ཐོག་མར་ཁ་ནས་མི་ཤོངས་བའི་སྐད་ཆ་ཆེན་པོ་འགའ་བཤད་།ཡིན་མདོག་མདོག་བྱ་གིན་རེད་།དེ་ནས་མི་ཞིག་གིས་དེ་ལ་ཚུལ་བཞིན་དུ་ལན་བཏབ་ནསརྩོད་པ་རྒྱབ་ཡོང་དུས་།མ་གོ་ཁུལ་ལམ་།མ་ཤེས་ཁུལ་།ཡང་ན་ཆབ་སྲིད་ཀྱི་སྐད་ཆ་སྟེ།་སྐད་ཆ་བཤད་ཆོག་མིན་དང་།རྩོད་པ་རྒྱབ་ཆོག་མི་བཤད་དེ་ཁ་འགོག་ཐུབས་བྱ་གིན་རེད་།དེ་འདྲ་བའི་སེམས་ཀྱི་བཤིས་རྒྱུན་དེ་ཡང་གླེང་བར་བྱ།”
དེ་བདེན་པ་མ་རེད་དམ་།
འོ་ཕྱག་གཉིས་བ་ལགས་། ངའི་སློབ་ཡོན་ལ་སེམས་ཁྲལ་མ་བྱེད་། ང་སྤྱིན་བདག་བྱ་མཁན་དེ་སྒེར་ཅིག་མ་རེད་། སློབ་གྲྭ་གཞུང་རེད་། མི་མང་པོ་ནང་ནས་འདེམས་པ་ཞིག་རེད་། མཁས་བ་མི་བཅུ་ཚོགས་པའི་ཚོགས་ཆུང་ཞིག་གིས་འཕྲོ་བརླག་ཏུ་གཏོང་རྒྱུ་མ་རེད་ཟེར་ནས་སྤྲད་པ་ཞིག་རེད་ །དེ་བས་དེ་ལ་སེམས་ཁུར་མ་བྱེད་། ལར་ཏུ་འཕྲོ་བརླག་ཏུ་སོང་ཡང་།གཞུང་གི་སྒོར་མོ་རེད་། བོད་ནང་གི་སློབ་གྲྭ་བ་དང་། ལས་བྱེད་པ་ལྟར་གཞུང་གི་སྒོར་མོ་དེ་བཀོལ་ཆོག་ཆོག་ཅིག་མ་རེད་དམ་།
བོང་རྫི་ལགས། ང་ཁྱོད་ལ་སྐད་ཆ་གཅིག་འདྲི་རྒྱུ་འདུག དེང་སང་བོད་ཕྱི་ནང་གཉིས་ན་ཁྱོད་ཀྱིས་བཤད་པ་བཞིན་དམར་སྲུང་དམག་གི་ལྟ་བ་ཁུར་ནས་འུར་རྒྱག་མཁན་ཇེ་མང་ཡིན་པ་བདེན་པ་རེད། བོད་ནང་གི་སློབ་གྲྭ་ཁག་གུང་ཁྲན་གྱི་ཆབ་སྲིད་དྲིལ་བསྒྲགས་ཆེད་བཙུགས་པ་ཡིན་ཙང་སློབ་མ་ཚོ་ལ་ཁག་མེད། ཡིན་ནའང་གྲྭ་བ་དང་ལྷག་པར་བན་ལོག་ཚོའི་ནང་ལ་ལྟ་བ་དེ་ཅན་པོ་ཁུར་ནས་གྲྭ་བ་དང་ཆོས་ལུགས། ད་དུང་རང་གི་སྲོལ་རྒྱུན་གོམས་གཤིས་སོགས་དགྲ་རུ་འཛིན་མཁན་ཇེ་མང་ཡིན་པ་འདི་ཚོར་ཅི་བྱུང་སོང་བ་རེད། དེ་ཚོར་གུང་ཁྲན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་རྒྱུ་མང་སོང་བ་རེད་དམ། ཡང་ན་གནད་འགག་གཞན་ཞིག་གི་རྐྱེན་པས་རེད།
འོ་གཡུ་འབྲུག་གིས་སྐད་ཆ་འདི་ལ་ལན་བཏབ་མི་འདུག་
“བོང་རྫི་ཡིས་དེ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་གི་ཚུལ་དུ་སྐད་ཆ་བཤད་མོད། ཡིན་ནའང་འུད་ཤོབས་བཤད་པར་ཁོ་ལས་ཡན་ཞིག་མི་འདུག དང་པོར་མི་འདིས་དགེ་ཆོས་ཀྱི་སྐོར་ནས་བཤད་སོང་། དེ་ནས་ཞོགས་དུང་གི་སྐོར་ནས་བཤད་སོང་། ད་ནི་དོན་རྒྱལ་གྱི་སྐོར་ནས་བཤད་དེ་བོད་ཧྲིལ་བོར་གནོད་བསྐྱལ་བཞག་ཡོད་པ་འདྲ་ཞིག་བཤད་ཀྱི་འདུག ཨ་མདོ་མིན་པའི་བོད་ཀྱི་ས་ཁུལ་གཞན་དུ་མི་འདི་ཚོར་ཤུགས་རྐྱེན་ངོ་མ་ཞིག་ཡོད་པ་རེད་དམ་ཞེས་འདྲི་འདོད་བྱུང་།”
“བོད་ཧྲིལ་བོར”་ཟེར་བའི་ཚིག་འདི་ངས་བཀོལ་སྤྱོད་བྱས་མེད་།དེ་ཁྱེད་རང་གི་ངས་བཤད་པའི་སྐད་ཆ་དེ་ལོག་འགྲེལ་བ་ཞིག་རེད་།་ཤུགས་རྐྱེན་ཐེབས་ཡོད་མེད་གཞན་ཞིག་རེད་།དེ་ལྟར་བྱེད་ནས་སྤེལ་ཡོད་མེད་ནས་དེ་ལབ་ཀིན་ཡོད་།་དགེ་ཆོས་དང་།དོན་རྒྱལ་བར་གྱི་འབྲེལ་བ་ཐད་ལ།འདི་ན་སྐད་ཆ་ཞིག་འདུག་།འདིས་གསལ་བོ་དག་པོ་ལན་བཏབ་འདུག་།བར་སྐབས་ཀྱི་འདིས་ཆོག་པར་བྱོས་།
“མཐར་དགེ་ཆོས་ནས་བཟུང་ཏེ་།་བོད་དུ་ལྟ་བ་ཡ་མཚར་བ་ཤིག་དར་བའི་མགོ་ཚུགས་པ་རེད། ལྟ་བའི་དེའི་གནད་ནི་རྡོག་རྡོག་པོ་བཤད་ན་འདི་རེད།་དུས་ལ་གསར་རྙིང་གཉིས་སུ་དབྱེ།་རིགས་པའི་གཞུང་ལུགས་ལ་ཡང་སྲོལ་རྒྱུན་དང་། དེང་རབས་ཅན་ཞེས་གཉིས་སུ་ཕྱེས།་་སྔོན་གྱི་དུས་རབས་ནི་། ཀླ་ཀློ་དང་།་མུན་ནག་།་བདུག་རྩུབ་ཡིན་པ་སོགས་དང་།་དེང་གི་དུས་ནི་ཚན་རིག་ཡོད་པ།དམངས་གཙོ་ཡིན་པ། གསར་གཏོད་ཡོད་པ་སོགས་བཤད་བཞིན་ཡོད་པ་དེ་རེད། སྤྱིར་བཏང་་དེང་རབས་ཅན་ཟེར་བ་འདི་གླེང་དུས་འདི་མི་རྣམས་ཀྱི་སྣང་ངོར་ཅི་མི་སྙམ་པར་སྔོན་སྲོལ་གཏོར་ནས་གསར་བ་ཤིག་བཤད་དགོས་བ་དང་།་བྱས་དགོས་བར་འཆར་བཞིན་ཡོད་མོད། ལྟ་བ་འདི་ལ་་དེང་དུས་ནུབ་ཕྱོགས་ཀྱི་མཁས་བ་མང་པོས་་དགག་བཞག་བྱས་ཏེ་ད་ལྟ་དེང་རབས་ཅན་རྗེས་མ་ཞེས་བའི་གྲུབ་མཐའ་་དར་བཞིན་ཡོད་པ་དང་། མཁས་བ་ཁ་ཅིག་གིས་དུས་གསར་རྙིང་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་འདི་ནུབ་ཀྱི་ལོ་རྒྱུས་དང་སྤྱར་ན་ཆོག་པ་ལས་ས་ཕྱོགས་གང་དུ་སྤྱོར་མི་ཆོག་པའི་ལྟ་བ་ཡང་འཛིན་བཞིན་ཡོད་མོད། བོད་ཀྱི་གཅམ་བུ་དག་གིས་་དགེ་ཆོས་དང་དོན་རྒྱལ་སོགས་དཔུང་དུ་བཞག་ནས་གསར་བ་དང་རྙིང་བ། སྲོལ་རྒྱུན་དང་་དེང་རབས་ཀྱི་ཁྱད་པར་་ཕྱེས་ཅི་ཐུབ་ཀྱིས་སྔོན་གྱི་མཁས་བ་རྣམས་ལ་འཕྱ་སྨོད་དང་། བརྙས་བཅོས། དོན་མེད་ཀྱི་དགག་པ་གཏོང་བཞིན་པ་དེ་ནི་དམར་པོ་ལྟ་བ་རང་དུ་ངེས། ད་ནི་གསར་རྙིང་གི་རྩོད་པ་མཚམས་ཞོག སྲོལ་རྒྱུན་དང་དེང་རབས་ཞེས་ཡིན་མདོག་མདོག་གི་སྐད་ཆ་ཆེན་པོ་ཡང་མ་བཤད། གང་ལ་རིགས་པ་དང་། བདེན་པ་ཡོད་ན་གཙུག་ཏུ་བཀུར་ཏེ། སྔོན་གྱི་དུས་ལྟར་མི་སྡེ་ཡ་རབས་ཡག་པོ་ཤིག་འཛུགས་སྐྲུན་བྱེད་པར་བྱ་ཞེས་ཞུ་འདོད་པ་དེ་ཡིན།”
དཀོན་མཆོག་སྐམ་པོ་།
དྲི་བ་དེ་ནི་ཤིན་ཏུ་ནས་ཡག་པོ་རེད།
ངས་ཀྱང་དེ་ལྟར་བསམ་གིན་ཡོད་།སྐབས་འགར་རང་གིས་རང་ལ་འདི་འདྲ་ཞིག་སྡང་དགོས་བ་ཅི་ཕྱིར་ཡིན་ནམ་།སྤྱིར་བཏང་མི་དེ་ཚོ་རིག་གཞུང་གང་གི་ཐད་ནའང་རྐང་ཟིན་པ་ཤིག་མེད་།བླང་དོར་གྱི་ཁྱད་པར་མི་ཤེས་།དེ་བས་འདི་ལྟར་བྱུང་བ་རེད་།
བསམ་བློ་སྙིང་ཐག་པ་ནས་བཏང་ཡོད་དུས་།དེ་ནི་དོན་གྱི་དམར་སྲུང་དམག་དག་གིས་རྙིང་གཏོར་ཅན་གྱི་ལྟ་བ་དེ་བོད་དུ་དར་དྲགས་པ་དེའི་རྐྱེན་རེད་།
གྲྭ་བ་འདི་ཚོས་འདི་ལྟར་བསམ་བཞིན་ཡོད་པ་རེད་།ང་ཚོ་ནི་”རྗེས་ལུས”་ཡིན་པ་དང་”ཁོ་ཚོ་ནི་སྔོན་ཐོན་”རེད་།ང་ཚོ་་ཁོ་ཚོས་རྗེས་སུ་འབྲངས་དགོས་ན་དེང་རབས་ཅན་གྱི་རྗེས་སུ་མངོན་འགྱུར་བྱ་དགོས་ན་།དེང་རབས་ཅན་ཟེར་བ་ཨི་ནརྙིང་བ་གཏོར་ཏེ་གསར་བ་ཞིག་འཛུགས་དགོས་བ་དེ་ཡིན་ཞིང་།་རྙིང་གཏོར་ཅན་གྱི་སེམས་པའི་འཁྱེར་སྟངས་ཤིག་མེད་ན་།དེང་རབས་ཅན་གྱི་མ་ཡིན་པ་དང་།ཐ་ན་མི་ཡང་མ་ཡིན་པའི་ལྟ་བ་ཞིག་སེམས་སུ་་འཆར་བཞིན་པའི་ཡོད་པས་།སྐབས་འགར་རང་བཞིན་གྱི་དེང་རབས་ཅན་གྱི་མི་ཞིག་བྱ་དགོས་ན་།རྙིང་བ་ལ་སྡང་དགོས་བ་དང་།གཏོར་དགོས་བ་ཞིག་བསམ་བཞིན་ཡོད་པ་དེ་ཡིན་པར་སྙམ་།
བོང་རྫི་ཡིས་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་བཤད་ཀྱི་མེད་ཟེར། དེ་ལྟར་མ་གསུངས་རོགས། ཁྱོད་ཀྱིས་གོང་དུ་མཆན་འདི་ལྟར་བཏབ་འདུག
1. ངས་ཁྱོད་ལ་སྐད་ཆ་གསལ་བོ་གཉིས་བཤད།
༼༡༽… …
༼༢༽དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་།བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས་།” ཅེས་་བྲིས་ཡོད་པ་འདིའི་ནང་གི་ “བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས་།” ཟེར་བའི་ཚིག་འདིས་ཁྱོད་ཀྱིས་ཅི་ཞིག་སྟོན་རྩིས་ཡོད་དམ། བོད་མི་རྩོམ་པ་པོ་མི་གཅིག་ལ་འདི་འདྲའི་ཤུགས་རྐྱེན་ཆེན་པོ་ཡོད་ན་ནི་སྐྱིད་པ་ལ། དགའ་བ་ལ། ཡིན་ནའང་བོད་ཀྱི་སྤྱི་ཚོགས་ནི་དེ་འདྲ་ཞིག་རེད་དམ།
དེ་ནས་བོད་ཧྲིལ་བོ་ཞེས་པའི་སྐད་ཆ་ཞིག་བཤད་ཀྱི་ཡོད་མེད་བཤད་སོང་། གོང་གི་ཚིག་དུམ་འདི་ཁོ་ནའི་ནང་དུ་ཁྱོད་ཀྱིས་ “བོད་ཀྱི་བྱིས་པ་ཚོ” “བོད་ཀྱི་རིག་གཞུང་” ཞེས་བཤད་པ་འདིའི་བོད་དེ་ཅི་འདྲ་ཞིག་ལ་གོ་དགོས་སམ། ངའི་མཐོང་ཚོད་ལ། དོན་གྲུབ་རྒྱལ་ནི་གཙོ་ཆེ་བ་ཨ་མདོ་ཁུལ་གྱི་སློབ་མ་སྐོར་ཞིག་དང་རང་མོས་སྙན་ངག་འབྲི་བར་དགའ་བའི་ཨ་མདོའི་གྲྭ་བ་སྐོར་ཞིག་གིས་མ་གཏོགས་ཆེ་ཆེ་དྲག་དྲག་ཅིག་ཏུ་བཤད་ཀྱི་ཡོད་པ་མ་གོ སྐུ་ཞབས་པད་མ་འབུམ་ལགས་ཀྱིས་དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ཞིག་བྲིས་པ་དེ་ཁོང་གི་སྐུ་ཟླ་ལའོ་རིན་ལགས་ཀྱིས་དབྱིན་སྒྱུར་གྱིས་རླུང་རྟ་ཞེས་པའི་ཨ་མྱེས་རྨ་ཆེན་གྱི་དབྱིན་ཡིག་གི་དུས་དེབ་ཏུ་བཏོན་པ་ནས། བཙན་བྱོལ་ཁྲོད་དུ་བསྟན་འཛིན་བརྩོན་འགྲུས་ཟེར་བ་དེས་དོན་རྒྱལ་གྱི་སྐོར་ལ་ཚིག་ཁ་ཤས་བཤད་པ་གོ་མྱོང་། དེ་མ་གཏོགས། དོན་གྲུབ་རྒྱལ་ཤེས་མཁན་མང་པོ་མེད་ཚོད་རེད། དེས་ན་ཁྱོད་ཀྱིས་
“དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་།བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས་།”ཞེས་སྒྲོག་པ་འདི་ནི་འུད་ཤོབས་རེད་ཅེས་བཤད་པ་ཡིན།
རྒྱ་ནག་གཞུང་གིས་བོད་ཀྱི་ཁེ་ཕན་ཁོ་ན་བསམ་ནས་ལས་ཀ་སྣེ་གཅིག་བྱས་པ་ཨེ་ཡོད་དྲན། སློབ་གྲྭ་བཙུགས་པའང་དེ་བཞིན་རེད། ཁོང་ཚོའི་ཆབ་སྲིད་ཀྱི་ལག་ཆའི་ཆེད་དུ་རེད། གཙོ་བོ་བོད་ཀྱི་རིག་གཞུང་དང་ཁ་ཐག་ཇེ་རིང་དུ་གཏོང་བའི་ཆེད་དུ་རེད། སློབ་གྲྭ་ནས་ཐོན་མཁན་ཚོ་ལས་བོད་མི་མང་ཆེ་བའི་ཁོག་པར་རྒྱ་ནག་གི་གཟུང་ཞུགས་བརྫངས་མེད་ན། རྒྱ་ནག་གི་སྐྱག་ལུད་བརྫངས་ཏེ། ཅི་གང་ཕན་ཐོགས་མེད་པའི་མི་རབས་ཤིག་བཟོས་ཡོད་པ་ཚང་མས་མཐོང་གསལ་ལྟར་རེད། ཉེ་ཆར་ནས་འདི་འདྲའི་སེམས་མི་སྐྱིད་པའི་སྐད་ཆ་བཤད་མཚམས་བཞག་ནས་ཟླ་བ་མང་པོ་འགྲོ་སོང་། སྔར་ཁ་བརྡའི་ཐོག་ཏུ་ཀླུ་སྨྱོན་དང་ལྷན་དུ་དེང་རབས་རྗེས་མ་ལས་འཕྲོས་ཏེ་དེང་རབས་ཡིན་ཟེར་མཁན་ཞོགས་དུང་སོགས་ལ་ཁ་རྡུང་མང་པོ་བཏང་པ་ཡིན། དེང་རབས་པ་ངོ་མ་ཡིན་ན་ནི་སྡིགས་དགོས་དོན་མི་འདུག་མོད། རྒྱ་ནག་གིས་མར་ཁེ་སི་ཁོ་ན་མ་གཏོགས་ཁོང་གི་ཕྱོགས་འགལ་ཝེ་སྦིར་གྱི་རྩོམ་རྣམས་རྒྱ་ཡིག་ཏུ་བསྒྱུར་ཡོད་ཚོད་མི་འདུག་པས། ཁོང་ཚོའི་དེང་རབས་ནི་གཡག་ཞར་གྱི་རྩྭ་ཟོས་པ་ལྟ་བུ་རེད། ཝེ་སྦིར་གྱི་བརྩམས་ཆོས་ལ་ཆ་རྒྱུས་མེད་མཁན་ཚོ་དང་ལྷན་དུ་དེང་རབས་ཟེར་བའི་སྣང་ཚུལ་དང་ཐ་སྙད་གང་ཅིའི་ཐད་ལ་བགྲོ་གླེང་འཁྲུག་པོ་ཞིག་ཡོང་མདོག་མི་འདུག་པས། ཁ་བཙུམས་ནས་སྡོད་ཀྱི་ཡིན།
ངའི་ཁ་ལ་ཚྭ་བཏབ་པ་ལྟར་སྐད་ཆ་བཤད་འདོད་ཀྱི་ཟ་འཕྲུག་ལངས་ནས་མི་བསྲོན་ཁད་བྱེད། སྔར་ལྕགས་མོ་མཚོ་ཡིས་ནགས་ཚང་ནུས་བློའི་དཔེ་དེབ་དེའི་སྐོར་ལ་སྐད་ཆ་བཤད་སྐབས་ཞིག་ལ། དོན་གྲུབ་རྒྱལ་ལ་རྒྱ་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་བའི་རྟགས་གཅིག་ནི། བུད་མེད་ལས་ཀྱང་བུད་མེད་ཞབས་གསར་མར་སྤྱོད་པ་ནི་འདོད་པའི་མཆོག་ཅིག་ཏུ་བརྩི་བའི་ཁོང་གིས་བུད་མེད་ཀྱི་ཐོག་ལ་ལྟ་སྟངས་འདི་འདྲ་ནི་རྒྱ་ནག་གི་རིག་གཞུང་གི་ཤུགས་རྐྱེན་རེད་ཅེས་བཤད་སོང་། མི་གང་ཞིག་ལ་རིག་གཞུང་གང་ཞིག་གི་ཤུགས་རྐྱེན་ཐེབས་པ་རེད་ཅེས་རྩོད་པ་མུ་མཐུད་ནས་བྱོས་དང་ལྟད་མོ་རྒྱང་ནས་བལྟ་རྒྱུ་ཡིན། སྔར་རྒྱ་གར་དུ་སློབ་གཉེར་ལ་བྱོན་པའི་ལོ་པཎ་ཚོའི་ཁྲོད་དུ་རྒྱ་གར་གྱི་ཤེས་རིག་གི་གཟི་བརྗིད་ཀྱིས་མྱོས་ནས་ཕྱིར་བོད་དུ་ཡོང་དུས་བོད་ཡུལ་གླེན་པ་ཞེས་འཕྱ་མཁན་བྱུང་ཡོད་ལ། ཡང་རྒྱ་ནག་གི་ཤེས་རིག་གིས་བཟི་སྟེ། བོད་མི་རྗེས་ལུས་ཞེས་དམོད་མཁན་ཡང་བྱུང་ཡོད་པ་རེད། ཡིན་ནའང་ཁོང་ཚོས་བོད་འདི་ཅི་ཙམ་གླེན་པ་ཡིན་པར་བསྒྲགས་ཀྱང་། རང་གི་ཕ་སྐད་དོར་མེད་ལ། ཕ་སྐད་བཤད་རྒྱུར་ངོ་ཚ་ཡང་སྐྱེས་མྱོང་ཨེ་ཡོད་བསམ། དྲ་གྲོགས་ཚོས་མུ་མཐུད་ནས་ལྟ་བ་དང་སྐད་ཡིག རྩོམ་སྲོལ་ལ་སོགས་པ་གླེང་དང་ཉན་སྤྲོ་པོ་འདུག བགྲོ་གླེང་འཁྲུག་པོ་འདུག
སྤྱིར་བཏང་གི་གཡུ་འབྲུག་གི་རྩོད་གཞི་འགའ་ཤས་ཡོད་པ་ནང་གི་གཅིག་ནི་ང་གཅིག་པོ་ལ་འབྲེལ་བ་མི་འདུག་། འདིར་ཞུགས་པའི་བློ་མཐུན་༼རྩེད་མོ་ཡིན་ད༽མང་པོ་ཞིག་ལ་འབྲེལ་བ་འདུག་།
ཐོག་མར་གཡུ་འབྲུག་ལགས་ཀྱིས་྄ངས་ཀྱིན་བཤད་པའི་སྐད་་ཆ་༼ “དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་། བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས༽་འདི་དྲངས་ནས་།་ དེ་ནི་་”འུད་ཤོབས་རེད་ཅེས་ ”བཤད་སོང། འདིས་ག་རེ་མཚོན་གིན་ཡོད་ཟེར་ན་ །གཡུ་འབྲུག་གི་འདོད་པ་དངོས་སྟེ།་་ དོན་གྱིས་”བོད་མི་རྩོམ་པ་པོ་མི་གཅིག་ལ་འདི་འདྲའི་ཤུགས་རྐྱེན་ཆེན་པོ་ཡོད”་ཡོད་མི་སྲིད་ཟེར་བ་དེ་མཚོན་ཀྱིན་ཡོད་པ་དང་། གལ་སྲིད་དེ་འདྲ་ཡོད་ན་ཁོ་དགའ་ཞིང་སྐྱིད་ཟེར་བ་དེ་རེད་ །འདི་ལས་འཕྲོས་ཏེ་། གཡུ་འབྲུག་གིས་། ་ངས་ཀྱིས་བཤད་པའི་“བོད་ཀྱི་བྱིས་པ་ཚོ” དང་“བོད་ཀྱི་རིག་གཞུང་”ཟེར་བ་དག་་”་ཧྲིལ་བོ་”་ཟེར་བའི་ཚིག་གཅིག་གི་ནང་བསྡུས་ཏེ་།་ དོན་གྱིས་”དོན་གྲུབ་རྒྱལ་ཤེས་མཁན་མང་པོ་མེད་ཚོད་རེད།” ཅེས་ང་ལ་ལན་བཏབ་ཡོད་པ་རེད།
འདི་ལ་ངས་རྩོད་པ་མི་རྒྱག་ །རྒྱུ་མཚན་ཅི་ཡིན་ཟེར་ན་། འདི་ཟེར་མཁན་ང་གཅིག་པོ་མ་རེད་།
རབ་འབྱོར་གྱིས་ ”དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ནས་བཟུང་དོན་གྲུབ་རྒྱལ་ལགས་ཀྱི་སྙན་གྲགས་རྒྱས་མགོ་ཚུགས་ཡོད་ལ། དེ་དང་མཉམ་དུ་ཁོང་གི་ང་རྒྱལ་ཡང་རྒྱས་མགོ་ཚུགས་ཡོད་ཅིང་། ལོ་རབས་བརྒྱད་ཅུའི་འགོར་ཁོང་གི་སྙན་གྲགས་འབར་བའི་སྐབས་སུ་ཁོང་གི་ང་རྒྱལ་ཡང་དེ་མཚུངས་སུ་འབར་བཞིན་ཡོད་པ་འདྲ།”
ཁོང་གི་སྙན་གྲགས་འབར་བ་རེད་དམ་། གང་ནས་འབར་བ་རེད་། སུས་ཁྲོད་དུ་འབར་བ་རེད་།
མདའ་ཚན་པས་ ”བོད་ཀྱི་སློབ་གྲྭ་ཆེ་ཁག་ནང་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་སླེབས་ཡོད་པ་རེད་ལ།”
དངོས་གནས་དོན་གྲུབ་རྒྱལ་གྱིས་ཤུགས་རྐྱེན་སླེབས་ཡོད་པ་རེད་དམ་། གཡུ་འབྲུག་གིས་བཤད་པའི་གྲྭ་བ་ཚོ་ལས་གཞན་།ད་དུང་སློབ་གྲྭ་ཆེ་ཁག་ནང་ཤུགས་རྐྱེན་སླེབས་ན་། ཤུགས་རྐྱེན་ཆེན་པོ་མ་རེད་དམ་།
དེ་བཞིན་ཡང་འདའ་ཚན་པས་ ”དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་བྲིས་པས་བོད་མི་ནད་པ་མང་པོ་ཞིག་ཉལ་ས་ནང་ནས་བསླངས་པ་རེད། དེའི་སྐབས། ད་རུང་བོད་མི་རིགས་ཟེར་ནས་གླེང་རྒྱུའི་སྤོབས་པ་ཡོད་མཁན་མང་པོ་ཞིག་ཡོད་པ་མ་རེད་འདོད”་དང “་དེའི་རྗེས་བརྒྱད་ཅུ་གྱ་གྲངས་ནང་། ལང་ཚོའི་རྦབ་ཆུ་སོགས་རང་མོས་སྙན་རྩོམ་རེ་ཟུང་གསར་རྩོམ་གནང་བ་རེད། དེའི་ནང་དོན་གཞོན་སྐྱེས་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་བཅུ་སྦྱོང་དགོས་པའི་དྲན་སྐུལ་དང་བཙན་པོའི་སྐབས་ཀྱི་བོད་ཀྱི་གནས་སྟངས་རྗེས་རབས་པ་རྣམས་ལ་ཡང་ཡང་དྲན་གསོ་གནང་བ་དང་། མི་རིགས་དང་ལ་རྒྱ་ཟེར་བའི་ཚིག་འབྲུ་གང་སར་མཐོང་རྒྱུ་འདུག” ཅེས་སོགས་གླེང་འདུག་།
བཙན་བྱོལ་ནང་གིས་རྩོམ་པ་པོ་ཚད་གཞི་འཇོག་པ་ཞིག་གིས་དེ་འདྲ་བཤད་པ་ཡིན་ན་། དེ་དག་བདེན་པ་མ་རེད་དམ་། དོན་གྲུབ་རྒྱལ་སླེབས་ནས་། བོད་མི་རིགས་ཟེར་མི་མང་པོ་ཤུགས་རྐྱེན་སྤྲད་པ་མ་ཡིན་ནམ་།
དེ་བཞིན་ལོ་ཙ་བ་སྙན་བཟང་གཡུང་དྲུང་ཚེ་རིང་གིས་ ”དོན་གྲུབ་རྒྱལ་གྱིས་རྨོངས་དད། རྙིང་ཞེན། བག་ཆགས་ལ་སོགས་ཀྱི་ཚིག་མང་པོ་དྲངས་ཏེ། བོད་མི་རིགས་ཀྱི་གཞོན་ནུ་རྣམས་དེ་དག་གི་རྗེས་སུ་མ་སོང་བར་དུས་རབས་གསར་པ་དང་མཐུན་པའི་རིག་གནས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་གསར་པ་ཞིག་བཏོད་པ་ལ་འབོད་སྐུལ་གྱི་དུང་བརྡ་བསྒྲགས་པ་རེད་”
བོད་མི་རིགས་ཀྱི་གཞོན་ནུ་རྣམས་ལ་ཤུགས་རྐྱེན་བཟོས་ཞེས་བསྒྲགས་ཀིན་ཡོད་པ་རེད་། དེ་འདྲ་རེད་དམ་།
མཐའ་མཇུག་། རྔ་བ་རྒྱལ་ཁམས་པས་ ”མཚོ་སྔོན་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཁོང་གི་སྙན་རྩོམ་༼ལང་ཚོའི་རྦབ་ཆུ༽དང་། ༼ཨེ་མ་མཚོ་སྔོན་པོ༽། སོགས་རྒྱང་སྲིང་བྱས་པ་ཕལ་ཆེར་ཉི་མ་རེ་རེར་གོ་རྒྱུ་ཡོད།”པ་དེ་དག་ཤུགས་རྐྱེན་ཆེན་པོ་བཟོས་མེད་པ་ཡིན་ནམ་། གལ་སྲིད་དེ་འདྲ་ཡིན་ཚེ་། དངོས་གནས་དྲང་གནས་ཀྱི་དགའ་བ་ཞིག་བྱུང་སོང་། དེ་ལྟ་བུ་སྡོམ་ཚིག་རྒྱག་ཕོད་པ་ནི་ཇི་འདྲའི་བཀའ་དྲིན་ཆེའང་།འདི་རྩེད་མོ་ཡིན་ད།
བོང་རྫི་ཁྱོད་ཀྱིས་ངའི་སྐད་ཆར་གཡོལ་ཐབས་མ་བྱེད། Michel Foucault ཡི་མིང་གླེང་མཁན་ནི་ཁྱོད་ཡིན་པ་ལྟར། ཁྱོད་ནི་ Foucault ཡིས་གཞུང་དང་རྩོམ་པ་པོ། ཆོས་པ། སྤྱི་ཚོགས་བཅས་ཀྱིས་གང་ཟག་སྒེར་གྱི་བསམ་བློར་བསྒྱུར་བཀོད་བྱེད་སྟངས་ཀྱི་རྩོད་པ་དེར་ཆ་རྒྱུས་མེད་པ་ག་ལ་ཡིན། Foucault ཡི་ gaze དང་། agent, subjectification སོགས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་དོན་གྲུབ་རྒྱལ་སོགས་ཀྱི་བློ་ཁ་རྒྱ་ནག་གཞུང་ལ་འཁོར་ཏེ། མགོ་འབུལ་ལུས་འབུལ་བྱས་ཡོད་པ་རེད་དམ། ཁྱོད་ཀྱིས་འདིར་ Michel Foucault ཡིས་ཐོག་དྲངས་པའི་ Social constructionists ཡི་ལྟ་ཚུལ་འདྲ་མོ་ཞིག་བཤད་ཀྱི་འདུག བཤད་སྟངས་དེའི་ཁོངས་སུ་དོན་གྲུབ་རྒྱལ་འཇུག་བདེ་མོ་ཞིག་འདུག་གམ།
ངས་འབུམ་རམས་སློབ་མ་ཞིག་མགོན་ཕྱག་དང་གཡུང་ཚེ་སོགས་དང་བཞུགས་གྲལ་གཅིག་ཏུ་བཞག་ནས་བསྡུར་ཐུབ་ཀྱི་མི་འདུག ཁོང་ཚོ་ནི་ཁྱོད་ཀྱིས་བཤད་པ་ལྟར་དབང་སྒྱུར་གྲལ་རིམ་གྱི་སློབ་གསོ་མ་གཏོགས་ཐོབ་མ་མྱོང་བ་དང་ཡང་ན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལག་ཆ་སྟེ། སྦྲང་ཆར་ལ་སོགས་པ་བཀླགས་ནས་དེང་རབས་རྩོམ་རིག་ཟེར་བ་དེའི་ཁོངས་ནས་འཚར་ལོངས་བྱུང་བ་ཞིག་རེད། ཁྱོད་ནི་དེ་འདྲ་མིན་ཟེར་གྱི་ཡོད་པས། ཁྱོད་ཀྱིས་“༼༢༽དོན་རྒྱལ་གྱིས་སྲིད་གཞུང་གི་དཔེ་སྐྲུན་ཁང་།ལས་ཁུངས་།ཚགས་པར་།རྒྱང་བསྒྲགས་སོགས་བེད་སྤྱད་ནས་།བོད་ཀྱི་བྱིས་བོ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་།བོད་ཀྱི་རིག་གཞུང་ཡར་ཏུ་སྤེལ་བ་ལ་ནག་ཉེས་ཆེན་པོ་བཟོས་།”ཞེས་བཤད་པ་འདི་ལས། དོན་གྲུབ་རྒྱལ་གྱིས་དེང་རབས་ཀྱི་ལྟ་བ་གསར་བ་བཤད་ཁུལ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཡར་སྤེལ་ལ་ནག་ཉེས་ཆེན་པོ་བཟོས་ཡོད་པ་ཁྱོད་བདེན་དུ་འཆུག ཡིན་ནའང་དོན་གྲུབ་རྒྱལ་ལྟ་བུའི་རྩོམ་པ་པོ་མི་གཅིག་གིས་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་ཇི་ལྟར་འཕྲོག་པ་རེད། ཁྱོད་ལ་དེར་ཁུངས་སྐྱེལ་རྒྱུ་མཚན་དང་ལྡན་པ་ཞིག་སྟོན་རྒྱུ་མེད་ན། ཁྱོད་དང་དམར་སྲུང་དམག་གཉིས་ཀྱི་བར་ན་ཁྱད་པར་ཅི་ཞིག་ཡོད་དམ།
གཡུ་འབྲུག་ལགས་ཀྱི་སྐད་ཆ་རྣོ་གི དོན་གྲུབ་རྒྱལ་ལ་ཕྱོགས་གཉིས་ནས་བལྟས་ན་ཆོག་ག ཞིབ་མོ་བཤད་ན་དོན་གྲུབ་རྒྱལ་མཐོ་རིས་པོ་དེ་མིན་རྒྱུ་ན་ང་ནི་རྩོམ་རིག་གི་ལམ་ཁ་དེར་ཞུགས་མེད་ཁོ་ཐག་ཡིན། ང་རང་བྱིས་པ་ཡིན་དུས་ལུག་རྫི་ནོར་རྫི་བྱེད་ཞོར་དོན་གྲུབ་རྒྱལ་གྱི་”འབོལ་རྩོམ་ཞོགས་པའི་སྐྱ་རེངས་”ཐེངས་བརྒྱ་ཕྲག་ཅིག་བཀླགས་པ་དེས་མི་ཚེ་རྩོམ་རིག་ལ་འཇུས་ནས་སྐྱེལ་དགོས་པའི་ཕྱོགས་ཤིག་ཏུ་ཁྲིད་སོང་བ་རེད། མཐོ་རིས་པོ་དེ་སྙིང་རྗེ། ང་ལ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཆབ་ཆའི་དགེ་ཐོན་སློབ་གྲྭ་རུ་ཡོད་དུས་ཁོང་བརྒྱུད་ནས་ཐོབ་པའི་དོན་གྲུབ་རྒྱལ་ལོ་བཅུ་དྲུག་བཅུ་བདུན་ཙམ་ཡིན་དུས་ཀྱི་འདྲ་པར་ཞིག་ཡོད། དགོན་པའི་ནང་དུ་ཁོང་ལ་སྡང་སྡིག་བྱེད་མཁན་རེ་ཟུང་ཡོད་པ་ལ་འཇིགས་ནས་པར་དེ་གདན་འོག་ཏུ་སྦས་པ་ཡིན་ལ། ཡུན་རིང་ཞིག་འགོར་རྗེས་ཁོང་གྲོངས་ཟིན་པའི་སྐད་ཆ་ཐོས་ཤིང་། དེ་ནས་གདན་འོག་ཏུ་འདྲ་པར་དེ་བཙལ་དུས་གཏན་ནས་རྙེད་རྒྱུ་མ་བྱུང་།
ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས་ཟེར་བའི་ཚིག་འདི་ཚོ་ནི་ཆེས་སྔོན་མ་ཞིག་ནས་བྱུང་བའི་ཚིག་རྐྱང་ཡིན་པ་རེད། ཚིག་འདི་རེ་རེ་བཞིན་དུ་ཁྱད་པར་ཡོད་མོད་ཀྱང་སྤྱིའི་ཆ་ནས་བཤད་ན། ཚིག་འདི་ཚོ་ཆོས་གཞུང་ཁག་དང་ཆོས་པ་ཚོའི་ཁ་ནས་བྱུང་བའི་ཚིག་ཅིག་རེད་ལ། དེ་བཀོལ་སྤྱོད་བྱེད་སའང་། ཆོས་དང་ཤེས་རིག་མ་དར་སའི་ཡུལ་མཐའ་འཐོབ་དང་། ཆོས་ཀྱི་དོན་མི་རྟོགས་པའི་མི་སྣ་སོགས་ཀྱི་ཐོག་བེད་སྤྱོད་གཏོང་བ་ཞིག་རེད། དེ་བཞིན་དཔལ་ཡོན་དར་ཁྱབ་ཆེ་བའི་ས་ཆའི་མིས་དཔལ་ཡོན་དར་ཁྱབ་ཆེན་པོ་སོང་མེད་པའི་ས་ཆ་དང་མི་སོགས་ཀྱི་ཐོག་བེད་སྤྱོད་གཏོང་བ་ཞིག་རེད། ཡིན་ནའང་། ཚིག་འདི་ཚོ་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཕྱིན་ཡག་ག་ཞིག་མིན་པས་བེད་སྤྱོད་གཏོང་མཁན་ཉུང་ཉུང་ཡིན་པ་འདྲ།
གུང་གཞུང་གིས་བོད་ ་་བཅིངས་འགྲོལ་གཏོང་་་ བའི་ཁ་གཡར་སའི་ཆེད་དུ། བོད་ཀྱི་སྤྱི་ཚོགས་རྙིང་བའི་ཐོག་བེད་སྤྱོད་བཏང་བ་རེད། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་དང་དྲིལ་བསྒྲགས་ཀྱི་ཆེད་དུ། བེད་སྤྱོད་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བ་རེད། འགའ་རེས་ཚིག་འདི་ཚོ་གུང་ཁྲན་གྱི་བྱེད་སྤྱོད་ཐོག་བེད་སྤྱོད་བཏང་བ་རེད།
ག་རེ་ཡིན་ན་མིན་ན། སྤྱི་ཚོགས་དང་དུས་རབས་ག་འདྲ་ཞིག་ཡིན་ན། ས་ཆ་དང་ཆོས་ལུགས་གང་འདྲ་ཞིག་གི་ཡིན་ན་དེའི་ནང་ཀླ་ཀློ་སོགས་ཀྱི་སྤྱོད་པ་ཅན་བྱུང་དང་འབྱུང་གི་ཡོད་པ་རེད། མ་འོངས་པ་ནའང་འབྱུང་གི་རེད།
དོན་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ནང་ཚིག་འདི་དག་ཡོང་ཡོད་པ་རེད། དེའི་ནང་བོད་མི་རིགས་འདི་འདྲ་ཞིག་རེད་ཅེས་བཤད་ཡོད་པ་མ་རེད།
་་རྙིང་ཞེན། བག་འཁུམ། རྨོངས་དད། ལེ་ལོ་་་་་་་་་་་ ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད། རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་་་་་་་་་་་ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད་་ ཅེས་བཤད་ཡོད་པ་རེད།
ཁྱེད་ཚོའི་བལྟས་ན། གོང་གསལ་གྱི་ཚིག་འདི་ཚོ་ང་ཚོར་དགོས་པ་ཞིག་རེད་དམ་མི་དགོས་པ་ཞིག་རེད། དགོས་ན་གང་དགོས་ཀྱི་འདུག རྒྱུ་མཚན་ཅི་ཡིན་གཅིག་ཤོད་དང་།
ཨ་རོགས་གཡུ་འབྲུག།
གཅིག་།ཁྱེད་དེ་འདྲ་བྱས་ནས་མི་གཞན་ལ་སྐྲག་མ་སློང་།ཧྥ་རན་སའི་མཁས་བ་མ་ཁོལ་ཧྥུ་ཁོ་ Michel Foucault ཡི་མིང་བཏོན་།དེ་ནས་ཅི་མི་སྙམ་པར་།་་ཁོའི་”་ལྟ་གྲུབ་ཀྱི་ཐོག་ནས་དོན་གྲུབ་རྒྱལ”སོགས་ལ་ཞེས་གཏམ་རྒྱུད་ཅིག་བཟོས་།ཁྱོད་ཀྱིས་ག་རེ་བྱས་བསམ་ཀིན་ཡོད་།དམར་སྲུང་དམག་གི་ལམ་དུ་འགྲོ་བསམ་པ་མིན་ནམ༼རྩེད་མོ་ཡིན་ད༽།
ངས་འདི་ལྟར་”སྙན་བཟང་གཡུང་དྲུང་ཚེ་རིང་།ང་ཧྥ་རན་སི་ལ་འགྲོ་མྱོང་།དེའི་ལོ་རྒྱུས་ལའང་བལྟས་མྱོང་།་་་་་་་་་དེ་བས་ཁོམ་སྐབས་རེ་ཡོང་ན་།བོད་ཀྱི་མཁས་བ་ཡིན་ཟེར་བ་དེ་དག་ལས་།ཧྥ་རན་སའི་དངོས་གནས་མཁས་བ་།Jean-François Lyotard, Michel foucault་སོགས་ཀྱི་དཔེ་དེབ་ལ་ལྟོས་དང་།བློ་བསྐྱེད་རེ་འབུད་ངེས་།”་ཞེས་བཤད་ཡོད་པ་ལས།་ཁྱོད་ཀྱི་དྲངས་བའི་ཧྥུ་ཁ་ཡི་”ལྟ་གྲུབ་ཀྱི་ཐོག་ནས་དོན་གྲུབ་རྒྱལ་སོགས་ཀྱི་བློ་ཁ་རྒྱ་ནག་གཞུང་ལ་འཁོར་ཏེ། མགོ་འབུལ་ལུས་འབུལ་བྱས་བ་བཅོས་མེད་”
སྐད་ཆ་འདི་ཁྱོད་ཀྱིས་ངས་ཐོག་ལ་སྒྲོ་བཏགས་བ་ཞིག་རེད་།མ་རེད་དམ་།་གོང་གི་མཆན་དེ་དག་ལ་བསྐྱར་ཏུ་གཟིགས་དང་།གསལ་བོ་རེད་།
ཁྱེད་ཀྱིས་དེང་རབས་ཅན་རྗེས་མ་ལ་ཧྥུ་ཁ་མ་གཏོགས་མེད་པ་རེད་བསམ་པ་མིན་ནམ་།་འབུམ་རམས་པ་ཤིག་གིས་དེ་ལྟར་མི་འདོད་པའི་རེ་བ་ཡོད་ད་།
གཉིས་།་ཁྱོད་ཀྱིས་”དོན་གྲུབ་རྒྱལ་གྱིས་དེང་རབས་ཀྱི་ལྟ་བ་གསར་བ་བཤད་ཁུལ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཡར་སྤེལ་ལ་ནག་ཉེས་ཆེན་པོ་བཟོས་ཡོད་པ་ཁྱོད་བདེན་དུ་འཆུག ཡིན་ནའང་དོན་གྲུབ་རྒྱལ་ལྟ་བུའི་རྩོམ་པ་པོ་མི་གཅིག་གིས་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་ཇི་ལྟར་འཕྲོག་པ་རེད། ཁྱོད་ལ་དེར་ཁུངས་སྐྱེལ་རྒྱུ་མཚན་དང་ལྡན་པ་ཞིག་སྟོན་རྒྱུ་མེད་ན། ཁྱོད་དང་དམར་སྲུང་དམག་གཉིས་ཀྱི་བར་ན་ཁྱད་པར་ཅི་ཞིག་ཡོད་དམ།”
དེ་ན་”དོན་གྲུབ་རྒྱལ་གྱིས་དེང་རབས་ཀྱི་ལྟ་བ་གསར་བ་བཤད་ཁུལ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཡར་སྤེལ་ལ་ནག་ཉེས་ཆེན་པོ་བཟོས་ཡོད་པ་༼ང་༽བདེན་དུ་འཆུག་”ན་།་ དོན་གྲུབ་རྒྱལ་གྱིས་”བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་་་་འཕྲོག་པ་རེད།”ནང་དུ་མ་འདུས་བ་ཅི་རེད་།
གཉིས་།་སྤྱིར་བཏང་ངས་དེང་རབས་རྗེས་མའི་ཕྱོགས་ལ་སྐད་ཆ་ཤིག་བཤད་ཡོད་པ་ནི་འདི་ཡིན་།”སྤྱིར་བཏང་་དེང་རབས་ཅན་ཟེར་བ་འདི་གླེང་དུས་འདི་མི་རྣམས་ཀྱི་སྣང་ངོར་ཅི་མི་སྙམ་པར་སྔོན་སྲོལ་གཏོར་ནས་གསར་བ་ཤིག་བཤད་དགོས་བ་དང་།་བྱས་དགོས་བར་འཆར་བཞིན་ཡོད་མོད། ལྟ་བ་འདི་ལ་་དེང་དུས་ནུབ་ཕྱོགས་ཀྱི་མཁས་བ་མང་པོས་་དགག་བཞག་བྱས་ཏེ་ད་ལྟ་དེང་རབས་ཅན་རྗེས་མ་ཞེས་བའི་གྲུབ་མཐའ་་དར་བཞིན་ཡོད་པ་དང་། ་་་་་་་་་་་མཁས་བ་ཁ་ཅིག་གིས་དུས་གསར་རྙིང་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་འདི་ནུབ་ཀྱི་ལོ་རྒྱུས་དང་སྤྱར་ན་ཆོག་པ་ལས་ས་ཕྱོགས་གང་དུ་སྤྱོར་མི་ཆོག་པའི་ལྟ་བ་ཡང་འཛིན་བཞིན་ཡོད་མོད”
ཁྱོད་ལ་ཡིན་གཅིག་ཡིན་གཉིས་ནུབ་ཀྱི་མཁས་བ་ཞིག་གི་མིང་དགོས་ན་།་ངས་ལུང་འཛིན་སའི་མཁས་བ་གཅིག་ནི་Jean-François Lyotard (1924– 1998)་ལ་ཐོ་རེད་། ཁོས་དེང་རབས་ཟེར་བ་དང་།རྫོགས་ལྡན་ཀྱི་་དུས་སྐབས་Enlightenment, རྣམས་ནི་དོན་གྱི་གཏམ་རྒྱུད་ཆེན་པོ་འགའ་་རེད་ཟེར་བ་ལྟ་བུ་རེད་།དེ་ལའང་རྩོད་པ་མེད་པ་མ་རེད་།ཡིན་ནའང་འདིར་འབྲེལ་བ་ཅི་ཡང་མི་འདུག་།མང་པོ་མི་བཤད་རྒྱུ་བྱོས་།
མ་རེད་དམ་།
བོང་རྫི།
ཁྱོད་ཀྱིས་གོང་ཞིག་ཏུ། རིག་གསར་སྐབས་དོན་གྲུབ་རྒྱལ་ཨ་ཁུ་བཤད་སྒྲུབ་ལ་བལྟས་ནས་བགད་པ་རེད་ཟེར་བ་ཞིག་བྲིས་སོང་ང་། རིག་གསར་སྐབས་དོན་རྒྱལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཕྲུག་སྣབས་འཛར་ཞིག་རེད། རིག་གསར་མ་ཚར་བའི་ཡར་སྔོན་ཙམ་ལ་མཚོ་སྔོན་བོད་ཡིག་རླུང་འཕྲིན་ཁང་དུ་བྱ་བ་བགོས་ནས་དེར་ཕྱིན་འདུག དེའི་སྐབས་ཨ་ཁུ་བཤད་སྒྲུབ་བཙོན་ཁང་ན་ཡོད་པ་རེད་དམ་གང་ན་ཡོད་པ་རེད། ཁོང་ཨ་ཁུ་བཤད་སྒྲུབ་ལ་བལྟས་ནས་བགད་པ་དེ། དུས་ནམ་རེད། ས་ཆ་གང་དུ་རེད། དང་པོར་དེ་ཁུངས་སྐྱེལ་ཞིག་བྱོས་དང་།
ཁྱེད་རང་འདིས་ཁུངས་ཅུང་ཟད་རེ་ལ་བརྟེན་ནས་སྐད་ཆ་ལུང་བ་གང་རེ་བཤད་གི དྲི་བར་ལན་མ་ཐེབས་དུས་གཡོལ་ནས་འགྲོ་གི མཚམས་རེར་རྫུན་ཡང་བཤད་གི ཁྱེད་རང་གིས་བསམ་བཙུགས་ནས་དམིགས་ཡུལ་ཞིག་བཅངས་ནས་འདི་ལྟར་བྱེད་གི་ཡོད་དམ་ངན་གོམས་སུ་ཤོར་བ་རེད།
ཕྱག་གཉིས་བ་ལགས་།
འ་ལ་ལ།
ད་ཐེངས་ད་ཁྱོད་ཀྱིས་ཡ་མཚར་བ་ཞིག་རྙེད་འདུག་།་ངས་ཀྱིས་”གོང་ཞིག་ཏུ། རིག་གསར་སྐབས་དོན་གྲུབ་རྒྱལ་ཨ་ཁུ་བཤད་སྒྲུབ་ལ་བལྟས་ནས་བགད་པ་རེད་ཟེར་བ་ཞིག་བྲིས་སོང་ང་།”།མ་ཡིག་འདི་ན་འདུག་”ཁྱོད་དགོད་རྒྱུ་ཡོང་གིན་འདུག་།རིག་གསར་གྱི་སྐབས་སུ་མི་མང་པོ་བགད་པ་རེད་།དོན་རྒྱལ་ཡང་ཨ་ཁུ་བཤད་སྒྲུབ་སོགས་ལ་བལྟས་ནས་བགད་པ་རེད་།དེ་དག་ལ་ཡ་མཚར་རྒྱུ་འདུག་གམ་།”
ཚིག་དེ་དག་གི་གོ་བ་ངེས་པར་ཏུ་”རིག་གསར་སྐབས་དོན་གྲུབ་རྒྱལ་ཨ་ཁུ་བཤད་སྒྲུབ་ལ་བལྟས་ནས་བགད་པ་རེད”ཅེས་ལེན་དགོས་སམ་།
ཨ་ཁུ་བཤད་སྒྲུབ་མཚོ་ལྷོ་མི་རིགས་སློབ་གྲ་ལས་ཀ་བྱས་དུས་།དེ་དུས་དོན་གྲུབ་རྒྱལ་མཚོ་ལྷོ་རུ་ཡོད་དུས་དང་།རྗེས་སུ་མཚོ་ལྷོ་ནས་འདུག་མ་ཐུབ་པར་ཟི་ལིང་ཏུ་སྤོར་རྩིས་བྱ་དུས་།དོན་རྒྱལ་གྱིས་ཨ་ཁུ་བཤད་སྒྲུབ་ལ་ཐུབ་ཚོད་དང་།བརྙས་བཅོས་བྱས་བ་སྐད་གྲགས་འདྲ་བ་ཞིག་འདུག་།
བོང་རྫི།
Michel Foucault ཡི་ཕྱོགས་སུ་ཁྱོད་འགྲོ་འདོད་བྱེད་ཀྱི་མི་འདུག་པས་དེ་གཡུག་ཞོག ངས་ཁྱོད་དེ་ཕྱོགས་སུ་རྟ་རྒྱུགས་བང་འགྲན་བྱེད་རྒྱུ་ཡོད་མཁན་ཞིག་རེད་བསམ་བྱུང་ཡང་དེ་ལ་གནད་འགག་ཅང་མི་འདུག ང་ནི་འབུམ་རམས་པ་དེ་འདྲ་ཅང་མིན་ལ། ཕཱ་རན་སིའི་མཁས་པ་མ་ཞལ་མི་ཞལ་དེ་འདྲའང་ངེད་གཉིས་ལ་གནད་འགག་ཆེན་པོ་མ་རེད།
ད་ནི་ཁྱོད་ཀྱིས་དོན་གྲུབ་རྒྱལ་གྱིས་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་པ་རེད་ཅེས་བཤད་པ་དེར། ཀ་ཀོར་ནར་འགྱངས་དང་གཡས་དཀྱོགས་གཡོན་དཀྱོགས་མེད་པར་དེའི་ཁུངས་སྐྱེལ་རྒྱུ་མེད་ན། ཁྱོད་དང་དམར་སྲུང་དམག་གཉིས་ཀྱི་བཤད་སྟངས་ལས་སྟངས་གཅིག་མཚུངས་མ་རེད་དམ། རྒྱུ་མཚན་ལྡན་པའི་ཁུངས་སྐྱེལ་འཁྱེར་ཤོག ཡིད་ཆེས་ཡོད་པའི་གནས་ལུགས་བགྲངས་ཤོག
གཡུ་འབྲུག་ལགས་།
ཁྱོད་དེའི་ཕྱོགས་སུ་འགྲོ་བསམ་གིན་འདུག་་།་ཐོག་མར་ཉིད་ནས་ཁྱེད་རང་འགྲོ་འདོད་ནས་ངས་ཐོག་ལ་།དེ་ལྟར་སྒྲོ་བཏགས་པ་མ་ཡིན་ནམ་།སོང་དང་ལྟད་མོ་གཅིག་བལྟ་།་ཐོག་མར་དེ་གསལ་བོ་ཞིག་ཕྱེས་དང་།དེ་ནས་ང་འབུམ་རམས་པ་ཤིག་ཡིན་མིན་རྩོད་།མ་རེད་དམ་།
ངས་ཁྱོད་ལ་ལན་གསལ་བོ་བཏབ་ཡོད་།ང་གཅིག་པོ་མ་རེད་།ཕྱག་གཉིས་བ་དང་།སྙན་བཟང་།ཟླ་བ་ལྷ་མོ་།པད་མ་འབུམ་ཐམས་ཅད་ཀྱིས་དོན་གྲུབ་རྒྱལ་གྱིས་གཞོན་སྐྱེས་རྣམས་ལ་ཤུགས་རྐྱེན་ཆེན་པོ་བཟོས་བ་རེད་ཟེར་།དེ་ན་ངས་དོན་གྲུབ་རྒྱལ་གྱི་ལྟ་བ་རྣལ་མ་ནི་།རིག་གསར་སྐབས་ཀྱི་རྙིང་གཏོར་གྱི་ལྟ་བ་རེད་འདོད་བཞིན་ཡོད་།དེ་དུག་གཅིག་ཀྱང་རེད་བསམ་བཞིན་ཡོད་།དེ་བས་ཁོས་ལྟ་བ་དེས་བོད་ཀྱི་བྱིས་བ་དེ་དག་གི་་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་པ་རེད་ཅེས་ལབ་ཀིན་ཡོད་།
དེ་ལྟར་མ་རེད་དམ་།མ་ཡིན་པའི་ཁུངས་ཤིག་སྐྱེལ་དང་།དེ་ནས་གླེང་།
བོང་རྫི།
ད་ཁྱོད་ཀྱིས་སྐད་ཆའི་ཁ་ལོ་སྐོར་མགོ་བརྩམས་ཏེ། དེ་ལྟར་བཤད་མཁན་ང་གཅིག་པུ་མིན་པར་གཞན་པ་དེ་ཚོས་ཀྱང་བཤད་སོང་ཞེས་སྐྱར་ཟློས་ཙམ་ལས་མི་འདུག་པས། བཤད་མཚམས་འདི་ནས་འཇོག་རྒྱུ་ཡིན། བོད་རིགས་ནང་ཁུལ་དུ་འུད་ཤོབས་བཤད་ནས་ཁྱོད་ཀྱིས་ཁུངས་ཅི་ཙམ་འཁྱོལ་མིན་ལ་ལྟད་མོ་བལྟ་རྒྱུ་ཞིག་རེད། བདེ་མོ་བྱོས།
གཡུ་འབྲུག་ལགས་།
ཁྱེད་ཀྱི་ཚིག་གནད་རེ་རེ་ལ་ལན་བཏབ་ཡོད་།ཁྱེད་ཀྱིས་ངའི་སྟེང་དུ་སྒྲོ་བཏགས་པ་རྣམས་ལ་ལན་བཏབ་ཡོད་།
༼༡༽ཐོག་མར་ཁྱེད་ཀྱིས་ཤུགས་རྐྱེན་མི་འདུག་ཟེར།ངས་ཁྱེད་ལ་ང་གཅིག་པུ་མི་ཚད་།གཞན་གྱིས་ཀྱང་ཤུགས་རྐྱེན་ཆེན་པོ་རེད་ཅེས་བརྗོད་འདུག་ཅེས་བཤད་པ་མ་ཟད་།ལུང་འདྲེན་ཡང་མང་པོ་བྱས་པ་ཡིན་།དེ་ལ་ཁྱོད་ལ་ལན་ཅི་ཡང་མི་འདུག་།
༼༢༽་དེ་ནས་ཁྱོད་ཀྱིས་ངས་དོན་རྒྱལ་ཧྥུ་ཁོ་ཡི་གཞུང་ལུགས་ནང་གླེང་གིན་འདུག་ཅེས་ལབ་སོང་།ངས་དེ་ལྟར་ལབ་མེད་ཅེས་ཁུངས་དང་བཅས་དྲངས་བ་ཡིན་།ཡང་ཁྱོད་ཀྱིས་ང་ལ་དེའི་ཕྱོགས་འགྲོ་འདོད་མི་འདུག་ཅེས་འབྲེལ་བ་ཞིག་བཤད་བྱུང་།
༼༣༽དེ་ནས་ཁྱོད་ཀྱིས་ཁྱོད་ཀྱིས་ཡང་བསྐྱར་”དོན་གྲུབ་རྒྱལ་གྱིས་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སློབ་པའི་སྐལ་བ་འཕྲོག་པ་རེད”་ཅེས་བཤད་པ་རེད་ཅེས་བའི་ཁུངས་སྐྱེལ་ཟེར་།ངས་ནས་ཁོང་ལ་ཤུགས་རྐྱེན་ཆེ་བས་དབང་གིས་བོད་ཀྱི་བྱིས་བ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སློབ་པའི་སྐལ་བ་འཕྲོག་པ་རེད་ཅེས་ལན་བཏབ་པ་ཡིན་།
༼༤༽དེ་ནས་ཁྱོད་ཀྱིས་ངས་འུད་ཤོབས་བཤད་ཀིན་འདུག་།རྗེས་སུ་ལྟད་མོ་བལྟ་རྒྱུ་ཡིན་ཞེས་རྔ་མ་བསྐྱིས་འདུག་།
ངས་ཁྱོད་ལ་ག་རེ་བཤད་དགོས་བ་རེད་དམ་།དགོངས་དག་།ངས་དངོས་གནས་ཁྱེད་ལ་ལན་འདེབས་ཤེས་ཀིན་མི་འདུག་།
དྲ་གྲོགས་ཚོས་བགྲོ་གླེང་གནང་བར་དགའ་བསུ་ཞུ།
འོན་ཀྱང་། བགྲོ་གླེང་དེ་བགྲོ་གླེང་གི་ངོ་བོ་ནས་མ་བསྡད་པར། དྲ་གྲོགས་ནང་ཁུལ་དང་མི་སྒེར་བའི་རྩོད་གཞིར་གྱུར་ན།
ཁ་བརྡས་དེ་ལ་དགའ་བསུ་མི་ཞུ་བར་མ་ཟད་མཆན་དེའི་རིགས་འགོག་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ད་ཐེངས་དངོས་གནས་སྐད་ཆ་དོན་མཐུན་།དྲང་མཐུན་ཤིག་གསུང་བྱུང་།དེ་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ་གིན་ཡོད་།
ངས་རྩོད་གཞི་འདི་སྒེར་གྱི་རྩོད་དོན་ཞིག་ལ་ནམ་ཡང་བཟུང་མེད་།གཞན་གྱིས་དེ་ལྟར་མི་འཛིན་རྒྱུའི་རེ་བ་ཡོད་།འགྲོ་གླེང་འདི་བརྒྱུད་ནས་སྐད་ཆ་གསར་བ་ཤིག་དང་།བློ་བསྐྱེད་གསར་བ་རེ་འབུལ་རྒྱུ་བྱུང་ན་དགའ་བའི་རྒྱུ་རེད་།དེ་མ་བྱུང་ན་།དོན་མེད་དུ་ཁ་བརྡ་ཤིག་ལ་ངོས་བཟུང་ནས་བསྡད་ན་།ཐམས་ཅད་ཀྱི་དོན་གྲུབ་།དེ་མིན་གཞན་ཅི་ཡང་མེད་།
ཡང་བསྐྱར་ཐུགས་རྗེ་ཆེ།
སྤྱིར་བོང་རྫི་ཁྱེད་ཀྱིས་སུན་འབྱིན་གྱི་རྩོམ་ཡིག་དང་མཆན་བུ་མང་པོ་འབྲི་གི་འདུག དེ་ལ་དགའ་བསུ་ཡོད། ཡིན་ནའང་ཁྱེད་ཀྱིས་རྒྱུ་མཚན་ཡོད་པའི་སྒོ་ནས་སུན་འབྱིན་བྱེད་ཀྱི་མི་འདུག དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་དམར་སྲུང་དམག་མི་ཡིན་རབས་དང་། དེ་དང་འབྲེལ་ནས་མདུན་གྱི་དོན་དག་ཅིག་བཤད། རྒྱབ་ཀྱི་དོན་དག་ཅིག་བཤད། གཡས་ཀྱི་དོན་དག་ཅིག་བཤད། གཡོན་གྱི་དོན་དག་ཅིག་བཤད་ཡོང་དུས། སྐབས་རེར་མཆན་བུ་ཞིག་འདེབས་དགོས་སྙམ་ནའང་། དོན་དག་ག་རེའི་སྒང་ལ་མཆན་བུ་འབྲི་དགོས་པའང་ཤེས་ཀྱི་མི་འདུག ཁྱེད་ཀྱི་མཆན་ཡོད་ཚད་ལ་ལན་ཞིག་འབྲི་དགོས་ན། ངས་དེབ་རྒན་ཞིག་འབྲི་དགོས་པ་ཆགས་ཀྱི་འདུག གང་ལྟར། གོང་དུ་ཁྱེད་ཀྱིས་ང་ལ་དྲི་བ་འགའ་བཏང་པ་དེར། ངས་གཤམ་དུ་ལན་འདེབས་བྱེད།
རིག་གནས་གསར་བརྗེ་མཇུག་སྒྲིལ་ནའང་། བོད་ཀྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡོད་པ་རེད་དམ། བོད་སིལ་བུའི་དུས་སྐབས་དང་འདྲ་པོ་ཡོད་པ་རེད། བོད་ཀྱི་རིག་གཞུང་གི་རྒྱུན་ཐག་རྦད་དེ་ཆད་བསྡད་པ་རེད། བོད་ཀྱི་རིག་གཞུང་གི་རྒྱུན་ཐག་མཐུད་པ་པོ་སྟེ་བོད་ཀྱི་གཞོན་ནུ་མང་པོ་ཞིག་གཉིད་བསྡད་ཡོད་པ་རེད། འདི་དཔེ་མཚོན་རེད། གསལ་པོར་བཤད་ན། བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་བོད་ཀྱི་རིག་གནས་འདི་སྦྱངས་ནས་རིག་གཞུང་མྱུར་སྐྱོབས་བྱེད་རྒྱུ་ཕར་ཞོག ད་དུང་རིག་གསར་ལྟ་བུའི་མཆོངས་བསྐྱོད་གསར་བརྗེ་ལ་ཞེད་བསྡད་ཡོད་པ་རེད། སྐབས་འདི་འདྲ་ཞིག་ལ་དོན་གྲུབ་རྒྱལ་གྱིས་བོད་ཀྱི་གཞོན་ནུ་རྣམས་༼ཁྱེད་མེད་ན། སྒྲ་རིག་པའི་རལ་གྲི་ལ་ངར་ཇི་ལྟར་ལྡུད། ཁྱེད་མེད་ན། བཟོ་རིག་པའི་ཆུ་གྲི་ལ་རྣོ་ཇི་ལྟར་འཇོག
ཁྱེད་མེད་ན། གསོ་རིག་པའི་ལྗོན་པ་རྒྱས་མི་ཐུབ་ལ། ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུའང་སྨིན་མི་སྲིད། ༽ ཅེས་བོད་ཀྱི་གཞོན་ནུ་རྣམས་ཀྱིས་དཔུང་རྡང་མ་སྦྲེལ་ན། བོད་ཀྱི་རིག་གནས་ཀྱི་མགོ་བོ་ཡར་ལ་འདེགས་པའི་སྐལ་བ་ཕྲ་མོ་ཡོད་པ་གསུངས་པ་དང་། དེས་ཀྱང་ཡིད་མ་ཚིམས་པར། ༼སྙན་ངག་གི་རྟ་མཆོག་སྐོམ་པས་གདུང་ན་ཇི་ལྟར་བྱ། ཞེས་པ་ནས། ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱ།༽ ཞེས་བོད་ཀྱི་རིག་གནས་ཆུང་བ་ལྔ་པོའང་བོད་ཀྱི་གཞོན་ནུ་རྣམས་ཀྱིས་བདག་སྐྱོང་བྱེད་དགོས་པ་ལ་སྐུལ་མ་བཏང་བ་རེད། དེ་དང་ཆབས་ཅིག ཁོང་གིས་༼མ་འོངས་པའི་ལམ་ཁར། ཀྱག་ཀྱོག་སྔར་ལས་ཆེ་ན་ཡང་། བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་བྲལ་ཞིང་། ང་ཚོས་རང་རེའི་མི་རིགས་འདིར། མདུན་བསྐྱོད་ཀྱི་ལམ་གསར་པ་ཞིག་འབྱེད་ངེས་ཡིན༽ཞེས་བོད་མི་རབས་གསར་པ་རྣམས་ལ་འབོད་པ་དང་། བོད་མི་རབས་ལ་གཡར་དམ་ཆེན་པོ་ཞིག་བཅས་པ་རེད། བོད་ཀྱི་སྤྱི་ཚོགས་ལ་ཡོ་འཁྱོམ་ཆེ་བའི་དུས་སྐབས་དེ་འདྲ་ཞིག་ལ་བོད་ཀྱི་གཞོན་ནུ་ཚོས་གཏམ་འདི་དག་གོ་མ་ཐག ཁོང་ཚོ་གཉིད་ལས་སད་པ་ལྟ་བུའི་ཚོར་སྣང་བྱུང་བ་རེད། གཏམ་འདི་དག་སྐབས་དེའི་གཞོན་ནུ་ཚོར་མཚོན་ན་ཁུ་བྱུག་གི་སྐད་དང་རྒྱུད་མངས་ཀྱི་སྒྲ་ལས་ཀྱང་སྙན་པ་ལྟ་བུའི་ཚོར་སྣང་བྱུང་བ་རེད། དེ་ནས་བཟུང་སྟེ་བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་རིག་གནས་སྦྱངས་ཤིང་། རྩོམ་ཡིག་བྲིས་ཏེ་བོད་ཀྱི་རིག་གནས་ས་འོག་ནས་ས་ཁར་དྲངས་པ་རེད། དེ་བཞིན་དུ་བོད་ཀྱི་མཁས་པ་ཚེ་ཏན་ཞབས་དྲུང་དང་། དུང་དཀར་ཚང་། དམུ་དགེ་ཚང་། རྡོ་རྗེ་རྒྱལ་པོ་ལ་སོགས་ཀྱིས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྗོན་ཤིང་གི་རྩ་བར་ཆུ་དྲངས་པར་བརྟེན་ནས། སྲོལ་རྒྱུན་རིག་གནས་ཀྱི་ལྗོན་པར་ལྗང་ལོ་རྒྱས་ཤིང་། མེ་ཏོག་བཞད་དེ་འབྲས་བུ་སྨིན་པ་རེད།
ལྷག་པར་དུ་དོན་གྲུབ་རྒྱལ་གྱིས་བོད་དུ་སྔར་མེད་གསར་བྱུང་གི་སྙན་ངག་རྩོམ་སྟངས་གསར་པ་ལང་ཚོའི་རྦབ་ཆུ་གསར་བཏོད་བྱས་ཤིང་། སྙན་རྩོམ་འདི་ནི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་རྣམ་པ་གང་གི་ཆ་ནས་ཀྱང་གསར་བྱུང་སྙན་ངག་ཅིག་ཡིན་སྟབས། གཞོན་ནུ་མང་པོ་ཞིག་སྙག་ངག་གསར་པའི་ལམ་ཁར་འཁྲིད་ཅིང་། གཞོན་ནུ་མང་པོ་ཞིག་གིས་ཀྱང་རང་མོས་སྙན་ངག་ལ་སློབ་སྦྱོང་བྱས་ནས་རང་མོས་སྙན་ངག་རྩོམ་པ། དེ་ནས་རབ་རིབ་སྙན་ངག་འབྲི་བའི་ཚ་རླབས་ཤིག་འཕྱུར་ཏེ་བོད་ཀྱི་སྙན་ངག་གི་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་བཏང་བ་རེད། དཔེར་ན། འཇུ་སྐལ་བཟང་གི་དགེ་འདུན་ཆོས་འཕེལ། དཔལ་རྩེའི་གནའ་བོའི་ཅོང་རྙིང་། ལྗང་བུའི་འབོད་པ། འཕྲིན་ཁྱུང་གི་ལྷ་ས་རྒྱང་ཐག་རིང་བའི་གྲོང་ཁྱེར་ཁེར་རྐྱང་ཞིག དུར་བུ་རྣམ་གྲགས་ཀྱི་འབོད་པའི་གཡབ་མོ། གཅན་མེ་སྟག་གི་མགོ་ལོག རྒོད་ཕྲུག་དཔལ་འབྱོར་གྱི་རི་གྲོང་། ཨོ་རྒྱན་རྡོ་རྗེའི་རྨི་ལམ། ལྡོང་ཆུ་ཤེལ་གྱི་སྒྲོལ་དཀར་མཚོ། གངས་ཞུན་གྱི་འཁོར་བའི་སྙིང་པོ། འབྲོང་གི་ལྷ་ས། ལྷ་ས། ལྷ་ས། རྒྱ་ཡེ་ཕུན་ཚོགས་བཀྲ་ཤིས་ཀྱི་སྲིན་བུའི་མིག་ཆུ། གཅན་རང་སྲེད་ཀྱི་ཙོང་ཁ་པ། རམས་ཚེ་བྷོའི་ཞིང་གྲོང་གི་སྙན་ངག འབར་རྡེའི་ཆགས་འཇིག་སོགས་བརྩམས་ཤིང་། འདི་དག་གི་ཡབ་ནི་ལང་ཚོའི་རྦབ་ཆུ་རེད་ལ། སྙན་རྩོམ་འདི་དག་ནི་ལང་ཚོའི་རྦབ་ཆུའི་གཅེས་ཕྲུག་རེད་ཅེས་ཞུ་བ་ཡིན།
དེ་བཞིན་ཁོང་གིས་༼༼པད་མཚོ་༽༽དང་༼༼འབྲུག་མཚོ་༽༽གཉིས་བརྩམས་ཏེ་བོད་ཀྱི་ལོ་རྒྱུས་སྟེང་གི་དེང་རབས་སྒྲུང་གཏམ་གྱི་དབུ་འཁྱུད་བྲིས་པ་རེད། དེ་དང་མཉམ་དུ་ཁོང་གིས་སྤྲུལ་སྐུ་རྫུན་མ་དང་དཔོན་པོ་ངན་པ། མནའ་མ་ངན་པ་སོགས་བརྗོད་བྱའི་ཨ་ལོང་ནང་དུ་བསུས་ཏེ་སུན་འབྱིན་སྒྲུང་གཏམ་སྤྲུལ་སྐུ་དང་། མི་རྟག་སྒྱུ་མའི་རྨི་ལམ། རྒྱུ་འབྲས་མེད་པའི་མནའ་མ་སོགས་བརྩམས་ནས་རྩོམ་ཡིག་གིས་དངོས་ཡོད་སྤྱི་ཚོགས་ལ་ནུས་པ་བསྐྱེད་པར་སྣེ་ཁྲིད་མཛད་པ་དང་། དེ་ནས་གླང་མདུན་དཔལ་འབྱོར་ཀྱི་གཙུག་གཡུ་བྲིས་ཤིང་། རེབ་གོང་རྡོ་རྗེ་མཁར་གྱི་རྐྱལ་བའི་འཇིག་རྟེན་དུ་མྱུལ་བའི་གཏམ་རྒྱུད། བཀྲ་ཤིས་དཔལ་ལྡན་གྱི་ཕལ་བའི་ཁྱིལ་ཚང་གི་སྐྱིད་སྡུག ལྷག་པ་དོན་གྲུབ་ཀྱི་འཕོ་འགྱུར། དྲེལ་པའི་མི་ཚེ། མི་མངོན་པའི་འཆིང་ཐག
བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བཀྲས་ཟུར་ཚང་གི་གཏམ་རྒྱུད། བཀྲ་བྷས་སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས། སྒྲོལ་མ་ཉེར་གཅིག སངས་རྒྱས་ཀྱི་བསམ་ཡུད་ལས་འདས་པ། ཚེར་མའི་གྲུབ་ཐོབ་རྟ་ནག་ཅན། སྟག་འབུམ་གྱི་ལྗིང་འཇགས་ཀྱི་རྩ་ཐང་། བསྟན་པ་ཡར་རྒྱས་ཀྱིས་ཐག་རིང་གི་སྦྲ་ནག ནག་པོ་སྐལ་བཟང་གི་ྐླུ་འབུམ་མི་རྒོད། ཚེ་རིང་དོན་གྲུབ་ཀྱི་ཡ་ང་བའི་སྐྱ་རེངས། མེས་པོ། སྨུག་པ། ཚེ་རྒྱལ་གྱི་ཐོན་མི་སམ་བྷོ་ཊ། ཚེ་བརྟན་རྡོ་རྗེའི་ཙོང་ཁ་རྒྱལ་པོ་སོགས་བྱུང་བ་རེད། ད་དུང་ཁོང་གིས་བོད་ཀྱི་གཞོན་ནུ་མང་པོ་ཞིག་ལ་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དཔེ་ཁྲིད་བྱས་ཏེ། བོད་ཀྱི་ལོ་རྒྱུས་ཤེས་ཐུབ་པ་བྱས་ཤིང་། རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་དཔེ་ཁྲིད་ཀྱིས་སྙན་ངག་མེ་ལོང་མ་དང་གནའ་རབས་ཀྱི་སྙན་ངག་གི་བསྟན་བཅོས་མང་པོ་ཞིག་གི་བདུད་རྩི་བོད་ཀྱི་གཞོན་ནུ་ཚོར་རོ་མྱངས་བཅུག་པ་རེད། དོན་གྲུབ་རྒྱལ་གྱིས་རྔུལ་ཆུ་ཁྲོམ་ཁྲོམ་དང་། ཁྲག་དམར་འཛར་འཛར་གྱིས་བོད་ཀྱི་རིག་གཞུང་ལ་བྱས་རྗེས་བཞག་ཡོད་པ་མ་གཏོགས། བོད་ཀྱི་གཞོན་ནུ་ཚོའི་རིག་གཞུང་སྦྱོང་བའི་སྐལ་བ་འཕྲོགས་ཡོད་པ་མ་རེད། ཨ། ཞི་ལི། ད་མང་པོ་མི་བཤད། གོང་གི་དོན་གནད་འདི་དག་ནི་བོད་ཀྱི་གཞོན་ནུ་མང་པོ་ཞིག་རྨི་ལམ་མཐུག་པོ་ལས་སད་བཅུག་པ་དང་ལམ་སྣ་གསར་པར་འཁྲིད་བཅུག་པའི་སྐོར་ཡིན། དོན་གྲུབ་རྒྱལ་ལ་རྒྱ་ནག་རིག་གཞུང་གིས་ཤན་ཞུགས་པ་དང་། དམར་སྲུང་དམག་མི་ཡིན་མིན། ནུབ་ཕྱོགས་ཀྱི་ལྟ་གྲུབ་ཀྱི་སྐོར་སོགས་ཁོམ་པ་ཡོད་ན་སང་གནངས་འབྲི་ཆོག
ཚིག་ཕྲེང་འདི་དག་གིས་ཁྱེད་ཀྱི་དོགས་པ་རྩ་ནས་བཅད་ཡོད་པའི་རེ་བ་ཡོད། མེད་ན་ད་དུང་ཞུ་ངེས་ཡིན།
སྙན་བཟང་གཡུང་དྲུང་ཚེ་རིང་།
“བོད་ཀྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡོད་པ་རེད་དམ། བོད་སིལ་བུའི་དུས་སྐབས་དང་འདྲ་པོ་ཡོད་པ་རེད། བོད་ཀྱི་རིག་གཞུང་གི་རྒྱུན་ཐག་རྦད་དེ་ཆད་བསྡད་པ་རེད།”
ཨ་ཨ་།སྐད་ཆ་འདི་འདྲ་བ་ཞིག་གང་ནས་ཡོང་བ་ཡིན་ནམ་།རྒྱུན་ཐག་རྦད་དེ་ཆད་པ་ཞིག་ཡིན་ན་།དོན་གྲུབ་རྒྱལ་གྱིས་གང་ནས་འཐུད་པ་རེད་།གནམ་ནས་འཐུད་པ་རེད་དམ་།ཅི་ཀང་ཧྲན་ནས་འཐུད་པ་རེད་།
དེ་བཞིན་”བོད་ཀྱི་རིག་གཞུང་གི་རྒྱུན་ཐག་མཐུད་པ་པོ་སྟེ་བོད་ཀྱི་གཞོན་ནུ་མང་པོ་ཞིག་གཉིད་བསྡད་ཡོད་པ་རེད།”ཡོད་པའི་དུས་སྐབས་ཤིག་ལ་།གློ་བུར་ཏུ་དོན་གྲུབ་རྒྱལ་གྱིས་ལང་ཚོས་རྦབ་ཆུ་བརྩམས་ནས་ཁ་ནས་ཨེ་མ་ཟེར་ཞོར་ཏུ་།བོད་མི་རྣམས་གཉིད་ལས་སློངས་བ་དང་།དེ་ནས་བཟུང་ཏེ་བོད་ཀྱི་གཞོན་སྐྱེས་དེ་དག་གིས་མཁས་དབང་ཚེ་ཏན་ཞབས་དྲུང་སོགས་བསྟེན་ནས་”སྲོལ་རྒྱུན་”རིག་གནས་ཀྱི་ཡལ་ག་རྒྱས་བ་ཤིག་རེད་དམ་།
ཡ་མཚར་།ཁྱེད་དངོས་གནས་ལྷ་སྒྲུང་དང་འདི་དང་།ལེའུ་ཧྥུ་ལ་ཡིད་ཆེས་ཡོད་དམ་།
ང་ཁྱེད་ལ་ལན་མི་འདུག་།ད་མུ་མཐུད་དུ་གསུང་དང་།ལྟད་མོ་ཆེན་པོ་འདུག་
འདི་ལ་འདི་འདྲའི་རྩོད་པ་ཡག་པོ་ཞིག་ཡག་གིན་འདུག རྩོམ་དང་མཆན་ཚང་མ་ཤར་ཀློག་བྱས་པ་ཡིན། འདིར་མ་བཤད་པའི་བསམ་འཆར་གསུམ་བཤད་རྒྱུ་ཡོད། བརྟག་དཔྱད་ཤིག་བྱེད་རོགས།
༡༽ ཁྱོན་ཡོངས་ཀྱི་དཔྱད་པ་བྱ་དགོས་འདུག རྩོམ་པ་པོ་ཞིག་གི་བསམ་ཚུལ་ཤེས་དགོས་ན། རྩོམ་པ་པོ་འདིའི་གསུང་རྩོམ་ཆ་ཚང་ངེས་པར་དུ་ཀློག་དགོས་ཀྱི་འདུག ཕྱོགས་ཡོངས་ནས་དཔྱད་པ་བྱ་རྒྱུ་འདི་དགོས་པ་ཆེན་པོ་འདུག དེ་ལྟར་བྱེད་པའི་སྐབས་སུ། རྩོམ་འདི་འབྲི་བའི་དུས་ཚོད་དང་། སྤྱི་ཚོགས་ཀྱི་གནས་སྟངས། ཁོར་ཡུག་གི་ཤུགས་རྐྱེན་སོགས་ལ་བལྟ་དགོས་ཀྱི་འདུག ལྷག་པར་དུ། རྩོམ་པ་པོའི་བསམ་བློའི་འཕེལ་རིམ་དང་འགྱུར་རིམ་ལ་དོ་སྣང་བྱེད་དགོས་ཀྱི་འདུག དེ་ལྟར་བྱུང་ན། རྩོམ་པ་པོ་དོ་བདག་གི་བསམ་བློའི་ཁྱེར་སོ་རྟོགས་ཐུབ་པར་ཁྱད་པར་ཆེ། རྩོམ་བྱེ་བྲག་པ་ཞིག་བཏོན་ནས། འདིས་རྩོམ་པ་པོའི་བསམ་བློའི་ཁྱེར་སོ་བསྟན་ཚུལ་བྱས་ན་སྐྱོན་ཡོང་གི་འདུག དཔེར་ན། པན་ཆེན་རིན་པོ་ཆེས་ཀྱང་མའོ་ཙེ་ཏུང་ལ་བསྟོད་པ་ཕུལ་འདུག རྩོམ་འདི་གཅིག་པུར་བལྟས་ནས་པན་ཆེན་ཚང་གི་བསམ་བློར་འགྲེལ་བཤད་བརྒྱབ་ན། ཁོང་གི་བསམ་བློའི་དཀྱིལ་འཁོར་ཆ་ཚང་རྩོམ་འདིས་བསྟན་ཐུབ་བམ། དེ་བཞིན་ཟམ་སྟོང་རིན་པོ་ཆེའི་བདེན་པའི་ཨུ་ཚུགས་ཅེས་པའི་བཀའ་སློབ་དེ་ཚོ་ཀློག་དང་། ད་ལྟ་ཁོང་གིས་སྤེལ་བཞིན་པའི་དབུ་མའི་ལྟ་བ་དང་ཁྱད་པར་ཆེན་པོ་འདུག ད་ཟམ་སྟོང་རིན་པོ་ཆེའི་ཆབ་སྲིད་ཀྱི་དགོངས་པར་འགྲེལ་བ་ཇི་ལྟར་རྒྱག་གམ། འོན་ཀྱང་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ན། དེ་དག་སྐྱོན་དུ་འགྲོ་གི་མིན་འདུག དེ་དག་ནི་བཤད་མ་ཐག་པའི་མི་དེ་དག་གི་ཁྱད་ཆོས་ལ་སྣང་ངོ།
༢༽ མི་ནི་ཁོར་ཡུག་ལ་བརྟེན་པས། ལྟ་བ་རང་སྐྱ་བ་ཞིག་འཁུར་ནས་སྡོད་ཐབས་མེད། གསར་བརྗེ་བ་དང་རྙིང་བཞེན་ཅན་གྱི་ཁྱད་པར་ཡང་། ཁྱོན་ཡོངས་ཀྱི་རྩོམ་པ་པའི་ཁོར་ཡུག་དང་། བསམ་བློ་དང་། སྤྱོད་པ། གཏམ་གླེང་སོགས་ལ་བལྟས་ནས་འགྲེལ་བཤད་བརྒྱབ་ན་འཚམ་པ་འདུག་སྙམས། རྩོམ་བྱེ་བྲག་སྣེ་གཅིག་ལ་བལྟས་ནས་གསར་རྙིང་གི་དབྱེ་བ་འབྱེད་མི་ཐུབ་སྙམས། རྒྱུ་མཚན་ནི་མི་དེ་དག་གཞན་ལ་ཤུགས་ཆེར་བལྟོས་པས་སོ། དོན་རྒྱལ་ཡང་། འདི་ལྟར་བསམ་བློའི་ནང་འགྱུར་བ་ཐེབས་འགྲོ་མཁན་གྱི་གང་ཟག་ཞིག་ལ་སོང་སྟབས། མཐའ་གཅིག་ཏུ་ལྟ་བ་དང་ལངས་ཕྱོགས་གཅིག་གི་སྟེང་བསྡད་ཐུབ་ཀྱི་མེད། དེར་བརྟེན་ཁོང་གིས་བྲིས་པའི་རྩོམ་དེ་དག་ཀྱང་ཕྱོགས་གཅིག་ཏུ་ལྟ་བ་གཅིག་གམ་འདུ་ཤེས་གཅིག་གི་ཐོག་འགྲོ་ཐབས་མེད།
༣༽ སེམས་ཀྱི་ཁྱད་ཆོས་ནི་ནམ་ཡང་གཡོ་བ་དང་འགྱུར་བ་འགྲོ་བ་ཡིན། སེམས་འདི་མིའི་རྩ་བ་ལ་སོང་སྟབས། ཀུན་དུ་གཡོ་བར་བྱེད། དེས་ན། གླེང་བཞིན་པའི་རྩོམ་པ་པོ་རྣམས་ཀྱང་། འཚམ་རེ་གསར་བརྗེ་བ་དང་འཚམ་རེ་རྙིང་བཞེན་བ། འཚམ་རེ་རྒྱལ་གཅེས་པ། འཚམ་རེ་རྒྱལ་བཙོང་བར་འགྱུར་གྱི་ཡོད། ཁྱེད་བསམ་བློ་གཏོང་དང་། ངེད་ཚོའི་ཉིན་གཅིག་གི་འཚོ་བའི་ནང་བསམ་བློ་ག་ཚོད་འཁོར་གྱི་འདུག ཐོག་མའི་འདོད་པ་དང་འཆར་གཞིར་འགྱུར་བ་ག་ཚོད་འགྲོ་གི་འདུག གནས་སྟངས་འདིར་གཞི་འཛིན་ནས་ང་ཚོས་དོན་རྒྱལ་སོགས་ལ་བསྐྱར་ཞིབ་བྱས་ན། ཁོང་ལ་གསར་བརྗེ་བའི་ཁྱད་ཆོས་ཡོད་ལ། རྙིང་བཞེན་བའི་ཁྱད་ཆོས་ཀྱང་ཡོད། འདི་ན། ཁོང་མཐའ་གཅིག་ཏུ་ཕྱོགས་གཅིག་ལ་ལྷུང་དགོས་དོན་མིན་འདུག དཔེར་ན། རྒྱལ་བ་རིན་པོ་ཆེ་རིས་མེད་བདག་གིས་བཞེས་མཁན་གྱི་བླ་མ་མཐོན་པོ་ཞིག་རེད། ད་ལྟ་མི་མང་པོས་རྒྱལ་བ་རིན་པོ་ཆེ་རིས་མེད་ལ་གསོལ་གྱི་འདུག དུས་མཚུངས་རྒྱལ་བ་རིན་པོ་ཆེས། བཀའ་སློབ་དུ་མའི་ནང་གཞན་སྟོང་གི་ལྟ་བ་འགོག་གི་འདུག དེར་བརྟེན་གནས་ཚུལ་ཁ་ཤས་ཀྱི་ཐོག་ལ་རྒྱལ་བ་རིན་པོ་ཆེ་རིས་མེད་མ་རེད། ཡིན་ནའང་། དེ་སྐྱོན་མ་རེད། དེ་རྒྱལ་བ་རིན་པོ་ཆེའི་ཁྱད་ཆོས་རེད། དེར་བརྟེན། རྒྱལ་བ་རིན་པོ་ཆེ་ལ་རིས་མེད་ཀྱི་མཛད་པ་ཡོད་ལ་རིས་མེད་མིན་པའི་མཛད་པ་ཡང་ཡོད་ཆོག ཁོང་མཐའ་གཅིག་ཏུ་ཕྱོགས་གཅིག་ཏུ་ལྷུང་དགོས་ཀྱི་མིན་འདུག འདིར་རྒྱལ་བ་རིན་པོ་ཆེ་དཔེར་འཇོག་དགོས་དོན་ནི། ང་ཚོ་ཚང་མས་རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཤེས་ཀྱི་ཡོད་སྟབས་དཔེ་གསལ་པོ་ཡོང་ཆེད་ཡིན། དམ་པ་ཁོང་ལ་བསྟོད་སྨད་ཀྱི་ལས་གསོག་གི་མེད།
དོར་བསྒྲིལ་ན། ང་ཚོས། རྩོམ་པ་པོའམ་བརྗོད་བྱའི་མི་ཞིག་གི་ཁྱད་ཆོས་བསྟན་ཐུབ་ཀྱི་འདུག ཡིན་ནའང་། དེ་དག་ཤོག་ཁག་གཅིག་གི་ནང་གཡུག་ཐུབ་ཀྱི་མིན་འདུག རྒྱུ་མཚན་ནི། མིའི་ཁྱད་ཆོས་ནི་མཐའ་གཅིག་ཏུ་ཕྱོགས་གཅིག་ལ་ལྷུང་མི་ཐུབ་པས་སོ།
དཔྱད་པ་བྱེད་རོགས། བློ་ཁ་ཕྱེ་རོགས།
མི་ནི་ཁོར་ཡུག་ལ་བརྟེན་པས། ལྟ་བ་རང་སྐྱ་བ་ཞིག་འཁུར་ནས་སྡོད་ཐབས་མེད།
སོགས་འགའ་ཞིག་བློ་ལ་བབས་སོང་།
ཕྱག་གཉིས་པ་ལགས། ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས་ཟེར་བའི་ཚིག་འདི་ཚོ་ནི་ཆེས་སྔོན་མ་ཞིག་ནས་བྱུང་བའི་ཚིག་རྐྱང་ཡིན་པ་རེད། ཚིག་འདི་རེ་རེ་བཞིན་དུ་ཁྱད་པར་ཡོད་མོད་ཀྱང་སྤྱིའི་ཆ་ནས་བཤད་ན། ཚིག་འདི་ཚོ་ཆོས་གཞུང་ཁག་དང་ཆོས་པ་ཚོའི་ཁ་ནས་བྱུང་བའི་ཚིག་ཅིག་རེད་ལ། ཟེར། ཀླ་ཀློ་ནི་ཆོས་གཞུང་ནང་ཁ་ཆེ་ཆོས་ལུགས་ཀྱི་མིང་རེད། དེ་མིན་གཞན་རྣམས་ཆོས་གཞུང་གང་ན་ཡོད་དམ། ཁུངས་སྐྱེལ་ཁྱེར་ཤོག མེད་ན་རྫུན་རེད།
ཨ་རོགས་ཆ་ཁ། ཁྱེད་ཚོ་ཚང་མས་བོང་རྫི་རིག་མི་ཉན་ནོ་ཅི་རེད། ཁྱེད་ཚོ་དོན་གྲུབ་རྒྱལ་ལ་དུང་ཞེན་ཆེ་བའི་རེད་དམ། ཡང་ན་ཁྱེད་ཚོ་ཚང་མ་ས་ཆ་གཅིག་གི་ཡིན་ནས་བོང་རྫིའི་ས་ཆར་རྩ་ས་བརྩད་པའི་སྙིང་ནད་འདྲ་ཡོད་དམ།
ད་ཡིན་ན་བོང་རྫི་འདིས་མང་བོ་ཞིག་བོང་ལི་འདེད་འདེད་བྱེད་གིན་འདུག་ག བུ་རྒོལ་ཟེར་ནོ་རེད། དྲང་མོར་བཤད་ན་བོང་རྫི་ལ་ཁག་མེད། ཁོའི་སྐད་ཆ་ལ་ལར་རྒྱུགས་པ་ལེབ་རྡུང་གི་ཆ་རེ་ཡོད་ནའང་ཕལ་ཆེ་བར་གནས་ལུགས་ཡོད་ཀི ང་བརྒྱད་ནས་བཟུང་སྟེ་རྒྱ་གུང་ཁྲན་གྱིས་བོད་མིར་བརྡུངས་གཅོག་འཕྲོག་གསུམ་བྱས་པའི་མ་ཚད་ཆེས་རྗེས་ལུས་དང་ཆེས་མུན་ནག ཆེས་ཀླ་ཀློ་ཟེར་ནས་ངན་བརྗོད་བྱས་ཏེ་བོད་མིའི་སེམས་ལ་ན་ཚ་བཟོས་པ་རེད། དེང་སང་གུང་ཁྲན་གྱི་ཚབ་ལ་རྟོགས་སད་པ་ཡིན་ཟེར་མཁན་སྐོར་ཞིག་ཐོན་ནས་འུར་བརྒྱབ་ནས་འདུག་གི་མི་འཇོག་གི ངོ་མ་ཡིན། བོང་རྫི་ཁྱོད་འདྲ་ཞིག་མེད་ན་འདི་ཚོས་འཆི་གི་ར་འཇུག་ས་མ་རེད།
ཚངས་དབྱངས་ལགས་།
༡
ངས་ཡང་དུ་ཡང་དུ་མང་པོ་ལབ་ཡོད་།ངས་སྤྱིའི་ཆ་ནས་བཤད་ཀིན་ཡོད་པ་ལས།་རྩོམ་རེ་མོས་དང་།ཚིག་དུམ་ཁ་ཤས་ལ་བརྟེན་ནས་སྡོམ་ཚིག་དེ་ལྟ་བུ་འཇོག་གིན་མེད།
དོན་རྒྱལ་གྱི་རྩོམ་རེ་རེ་།ཁོའི་མི་ཚེ་ལོ་རྒྱུས་།དེའི་སྐབས་ཀྱི་ཆབ་སྲིད་།ཁོ་དང་ལོ་མཉམ་དག་གི་བསམ་པའི་འཁྱེར་སྲོལ་དང་བསྟུར་ཡོང་ཚེ་།མཐར་གཏུག་ན་ཁོ་སེམས་ཕུགས་ཀྱི་སྐད་ཆ་རྣལ་མ་ནི་།གསར་བརྗེ་སྙིང་སྟོབས་ཀྱི་ལྟ་བ་དེ་རེད་ཅེས་བཤད་ཀིན་ཡོད་།
༢
ད་བསྐྱར་ཏུ་མདང་རྒྱབ་ནས་སོང་དུས་།ལྟ་བ་དེ་ནི་དུས་སྐབས་དེ་ལ་བོད་ཀྱི་ཤེས་རིག་རྣལ་མ་སློབ་པའི་བགེགས་སུ་སོང་འདུག་།ཅེས་བཤད་ཀིན་ཡོད་པ་དེ་ཡིན་།
ཕྱག་གཉིས་བ་ལགས་།
ད་ཐེངས་ཚིག་གཅིག་ལ་གོ་རྒྱུ་ཡོད་པ་ཞིག་བཤད་འདུག་།དེ་ནི་ཀླ་ཀློ་ཟེར་བ་དེ་རེད་།
ཆོས་བ་རྣམས་ཀྱིས་ཆོས་མི་དད་པའི་ས་ཁུལ་དང་།འབྲོག་པ་རྣམས་ཀྱིས་རོང་བ་།རོང་བ་རྣམས་ཀྱི་འབྲོག་པ་ཚོ་ལའང་།དེ་ལྟར་བསམ་པ་དང་།བཀོལ་བའང་ཡོད་སྲིད་པ་རེད་།ཡིན་ནའང་ཁོ་ཚོས་མེ་འདའ་བཟུང་ནས་དེ་དག་”བཅིངས་གྲོལ”་བྱས་པ་དང་།”གསར་བརྗེ་”བྱས་པ་ཡོད་པ་མ་རེད་།
ཡིན་ནའང་རྒྱ་ནག་གི་བོད་སྟེང་ལ་བཀོལ་བ་ཁྱད་པར་རྒྱ་ཆེན་པོ་རེད་།
༼༡༽རྒྱ་ནག་གིས་སྐད་ཆ་དེ་འདྲའི་ཐོག་ནས་བོད་ལ་བཙན་འཛུལ་བྱས་པ་རེད་།མི་བསད་པ་རེད་།ཡོད་ཚད་བཅོམ་པ་རེད་།ཁོ་ཚོའི་སྐད་ཆ་དེ་དག་གི་རྒྱབ་ཏུ་མཚོན་ཆ་ཡོད་།གཉའ་གནོན་དང་།བརྡབས་གསིགས་ཡོད་།
༼༢༽་དོན་རྒྱལ་གྱིས་གཞི་འཛིན་སའི་སྐད་ཆ་དེ་དག་གི་ཁུངས་ཡང་།ནང་བ་སངས་རྒྱས་བའི་འདོད་པའི་སྐད་ཆ་དེ་དག་མ་ཡིན་པར་།རིག་གསར་སྐབས་ཀྱི་སྐད་ཆ་དེ་དག་རེད་།དེ་བས་དོན་གྱིས་ཁྱེད་ཚོས་དོན་རྒྱལ་དམར་སྲུང་དམག་ཞིག་ཡིན་པ་སྒྲུབ་ཀྱིན་འདུག་།
“རྗེས་ལུས”ཟེར་བདོན་རྒྱལ་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་འཛིན་པའི་ལྟ་ཚུལ་ཤིག་།དོན་གྱི་ནུབ་ཀྱི་ལོ་རྒྱུས་ཀྱི་ལྟ་ཚུལ་ཤིག་རེད་།རིག་གསར་གྱི་སྐབས་སུ་རྒྱ་ཁྱབ་དུ་བཀོལ་ཡོད་།
རྗེས་ལུས་མི་རིགས་ཤིག་མི་གཞན་ཤིག་གིས་”འཕེལ་རིམ་གྱིས་རྗེས”སུ་མ་ཆོད་པ་དང་།དོན་གྱིས་མཐར་ཐུག་གི་དམིགས་ཡུལ་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་འགྲོ་བ་ལ་མི་རིགས་རིགས་གཞན་དང་།འཕེལ་རིམ་གྱི་རྗེས་སུ་ལུས་འདུག་།ཅེས་འདོད་བཞིན་ཡོད་པ་དེ་རེད་།
རིམ་གྱི་རྩོད་དང་།ག་ལེར་གནས་ཚུལ་ཐམས་ཅད་ཅི་སྙམ་པར་ཡོང་གིན་རེད་།
འོ་།
ཚིག་གལ་ཆེན་པོ་།དོན་རྒྱལ་གྱི་ཚོང་གི་རྟགས་མ་ལྟ་བུ་།རྙིང་ཞེན་བརྗེད་འདུག་།ཚིག་འདི་ལ་འགྲེལ་བ་ཞིག་རྒྱོབ་དང་།དེ་ནས་སྐད་ཆ་ཐམས་ཅད་གསལ་བོ་འགྲོ་ཀིན་རེད་།
བོད་ཀྱི་མཁས་བ་རྣམས་ཀྱིས་བསྐལ་བ་སྙིགས་མའི་དུས་།ཕན་ཚུན་གསོད་པའི་དུས་།སྙིང་རྗེ་མེད་པའི་དུས་ཞེས་།སྙིགས་མའི་དུས་འདི་ཡག་པོ་ཤིག་ལ་བརྩི་ཀིན་མི་འདུག་།
ཡིན་ནའང་དོན་རྒྱལ་གྱིས་།རྙིང་ཞེན་ཞེས་སྔོན་ཀྱི་དུས་དེ་ཡག་པོ་ཤིག་ལ་བརྩི་ཀིན་མི་འདུག་།དེ་བོད་ཀྱི་མཁས་བ་དག་གིས་འདོད་སྟངས་དང་མི་འདྲ་བར་འདུག་།དེ་ན་དོན་རྒྱལ་ལ་ལོ་རྒྱུས་ཀྱི་ལྟ་ཚུལ་དེ་གང་ནས་བྱུང་བ་རེད་དམ་།
དེ་ཡང་རིག་གསར་གྱི་རྙིང་གཏོར་གྱི་ལྟ་གྲུབ་དང་སྤྱོར་དང་།ཡང་སྐད་ཆ་མང་པོ་ཤིག་གསལ་བོ་འགྲོ་ཀིན་རེད་།
མ་རེད་དམ་།
བོད་པ།
གོང་གསལ་གྱི་ཚིག་དེ་དག་བོད་སྐད། དབྱིན་སྐད། རྒྱ་སྐད་ཚང་མའི་ནང་ཡོད་པ་རྐྱང་རེད། ཚིག་དེ་དག་གི་གོ་དོན་ཡང་ཕལ་ཆེར་གཅིག་པ་འདྲ་ཞིག་རེད། འདིར་བོད་སྐད་ལྟར་བཤད་ན།
ཀླ་ཀློ ཡུལ་མཐའ་འཁོབ་ཏུ་འགྲེལ
རྨོངས་རྟུལ རྨོངས་ནི་བླང་དོར་གྱི་གནས་ལ་རྨོངས་ཤིང་ལེགས་ཉེས་ཀྱི་དབྱེ་བ་མི་ཤེས་པ། རྟུལ་ནི་བློ་རིག་གསལ་བོ་མིན་པ། བོད་རྒྱ་ཚིག་མཛོད་དུ། བླུན་མོ། ཤེས་རིག་རྨོངས་རྟུལ་ཞེས་འགྲེལ།
མུན་ནག དབྱིན་ཡིག་ནང་ dark age ཟེར་བ་དེ་སྔོན་མ་ནས་ཡོད་པ་ལྟར་རེད། བོད་ཡིག་ནང་། མུན་ནག་ཟེར་བའི་ཚིག་རང་ཡོད་མེད་མི་ཤེས། བྱང་ཕྱོགས་མུན་པའི་སྨག་རུམ་ན།། གངས་ལ་ཉི་མ་ཤར་འདྲ་བའི།། ཟེར་བ་ལྟ་བུ་གོ་དོན་གཅིག་པའི་ཚིག་ཡོད་པ་མཐོང་། ད་རུང་། མུན་པའི་གླིང་། མུན་བསྐལ་སོགས་སོ།
རྗེས་ལུས དབྱིན་ཡིག་ནང་backward ཟེར་ནས་སྔོན་མ་ནས་ཡོད་པ་ལྟར་རེད། བོད་ཡིག་ནང་དེ་སྔོན་ཡོད་མེད་མི་ཤེས། མདོར་དེད་ན། འཛམ་གླིང་ཐོག་སྔོན་མ་ནས་བྱུང་ཞིང་། ལྷག་པར་དུའང་ཆོས་པ་ཚོའི་ཁ་ནས་རང་བྱུང་ཁམས་དང་མཉམ་འདྲེས་སུ་གནས་པའི་གནའ་བོའི་མི་རིགས་རྣམས་ལ་མཐོང་ཆུང་བྱེད་པར་བཀོལ་བའི་ཚིག་ཅིག་རེད།
ཆོས་ཚིག་ཡིན་ན་འདྲ། དམར་སྲུང་དམག་གི་ཚིག་ཡིན་ན་འདྲ། ཐ་སྙད་འདིའི་ཁུངས་གང་ནས་བྱུང་མིན་ལ་ཁྱད་པར་མེད། ག་རེ་ཡིན་ན་མིན་ན། ཀླ་ཀློ རྨོངས་རྟུལ། མུན་ནག རྗེས་ལུས་ཀྱི་རྣམ་པ་དེ་ཚོ། མིའི་སྤྱི་ཚོགས་འདིའི་ནང་ཡོད་ན་བཟང་ངམ་མེད་ན་བཟང་། ཡོད་ན་བཟང་ཟེར་ན། ང་ལ་རྩོད་རྒྱུ་མེད། མེད་ན་བཟང་ཟེར་ན། དོན་རྒྱལ་གྱི་དགོངས་པའང་དེ་རེད་འདོད།
བོང་རྫིས། ་་དོན་རྒྱལ་གྱིས་གཞི་འཛིན་ སའི་སྐད་ཆ་དེ་དག་གི་ཁུངས་ཡང་།ནང་བ་སངས་རྒྱས་བའི་འདོད་པའི་སྐད་ཆ་དེ་དག་མ་ ཡིན་པར་།རིག་གསར་སྐབས་ཀྱི་སྐད་ཆ་དེ་དག་རེད་་ ཟེར།
དེ་ཡིན་ན། དོན་རྒྱལ་གྱིས་རིག་གསར་སྐབས་དཔེ་རྙིང་ཉར་ནས་ཀློག རིག་གསར་ཚར་བ་དང་སྲོལ་རྒྱུན་གྱི་རྩོམ་འབྲི་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བ། དེ་ནས། བརྒྱད་ཅུ་གྱ་བཞི་གྱ་ལྔའི་ནང་། རྩོམ་སྟངས་གསར་པ་བྱས་པའི་རྩོམ་འགའ་རེ་བྲིས་ནའང་། རང་གི་སེམས་འདུན་མཚོན་པའི་སྙན་ངག་རེ་ཟུང་ཡོད་པ་དེའི་ནང་དོན། བཅུ་ཕྲུག་རིག་པའི་གནས་ལ་སྦྱོང་དགོས་པའི་འབོད་སྐུལ་བྱས་པ་ཡོད་པ་ལྟར་རེད། རིག་གསར་ལྟར་གོ་བ་བླངས་ན། ཀླ་ཀློ རྨོངས་རྟུལ། མུན་ནག རྗེས་ལུས་ཟེར་བ་འདི་ཡང་དོན་རྒྱལ་རང་གི་མགོར་འབབ་ཀྱི་མི་འདུག་གམ། ད་རུང་ཏང་དང་མེས་རྒྱལ་ལ་བསྟོད་པ་མི་བྱེད་པར་སློབ་དཔོན་ལ་བསྟོད་པ་བྱེད་པ་འདི་ནི། ཇི་འདྲའི་རྗེས་ལུས་ཤིག་མ་ཡིན་ནམ།
ད་རུང་སྤྲིན་དཀར་གྱི་འདབ་མའི་ནང་། ཁྱེད་ནི་རྒྱལ་ཁམས་ཕྱོགས་མེད་འགྲིམས་ནས་འགྲོ་བའི་འཕྲིན་ལས་བསྒྲུབས་པའི་རྣལ་འབྱོར་བ་ཞིག་དང་ཡང་མཚུངས་། ཁྱེད་ཀྱི་སྙིང་རྗེའི་བྱིན་རླབས་ནིབླ་མ་ལས་ཀྱང་ཁྱད་དུ་འཕགས་པ་དང་། ཁྱེད་ཀྱི་ཐུགས་རྗེའི་སྤྱན་རས་ནི་སོགས་ལྟ་བུ། བསྟོད་པ་བཀླགས་རྗེས་ཀྱི་འཆར་སྣང་ནང། སྔོན་བྱོན་མཁས་པའི་ཐུགས་ཀྱི་ཆུ་གཏེར་རྣམ་དཔྱོད་རླངས་འཕྲེང་མཁའ་ལ་འཕྱོ་བའི་ཟེགས་མའི་རྒྱུ་སྐར་ཚོགས་ཀྱི་དབུར།། འཆད་རྩོད་རྩོམ་གྱི་ལེགས་བཤད་དགུ་ཚིགས་ལྷན་སྐྱེས་འོད་ཀྱི་སྡུ་གུའི་མདངས་ཀྱིས་ཉ་ཟླའི་གཟི་བྱིན་ཕམ་བྱེད་པའི།། བགྲང་ཡས་སྲིད་ཞིའི་རྫོགས་ལྡན་ཞིང་འདིར་རི་རབ་ཇི་བཞིན་སྲིད་རྩེར་འཕགས་པའི་གཞན་ཕན་ཟེར་བརྒྱའི་འབྱུང་གནས་ཆེ། ཁྱུང་སྔོན་སྐྱེས་ཀྱིས་ཉེ་བར་དྲངས་པའི་རྟ་ལྗང་བདག་པོའི་དཀྱིལ་འཁོར་ཇི་བཞིན་གངས་ཅན་ལྷ་ལམ་ངོས་ན་རྒོད །། ལྟ་བུ་འདི་དག་ལ་ལྟོས། བཀས་བཀོད་རྒྱུ་འཛིན་གྱི་ཀླད་པའི་དུག་རྩ་དག་མེད་པའི་ཁྱད་ཆོས་མང་པོ་འདུག
ཁྱོད་ཀྱིས་གོང་ཚིག་ལ་གོ་བ་ལེན་སྟངས་ལྟར་བྱས་ན། དོན་རྒྱལ་གྱིས། ཀླ་ཀློ རྨོངས་རྟུལ། མུན་ནག རྗེས་ལུས་ཟེར་བ་དེ་ཁོང་རང་ཉིད་ལ་ཟེར་གི་ཡོད་པ་འདྲ།
ཧ་ཧ་་་་་་ ཕྱག་གཉིས་པ་ལགས། རང་གི་རྫུན་རྐུབ་བསྟན་འདུག མི་ཤེས་ན་ཤེས་མདོག་བྱས་ནས་ཅི་བྱེད་ཀི་ནོས།
དང་པོ་། ཁྱེད་ནས་་་་་་་་་་་་ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས་ཟེར་བའི་ཚིག་འདི་ཚོ་ནི་ཆེས་སྔོན་མ་ཞིག་ནས་བྱུང་བའི་ཚིག་རྐྱང་ཡིན་པ་རེད། ་་་་ ཚིག་འདི་ཚོ་ཆོས་གཞུང་ཁག་དང་ཆོས་པ་ཚོའི་ཁ་ནས་བྱུང་བའི་ཚིག་ཅིག་རེད་ལ། ཟེར། ཁུངས་སྐྱེལ་ཁྱེར་ཤོག་ཅེས་བཤད་ན། ཡང་ཁྱེད་ནས་བཤད་རྒྱུ་ཅང་མ་རྙེད་པ་ཡིན་ནམ་་་་གོང་གསལ་གྱི་ཚིག་དེ་དག་བོད་སྐད། དབྱིན་སྐད། རྒྱ་སྐད་ཚང་མའི་ནང་ཡོད་པ་རྐྱང་རེད། ཚིག་དེ་དག་གི་གོ་དོན་ཡང་ཕལ་ཆེར་གཅིག་པ་འདྲ་ཞིག་རེད། ཟེར། བོད་རྒྱ་ཚིག་མཛོད་ནི་ཆོས་གཞུང་ཞིག་རེད་དམ། ཆེས་སྔོན་མ་ཞིག་ནས་བྱུང་བ་རེད་དམ་་་་་་་་་རྒྱ་གཞུང་གིས་རྒྱབ་སྐྱོར་དང་རྒྱ་རྒན་ཞིག་གིས་འཆར་འགོད་ལྟར་བསྒྲིགས་པའི་བོད་རྒྱ་ཚིག་མཛོད་ནི་ཁྱེད་ཚུད་པའི་དམར་སྲུང་དམག་མིའི་ཚོའི་ཀླད་པའི་དཔར་ཤིང་རེད། དཔེ་དེབ་དེ་དག་གིས་ང་ཚོར་དཀའ་ངལ་འདི་བཟོས་པ་མ་རེད་དམ།
ཀླ་ཀློ ཡུལ་མཐའ་འཁོབ་ཏུ་འགྲེལ། ཟེར་། ཧ་ཧ་།ལྟུང་བཤགས་ནང་་་་་་་ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ་ཟེར་ནས་ལོགས་པ་ཡིན་པར་བཤད་འདུག་ག
ཕྱག་གཉིས་པ་ལགས། གོང་གི་ཚིག་དག་གི་ཁུངས་སྐྱེལ་གསལ་བོ་ཁྱེར་ཤོག།
གོང་གི་ཀླ་ཀློ་ཞེས་པའི་ཚིག་འདི་ལ་རིག་གཞུང་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བའི་རྐྱེན་གྱིས་ཤེས་ལྡན་པ་དང་ཡིག་རྨོངས་པའི་བར། ཆོས་དད་པ་དང་ཆོས་མེད་པའི་བར། ནང་བསྟན་པ་དང་ཕྱི་རོལ་བའི་བར། བོད་རིགས་དང་རྒྱ་རིགས་ཀྱི་བར། ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་བར། ཐ་ན་གཙང་སྦྲ་ཅན་དང་རྫོབ་རྒན་གྱི་བར་སོགས་ན་འགྲེལ་བཤད་མི་འདྲ་བ་ཡོད། བཙན་པོའི་འཛམ་གླིང་རྒྱས་བཤད་ཡིན་ན་ཅིག་ཏུ་ཀླ་ཀློ་དང་ཕྱི་རོལ་པའི་ཁྱད་པར་ཞིག་བྲིས་ཡོད་སྙམ་ལ། ཚིག་མཛོད་ཁག་དུ་ཡང་ཅུང་མི་འདྲ་རེ་བྲིས་འདུག དཔེར་ན་ཀླ་ཀློ་ལ་ཆོས་ལུགས་ཀྱི་སྐོར་ལ་ཅི་ཡང་མི་ཤེས་པའམ་ཤེས་ཀྱང་ལྟ་གྲུབ་ཀྱི་གཞུང་ལུགས་མེད་པའི་རིགས་ཤིག་དང་། ཕྱི་རོལ་པ་ལ་ནང་པའི་ལྟ་གྲུབ་ལས་ལོགས་སུ་གྱུར་པའི་ལྟ་གྲུབ་སྨྲ་བ་རྒྱ་གར་གྱི་གྲངས་ཅན་པ་སོགས་བཞག་འདུག གང་ལྟར་སྐབས་འདིར་དོན་གྲུབ་རྒྱལ་གྱིས་བྲིས་པའི་ཀླ་ཀློ་ལ་བཟང་ངན་གྱི་ཁྱད་པར་མི་ཤེས་ཤིང་
གདུག་རྩུབ་ཆེ་བའི་ཞིང་བྲན་བདག་པོ་ཚོ་བཞག་པ་ཨེ་ཡིན། གང་ལྟར་ཁྱེད་ཚོས་ལང་ཚོའི་རྦབ་ཆུའི་ནང་གི་ཚིག་རེ་ཟུང་བརྩད་ནས་ཉིན་ཞག་སྐྱེལ་བ་ལས་ལང་ཚོའི་རྦབ་ཆུ་དང་དྲང་ཕྱོགས་དང་ལྡོག་ཕྱོགས་ནས་འགྲེལ་བ་གཉིས་ཕྲིས་དང་དོན་གྲུབ་རྒྱལ་ལ་དགའ་མཁན་དང་མི་དགའ་མཁན་གཉིས་ཀ་དགའ་ནས་ནམ་ལངས་འགྲོ་གི་རེད།
ད་ལམ་སང་ཁུངས་ཁྱེར་ཤོག་ཟེར་ན་ཁག་སེ་འདུག་ད། ད་བར་ཀློག་པའི་དཔེ་ཆ་དེ་ཚོ་སྐྱར་དུ་ཀློག་དགོས་པ་འདུག ཀླ་ཀློ་ཟེར་བའི་ཚིག་འདི་རང་ལའང་ཉམས་ཞིབ་ཅིག་བྱེད་དགོས་བྱུང་ན་ཁོམ་པ་མི་འདུག འཕྲལ་སེལ་གྱི་ཁུངས་ཤིག་དྲངས་ན། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། ཀླ་ཀློ་ཚེ་རིང་ལྷ་དང་ནི། ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་སོ།
དྭགས་པོ་ཐར་རྒྱན་གྱི་འགྲེལ་བར། །མི་ཡིན་དུ་ཟིན་ཀྱང་། ཀླ་ཀློ་ནི་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་བའི་ཕྱིར་རོ་ཞེས་གསུངས་འདུག
བོད་པ། ཁྱེད་རང་གིས་དོན་རྒྱལ་གྱི་སྐད་ཆ་རེད་ཟེར་ནས་ལུང་དྲངས་པ་དེ། ངས་དེ་དོན་རྒྱལ་གྱི་ལག་བྲིས་ཡིན་མིན། དེའི་ཐོག་མཚན་རྟགས་ཡོད་མེད། གལ་སྲིད་དོན་རྒྱལ་གྱིས་བྲིས་པ་ཡིན་ན་གནས་སྟངས་དང་ཁོར་ཡུག་ག་འདྲ་ཞིག་གི་འོག་ནས་བྲིས་པ་སོགས་གསལ་པོ་བཟོས་ན། དེ་ནས་ལན་རྒྱག་གི་ཡིན་བཤད་ཡོད། ཉི་མ་ཁ་ཤས་ཕྱིན་སོང་ཡང་ད་རུང་གསལ་བོ་བཟོས་མ་སོང་ང།
དུས་འཁོར་ནས་བཤད་པའི་ཤམྦྷ་ལའི་རྒྱལ་རབས་ཆོས་བརྒྱུད་དང་བཅས་པ་སྐར་རྩིས་སྐོར་འགའ་ཞིག་བཞུགས་སོ། །
ཟེར་བའི་ནང་གི
་་འཁོར་ལོ་ཅན་གྱི་སྔོན་དུ་རིགས་ལྡན་ཤིན་ཏུ་བཟང་པོའི་དུས་ནས་ཀྱང་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་
ཏེ༌། འཁོར་ལོ་ཅན་གྱི་དུས་སུ་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱིས་ཀླ་ཀློའི་ཆོས་ལྷག་པར་དར་བར་བྱས་པས་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཐམས་ཅད་ཀླ་ཀློར་གྱུར་པའི་ཚེ་འཁོར་ལོ་ཅན་གྱིས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་འཁོར་དང་སྤྲུལ་པའི་
དམག་གིས་ཀླ་ཀློ་རྣམས་བཅོམ་སྟེ་ཐམས་ཅད་ནང་བའི་ཆོས་ལ་བཀོད་ནས་བསྟན་པ་ཉམས་པ་གསོ་བར་མཛད་ཅིང༌། ཀླ་ཀློའི་གནས་ཚད་ནི་ལོ་སྟོང་དང་བརྒྱད་བརྒྱའོ། །་་
འདིའི་སྐབས་ཀྱི་ཀླ་ཀློ་ནི་ངོ་མ་ཁ་ཆེའི་ས་ཆ་ཞིག་བཤད་ཀྱི་ཡོད་པ་འདྲ།
༄༅། །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
ཞེས་པའི་ནང་། མདོ་དྲན་པ་ཉེར་བཞག་གི་ནང་གི་ཀླ་ཀློ་དེ། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་ཟེར་ནས་འགྲེལ་འདུག
༄༅།།བྱང་ཆུབ་ལྟུང་བཤགས་དང༌།སྤྱི་བཤགས་གཉིས་ཀྱི་འགྲེལ་པ་
ཐར་འདོད་སྙིང་གི་དགའ་སྟོན་ཞེས་བྱ་བ་ཞུགས་སོ། །ཞེས་པའི་ནང་།
་་ཡུལ་མཐའ་འཁོབ་ཏུ་ཀླ་ཀློར་སྐྱེས་ན་ དགེ་སྡིག་གི་རྣམ་དབྱེ་གང་ཡང་མི་ཤེས་པས་མི་ཁོམ་པ།འདིར་བདག་གི་སྐྱབས་མགོན་བླ་མ་རིན་པོ་ཆེ་ནས།
ཡུལ་མཐའ་འཁོབ་དང་ཀླ་ཀློ་སོ་སོར་བགྲངས་ན་མི་ཁོམ་པ་དགུར་འགྱུར་བའི་སྐྱོན་ཡོད།མཐའ་འཁོབ་ནི་ཡུལ་ དང༌།ཀླ་ཀློ་ནི་གང་ཟག་ཡིན།ཞེས་གསལ།
༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།ཞེས་པའི་ནང་།
ཀླ་ཀློ་ཞེས་པ་ནི་ཀློ་ཁ་ཁྲ་ཞེས་པ་ལ་སོགས་མཐའ་འཁོབ་སུམ་ཅུ་ཙ་གཉིས་ཡོད་པར་བཤད་པ་རྣམས་དང། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་ཆོས་ལུགས་ཞེས་སྲོག་བཅད་པ་དགེ་བར་ཙི་བ་རྣམས་ཏེ། མཐའ་འཁོབ་ཀྱི་ཀླ་ཀློ་རྣམས་ཀྱང་རང་བཞིན་མི་གཟུགས་ལྟ་བུར་ཡོད་ཀྱང་བློ་ལས་སུ་མ་རུངས་པས་དམ་པའི་ཆོས་ཀྱི་ཕྱོགས་སུ་བསྒྱུར་མི་བཏུབ། མ་བག་མར་ལེན་པ་ལ་སོགས་རང་གི་ཕ་མེས་ཀྱི་སྲོལ་ངན་པའི་རྗེས་སུ་འབྲང་བས་ཆོས་མཐུན་གྱི་སྤྱོད་པ་དང་རྒྱབ་འགལ། སྲོག་ཆགས་གསོད་པ་དང་རི་དྭགས་བཤོར་བ་ལ་སོགས་མི་དགེ་བའི་ལས་ཐབས་ལ་ལྷག་པར་མཁས་ཤིང་སྡིག་པ་འབའ་ཞིག་ལ་སྤྱོད་པས། ཤི་མ་ཐག་ངན་སོང་དུ་འགྲོ་བ་མང་བས་མི་ཁོམས་པའི་གནས་ཡིན། ཞེས་གསལ། ད་དེ་ཙམ་གྱིས། ཨ་ཡ་ཡེ། ཐང་ཆད་གི་འདུག ཡོངས་གྲགས་སུ་ཁས་ལེན་པ་དེ་ཚོའང་ཁས་མ་བླངས་ན་ད་ག་རེ་བྱེད་དགོས་རེད། རང་གིས་ཁུངས་སྐྱེལ་དགོས་པ་དེ་ཚོ་ཁུངས་སྐྱེལ་མི་བྱེད་པར་གཞན་ལ་ཁུངས་སྐྱེལ་ཞོག་ཟེར་ན་ག་རེ་རེད།
ཀླ་ཀློ་ཁ་ཆེ་ཡིན་པ་ངས་སྔོན་ནས་བཤད་ཡོད་ལ། དེ་མིན་ཁུངས་སྐྱེལ་རྙེད་ནི་མ་རེད་ཡ། ཡ་ད་་་མ་རྙེད་ན་་མ་རྙེད་་་བཞག་ཤོག དོན་རྒྱལ་དེའི་ངོ་ཅིག་རྫོགས།
འདི་ནས་ཡང་དམར་སྲུང་དམག་རྣམས་ཀྱིས་སེམས་ཀྱི་འཁྱེར་སྟངས་བཞན་ཞིག་གླེང་བར་བྱ་སྟེ་།དེ་ནི་ཁོ་ཚོས་བསམ་བཞིན་དུ་།ཚིག་རྣམ་པ་སྣ་ཚོགས་དང་།ཚིག་སྤྱོར་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ་།གཞན་ལ་མགོ་སྐོར་ཏེ་།མཐར་རང་གི་དམིགས་ཡུལ་འགྲུབ་པར་བྱ་རྒྱུ་དེ་རེད་།དམར་པོའི་ལོ་རྒྱུས་ཚང་མ་དེ་འདྲ་རེད་།ཐོག་མར་བོད་དུ་ཡོད་དུས་།གུང་ཕྲན་ཏང་དང་ནང་བ་སངས་རྒྱས་གཉིས་ནི་གཅིག་རེད་།གཉིས་ཀ་གཞན་དོན་སྒྲུབ་མཁན་གྱི་གྲུབ་མཐའ་ཡིན་ཞེས་ཁྱབ་བསྒྲགས་བྱས་བ་ལྟ་བུ་རེད་།
དེ་བཞིན་ཁོ་ཚོས་ཀྱང་འཛམ་གླིང་གཅིག་གྱུར་ཏུ་ཁས་ལེན་པའི་ཚིག་།དམངས་གཙོ་དང་།རང་དབང་།ཐ་ན་བཅིངས་འགྲོལ་ཚུན་ཆད་བེད་སྤྱད་ཡོད་པ་དེ་བཞིན་རེད་།
དེ་ལས་འཕྲོས་ཏེ་འདིར་གླེང་བར་བྱ་བ་ནི་།
མར་ལེ་རིང་ལུགས་ཀྱིས་འདོད་པའི་ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས།རྙིང་ཞེན་དང་།
ནང་བའི་སངས་རྒྱས་བའི་འདོད་པའི་ཀླ་ཀློ་དང་། རྨོངས་རྟུལ། མུན་ནག རྗེས་ལུས།རྙིང་ཞེན་།
རྣམས་དོན་གཅིག་ཡིན་མིན་སྐོར་རེད་།
དོན་གྲུབ་རྒྱལ་དང་དམར་སྲུང་དམག་མི་རྣམས་ལ་ཚིག་འདི་དག་ནི་མིའི་རིགས་ཀྱི་ལོ་རྒྱུས་མཚོན་པའི་་ལྟ་བ་གལ་ཆེན་ཞིག་ཡིན་པ་དང་།ནང་ཆོས་སུ་་ཚིག་དེ་དག་གིས་ལོ་རྒྱུས་ཀྱི་ལྟ་བ་ཅི་ཡང་མཚོན་གིན་མེད་།དེ་བས་དེ་གཉིས་ཀྱི་ཁྱད་པ་ནི་ས་དང་གནམ་གཉིས་ཀྱི་ཁྱད་པར་ལྟ་བུ་རེད་།
ཕྱག་གཉིས་པ་ནས་་་།
བོད་པ། ཁྱེད་རང་གིས་དོན་རྒྱལ་གྱི་སྐད་ཆ་རེད་ཟེར་ནས་ལུང་དྲངས་པ་དེ། ངས་དེ་དོན་རྒྱལ་གྱི་ལག་བྲིས་ཡིན་མིན། དེའི་ཐོག་མཚན་རྟགས་ཡོད་མེད། གལ་སྲིད་དོན་རྒྱལ་གྱིས་བྲིས་པ་ཡིན་ན་གནས་སྟངས་དང་ཁོར་ཡུག་ག་འདྲ་ཞིག་གི་འོག་ནས་བྲིས་པ་སོགས་གསལ་པོ་བཟོས་ན། དེ་ནས་ལན་རྒྱག་གི་ཡིན་བཤད་ཡོད། ཉི་མ་ཁ་ཤས་ཕྱིན་སོང་ཡང་ད་རུང་གསལ་བོ་བཟོས་མ་སོང་ང།
ཕྱག་གཉིས་པ་ལགས། འོ་ན་ཁྱེད་ནས་བཤད་པའི་བཞིན་དོན་རྒྱལ་གྱི་རྩོམ་ཡིག་དེ་དག་ལག་བྲིས་རེད་དམ། དེའི་ཐོག་མཚན་རྟགས་འདུག་གམ། དེའི་གནས་་ལྟངས་དང་ཁོར་ཡུག་སོགས་བྲིས་འདུག་གམ། ཡོད་ན་རེ་རེ་བཞིན་སྟོན་དང། མེད་ན་བོད་པ་ངས་བཤད་པ་ལ་དེ་དག་ཁུངས་སྐྱེལ་དགོས་པའི་རྒྱུ་མཚུན་ཅི་རེད་དམ།
གསལ་བོར་བཤད་ན་འདི་རེདཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་། དེ་ནས་བཟུང་བོད་ཡུལ་འདི་ཡང་ཀྲུང་གོའི་ཆབ་རིས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་དང་།ལྷག་པར་དུ་རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། བོད་རིགས་མི་དམངས་ཀྱང་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་གཞན་དག་དང་འདྲ་བར། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་བརྩོན་གྱིས་ཞུགས་ཏེ་རང་གི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་རྣམས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདི་ནི་སྤྱི་ཚོགས་འཕེལ་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད་། རྒྱ་ཆེ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་དང་ཡང་རྦད་དེ་མཐུན་པ་ཞིག་རེད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།
རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲུལ་ཁྱིམ་ཚང་ཆེན་པོའི་ནང་ཁྱིམ་མི་གཟི་བརྗེད་དང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གུ་དོག་པོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་བསམ་བློ་དང་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། རང་གི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པ་དང་། རང་རེའི་མེས་རྒྱལ་འདི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས།ཞེས་བྲིས་འདུག
འདི་ནི་གཅིག་དགུ་བདུན་ཅུའི་དམ་དྲག་ནང་བྲིས་པ་མ་རེད། གཅིག་དགུ་བརྒྱད་ཅུའི་ཅུང་གུ་ཡངས་ཀྱི་སྐབས་བྲིས་པ་རེད།
འདི་ནི་འཚོགས་ཐོག་ནས་གཞུང་གི་མགྲིན་ཚབ་བྱས་ཏེ་བཤད་པ་མ་རེད།
སྤྱི་གཏང་གི་སློབ་ཁྲིད་ལ་བཤད་པ་རེད།
འདི་ནི་གཞུང་གིས་ཆེད་དུ་ལོ་རྒྱུས་འབྲི་བཅུགས་པ་མ་རེད།
དཔྱིད་རྒྱལ་གླུ་དབྱངས་ཀྱི་འཕྲོས་བཤད་ཟིན་བྲིས་རེད།
རྒྱུ་མཚན་འདི་དག་གི་ཕྱིར། ངས་བསམ་ན་འདི་ནི་ཁོའི་སེམས་ཀྱི་སྐད་ཆ་ངོ་མ་ཞིག་རེད་འདུག
དུས་ཐོག་འདི་ལ་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་བཤད་མེད་གི
དམུ་དགེ་བསམ་ཚང་གིས་ཡང་ལོ་རྒྱུས་དྲང་མོ་བྲིས་ཡོད་གི།
དེའི་རྗེས་སུ་ཅུང་དམ་དུ་སོང་ཡང་རྒྱལ་མོ་འབྲུག་པས་ལོ་རྒྱུས་ཡག་པོ་བྲིས་འདུག
འདི་ལྟར་བསམ་ན་མཁས་དབང་དུང་དཀར་དང་དཔལ་དོན་གྲུབ་རྒྱལ་གཉིས་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་གཉིས་རེད། དེ་འདྲ་ཞིག་རེད་དམ་ཕྱག་གཉིས་པ་ལགས། དཔྱད་པ་གནང་རོགས།
ད།
འདི་ཁྱེར་ཤོག་ཟེར་གི་མེད། འདིའི་སྔ་ཕྱིའི་གནས་ཚུལ་གསལ་བོ་ཁྱེར་ཤོག་ཟེར་གྱི་ཡོད། ག་རེ་རེད་ཟེར་ན། འདི་དོན་རྒྱལ་གྱི་སྐད་ཆ་ཞིག་ཡིན་མིན་ལ་དྭོགས་པ་ཡོད། སྔོན་བོད་ལ་སྐུ་ཚབ་རིམ་པ་འགྲོ་སྐབས། ་་ཁྱེད་ཚོས་རྒྱ་གཞུང་ལ་མགོ་རྩ་ནས་འདོགས་མི་ཉན་་ ཟེར་ནས་བཤད་མཁན་གྱི་ཨ་མདོའི་ཕོ་གསར་དེ་ཁྱེད་རང་གིས་སུ་ཡིན་ཨེ་ཤེས། མི་ཤེས་ན། སྔོན་སུ་ཇ་སློབ་གྲྭའི་དབུ་འཛིན་རྒན་བསྟན་འཛིན་ལ་སྐད་ཆ་འདྲི་རུ་རྒྱུགས།
དགོངས་དག སྐུ་ཚབ་ཐེངས་དུ་བ་ཡིན་མིན་མ་ཤེས།
མཆན་༧༦དང་༧༧ལ་ལྟོས། ཡུལ་མཐའ་འཁོབ་ཏུ་འགྲེལ་འདུག་ག ད་དུང་། ཡུལ་མཐའ་འཁོབ་དང་ཀླ་ཀློ་སོ་སོར་བགྲངས་ན་མི་ཁོམ་པ་དགུར་འགྱུར་བའི་སྐྱོན་ཡོད།མཐའ་འཁོབ་ནི་ཡུལ་ དང༌།ཀླ་ཀློ་ནི་གང་ཟག་ཡིན།ཞེས་གསལ
དྲི་བ་འདྲི་ན་ཕྱོགས་དུང་དང་བན་ཁོ་ལ་སྐད་ཆ་དྲིས་ན་ཤེས་ནི་རེད། ཁོ་ཚོ་དོན་རྒྱལ་གྱི་གསུང་འབུམ་བསྒྲིགས་མཁན་གཙོ་བོའི་གྲོས་རེད།
xxxxxxxxxxxxxxདོན་གྲུབ་རྒྱལ་གྱིས་བརྩམས་པའི་སད་ཀྱིས་བཅོམ་པའི་མེ་ཏོག་ཅེས་པའི་བརྩམས་སྒྲུང་དེའི་ནང་གི་མི་སྣ་གཙོ་བོ་ལྷ་སྐྱིད་ཞེས་པའི་བུད་མེད་གཞོན་ནུ་མ་དེ། རྐྱེན་དབང་གིས་སྟོང་འཁོར་སློབ་གྲར་ཡོད་པའི་ཁོ་མོའི་སྙིང་གྲོགས་ཚེ་རིང་ལ་ཐུག་གི་འགྲོ་བའི་ལམ་བར་དུ། རེབ་གོང་གི་གསར་བུ་ཞིག་གིས་ཁོ་མོར་བཙན་གཡེམ་བྱས་པ་དང་། དོན་དག་འདི་བྱུང་མ་ཐག ཁོ་མོས་བཤད་རྒྱུར། ‘‘སེམས་གནག་ཅིང་སྦྱོར་བ་རྩུབ་པའི་འདབ་ཆར་དེས་ངའི་ལང་ཚོའི་མེ་ཏོག་གི་འདབ་མ་དྲི་དང་བྲལ་བའི་ཐོག་ཏུ་མི་གཙང་སྙིགས་རོའི་འདམ་ཁུ་གོས་ཟིན་པས། ནོངས་འགྱོད་སྐྱེས་ཀྱང་འཕྱིས་དྲགས་འདུག ད་ནི་ཚེ་རིང་གི་མདུན་ལ་འགྲོ་ཚུལ་མེད་པ་དང་། ན་ཟླའི་གྲས་ནས་མགོ་ཡར་འགྱོག་ཚུལ་མེད་པས། འདི་ལྟར་གསོན་པ་ལས་འཆི་བར་རང་དགའ་སྙམ་པའི་བསམ་བློ་དེ་ཡང་ཡང་འཁོར་ཞིང་འོངས་’’ཞེས་བཤད་ཡོད་པ་དང་། སྐད་ཆ་འདི་ལ་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་ཤུགས་རྐྱེན་ཐེབས་འདུག་ཅེས་ཟེར་ནའང་ལན་རྙེད་ཁག་པོ་རེད།
ཁྱེད་ཚོས་ཨ་རིའི་བོད་པས་བྲིས་བའི་དོན་རྒྱལ་སྐོར་གྱི་དཔྱད་བརྗོད་ཚང་མ་མཐོང་མེད་པ་འདྲ།
ཡ་ད་བརྗོད་བྱ་གཞན་པ་ཞིག་གི་སྐོར་གླེང་ན་ཇི་འདྲ་འདུག ཨ་ལེ་དང་བཀྲ་ཤིས་དཔལ་ལྡན་ལྟ་བུ་དེང་སང་འཚོ་ཞིང་གནས་ལ་བརྩམས་ཆོས་ཀྱང་དོན་སྙིང་ཅན་གང་འཚམས་ཡོད་མཁན་ཞིག་གི་སྐོར་ནས་བརྗོད་ན་ག་འདྲ་འདུག
xxxxxx འདི་ནི་ང་ལ་མཚོན་ན་གསར་པ་ཞིག་རེད། འདི་བདེན་པ་ཞིག་ཨེ་ཡིན། ’’ ཞེས་བྲིས་ཡོད། འདི་ན་གང་ཟག་སྒེར་པར་དམོད་ཚིག་དང་འཐབ་འཛིང་བྱེད་ཀྱི་མེད། འདི་འདྲ་བྲིས་ཏེ་གང་ཟག་སྒེར་པར་ཕོག་ཐུག་འགྲོ་གི་ཡོད་ཚེ། ངས་དགོངས་དག་ཞུ་ཆོག་པ་རེད། འོན་ཀྱང་། འདི་བསུབ་དགོས་པའི་རྒྱུ་མཚན་ག་རེ་ཡིན། དཀོན་མཆོག་གསུམ། ད་ཡ་མཚན་མ་བྱེད། ཤོད།
སྙན་བཟང་གཡུང་དྲུང་ཚེ་རིང་།
སད་ཀྱི་བཅོམ་པའི་མེ་ཏོག་ནང་གི་ལྷ་སྐྱིད་ནི་དོན་གྱི་རྒྱ་མོ་ཞིག་ལ་།གཅན་ཚའི་རྩག་སྐྱ་ཤིག་གོན་ཏེ་བོད་ཅིག་ཡིན་ཁུལ་གྱི་བོད་ལ་སྤེལ་བ་དེ་རེད་།
༼༡༽བོད་དང་།བོད་མི་རྣམས་ཀྱིས་མེ་ཏོག་ཟེར་བ་དེ་།དེ་འདྲའི་གལ་ཆེན་པོ་ཞིག་ལ་མི་བརྩི་།ལོ་བཅོ་ལྔ་དང་བཅུ་དྲུག་གི་སྐབས་སུ་ཡུན་གྱི་ཤོར་འགྲོ་བ་ཞིག་རེད་།ཁོ་ཚོས་སེམས་སུ་དེ་ཁྱིམ་པ་རྣམས་ཀྱི་འགྲོ་ཚུལ་ཞིག་ལ་ངོས་འཛིན་བྱས་བཞིན་ཡོད་པ་རེད་།ལྷག་པར་ཏུ་ལྷ་སྐྱིད་ལྟ་བུ་གསར་མོ་མ་དེ་འདྲ་ཞིག་ད་དུང་མེ་ཏོག་ཡིན་ན་།བོད་མི་རྣམས་ཀྱིས་ཁྱད་མཚར་བ་ཞིག་ལ་བརྩི་གིན་རེད་།
རྒྱ་ནག་དེ་འདྲ་མ་རེད་།མེ་ཏོག་འདི་ཤིན་ཏུ་ནས་གལ་ཆེན་པོ་བརྩི་ཀིན་རེད་།སྔོན་མ་ཕ་མ་རྣམས་ཀྱི་གཉེན་སྒྲིག་གི་དགོང་མོ་དེ་ལ་རས་གདན་དཀར་པོ་གཏིང་ནས་།ཁྲག་ཡོད་མེད་ལ་བལྟ་ཞིང་།ཁྲག་ཡོད་ཚེ་ཕྱི་ལ་བཤམས་པ་དང་།གཙང་མ་རེད་།བུ་མོ་ཚད་ལྡན་རེད་ཅེས་ངོམ་པར་བྱས་ཚུལ་ཡོད་པ་དང་།ཕོ་མོ་རྣམས་ཀྱི་མེ་ཏོག་ལེན་དེ་དང་མཉམ་དུ་ངེས་པར་ཏུ་ཆང་ཆ་རྒྱབ་དགོས་སྙམ་པའི་བཤིས་རྒྱུན་ཤུགས་དྲགས་པོ་རེད་།
དེ་བས་ལྷ་སྐྱིད་ཀྱི་མེ་ཏོག་ཤོར་བ་ལ་རྐྱེན་བྱས་ཏེ་།ལྕེབས་ཚུལ་དང་།སེམས་སུ་མི་བཟོད་པའི་སྡུག་བསྔལ་བྱུང་ཚུལ་སོགས་ལ་མཚོན་པའི་སེམས་པའི་འཁྱེར་སྟངས་།ལུས་ཀྱི་འགྲོ་སྟངས་།ཚིག་གི་སྤྱོར་སྟངས་ནི་།དོན་གྱི་རྒྱ་ནག་གི་ཕོ་མོ་བར་གྱི་སྲོལ་ལུགས་ངོ་མ་ཞིག་རེད་།
དེ་འདྲ་བ་ཤིན་ཏུ་ནས་མང་པོ་རེད་།
ཚང་མ་བསྡོམས་ཡོང་ན་།གོང་དུ་མང་པོ་བཤད་ཡོད་པ་བཞིན་།དོན་རྒྱལ་གྱིས་་ལྟ་ཚུལ་དངོས་ནི་རྙིང་བཞི་གཏོར་བའི་དམར་སྲུང་དམག་མི་ཞིག་རེད་ཟེར་བ་དེ་ཡིན་།
རིམ་གྱི་འདི་ཚང་མ་ཡང་ཡོང་གིན་རེད་།
ངས་གོང་དུ་བཤད་ཡོད་པ་བཞིན་།ད་འདི་ཐམས་ཅད་བཤད་པའི་དུས་སུ་བབས་།
འོ་འདི་ནའང་ལང་ཚོའི་རྦབ་ཆུ་ཞིག་འདུག་།
ལང་ཚོ་རྦབ་ཆུ་ལས
༼
བག་འཁུམ།
རྨོངས་དད།
ལེ་ལོ།
ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད།
རྗེས་ལུས།
ཀླ་ཀློ།
མུན་ནག
ལོག་སྤྱོད།
ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།
རྦབ་ཆུ་ཡ་རྦབ་ཆུ།
བོད་ལྗོངས་ཉིན་རེ་ཚགས་པར་༡༩༥༩་ལོར་
༼ངོ་ལོག་།
འཁྲུག་ཟིང་།
ལོག་སྤྱོད་།
མུན་ནག་
རྙིང་ཧྲུལ་ཅན་གྱི་འབྲས་སྤུངས་དགོན་པ་དེ་།
སྤྱི་ཚོགས་རིང་ལུགས་ལ་འཇུག་ཡུལ་གཏན་ནས་མེད།”
་་་་
”རྦབ་ཆུ་ཡ་རྦབ་ཆུ། “
འདིའི་ཞོར་ཏུ་དོན་རྒྱལ་གྱི་ཚིག་་”རྦབ་ཆུ་ཡ་རྦབ་ཆུ། “འདི་སྤྱོར་དང་།དེ་ནས་ཁྱོད་ཚོའི་སྐད་གྲགས་ཅན་གྱི་ལང་ཚོའི་རྦབ་ཆུ་དེ་སླེབས་ཡོང་གིན་རེད་།
ད་སྐྱིད་པོ་མི་འདུག་གམ་།
ག་ལེར་ཡོང་གིན་རེད་།
བོང་རྫི་ཡིས་ཁྱོད་ཚོ་དང་ཁྱོད་ཚོ་ཞེས་གྲལ་རིམ་དགྲ་བོར་འཐབ་རྩོད་བྱེད་པའི་ཕྱོགས་ཁག་བཟོ་བ་དང་། ཡང་དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སྦྱོང་པའི་བགོ་སྐལ་འཕྲོག་པ་རེད་ཟེར་བ་ལྟ་བུ་སོགས་སེམས་ཚོར་གྱི་དབང་དུ་སོང་བའི་སྙིང་ནད་འདྲ་ཞིག་ཨུ་ཚུགས་ཀྱི་སྒོ་ནས་རྩོད་པ་མ་གཏོགས། མཚམས་མཚམས་ལ་འདིའི་སྐད་ཆའི་ནང་ན་ཉན་རྒྱུ་མེད་པ་དེ་འདྲའང་མ་རེད། དཔེར་ན། གོང་དུ་སད་ཀྱིས་བཅོམ་པའི་མེ་ཏོག་གི་ནང་གི་ལྷ་སྐྱིད་ཀྱི་བཙན་གཡེམ་དང་འབྲེལ་ནས་ཞབས་གསར་བརྟོལ་བའི་སྐོར་གྱི་རྩོམ་པ་པོའི་སེམས་ཁམས་ལ་དཔྱད་པ་དེ་ནི་རྒྱུ་མཚན་མེད་པ་ཞིག་མ་རེད། གཡུང་དྲུང་ཚེ་རིང་གིས་དེའི་སྐོར་མང་ཙམ་ཉན་འདོད་ན་ལྕགས་མོ་མཚོ་ལ་དྲིས་དང་ཁོ་མོས་ཀུན་གླེང་གི་ལེ་ཚན་ཞིག་ཏུ་ནགས་ཚང་ནུས་བློའི་དཔེ་ཆ་དེ་དང་འབྲེལ་བའི་བཅར་འདྲི་ཞིག་ཏུ་དེ་ལྟར་བཤད་སོང་། ཉིན་མ་དེའི་ལེ་ཚན་དུ་ཨ་ལགས་ཁུ་ཞང་ཡང་འདུག
ལྕགས་མོ་མཚོ་དང་བོང་རྫི་གཉིས་ཀྱི་སྐད་ཆ་བདེན་པ་རེད་ཅེས་བཤད་པ་མིན་མོད། རྩོམ་པ་པོ་སུ་ཞིག་ཡིན་རུང་དེའི་སེམས་ཁམས་དང་ལྟ་བ་ལ་དཔྱད་པ་གཏོང་བའི་རང་དབང་ནི་ཡོད་ཆོག་པ་ཞིག་རེད་ལ། དོན་གྲུབ་རྒྱལ་གྱིས་སྐབས་དེར་སྤྱི་ཚོགས་བྱིངས་ཀྱིས་ཁས་ལེན་མེད་པའི་སྐད་ཆ་མང་པོ་ཞིག་བཤད་ཡོད་པ་ལྟར། བོང་རྫི་ལའང་འདིར་མི་མང་པོ་ཞིག་གི་བསམ་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་རྒྱུར་ཁ་འགོག་དགོས་དོན་མི་འདུག གང་ལྟར་ང་ཚོ་ཚང་མ་ལོ་རྒྱུས་ཀྱི་ཐོན་རྫས་དང་བརྩམས་ཆོས་ལྟ་བུ་ཞིག་རེད་ལ། བོང་རྫི་ཡིས་དགེ་ཆོས་དང་དོན་རྒྱལ་གྱི་བརྩམས་ཆོས་ལ་དཔྱད་པ་གཏོང་བ་ཇི་བཞིན་དུ། བོང་རྫི་ཡི་རོ་ས་འོག་ཏུ་འཐིམ་རུང་། གཏམ་ས་ཁ་ནས་ལྷག་རྒྱུ་མ་རེད་དམ།
གཡུ་འབྲུག་།
ངས་ཁྱོད་ལ་བློ་གཟུ་བོ་གནས་བའི་སྐད་ཆ་ཁ་ཤས་ཤིག་བཤད་།དེ་དག་གིས་ཁྱོད་ཀྱིས་དོགས་པ་དེ་དག་སེལ་བའི་རེ་བ་ཡོད་།
་་་་་་་་བོང་རྫི་ཡིས་ཁྱོད་ཚོ་དང་ཁྱོད་ཚོ་ཞེས་གྲལ་རིམ་དགྲ་བོར་འཐབ་རྩོད་བྱེད་པའི་ཕྱོགས་ཁག་བཟོ་བ་དང་།་་་་་་་་་་
ཚིག་གིས་སྤྱོར་སྟངས་དང་།སྐད་ཆ་བཤད་སྟངས་ནས་ལྟ་ཚུལ་དེ་ལྟ་བུ་ཡོང་སྲིད་ཀྱིན་རེད་།
དེ་ལྟར་བསམ་བཞིན་དུ་བཤད་ཀིན་ཡོད་།རྒྱུ་མཚན་ཅི་ཡིན་ཟེར་ཟེར་ན།
༼༡༽བོད་ནང་དུ་”སྲོལ་རྒྱུན་རིག་གནས”ཟེར་བ་དང་”དེང་རབས་”ཟེར་བ་གཉིས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཕྱེས་འདུག་།དེ་བས་མི་རྣམས་ཀྱིས་སྣང་ངོར་ཕྱོགས་ཁག་གཉིས་ལྟ་བ་ཞིག་ཏན་ཏན་གནང་གིན་འདུག།འདིར་ངས་ནས་”དེང་རབས་”་རྩོམ་རིགས་ཀྱི་”སྲོལ་འབྱེད་པ”དོན་གྲུབ་རྒྱལ་གྱི་རྩོམ་རིགས་དང་།ལྟ་གྲུབ་སོགས་ལ་སྐད་ཆ་འགའ་བཤད་ཡོང་དུས་།མི་ཁ་ཅིག་གིས་་དོན་རྒྱལ་གྱི་ཕྱོགས་ནས་བཟུང་ནས་སྐད་ཆ་འདྲ་བཤད་ཀིན་ཡོད་་རེད་།དེ་བས་དེ་རྣམས་ལ་དོན་རྒྱལ་གྱི་ཕྱོགས་གཏོགས་སམ་།”དེང་རབས་པའི་ཕྱོགས་གཏོགས་”ཟེར་ཀིན་ཡོད་།དེ་བས་ཁོ་ཚོ་ལ་”ཁྱོད་ཚོ་”མི་ཟེར་ག་མེད་རེད་།
ཡང་””””་ཁྱོད་ཀྱིས་དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སྦྱོང་པའི་བགོ་སྐལ་འཕྲོག་པ་རེད་ཟེར་བ་ལྟ་བུ་སོགས་སེམས་ཚོར་གྱི་དབང་དུ་སོང་བའི་སྙིང་ནད་འདྲ་ཞིག་ཨུ་ཚུགས་ཀྱི་སྒོ་ནས་རྩོད་””””
སྐད་ཆ་དེ་ཁྱོད་རང་གི་སེམས་ཚོར་གྱི་དབང་དུ་སོང་བའི་སྙིང་ནད་ཀྱི་སྐད་ཆ་ལྟ་བ་ཞིག་ལས་།ངའི་དམ་བཅའ་རྩ་བའི་ཆ་ནས་བདེན་པ་དང་།ཁུངས་ལུངས་ཡོད་།རྒྱུ་མཚན་ཅི་ཡིན་ཟེར་ན་།
༼༡༽ངས་དེའི་སྐབས་ཀྱི་ལོ་རྒྱུས་།རིག་གནས་ཀྱི་དར་སྟངས་།རྒྱང་བསྒྲགས་དང་ཚགས་པར་།སློབ་གྲྭ་དང་།ལས་ཁུངས་ཀྱི་བྱེད་དང་ནུས་བ་སོགས་ལ་བལྟས་ནས་དེ་སྡོམ་ཚིག་བཞག་པ་ཡིན་།ཡང་”་རིག་གཞུང་གི་ཉེས་ཅན་”ཟེར་བ་དང་་”དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སྦྱོང་པའི་བགོ་སྐལ་འཕྲོག་པ་རེད”ཟེར་བ་དག་ནི་དྲ་རྒྱའི་ཚིག་རེད་།མི་དག་གི་རྣ་ལམ་མི་བདེ་བ་ཡོང་སྲིད་།དེ་དག་བསམ་བཞིན་དུ་བཀོལ་ཡོད་།་ད་བར་ཏུ་དོན་གྱི་རྩོད་དོན་གཙོ་བོ་དེ་ཆགས་འདུག་།ཚིག་ལ་མི་རྟོན་ཟེར་བའི་བཤད་ཚུལ་ཤིག་ཀྱང་ཡོད་།དེ་དག་ལའང་བསམ་བློ་སྙིང་ཐག་པ་ནས་ཐོངས་།
མཐའ་སྡོམ་དོན་རྒྱལ་གྱི་ཟློས་གར་དོན་གྲུབ་རྒྱལ་གཅིག་པོ་འཁྲབ་པ་མ་རེད་།དེ་ལ་གར་སྟེགས།ཁང་བ་།དོན་རྒྱལ་ལ་ཁ་ལག་སྤྲད་མཁན་།གོས་བཟོ་མཁན།ཡར་མར་ཏུ་འདྲི་མཁན་།དེ་ནས་ཟློས་གར་དེ་ཁྱབ་བསྒྲགས་བྱེད་མཁན་ཀྱི་མི་།ཁོ་ཚོའི་བཀོལ་བའི་ཚགས་པར་།རྒྱང་བསྒྲགས་།དེ་ལ་ཉན་པའི་མི་སོགས་ནས་གླེང་དགོས་ནི་རེད་།
་་་་་་བོང་རྫི་ལའང་འདིར་མི་མང་པོ་ཞིག་གི་བསམ་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་རྒྱུར་ཁ་འགོག་དགོས་དོན་མི་འདུག གང་ལྟར་ང་ཚོ་ཚང་མ་ལོ་རྒྱུས་ཀྱི་༼ཐོན་རྫས་དང༽་༼བརྩམས་ཆོས་༼ལྟ་བུ་༽ཞིག་རེད་ལ། བོང་རྫི་ཡིས་དགེ་ཆོས་དང་དོན་རྒྱལ་གྱི་བརྩམས་ཆོས་ལ་དཔྱད་པ་གཏོང་བ་ཇི་བཞིན་དུ། བོང་རྫི་ཡི་རོ་ས་འོག་ཏུ་འཐིམ་རུང་། གཏམ་ས་ཁ་ནས་ལྷག་རྒྱུ་མ་རེད་དམ།་་་་་་་་་་་་་་་་་་
འདི་ན་ཁྱོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་འགའ་བཤད་ཀིན་འདུག་།ངས་མི་ཞིག་གིས་ཁ་བཀག་པ་ཤིག་རྩ་བ་ཉིད་ནས་དྲན་གིན་མི་འདུག་།
ཁྱོད་ཀྱིས་ག་ལེར་མཆན་ཚང་མ་ཡུན་གྱི་ལྟོས་དང་།ངས་མང་ཆེ་བ་ཚིག་ལན་ལ་ཚིག་དང་།དོན་ལ་དོན་གྱིས་ལན་བཏབ་ཡོད་།ཐོག་མར་དངོས་གནས་དྲང་གནས་ཀྱི་ཚིག་ཀྱང་ཡག་པོ་འགའ་བཀོལ་ཅི་ཐུབ་བྱས་ཡོད་།མི་བདེན་ན་ངའི་སྐད་ཆ་ཚང་མ་ལྟོས་དང་གསལ་བོ་ཡོང་གིན་རེད་།
རེད་།ངས་སྐད་ཆ་དེ་དག་བཤད་པ་རེད་།ངའི་རང་གི་སྐད་ཆ་ལ་འགན་ཁུར་གིན་རེད་།དེ་ལ་དོགས་པ་ཅི་ཡང་མི་དགོས་།ངས་དེ་ལྟར་རིགས་པའི་ལམ་ནས་སྒྲུབ་ཐུབ་ཡོད་མེད་།རྗེས་སུ་བློ་གཟུ་བོ་གནས་བའི་མཁས་བ་དག་གིས་སྡོམ་ཚིག་རྒྱག་རྒྱུ་ཞིག་རེད་།
ད་འདི་ཚོ་གཡུགས་ཞོག་།དམར་སྲུང་དམག་མི་དག་གིས་ཉན་ཡང་མི་ཤེས་ན་།དྲན་ག་ལ་ཤེས།
འོ་གཡུ་འབྲུག་།
“་སེམས་ཚོར་གྱི་དབང་དུ་སོང་བའི་སྙིང་ནད་འདྲ་ཞིག་ཨུ་ཚུགས་ཀྱི་སྒོ་ནས་རྩོད་པ་མ་གཏོགས། ”
ང་ལ་དོན་རྒྱལ་ལ་སྙིང་ནད་རྩོད་རྒྱུ་ཅི་ཡང་མེད་།ཁོ་ནི་འདས་ཟིན་པའི་མི་ཤིག་རེད་།ས་ཕྱོགས་གཅིག་གི་མི་མ་རེད་།ངོ་འཕྲད་མ་མྱོང་།
དེ་ལ་སྙིང་ནད་བརྩད་ན།ང་སྨྱོན་པ་མ་རེད་དམ་།
མི་ཚང་མས་བསམ་བློ་སྙིང་ཐག་པ་ནས་ཐོངས་དང་།འདི་ལ་སུས་སེམས་ཚོར་གྱི་སྐད་ཆ་བཤད་ཀིན་འདུག་།
ངའམག་།གཡུ་འབྲུག་།
བློ་མཐུན་ཚོ།
བོད་ལྗོངས་ཉིན་རེ་ཚགས་པར་གྱི་ལང་ཚོ་རྦབ་ཆུ་དོན་རྒྱལ་གྱི་ལང་ཚུ་རྦབ་ཆུ་བཞིན་དབྱངས་སུ་གྱེར་ནས་ཐོན་དང་།ད་ལྟད་མོ་ཡོང་གིན་རེད་།
༼ངོ་ལོག་།
འཁྲུག་ཟིང་།
ལོག་སྤྱོད་།
མུན་ནག་
རྙིང་ཧྲུལ་ཅན་གྱི་འབྲས་སྤུངས་དགོན་པ་དེ་།
སྤྱི་ཚོགས་རིང་ལུགས་ལ་འཇུག་ཡུལ་གཏན་ནས་མེད།”
་་་་
”རྦབ་ཆུ་ཡ་རྦབ་ཆུ། “
གོང་གི་ཚིག་དེ་དག་ལ་མཐུད་དེ་འདིར་ང་བརྒྱད་ལོར་མཚོ་སྔོན་མི་དམངས་༼མི་རིགས་ཟེར་གིན་མི་འདུག༽དཔེ་སྐྲུན་ཁང་གིས་པར་ཏུ་སྐྲུན་པའི་”ཆོས་ལུགས་ཀྱི་བཅིངས་ཞགས་ལ་འགྲོལ་བར་བྱེད་དགོས་པ”ཟེར་བ་ལས་།
“མི་དམངས་ལ་ངོ་རྒོལ་།
གུང་ཁྲན་ཏང་ལ་ངོ་རྒོལ་
མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་།
མེས་རྒྱལ་དང་རྒྱལ་འགལ་བྱེད་པའི་གསར་བརྗེ་ངོ་ལོག་མཁན་།
ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།
༼རྦབ་ཆུ་ཡ་རྦབ་ཆུ།༽
ད་སྐྱིད་པོ་མི་འདུག་གམ་།
དངོས་གནས་དྲང་གནས་ཀྱི་ལང་ཚོ་རྦབ་ཆུ་དྲོད་མ་ཡལ་དེ་ཚོ་རིག་གསར་གྱི་སྐབས་དང་།དོན་བརྒྱད་དང་།དོན་དགུ་ལ་རིམ་གྱིས་ཡོང་གིན་རེད་།
བོང་རྫི།
ངའི་སྐད་ཆ་ཁ་ཤས་ལ་ཁྱོད་གོ་ནོར་ཐེབས་འདུག
༡ གོང་དུ་ངས་
“དོན་གྲུབ་རྒྱལ་གྱིས་སྐབས་དེར་སྤྱི་ཚོགས་བྱིངས་ཀྱིས་ཁས་ལེན་མེད་པའི་སྐད་ཆ་མང་པོ་ཞིག་བཤད་ཡོད་པ་ལྟར། བོང་རྫི་ལའང་འདིར་མི་མང་པོ་ཞིག་གི་བསམ་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་རྒྱུར་(བོང་རྫིའི་)ཁ་འགོག་དགོས་དོན་མི་འདུག” ཅེས་བྲིས་པ་དེར་ཁྱོད་གོ་ནོར་ཐེབས་འདུག ངས་བཤད་འདོད་པའི་སྐད་ཆ་ནི་བོང་རྫི་ཡིས་འདིར་བསམ་ཚུལ་མི་མཐུན་པའི་སྐད་ཆ་བཤད་རྒྱུར་ཁོའི་ཁ་འགོག་དགོས་དོན་མི་འདུག་ཅེས་ངས་ཁྱོད་ཀྱི་སྨྲ་བརྗོད་ཀྱི་རང་དབང་ལ་བརྩི་བཀུར་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཡིན།
༢ ཡང་ངས་ “བོང་རྫི་ཡིས་དགེ་ཆོས་དང་དོན་རྒྱལ་གྱི་བརྩམས་ཆོས་ལ་དཔྱད་པ་གཏོང་བ་ཇི་བཞིན་དུ། བོང་རྫི་ཡི་རོ་ས་འོག་ཏུ་འཐིམ་རུང་། གཏམ་ས་ཁ་ནས་ལྷག་རྒྱུ་མ་རེད་དམ།” ཞེས་པའི་ཚིག་གྲུབ་འདི་རུ་ངས་བཤད་འདོད་པ་ནི། བོང་རྫི་ཡིས་དགེ་ཆོས་དང་དོན་རྒྱལ་ལ་དཔྱད་པ་གཏོང་བ་འདི་བཞིན་དུ། བོང་རྫི་ལའང་ད་ལྟའི་མི་རབས་དང་མི་རབས་རྗེས་མ་ཚོས་དཔྱད་པ་གཏོང་ངེས་རེད་ཅེས་བཤད་པ་ཡིན། “གང་ལྟར་ང་ཚོ་ཚང་མ་ལོ་རྒྱུས་ཀྱི་ཐོན་རྫས་དང་བརྩམས་ཆོས་ལྟ་བུ་ཞིག་རེད་” ཅེས་བཤད་དེ། ང་ཚོ་ཚང་མ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གནས་སྟངས་མི་འདྲ་བའི་འོག་ནས་འཚར་ལོངས་བྱུང་བའི་མི་ཤ་སྟག་ཡིན་པས། གཅིག་གིས་གཅིག་ལ་ “ཁྱོད་དེང་རབས་པ་རེད།” “ང་སྲོལ་རྒྱུན་པ་ཡིན” ཞེས་བཤད་དེ་སོ་སོའི་ས་ནས་ལོ་རྒྱུས་ཀྱི་རྡོ་རིང་ཞིག་འཛུགས་ཀྱི་ཡོད་པ་དེ་བསྟན་པ་ཡིན། ལོ་རྒྱུས་ཀྱི་རྡོ་རིང་དེ་དག་ལས་སུ་ཡག་པ་དང་སུ་སྡུག་པ་ནི་འཁོར་བས་བལྟས་ན་མི་ལ་སྨྱོན་པ་རེད། མི་ལས་བལྟས་ན་འཁོར་བ་སྨྱོན་པ་རེད་ཅེས་པའི་བཤད་སྟངས་ལྟར། དེ་ནི་ལྟ་ལུགས་གཅིག་ལ་མཐོང་སྟངས་གཉིས་ཀྱི་གནས་ལུགས་ཙམ་རེད་མ་གཏོགས། ངས་འདིར་དེའི་ཐོག་ལ་ཡག་སྡུག་གི་བརྡར་ཤ་གཅོད་རྒྱུའི་འབད་བརྩོན་བསྟེན་གྱི་མ་རེད།
དོན་གྲུབ་རྒྱལ་ཙམ་མིན་པར་སྐབས་དེའི་མི་རབས་ཀྱི་ལྟ་བ་དང་བསམ་ཚུལ། ཡིད་ཆེས། རེ་བ་བཅས་ལ་རྒྱ་ཆེ་ས་ནས་རྒྱབ་ལྗོངས་ཞིག་ཡོད་པ་དེར་ངས་གོང་དུ་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཐོག་ནས་བཤད་པ་ཡིན་ལ། དེ་ལ་ཁྱེད་ཀྱིས་ངའི་བསམ་དོན་དང་མཐུན་པའི་སྒོ་ནས་གོ་བ་བླངས་པ་དེར་སེམས་དགའ་ནས་ཡོད། མི་མང་པོ་ཞིག་གིས་སྐད་ཆ་འདི་ལྟ་བུར་ཉན་འདོད་མི་བྱེད་པར་སོ་སོའི་ས་ནས་ལུང་ཁུག་གི་བསམ་ཚུལ་ཙམ་བཤད་དེ་ཡག་སྡུག་གི་བརྡར་ཤ་གཅོད་ཅི་ཐུབ་བྱེད་ཀྱི་འདུག གནས་སྟངས་འདི་ལ་བསམ་བློ་བཏང་ནས་མཆན་འབྲི་མཁན་ཚོར་བོང་རྫིའི་སྐད་ཆར་ཉན་རྒྱུ་འདུག་ཅེས་ཐེངས་མ་གཉིས་ལ་དྲན་གསོ་བཏང་བ་ཡིན།
དོན་གྲུབ་རྒྱལ་སོགས་ཀྱི་ལྟ་བ་ཁག་ཅིག་བོད་དུ་གྲགས་མེད་འགུལ་མེད་དུ་ཡོང་མེད་པར་རྒྱ་ནག་གུང་ཁྲན་གྱི་དྲག་པོའི་སྒྲིག་འཛུགས་དང་ལྷན་དུ་ཡོང་ཡོད་པ་ལྟར། ཁྱོད་ཀྱིས་བཤད་བཞིན་པའི་ བོད་ཀྱི་སྲོལ་རྒྱུན་གྱི་ཤེས་རིག་རྣལ་མ་ཞེས་པའི་དགོན་པའི་ཤེས་རིག་དེའང་བོད་དུ་གྲགས་མེད་འགུལ་མེད་དུ་ཡོང་མེད་པ་ནི་བསམ་ཡས་ནས་བརྩིས་པའི་ཁྲི་སྲོང་ལྡེའུ་བཙན་ཡས་མས་ཀྱི་བཙན་པོའི་ལོ་རྒྱུས་དེ་དག་ལས་ཤེས་ཐུབ། དེང་རབས་པ་ཚོས་གླང་དར་མ་བཀྲོངས་སྟངས་ལ་འགྲེལ་བཤད་བརྒྱག་པ་དེའང་སྙིང་རྗེ་མོ་ཞིག་འདུག
ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་ངས་འདིར་ལྟ་བ་དེ་དག་ཇི་ལྟར་དར་སྟངས་ཀྱི་བརྒྱུད་རིམ་གལ་ཆེར་བཟུང་ནས་བཤད་རྒྱུ་གལ་ཆེར་འཛིན་གྱི་ཡོད་པར་འདོད་པ་ལས། ལྟ་བ་དེ་དག་གི་བཟང་ངན་བཤད་དེ་སུ་འགྲིག་སུ་ནོར་རྩོད་ཀྱི་མེད། བན་བོན་གྱི་རྩོད་པ་དང་། སྔ་དེང་གི་རྩོད་པ་ནི་ནང་དོན་ཙམ་མ་གཏོགས་རྩོད་སྟངས་ཀྱི་སྤྱི་འགྲོས་གཅིག་པ་རེད། ད་མང་པོ་མི་བཤད། ཁྱོད་ཀྱིས་ག་ཚད་རྩོད་པ་བརྒྱག་གི་ཡིན་ན། དེར་དགའ་བསུ་དང་རྒྱབ་སྐྱོར་ཡོད། ཡིན་ནའང་ཁྱོད་ཀྱིས་གང་བཤད་ཚད་ལ་མོས་མཐུན་ཡོད་པ་དེ་འདྲ་མིན། དེའི་ནང་གི་བསམ་ཚུལ་མི་མཐུན་པ་གཅིག་ནི་དཔེར་ན། དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་ཤེས་རིག་སྦྱོངས་པའི་གོ་སྐབས་འཕྲོག་པ་རེད་ཟེར་བ་འདི་ཡིན། དེ་ཡང་གཅིག་ནས་དོན་གྲུབ་རྒྱལ་ལ་དེ་འདྲའི་ཤུགས་རྐྱེན་ཆེན་པོ་མེད་པ་དང་། གཉིས་ནས་དོན་ངོ་མར་དེ་ལྟར་བྱེད་མཁན་གཏེ་བ་ནི་རྒྱ་ནག་གུང་ཁྲན་གཞུང་ཡིན་པས། ཁྱོད་ཀྱིས་འདིར་རྩ་བ་དང་ཡལ་ག་གཉིས་གོ་ལྡོག་ནས་སྐད་ཆ་བཤད་ན། དངོས་ཡོད་ཀྱི་གནས་སྟངས་ལ་ལོག་འགྲེལ་བརྒྱབ་པ་ཞིག་རེད་ཅེས་བཤད་འདོད་པ་ཡིན། མདོར་དོན་ནི་དོན་གྲུབ་རྒྱལ་གྱི་ནུས་པ་དང་ཤུགས་རྐྱེན་ལ་ཁྱོད་རང་ཐེ་བའི་མི་སུ་ཡིན་རུང་དེ་འདྲའི་འུད་ཤོབས་བཤད་དོན་མི་འདུག་ཅེས་བཤད་པ་ཡིན་ནོ།།
དྲ་གྲོགས་ཚོ།
བོང་རྫི་ཡི་ཁ་ནས་ངས་ད་བར་དུ་འདི་འདྲའི་བློ་གཟུ་བོར་གནས་པའི་སྐད་ཆ་ཞིག་གོ་མ་མྱོང་། གཟིགས་དང་།
༼༡༽ངས་དེའི་སྐབས་ཀྱི་ལོ་རྒྱུས་།རིག་གནས་ཀྱི་དར་སྟངས་།རྒྱང་བསྒྲགས་དང་ཚགས་པར་།སློབ་གྲྭ་དང་།ལས་ཁུངས་ཀྱི་བྱེད་དང་ནུས་བ་སོགས་ལ་བལྟས་ནས་(དོན་གྲུབ་རྒྱལ་ལ་”་རིག་གཞུང་གི་ཉེས་ཅན་”ཟེར་བ་དང་་”དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སྦྱོང་པའི་བགོ་སྐལ་འཕྲོག་པ་རེད”ཅེས་) སྡོམ་ཚིག་བཞག་པ་ཡིན་།ཡང་”་རིག་གཞུང་གི་ཉེས་ཅན་”ཟེར་བ་དང་་”དོན་གྲུབ་རྒྱལ་གྱི་ལྟ་བས་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་ཤེས་རིག་རྣལ་མ་སྦྱོང་པའི་བགོ་སྐལ་འཕྲོག་པ་རེད”ཟེར་བ་དག་ནི་དྲ་རྒྱའི་ཚིག་རེད་།མི་དག་གི་རྣ་ལམ་མི་བདེ་བ་ཡོང་སྲིད་།དེ་དག་བསམ་བཞིན་དུ་བཀོལ་ཡོད་།་ད་བར་ཏུ་དོན་གྱི་རྩོད་དོན་གཙོ་བོ་དེ་ཆགས་འདུག་།ཚིག་ལ་མི་རྟོན་ཟེར་བའི་བཤད་ཚུལ་ཤིག་ཀྱང་ཡོད་།དེ་དག་ལའང་བསམ་བློ་སྙིང་ཐག་པ་ནས་ཐོངས་།
མཐའ་སྡོམ་དོན་རྒྱལ་གྱི་ཟློས་གར་དོན་གྲུབ་རྒྱལ་གཅིག་པོ་འཁྲབ་པ་མ་རེད་།དེ་ལ་གར་སྟེགས།ཁང་བ་།དོན་རྒྱལ་ལ་ཁ་ལག་སྤྲད་མཁན་།གོས་བཟོ་མཁན།ཡར་མར་ཏུ་འདྲི་མཁན་།དེ་ནས་ཟློས་གར་དེ་ཁྱབ་བསྒྲགས་བྱེད་མཁན་ཀྱི་མི་།ཁོ་ཚོའི་བཀོལ་བའི་ཚགས་པར་།རྒྱང་བསྒྲགས་།དེ་ལ་ཉན་པའི་མི་སོགས་ནས་གླེང་དགོས་ནི་རེད་།
གོང་གི་བོང་རྫིའི་སྐད་ཆ་འདི་ལ་རྒྱུ་མཚན་དང་གནས་ལུགས་འདུག རྒྱ་ནག་གཞུང་གིས་སྐབས་དེར་བོད་ཀྱི་རྩོམ་རིག་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆར་ཟིན་པའི་དཔེ་བརྗོད་ཅིག་ལུང་འདྲེན་བྱས་ན་འདི་ལྟར།
“བོད་ཀྱི་བརྩམས་སྒྲུང་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ལས་བྱུང་བ་ཞིག་ཏུ་བསམ་ཆོག་ལ། … … བོད་ཀྱི་བརྩམས་སྒྲུང་ཐོག་མ་ནི་གཙུག་གཡུ་རེད། (གཙུག་གཡུ་ལ་ཤོག་གྲངས་ ༣༠༤ ཡོད་ཅིང་། ༡༩༨༥ ལོར་དེབ་གྲངས་ ༢༥༠༠ དཔར།) … … གཙུག་གཡུ་ནི་དེ་འདྲའི་ཡག་པོ་ཞིག་བྱུང་བ་ནི་དེའི་གསོན་ཉམས་ལྡན་པའི་རྩོམ་སྲོལ་དང་སྒྲུང་གི་བྱུང་རིམ་རྙོག་འཛིང་ལྡན་པ་ཞིག་ཏུ་ཇུས་འགོད་བྱས་པ་དེ་ལ་རག་ལས་ཆེན་པོ་ཞིག་ཡོད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། རྩོམ་པ་པོས་བརྩམས་སྒྲུང་དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བསྟན་མེད་ནའང་། གནས་ཚུལ་ཁ་ཤས་ཀྱི་ཐོག་ནས་དེ་ནི་དུས་རབས་ཉི་ཤུའི་དུས་སྟོད་དུ་བྱུང་བའི་སྒྲུང་ཞིག་ཡིན་པའི་ལོ་དུས་བསྟན་ཡོད། གཙུག་གཡུའི་རྩོམ་པ་པོ་གླང་མདུན་དཔལ་འབྱོར་ནི་ (1941 ལོར་འཁྲུངས་ཤིང་) ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་ཚ་ཡིན་པ་ལྟར། ཁོང་ནི་ལྷ་སའི་སྐུ་དྲག་མཐོ་ཤོས་ཀྱི་གྲས་སུ་ཡོད་པས། གཙུག་གཡུའི་ནང་དུ་ཁོང་གིས་ལྷ་སའི་སྔར་སྲོལ་གྱི་སྤྱི་ཚོགས་ཁྲོད་ཀྱི་སྐུ་དྲག་གི་ཉིན་མ་རེ་རེའི་འཚོ་བ་རྣམས་ཡང་དག་པ་ཞིག་ཞིབ་འབྲི་བྱེད་ཐུབ་པར་གྱུར་ཡོད། དེའི་ནང་དུ་དམ་ཚིག་མི་གཙང་ཞིང་། ལྐོག་ཟ་རུལ་སུངས་དང་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་མང་དག་ཅིག་བྲིས་ཏེ། ལྷ་སའི་མཐོ་རིམ་གྱི་སྤྱི་ཚོགས་ནི་ཅི་ཙམ་རུལ་སུངས་ཡིན་པ་འབུར་དུ་བསྟན་པ་དེས། ལོ་རབས་ལྔ་བཅུའི་ནང་གི་རྒྱ་ནག་གུང་ཁྲན་ཏང་གི་ “བཅིངས་འགྲོལ་”ནི་ལུགས་མཐུན་ཞིག་ཡིན་པ་ཤུགས་སུ་བསྟན་ཡོད། གཙུག་གཡུའི་ནང་དུ་སྔ་མོའི་གྲོང་ཁྱེར་ལྷ་ས་དང་དེའི་འཇིག་རྟེན་པའི་འཚོ་བའི་རྣམ་པ་བཅས་གསོན་ཉམས་དོད་པོ་ཞིག་ཞིབ་འབྲི་བྱས་ཡོད་པ་དེས་གཙུག་གཡུ་ནི་དེ་འདྲའི་ཀློག་སྤྲོ་བ་ཞིག་ཏུ་གྱུར་བ་ལ་ཐེ་ཚོམ་ག་ལ་ཡོད་དེ། ཡིན་ནའང་གོང་གི་ “བཅིངས་འགྲོལ་” གྱི་རྒྱུ་མཚན་དེས་གཙུག་གཡུ་དཔར་ཐེངས་གཉིས་པ་དེ་ ༢༠༠༢ ལོར་ཅིའི་ཕྱིར་སྤྱིར་བཏང་ལས་བརྒལ་བའི་དེབ་གྲངས་ (དཔེ་དེབ་ ༦༠༠༠) མཐོན་པོ་དེ་འདྲ་ཞིག་དཔར་སྐྲུན་བྱས་པར་འགྲེལ་བཤད་ཕྱོགས་ཙམ་ཞིག་བརྒྱབ་ཡོད་པར་འདོད།
གོང་གི་འདི་ནི་ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་གི་དུས་དེབ་ཏུ་བཀོད་པའི་ཕཱ་རན་སིའི་ཕྱི་རྒྱལ་བ་བོད་མིང་ལ་ཆོས་ཉིད་དབང་མོ་ཟེར་བ་དེས་ ༡༩༨༥ ལོའི་ཚུན་གྱི་བོད་ཀྱི་བརྩམས་སྒྲུང་ལ་དཔྱད་ཞིབ་ཕྲན་བུ་བྱས་པའི་རྩོམ་ཡིག་དེ་ལས་དྲངས་པ་ཡིན།
གཡུ་འབྲུག་།
ངས་ཕྱི་རྒྱལ་གྱི་ལུང་བ་ཞིག་གི་ནང་ནས་ལྭ་ཡག་པོ་ཤིག་གོན་།ཤེལ་མིག་ཡག་པོ་ཞིག་རྒྱབ་།དེ་ནས་བོད་ནང་གི་སྲོལ་རྒྱུན་དང་དེང་རབས་བར་གྱི་ཟློས་གར་དེ་ལ་སེམས་ཀྱི་ཚོར་བ་ཅི་ཡང་མེད་པར་དེའི་འཁྲུབ་ཚུལ་ལཁོ་ན་ལ་དཔྱད་ནས་བསྡད་ན་།ནུབ་གྱི་མི་ཚོས་ང་ལ་ཆོ་ལོ་སྟེར་དང་སྟེར་བ་ཡིན་པ་ངས་སྔོན་ནས་ཤེས་ཡོད་།ཡིན་ནའང་ང་ནི་མི་ཞིག་རེད་།དེའི་ནང་ནས་བོད་པ་ཞིག་རེད་།
དེ་བས་སེམས་ལ་བདེ་སྡུག་གི་ཚོར་བ་ཅི་ཡང་མེད་པར་སྡོད་ཐུབ་ཀྱིན་མི་འདུག་།
ལྷག་པར་གང་ཡིན་ཧ་མི་ཤེས་།སེམས་ཀྱི་དུང་བ་ཞིག་ནམ་ཡང་འདིའི་ཕྱོགས་སུ་འཁོར་ནས་འདུག་མི་ཐུབ་པ་ཞིག་ཡོང་གིན་འདུག་།དེ་བས་གོང་གི་སྐད་ཆ་དེ་ཐམས་ཅད་བཤད་པ་ཡིན་།
སྤྱིར་སེམས་ཀྱི་ཚོར་བ་མེད་ཟེར་བ་དོན་གྱི་སེམས་ཀྱི་ཚོར་བ་གཞན་ཞིག་གི་སྟེང་ནས་བཤད་ཀིན་ཡོད་པ་རེད་།
སྤྱིར་བཏང་ངས་ཀྱང་།སྔོན་དུ་ནུབ་ཀྱི་རིག་གཞུང་གི་ཐོག་ནས་”བདེན་པ་”ཤིག་རྙེད་རྒྱུ་ཡོད་རྒྱུ་རེད་བསམ་ནས་།དེ་ལ་སློབ་གཉེར་བྱས་ནས་ཡོང་།ད་ག་ལེར་ལྟོས་ཡོང་དུས་།ཁོ་ཚོས་ཀྱང་དོན་གྱིས་བཏགས་དོན་ཤིག་འཚོལ་གིན་འདུག་པ་ལ་གཞན་ཅི་ཡང་མ་མཐོང་།
ཁ་ཅིག་གིས་ད་བཏགས་དོན་ཟེར་བ་ཞིག་ཀྱང་མི་འདུག་པས་།དོན་གྱིས་ཐམས་ཅད་ཀུན་བཏགས་ཤིག་རེད་ཅེས་དང་།ཁ་ཅིག་གིས་བཏགས་འཚོལ་བ་ཕར་བཞག་ཏེ་།
རྟེན་ཅིང་འབྲེལ་བ་ཞིག་ལ་འགྲེལ་བ་རྒྱག་རྒྱ་དེ་རེད་ཅེས་བཤད་ཀིན་འདུག་།
བཏགས་དོན་ཡོད་མེད་ཀྱི་བོད་ཀྱི་དགེ་བཤེས་ཤིག་ལ་ཕྲིས་དང་།གསལ་བོ་བཤད་རྒྱུ་ཡོང་གིན་རེད་།
དེ་ན་བོད་མི་རིགས་འདི་གློ་བུར་ཏུ་རྒྱ་དམར་བའི་སྔོན་གྱི་ཞེ་དགུ་ལོ་ལ་སླེབས་པ་མ་རེད་དམ་།
གནད་འདི་ཚོ་བོད་ཀྱི་དམར་སྲུང་དམག་དག་གིས་ག་ལ་གོ་།
སྤྱིར་བཏང་ངས་དམ་བཅའ་ཐམས་ཅད་།་ང་འགྲིག་གི་མི་འདུག་ཟེར་བ་།ངའི་སྐད་ཆ་ལས་འཕྲོས་ནས་བྱུང་བའི་སྐད་ཆ་དེ་དག་གིས་ལན་གསལ་བོ་བཏབ་འདུག་།
ངས་ལན་ལྷག་མ་ཞིག་རྩ་བ་ཉིད་ནས་འདེབས་དགོས་བ་མི་འདུག་།མ་རེད་དམ་།
ད་ལྟ་ངས་འདི་ནས་ཤིན་ཏུ་ཉན་འདོད་པ་གཅིག་ནི་།མི་ཁ་ཅིག་གིས་ཚིག་འདི་དག་དོན་རྒྱལ་གྱི་ལང་ཚོའི་རྦབ་ཆའི་དབྱངས་དང་སྤྱར་ནས་བཏོན་ན་བསམ་བྱུང་།དེ་འདྲའི་དང་བླངས་བ་ཞིག་མེད་དམ་།
༼ངོ་ལོག་།
འཁྲུག་ཟིང་།
ལོག་སྤྱོད་།
མུན་ནག་
རྙིང་ཧྲུལ་ཅན་གྱི་འབྲས་སྤུངས་དགོན་པ་དེ་།་་་་་་་
སྤྱི་ཚོགས་རིང་ལུགས་ལ་འཇུག་ཡུལ་གཏན་ནས་མེད།”
་་་་
”རྦབ་ཆུ་ཡ་རྦབ་ཆུ། “
“མི་དམངས་ལ་ངོ་རྒོལ་།
གུང་ཁྲན་ཏང་ལ་ངོ་རྒོལ་
མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་།
མེས་རྒྱལ་དང་རྒྱལ་འགལ་བྱེད་པའི་གསར་བརྗེ་ངོ་ལོག་མཁན་།
་་་་་་ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།
༼རྦབ་ཆུ་ཡ་རྦབ་ཆུ།༽
ལྷག་པར་ཏུ་གོང་གི་ལང་ཚོའི་རྦབ་ཆུ་དེ་།འབྲོག་སྐད་རྒྱག་པ་ཤིག་གི་བླངས་ན་དེ་བས་ཀྱང་བརྗིད་ཉམས་དང་།རྫིག་ཉམས་ཆེ་མདོག་མདོག་ཞེ་དྲགས་འདུག་།
འབྲོག་པ་དང་ལེན་མཁན་ཞིག་མེད་དམ་།
འདི་ལྟར་བཤད་ན་།ང་ལ་གཏམ་རྒྱུད་འདི་འདྲ་བ་ཞིག་བཤད་རྒྱུ་ཡོད་།དེ་དངོས་གནས་ཡིན་།
དེ་ནི་སྟོན་མཇུག་གི་ཉིན་གུང་ཅིག་རེད་།མི་ཚང་མས་་གཡུལ་ཁ་ཞིག་གི་ནང་སྟོན་ལས་བྱེད་ནས་ཁོམ་པ་གཅིག་མི་འདུག་པས་ང་ལ་ཨ་ཡེ་ཡིས་ཉིན་གུང་གི་ཁ་ལག་ཅིག་གྲ་སྒྲིག་ཅིག་བྱས་དང་།ཞེས་བཤད་བྱུང་བས་།ཁ་ལག་བསྐོལ་རྗེས་ལག་ཏུ་བཟུང་ནས་གཡུལ་ཁ་ནང་དུ་སོང་བ་ཡིན་།་
ཏོས་གཅིག་གི་མི་བཞི་བཅུ་དང་ལྔ་བཅུ་འདུག་།གྲོ་ཤོག་བཀལ་ཡོང་བའི་བོང་བུ་ཚོ་ཡང་མི་ཚང་མས་ར་སྐོར་ཅིག་གི་ནང་ལ་བཅུག་ནས་།མི་ཚང་མའི་མཉམ་དུ་ཁ་ལག་ཟོས་བ་རེད་།་མི་ཚང་མ་རྒྱང་བསྒྲགས་ལ་ཉན་རྒྱུ་ཤིན་ཏུ་དགའ་བོ་ཡོད་ཕྱིར་།མཚོ་སྔོན་གྱི་རྒྱང་བསྒྲགས་སྒྲ་ཆེན་པོ་བྱས་ནས་ཕྱི་ལ་བཏང་འདུག་།
དེ་དུས་གློ་བུར་ཏུ་་།བོང་གསེབ་ཅིག་གི་མཇེ་དམར་ཐུར་ཏུ་འཔྱངས་།བོང་སྒྲ་དང་བོང་བུ་གཞན་ཞིག་གི་སྟེང་ལྡིང་ནས་བཙན་གཡེབ་བྱས་སྐབས་།བོང་མ་དེ་བྲོས་ནས་བྲོས་སྐབས་།བོང་བུ་ཐམས་ཅད་འདྲོགས་ཏེ་།ཨོང་ཨོང་ཞེས་བོང་སྐད་མང་པོ་སྒྲོག་ཅིང་།བྱིས་བ་རྣམས་ཧ་ཧ་།ཞེས་དགད་ནས་ས་ལ་འཛུལ་བ་འདྲ་བྱ་བཞིན་འདུག་།
སྐྱེ་ཕོ་མོ་ངོ་ཚ་།ཁ་སྐྱེངས་ནས་ཅི་བྱེད་འདི་བྱེད་མེད་པ་འདྲ་བ་ཞིག་སོང་།་
སྐབས་དེར་བཤད་རྒྱུ་གལ་ཆེ་བ་ཤིག་ལ་།
མཚོ་སྔོན་གྱི་རྒྱང་བསྒྲགས་ལས་ཁུངས་ནང་དོན་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དབྱངས་དང་བཅས་ལེན་ཀིན་འདུག་།
ལྷག་པར་ཏུ་།
ཨེ་མ་ཟེར་བའི་མཚམས་དེ་ལ་ཐོན་དུས་།་ང་ཡང་འདུག་མ་ཐུབ་པར་སྐད་ཤུགས་ཆེན་པོས་བགད་པ་ཡིན་།
དེ་བས་ལང་ཚོའི་རྦབ་ཆུ་བཤད་དུས་།ངས་དུས་ནམ་ཡིན་ཡང་།བོང་བུ་འགའ་སེམས་ན་དྲན་ཡོང་གིན་འདུག་།
བོང་བུ་ནི་དུད་འགྲོ་ཡ་མཚར་བ་ཞིག་ཡོད་པ་རེད་།རོང་བ་མ་གཏོགས་།འབྲོག་པ་རྣམས་ཀྱི་བོང་བུའི་ཁྱད་ཆོས་གསལ་བོ་ཤེས་དཀའ།
བོང་རྫི།
དེ་རིང་གཟའ་སྤེན་པ་རེད། ལས་ཀ་ཏོག་ཙམ་ཡོད་པ་འགྲུབ་ནས་ད་ནི་གྲོགས་པོ་ཚོར་ཐུག་རྒྱུའི་དུས་ཆད་ལྟར་ལམ་ལ་ཆས་ཡོད། དོན་གྲུབ་རྒྱལ་ལ་སོགས་པ་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་སྟོད་དུ་དེང་རབས་དང་མར་ལེ་རིང་ལུགས་ཀྱི་ལྟ་བས་ར་བཟི་སྟེ། རྦབ་ཆུ་དང་རྦབ་ཆུ་ཞེས་བོང་སྐད་བསྒྲགས་པའི་སྐོར་ཁྱོད་ཀྱིས་བཤད་ཀྱི་འདུག དེས་ན་ངས་ནི་ཏིན་ཞའོ་ཕིན་གྱིས་ཆོས་སྒོ་ཕྱེས་རྗེས་སུ་དགོན་པར་གྲྭ་བ་བྱེད་དུ་ཕྱིན་ཏེ། དེ་ནས་ལོ་བཅུ་གྲངས་ཙམ་གྱི་རྗེས་ནས་དཔལ་འབྱོར་བཅོས་སྒྱུར་དང་སྒོ་འབྱེད་བྱས་པའི་མཚམས་སུ། དེང་རབས་གྲྭ་ལོག་སྐོར་ཞིག་པེ་ཅིན་དང་ཞིས་ཨན། ལན་ཀྲིག་སོགས་སུ་འཁྱམས་མྱུལ་བྱས་པ་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་དེ། དགོན་པའི་ཆོས་ཁྲིམས་དང་ཁྲོམ་རའི་དཔལ་འབྱོར་བར་གྱི་ཤུགས་རྐྱེན་དང་། གྲྭ་བའི་སྟོང་ཉིད་ཀྱི་ལྟ་བ་དང་། འཇིག་རྟེན་པའི་རྒྱུ་ནོར་བར་གྱི་འབྲེལ་བའི་སྐོར་སྟོན་ཁུལ་གྱིས། དོན་དུ་བོད་ཀྱི་དགེ་འདུན་པ་ཁག་ཅིག་མང་ཚོགས་ཀྱིས་དད་པའི་རྟེན་དུ་བཟུང་སྟེ། ཕྱག་འཚལ་ཞིང་སྐོར་བ་བྱེད་པ་དེ་ནི་་ཅི་འདྲའི་ཟློས་གར་གྱི་རང་བཞིན་ཞིག་ཡིན་པ་བསྟན་ན་ག་འདྲ་འདུག
ཁྱོད་ཀྱང་ལོ་རབས་དགུ་བཅུའི་དཀྱིལ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱི་ལམ་ཐིག་དེད་ནས་པེ་ཅིན་དུ་མཆོངས་ཏེ། དབྱིན་མོ་ཁ་ཤས་ལ་བོང་སྐད་བརྒྱབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་དེ་འདྲ་ཞིག་མ་རེད་དམ། ངས་ཁྱོད་སྤྱི་ཚོགས་ཀྱི་གར་སྟེགས་ཐོག་ནས་ཏོག་ཙམ་འགྱིང་དུ་བཅུག་སྟེ། སྨྱོ་རྟགས་གཟའ་རྟགས་གང་འཚམས་སྟོན་དུ་བཅུག་རྗེས། གཞི་ནས་གཏོར་མ་བརྡབ་བརྡབ་ཅིག་བྱེད་དགོས། འཇིག་རྟེན་འཁོར་བའི་ནང་ན་དེང་རབས་པ་ཞེས་འཕྱ་རྒྱུ་ཞིག་དང་སྲོལ་རྒྱུན་པ་ཞེས་བཀུར་རྒྱུ་ཞིག་མེད་པར་མི་ཚང་མ་ལྟོ་གོས་གཏམ་གསུམ་ལ་འདུར་བའི་བདག་ཉིད་ཅན་ཡིན་པ་དེ་བཞིན་དུ། ཁྱོད་ཀྱིས་དོན་རྒྱལ་གྱི་སྐྱོན་ཤོད་དང་། ངས་ཁྱོད་ཀྱི་སྐྱོན་བཤད། དེ་ནས་ཕྱག་གཉིས་པ་དང་ཡང་ན་གཞན་སུ་རུང་གིས་ངའི་སྐྱོན་བཤད་ན་འདྲ་མཉམ་མ་རེད་དམ།
གཡུ་འབྲུག་ལགས་།
ཁྱོད་ཀྱིས་ག་རེ་བཤད་ཀིན་ཡོད་།ཕྱོགས་གཅིག་ནས་སྐྱོན་ཟེར་བ་ཞིག་བཤད་རྒྱུ་མེད་པར་བཤད་།ཕྱོགས་གཅིག་ནས་”ཁྱོད་ཀྱིས་དོན་རྒྱལ་གྱི་སྐྱོན་ཤོད་དང་། ངས་ཁྱོད་ཀྱི་སྐྱོན་བཤད།”་
ང་ལ་འཇིགས་སྐུལ་ཁུལ་བྱས་།
ཚིག་གཅིག་བཤད་ནའང་དོན་མཐུན་།སྔ་ཕྱི་འབྲེལ་ཆགས་པ་ཤིག་བཤད་མི་ཤེས་སམ་།
གྲྭ་ལོག་སྐོར་ཅིག་གི་ཟློས་གར་ཅིག་སྟོན་རྒྱུ་ཡིན་པ་བཤད་འདུག་་།ཟློས་གར་དེ་གསར་བ་མ་རེད་།ལོ་རབས་ལྔ་བཅུ་ནས་བཟུང་ཏེ་།ད་ལྟའི་བར་ཏུ་ཟློས་གར་དེ་དག་འཁྲབ་པ་རེད་།ད་ལྟ་དེ་དག་ལ་་སུན་སྣང་སྐྱེས་ཡོང་གིན་མི་འདུག་གམ་།ཟློས་གར་ག་འདྲ་ཞིག་ཡིན་པ་སེམས་ན་གསལ་གསལ་རེད་།
སྐྱོན་ཟེར་བ་ཞིག་མེད་ན་།སྐྱོན་ཟེར་ནས་བཤད་རྒྱུ་ཞིག་ག་ལ་ཡོད་།ནང་ཆོས་ལ་སྐད་ཆ་འདི་འདྲ་ཞིག་ཡོད་།བདག་ཉིད་ཡོད་པ་མ་ཡིན་ན་།བདག་གི་ཡོད་པ་ག་ལ་འགྱུར་།ཟེར་བ་ཞིག་ཡོད་།སང་ཉིན་ནས་བཟུང་སྐད་ཆ་དེ་ཚོ་ལ་སློབ་གཉེར་རེ་ག་འདྲ་འདུག་།དེ་མིན་བོད་ཀྱི་”སྲོལ་རྒྱུན”་དང་དེང་རབས་ཀྱི་ཁྱད་པར་ཅིག་ག་ལ་ཤེས་།
“ངས་ཁྱོད་སྤྱི་ཚོགས་ཀྱི་གར་སྟེགས་ཐོག་ནས་ཏོག་ཙམ་འགྱིང་དུ་བཅུག་སྟེ། སྨྱོ་རྟགས་གཟའ་རྟགས་གང་འཚམས་སྟོན་དུ་བཅུག་རྗེས། གཞི་ནས་གཏོར་མ་བརྡབ་བརྡབ་ཅིག་བྱེད་དགོས།”
འོ་སྐྲག་ནི་འདུག་ཐུབ་ཀྱིན་མི་འདུག་།སྒུག་འདུག་གིན་ཡིན་།བཀྲ་ཤིས་བདེ་ལེགས་ཡོད་།
ཡིན་ནའང་”གཏོར་མ་བརྡབ་བརྡབ་”ཟེར་བ་དེ་ཡིན་ནང་དོན་གོ་ཐུབ་ཀྱིན་མི་འདུག་།ག་རེ་ཟེར་ཀིན་ཡོད་དམ་།
“འཇིག་རྟེན་འཁོར་བའི་ནང་ན་དེང་རབས་པ་ཞེས་འཕྱ་རྒྱུ་ཞིག་དང་སྲོལ་རྒྱུན་པ་ཞེས་བཀུར་རྒྱུ་ཞིག་མེད་པར་མི་ཚང་མ་ལྟོ་གོས་གཏམ་གསུམ་ལ་འདུར་བའི་བདག་ཉིད་ཅན་”
དེ་འདྲ་ཞིག་རེད་དམ་།་དེ་ན་དེའི་གོང་གི་སྐད་ཆ་ལ་འདི་རྣམས་ལ་ལྟོས་དང་་”ཁྱོད་ཀྱང་ལོ་རབས་དགུ་བཅུའི་དཀྱིལ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱི་ལམ་ཐིག་དེད་ནས་པེ་ཅིན་དུ་མཆོངས་ཏེ། དབྱིན་མོ་ཁ་ཤས་ལ་བོང་སྐད་བརྒྱབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་དེ་འདྲ་ཞིག་མ་རེད་དམ། ”
དབྱིན་མོ་བོང་སྐད་གོ་བ་ཞིག་ཡོད་པ་ད་བར་ཏུ་གོ་མ་མྱོང་།དེ་སུ་ཡིན་ནམ་།
སྐད་ཆ་འདི་བདེན་མིན་ལ་མ་ལྟོས་བར་།འདི་དག་ནི་འཕྱ་བའི་ཚིག་མ་ཡིན་ནམ་།སྐད་ཆ་ཁ་ཤས་ཀྱིས་ཁྱོད་ལ་ཕོག་ཡོད་པ་འདྲ་།གོང་གི་མཆན་ཚང་མ་ལ་ལྟོས་དང་།དེ་དག་ལ་ངས་ལན་ག་རེ་བྱས་ནས་རྒྱག་དགོས་བ་རེད་དམ་།
དེ་དུས་གྲགས་འགུལ་ཅི་ཡང་མེད་པར་།གློ་བུར་ཏུ་གནམ་ནས་ཐོན་ནས་སྐད་ཆ་འདི་འདྲ་བཤད་ན་སུས་རྣ་ལ་འགྲོ་གིན་རེད་དམ།
གཡུ་འབྲུག་ལགས་།
ལྟོས་དང་ངས་གསལ་བོ་བཤད་ཡོད་”ཐོག་མར་དངོས་གནས་དྲང་གནས་ཀྱི་ཚིག་ཀྱང་ཡག་པོ་འགའ་བཀོལ་ཅི་ཐུབ་བྱས་ཡོད་།མི་བདེན་ན་ངའི་སྐད་ཆ་ཚང་མ་ལྟོས་དང་གསལ་བོ་ཡོང་གིན་རེད”
མགོ་ནས་མཇུག་བར་ཏུ་ལྟོས་དང།་གསལ་བོ་དག་པོ་ཡོང་གིན་རེད་།
ཁྱེད་ཀྱང་ཉ་ལྟར་བསམ་བཞིན་དུ་བཙུགས་པའི་དྲ་རྒྱ་ནང་འཛུལ་ཡོང་ན་།བཟང་ངན་ཡོད་མེད་ཀྱི་སྐད་ཆ་ཚང་མ་སྟོང་བ་མ་རེད་དམ་།
འོ་གྲོགས་པོ་ཞིག་གིས་ཁ་པར་གྱི་ལམ་ནས་ཤེས་བ་མ་གཏོགས་།ཁྱོད་ཀྱིས་སྐད་ཆ་འདི་འདྲ་བ་ཞིག་བཤད་པ་ལ་དོ་སྣང་མ་བྱུང་།འདི་ལ་ངེས་པར་ཏུ་ལན་ཞིག་རྒྱག་དགོས་བསམ་ཀིན་ཡོད་།་དམར་སྲུང་དམག་རྣམས་སྒྲོ་འདོགས་ལ་དགའ་བས་།རྗེས་མ་ཞིག་ལ་བོང་རྫིས་”རྦབ་ཆུ་དང་རྦབ་ཆུ་ཞེས་བོང་སྐད་”་རེད་ཅེས་ཁྲོམ་བསྒྲགས་ཀྱང་བྱས་སྲིད་།
“རྦབ་ཆུ་དང་རྦབ་ཆུ་ཞེས་བོང་སྐད་བསྒྲགས་པའི་སྐོར་ཁྱོད་ཀྱིས་བཤད་ཀྱི་འདུག”
རྦབ་ཆ་ཡ་རྦབ་ཆུ་ཟེར་བ་དེ་བོང་སྐད་མ་རེད་།བོང་གསེབ་དེས་ཨོང་ཨོང་ཞེས་བོང་མ་ཞིག་གི་སྟེང་མཆོང་སྐབས་སུ་།
མཚོ་སྔོན་རྒྱང་བསྒྲགས་ལས་ཁུངས་ན་།དོན་རྒྱལ་གྱི་ལང་ཚོ་རྦབ་ཆུ་དབྱངས་དང་བཅས་འདོན་ཀིན་འདུག་པ་དང་།དེ་དུས་བྱིས་བ་ཧ་ཧ་ཟེར་ནས་དགོད་བཞིན་འདུག་པ་དང་།ཨེ་མ་ཟེར་བའི་མཚམས་དེ་ལ་ཐོན་དུས་ང་ཡང་འདུག་མ་ཐུབ་པ་བགད་པ་ཡིན་ཞེས་ལབ་ཡོད་པ་ལས་།་”རྦབ་ཆུ་དང་རྦབ་ཆུ་ཞེས་བོང་སྐད་བསྒྲགས་”་པའི་སྐད་ཆ་ཤིག་ནམ་ཡང་ལབ་མེད་།་
“དེ་དུས་གློ་བུར་ཏུ་་།བོང་གསེབ་ཅིག་གི་མཇེ་དམར་ཐུར་ཏུ་འཔྱངས་།བོང་སྒྲ་དང་བོང་བུ་གཞན་ཞིག་གི་སྟེང་ལྡིང་ནས་བཙན་གཡེབ་བྱས་སྐབས་།བོང་མ་དེ་བྲོས་ནས་བྲོས་སྐབས་།བོང་བུ་ཐམས་ཅད་འདྲོགས་ཏེ་།ཨོང་ཨོང་ཞེས་བོང་སྐད་མང་པོ་སྒྲོག་ཅིང་།བྱིས་བ་རྣམས་ཧ་ཧ་།ཞེས་དགད་ནས་ས་ལ་འཛུལ་བ་འདྲ་བྱ་བཞིན་འདུག་།
དེ་དུས་གློ་བུར་ཏུ་་།བོང་གསེབ་ཅིག་གི་མཇེ་དམར་ཐུར་ཏུ་འཔྱངས་།བོང་སྒྲ་དང་བོང་བུ་གཞན་ཞིག་གི་སྟེང་ལྡིང་ནས་བཙན་གཡེབ་བྱས་སྐབས་།བོང་མ་དེ་བྲོས་ནས་བྲོས་སྐབས་།བོང་བུ་ཐམས་ཅད་འདྲོགས་ཏེ་།ཨོང་ཨོང་ཞེས་བོང་སྐད་མང་པོ་སྒྲོག་ཅིང་།བྱིས་བ་རྣམས་ཧ་ཧ་།ཞེས་དགད་ནས་ས་ལ་འཛུལ་བ་འདྲ་བྱ་བཞིན་འདུག་།
སྐྱེ་ཕོ་མོ་ངོ་ཚ་།ཁ་སྐྱེངས་ནས་ཅི་བྱེད་འདི་བྱེད་མེད་པ་འདྲ་བ་ཞིག་སོང་།་
སྐབས་དེར་བཤད་རྒྱུ་གལ་ཆེ་བ་ཤིག་ལ་།
མཚོ་སྔོན་གྱི་རྒྱང་བསྒྲགས་ལས་ཁུངས་ནང་དོན་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དབྱངས་དང་བཅས་ལེན་ཀིན་འདུག་།
ལྷག་པར་ཏུ་།
ཨེ་མ་ཟེར་བའི་མཚམས་དེ་ལ་ཐོན་དུས་།་ང་ཡང་འདུག་མ་ཐུབ་པར་སྐད་ཤུགས་ཆེན་པོས་བགད་པ་ཡིན་།
དེ་བས་ལང་ཚོའི་རྦབ་ཆུ་བཤད་དུས་།ངས་དུས་ནམ་ཡིན་ཡང་།བོང་བུ་འགའ་སེམས་ན་དྲན་ཡོང་གིན་འདུག་།”
སྐབས་རེ་ངས་འདི་འདྲ་སེམས་སུ་།རོང་བ་དང་འབྲོག་པ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་།བོང་བུ་དང་རྟ་གཉིས་ཀྱི་ཁྱད་པར་རེད་བསམ་ཀིན་འདུག་།
སྤྱིར་བཏང་བོད་རྣམས་ས་མཐོ་པོར་བསྡད་ཡོད་ཕྱིར་།རྟ་ལ་དགའ་བ་དང་།རྟ་ལ་གྱི་ལང་དང་།རྟ་མཆོག་སོགས་འདུས་བའི་བསྟོད་པའི་མིང་མང་པོ་བཏགས་ཡོད་པ་རེད་།བོང་བུ་ལ་མགྲིན་བཟང་སོགས་ཟེར་ནས་་འཕྱ་སྨོད་ཀྱི་མིང་བཏགས་འདུག་།ཡིན་ནའང་རོང་བ་ལ་རྟ་ནས་བུང་བུ་བཀོལ་བ་མང་ཞིང་།བོང་བུ་དེ་ཁོ་ཚོའི་འཚོ་བ་ལ་མེད་དུ་མི་རུང་བ་ཞིག་ཆགས་བསྡད་འདུག་།
དེ་བཞིན་རོང་བ་ལ་ལས་འཕྲོས་བའི་གཏམ་དཔེ་ཡང་མང་པོ་འདུག་།
དཔེར་ན་།
༼༡༽བོང་མཇེ་མ་ལངས་།
༼༢༽བོང་བུའི་མཇེ་ལངས་ལ་འདྲ་།གཉིས་ཀྱི་དོན་ནི་༼་བོང་གསེབ་ཀྱི་མཇེ་ལངས་མ་ཐག་ཏུ་།ཁ་ནས་ཨོང་ཨོང་ཞེས་བོང་བུ་ཞིག་བསམ་དབང་དང་དྲན་དབང་མེད་པར་བོང་བུ་ཞིག་གི་སྟེང་ལྡིང་དགོས་ཡོད༽
།ག་ལེར་བསམ་བློ་ཐོངས་།ལྷོད་པོ་བྱོས་ཟེར་བ་དེ་རེད་།
༼༣༽་བོང་བུ་བྲག་ཁ་ལ་མ་འདེད་།བྲག་ཁ་ལ་དེད་ཚེ་ཁོ་ཕྱིར་ནུབ་རྒྱབ་ཏེ་ཚུར་ཡོང་བ་དེ་ལ་ཟེར་བཞིན་ཡོད་།
༼༤༽ཁྱོད་ཀྱི་བོང་བུ་རྔ་མ་འཆན་ལ་རྒྱབ་འདུག་།བུང་བུ་ལ་གཡབ་གོ་ཀིན་ཟེར་བའི་དོན་རེད་།
དེ་འདྲ་བ་མང་པོ་ཡོད་།གོང་དུ་ཡོད་པ་ནི་ངའི་ཕ་ཡུལ་གྱི་བོང་བུ་སྐོར་གྱི་གཏམ་དཔེ་རེད་།དེ་ལྟར་བོང་བུ་དང་འབྲེལ་བའི་གཏམ་དཔེ་ཡོད་ཚེ་།འདིར་འགོད་རོགས་མཛོད།
བོང་རྫི་ཞིག་གིས་ངོས་ནས་བོང་བུའི་གཏམ་དཔེ་མང་པོ་ཤེས་ན་བསམ་བྱུང་།
རོང་བ་རྣམས་ཀྱིས་རྟའི་རིག་གནས་དང་།སྤྱོད་ལམ་སོགས་ཀྱི་འབྲོག་པ་རྣམས་ལ་འགྲན་མི་ཐུབ་པ་བཞིན་དུ་།འབྲོག་པ་ཚོས་བོང་བུའི་རིག་གནས་།སྤྱོད་ལམ་སོགས་ཤེས་དཀའ་
དེ་ནས་རོང་འབྲོང་གི་རིག་གནས་བརྗེ་རེ་༼དམར་པོའི་ཚིག་༽ཆེད་།བོང་རྟའི་གཏམ་དཔེ་མང་པོ་ཤིག་བཤད་པར་བྱ།
འོ་ངས་བོང་བུའི་སྐོར་ལ་ཅུང་ཟད་ཤེས། ང་ཚོ་ས་ནས་བོང་བུ་ལ་ཁྱད་ཆོས་ལྔ་ཡིན་ན་ཅིག་བརྩི། དང་པོ་འཚོ་དགོས་ས་ཞིག་ནས་འཛགས་འགོ་རྩོམ། གཉིས་པ་སྐྲག་དགོས་ས་ཞིག་ནས་ངུ་རྒྱང་བྱེད། གསུམ་པ་འཕྲང་དོག་ས་ཞིག་ནས་རྒྱབ་ཁལ་རྫོགས། བཞི་བ་དང་ལྔ་བ་སོགས་བརྗེད་སོང་ཟིག
དེ་ནས་༼བོང་བུ་དར་ཐོག་ལ་མ་འདེད༽ བོང་བུ་དགུན་ཁ་འཁྱག་པའི་སྒང་ལ་དེད་ན། འདར་སིག་སིག་བྱས་ནས་གོམ་པ་གང་ཡང་སྔོན་ལ་མི་སྤོ།
ཡང་ནམ་ཚོད་བྱ་ཕོས་བཟུང་། དགེ་ཁ་བོང་བུས་ཁྱེར། འདིའི་ནང་དོན་ངས་དགའ་ཟིག་བཤད་མི་ཤེས།
ཡང་རྫ་དཔལ་སྤྲུལ་ཚང་གིས ཁ་ཕར་འཁོར་ཀྰ་ལི།། ཁ་ཚུར་འཁོར་རོགས་ལི།། ཀྰ་ལི་ཟེར་བ་དེ་བོང་བུ་རེད།
ལྷ་ས་ནས་བོང་བུ་བསླང་པའི་ཡག་བྱུང་མེད་པར་གཞུག་ཀུ་བཀོག་པའི་ཡ་ལ། ཟེར་བ་ཞིག་ཀྱང་འདུག
བྱིས་པ་ཚོས་ཁ་ན་བོང་མཇེ་སྡར་མ།། འདི་ཅན་པོ་མ་བཤད་ན་ཡག ཆུང་ཆུང་སྐབས་སུ་ཕ་མས་རྡུང་བ་གྲངས་མེད།
བོང་སྐྱ་ལི་བསྟན་པ་དར་སོང་ཟིག ཐང་བདེ་མོ་རིག་ན་རྒྱུགས་ནོར་བལྟས། འདི་འདྲ་ཞིག་ཀྱང་འདུག ང་ཡང་ཆུང་ཆུང་སྐབས་སུ་གཟའ་ཉི་མར་བོང་རྫི་ལ་འགྲོ་རྒྱུར་ཤིན་ཏུ་དགའ།
བོང་སྒྲུང་ཨེ། དེའི་ངོ་རྫོགས། ཐེངས་ཤིག ང་ཚོ་བྱིས་པ་འགས་བོང་མ་ཞིག་བཟུང་ནས་རྐང་ལག་ཐག་པས་བསྡམས་ཏེ་འགུལ་རྒྱུ་མེད་པ་ཞིག་བཟོས། དེ་ནས་བོང་གསེབ་ཅིག་དེད་ཡོང་སྟེ་བོང་མའི་རྩར་བཞག་པས། ཧེ། དེའི་ཁ་ཐལ་བས་ཆོད། ཉི་མ་ཉིན་གང་། ཕེ། སྐྱུགས་རྫོགས་དེར་ཐང་ཆད་རྒྱུ་ཞིག་མི་འདུག མཐའ་མར་བོང་མའི་”དེ་”ད་ཨཨ་་་་་་ཞི་བཀའ་རྙིད་པ་འདྲ་བོ་ཞིག་ཆགས་འདུག ཕེ། བཤད་རྒྱུ་ར་ངོ་ཚ་ནི་ཞིག་རེད། ད་དབྱུགས་ཤོག ཕེ། འབྲུག་པ་ཀུན་ལེགས་བདེན་ཡ། ངོ་མ་ཅིག་བདེན།
དུས་རབས་ཉེར་གཅིག་པའི་གསར་བརྗེའི་རུ་དཔུང་རྣམ་པ། དེང་དུས་ཀྱི་དམར་སྲུང་དམག་མི་རྣམ་པ།
ཁྱེད་ཚོ་ནི་དུས་རབས་ཀྱི་བདག་པོ་དང་མ་འོངས་པའི་རེ་བ་ཡིན།
ཁྱེད་ཚོའི་སྙིང་སྟོབས་དང་སེམས་ཤུགས་ནི། རི་གཟར་ནས་འབབ་པའི་རྦབ་ཆུ་ཇི་བཞིན་སུ་ཞིག་ནས་ཀྱང་ཕྱིར་ཟློག་ཐབས་བྲལ། ཁྱེད་ཚོ་འཇིགས་ཞུམ་དང་བྲལ་བའི་ངང་མདུན་དུ་རྒྱུགས་མགོ་བརྩམས་པའི་སྐད་ཅིག་མའི་དུས་དེ་ནས་བཟུང་ཁྱེད་ཚོ་མདུན་ནས་མདུན་དུ་རྒྱུགས་པའི་ལོ་རྒྱུས་ལས་ཕྱིར་ཕྱོགས་པའི་ལོ་རྒྱུས་ནི་ནམ་ཡང་མེད།
མཚམས་རེར། ཁྱེད་ཚོའི་མདུན་དུའང་། བྲག་གཟར་དང་གད་འོབས། འཕྲང་འགག་དང་གཅོང་རོང་། ལམ་དོང་ནང་དུ་རྡོ་མདོང་མང་བོ་ཞིག་ཡོད་པར་མངོན་ཡང་། དེ་དང་དེ་འདྲའི་ས་རྩུབ་དང་ལམ་རྩུབ་ལ་འཕྲད་པ་ནི་ཁྱེད་ཚོ་དགའ་ཞིང་སྤོབས་པ་སྐྱེ་འོས་སུ་མཐོང་། གང་ཡིན་ཟེར་ན། དཀའ་ངལ་གྱི་སྐབས་དེ་འདྲ་ཁོ་ན་ནི་ཁྱེད་ཚོའི་རྦབ་ཆུ་ཡིས་གཟི་བྱིན་ངོམས་པའི་དུས་ཡིན།
མུ་མཐུད་དུ་མདུན་ནས་མདུན་དུ་རྒྱུགས་ཤིག རྙིང་ཞེན་པ་རྣམས་ཀྱི་ཀླད་པའི་རྙིང་དྲི་འཁྲུད་བཞིན།
མདུན་དུ་རྒྱུགས། མུན་ནག་གི་ས་རུམ་འུར་གྱིས་བརྒྱངས་ནས།
མདུན་དུ་རྒྱུགས། ལོག་སྤྱོད་པའི་ཚེར་སྡོང་རྩ་ནས་གཅོད་བཞིན།
མདུན་དུ་རྒྱུགས། རྨོངས་དད་པ་རྣམས་གཉིད་ལས་སློང་བཞིན།
མདུན་དུ་རྒྱུགས། དེང་དུས་ཀྱི་གསར་བརྗེའི་རུ་དཔུང་རྣམ་པ།
མདུན་དུ་རྒྱུགས། དུས་རབས་ཀྱི་དམར་སྲུང་དམག་མི་རྣམ་པ།
རྙིང་ཞེན་པ་ཚོས་སྡུག་སྨྲེ་ག་ཚོད་བཏོན་ཡང་། དུས་ཚོད་ནི་ནམ་ཡང་ཁྱེད་ཚོའི་ཕྱོགས་སུ་ལངས་ནས་ཡོད།
རྨོངས་འཐོམས་པ་ཚོས་ཤེས་ཀྱི་མེད་ཚོད་རེད། སྐར་ཆ་རེ་རེའི་ནང་གསར་བརྗེ་ཡོད་པ་དང་། དུས་ཚོད་རེ་རེའི་ནང་གསར་བརྗེ་ཡོད་པ། བདུན་ཕྲག་རེ་རེའི་ནང་གསར་བརྗེ་ཡོད་པ་ཤེས་ཀྱི་མེད་ཚོད་རེད། སྙིང་རྗེ། ང་ཚོའི་མིའི་སྤྱི་ཚོགས་འདིས་མིའི་རིགས་ཀྱི་ལོ་རྒྱུས་མགོ་བཙུགས་པ་ནས་བཟུང་ད་བར་གསར་བརྗེ་བྱས་ཡོང་བ་རེད། ད་ལྟ་ཡང་གསར་བརྗེ་བྱེད་བཞིན་ཡོད། མ་འོངས་པ་ནའང་མུ་མཐུད་གསར་བརྗེ་བྱ་གི་རེད། པགས་རྩག་རྙིང་བ་དེ་གཏེལ་ལ་ཐོངས་། གོན་རྒྱུ་རྙིང་རལ་དེ་གཡུག་ག་ཐོངས་། ཟ་མ་རྙིང་རུལ་དེ་ཕོ་བ་ཐོངས། དུས་ཚོད་ལས་ཡོལ་བའི་སྨན་རྙིང་དེ་ཚོ་གད་རྙིགས་ནང་གཡུགས་ཞོག
གཅིག་གཅོད་ཀྱི་ཡིག་ཆ་དེ་ཚོ་མེ་ལ་སྲེགས། ཀླད་མཁྲེགས་ཀྱི་མགོ་བོ་དེ་ཚོ་གཏོར་ལ་ཐོངས་། སྤམ་རྫུན་གྱི་ཁེབས་གཡོགས་དེ་ཚོ་བཤུས་ཡ་ཐོངས། ང་ཚོའི་དམིགས་ཡུལ་གསར་བརྗེ་ཡིན་ལ་བྱ་བྱེད་ཀྱང་གསར་བརྗེ་ཡིན།
ང་ནི་ནམ་ཡང་གསར་བརྗེ་བ་ཚོའི་རྒྱབ་ན་ཡོད། ང་ནི་ནམ་ཡང་དམར་སྲུང་དམག་ཚོའི་གཞུག་ན་ཡོད། སུ་ཞིག་ཕྱིར་ནུར་དང་ཕྱིར་བྲོས་བྱེད་ས་མེད། གསར་བརྗེ་རྒྱལ་གྱུར་ཅིག
གསར་བརྗེ་བ་མགོན་པོ་ཕྱག་གཉིས་པ་ནས་གསར་བརྗེའི་འབོད་སྐུལ་དུ་ཀི་རིང་ཞིག་བཏབ་པ་ཙམ་མོ།
ཀླ་ཀློ མུན་ནག རྨོངས་དད། རྗེས་ལུས། ལོག་སྤྱོད། རྙིང་ཞེན། གཅིག་གཅོད། རྫུན་མ། ཁྲམ་པ། མནར་གཅོད། དམག་འཁྲུག གཏོར་བརླག ཁྲིམས་འགལ། སོགས་ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད། རྦབ་ཆུ། ཨ་རྦབ་ཆུ། བོད་གངས་ཅན་གྱི་གཞོན་ནུ་ཚོའི་ལང་ཚོའི་རྦབ་ཆུ།
ཡུམ་དུམ་པ། གསར་བརྗེའི་གླུ་དབྱངས་རེ་བླངས། གསར་བརྗེའི་གཏམ་རེ་བཤད་ན་དགེ་བ་ཟིག་མེད་གི་ན། སེམས་ཟིག་ནས་ཅིག་བསིལ་སངས་སེ་བཞག་འཇོག་གི དེ་ར་གསར་བརྗེའི་བག་ཆགས་བཟང་བོ་ཟིག་ཡུམ་ཡིན་ས་མ་རེད་ན།
འོ་ཡ། བོང་རྫི། དོ་དགོང་གྲོགས་པོ་ཁ་ཤས་ཀྱི་ལྷན་དུ་ཁྱོད་དང་འབྲེལ་བའི་སྐད་ཆ་ཁ་ཤས་བཤད་དེ། ཁྱོད་ལ་ཆ་རྒྱུས་མང་ཙམ་བླངས་པ་ཡིན། གྲོགས་པོ་དེ་ཚོའི་ནང་ན་ཕྱག་གཉིས་པའི་ཚ་བོ་དེ་འདྲའང་ཡོད། ཁྱོད་ཀྱིས་དོན་རྒྱལ་གྱི་སྐྱོན་ལ་ལྟོས་དང་། ངས་ཁྱོད་ཀྱི་སྐྱོན་ལ་བལྟ། ད་ནི་ར་བཟི་འདུག་པས་མང་པོ་མི་བཤད།
བོད་ལྗོངས་ཉིན་རེ་ཚགས་པར་༡༩༥༩་ལོར་?
hahaha
འོ་ཡ་རྒྱ་དཀར་ནག་གཉིས་ཀའི་རིགས་གཞུང་འཐབ་ས་དེ་བོད་གངས་ཅན་རེད། སྔ་མ་ཞིག་ལ་ཧྭ་ཤང་ལུགས་དེ་དར་ནས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤི་ལ་ཕེབས། དེ་ནས་བཟུང་ལྟ་བ་དེ་རྩད་ནས་ད་ལྟ་ད་དུང་ཐག་མ་ཆོད་པར་བསྡད། ད་ཡང་རྒྱ་ནག་གི་རིག་གསར་བ་དང་རྒྱ་གར་གྱི་ནང་ཆོས་པ་གཉིས་ཀྱིས་རྩད་དེ་ཐག་ཆོད་འགྲོ་བ་ཡོད་ཀྱི་མ་རེད། སྟབས་ལེགས་པ་ཞིག་ལ་རིག་གསར་བ་གཏིང་ཟབ་པོའི་རིག་གཞུང་གི་རྣམ་བཞག་མེད་པ་དང་། གཞན་ཕན་གྱི་ཀུན་སློང་མེད་པ། སྤྱི་ཚོགས་ལ་མཁོ་བའི་སྒྲིག་ལམ་མེད་པ། དེས་རྒྱུན་རིང་གནས་མི་ཐུབ་པའི་རྐྱེན་ཚང་བསྡད་ཡོད་པ་རེད་བསམ། འོན་ཀྱང་ཆབ་སྲིད་ཀྱི་རྒྱབ་གཞུང་བརྟན་ན་རིག་གསར་བ་རྣམ་པར་རྒྱལ་བའི་གོ་སྐབས་ཡང་ཡོད་སྲིད།
གཡུ་འབྲུག་ལགས་།
ཕར་བཤད་ཚུར་བཤད་ཡིན་ཟེར་ན་ཆོག་གིན་མ་རེད་དམ་།ངས་ཁྱེད་ལ་གོང་དུ་སྐད་ཆ་དྲིས་ཡོད་།སྐྱོན་ཟེར་བ་མེད་ཟེར་མཁན་ཞིག་ལ་སྐྱོན་བཤད་རྒྱུ་ཞིག་གང་ནས་ཡོད་དམ་།
ངའི་ཕྱག་གཉིས་བ་ཟེར་བ་ཞིག་རྩ་བ་ཉིད་ནས་ངོ་ཤེས་ཀིན་མེད་།དེ་འདྲའི་མི་ཞིག་ཏ་ལྟ་བར་ཏུ་འཕྲད་མ་མྱོང་།དྲ་ཐོག་འདི་ན་ཕྱག་གཉིས་བ་ཟེར་བ་ཞིག་འདུག་།ཁོ་མི་ག་འདྲ་ཞིག་ཡིན་པ་དང་།ག་རེ་བྱས་བ་སོགས་རྩ་བ་ཉིད་ནས་ཤེས་བཞིན་མེད་།
དྲ་ཐོག་གི་སྐད་ཆ་ལ་ལྟོས་ནས་།ཁོང་གིས་ང་ལ་སྐད་ཆ་གང་བཤད་དེ་ལ་ཚིག་དང་།དོན་གཉིས་ཀྱི་ཐོག་ནས་ལན་བཏབ་ཡོད་།
དེ་མིན་མགོན་པོ་ཕྱག་གཉིས་ཟེར་བ་ཞིག་རྩ་བ་ཉིད་ནས་མི་ཤེས་།ད་བར་ཏུ་འཕྲད་མ་མྱོང་།
དེ་མིན་ཚ་བོ་སོགས་འདུས་ནས་།ངའི་ཐོག་ལ་སྐད་ཆ་བཤད་བཞིན་པ་དེ་ཚོ་ལ་སྐྲག་དགོས་བ་ཞིག་རེད་དམ་།
ང་དངོས་གནས་མི་ཚོགས་རྒྱབ་ནས་དགག་རྒྱག་སོགས་བྱས་ཀིན་ཡོད་ན་།སྐྲག་ནི་ཞིག་ཡིན་།
དེ་བཞིན་ཕྱག་གཉིས་བ་མི་ཤེས་ན་།ཕྱག་གཉིས་བའི་ཚ་བོ་ཤིག་ག་ལ་ཤེས་།ངའི་མི་ཤེས་བའི་མི་དག་གི་ངས་རྒྱུ་མཚན་མང་པོ་བཤད་ཀིན་ཡོད་པ་ལ་ལྟོས་ཚེ་།ད་དངོས་གནས་སྐྲག་དགོས་བ་ཞིག་རེད་།
སྤྱི་བདེ་མི་ལ་ཡར་ཞུ་བྱ་དགོས་བའི་དུས་སུ་སླེབས་སམ་།༼རྩེད་མོ་ཡིན༽
སྤྱིར་བཏང་ངས་འཛིན་གྲྭ་་དང་།དྲ་རྒྱ་ནང་གི་སྐད་ཆ་དེ་ཚོ་ཕྱི་ལ་ཁྱེར་ནས་སྐད་ཆ་མང་པོ་བཤད་ཀིན་མེད་མོད།
ཁྱེད་ཀྱིས་ང་ལ་དེ་ལྟར་འཇིགས་སྐུལ་ན་།ང་མཚམས་འཇོག་བྱེད་ན་འགྲིག་གམ་།
ཁྱོད་ཀྱིས་འདོད་པ་བཞིན་བྱོས་།
ད་འདི་ཡ་མཚར་བ་ཞིག་ཆགས་ཀིན་འདུག་།
ད་ནས་བཟུང་དྲ་རྒྱ་འདིའི་ཐོག་བོད་ཀྱི་རྩོམ་རིགས་དང་།རིག་གསར་།དམར་སྲུང་དམག་གི་སྐོར་མི་བཤད་རྒྱུ་བྱོས་།
བོང་བུའི་རིག་གནས་སྐོར་ནས་བཤད་།
གཡུ་འབྲུག་།
ང་ཚོས་འདི་ནས་སྐད་ཆ་གང་བཤད་ཡང་ང་མཚར་མ་བྱུང་།སྐད་ཆ་མང་པོ་བཤད་རྒྱུ་རེད་།ང་དངོས་གནས་ཡ་མཚར་བ་ཞིག་ལ་།མི་མང་པོ་ཞིག་གིས་ངའི་བཤད་པའི་སྐད་ཆ་ལས་འཕྲོས་ཏེ་རྣམ་འགྱུར་ཅིག་ཡོང་གིན་ཡོད་པ་དེ་ཡིན་།འདིས་ག་རེ་མཚོན་གིན་ཡོད་དམ་།
ང་ཚོའི་མི་རབས་འདིའི་སེམས་ཀྱི་མཁྱེར་སྟངས་ཤིག་མཚོན་གིན་ཡོད་དམ་།འདི་ནི་ང་ལ་མཚོན་ན་སློབ་པའི་གཞི་གསར་བ་ཞིག་རེད་བསམ་གིན་ཡོད་།
དགེ་ཆོས་ཀྱིས་ཀླུ་དགོངས་ན་གཏམ་རྒྱུད་འདི་འདྲ་ཞིག་ཡོད་བསམ་བྱུང་།
བྱ་ཚོགས་ཤིག་་ས་གཞན་དུ་འཕུར་དུས་།ཁ་མ་གྲགས་།ཁ་མ་གྲགས་ཟེར་ནས་གྲོས་བྱས་ནས་འཕུར་དུས་།བྱ་ཚང་མས་ཁ་མ་གྲགས་ཁ་མ་གྲགས་ཟེར་ནས་འཕུར་བ་རེད་ཟེར་ནས་གཏམ་རྒྱུད་ཅིག་ཡོད་གོ་སོང་།
གཏམ་རྒྱུད་འདིས་ག་རེ་ཞིག་མཚོན་གིན་ཡོད་དམ་།
གཞོན་ནུ་ཟླ་མེད་།
ཏན་ཏན་དེ་རེད་།
ལོ་རྒྱུས་ཟེར་བ་དེ་དངོས་གནས་ཁྱད་མཚར་བོ་ཞིག་འདུག་།
ངས་དུས་རྒྱུན་སེམས་ན་འདི་འདྲ་ཞིག་འཁོར་ཡོང་གིན་འདུག་།
ང་ཚོ་རྩོད་བཞིན་པའི་རྙོག་དྲ་འདི་ཚོ་།རྗེ་བླ་མ་།འཇུ་མི་ཕམ་སོགས་ཀྱི་གཟིགས་ན་ག་རེ་བསམ་ཡོང་ངམ་།
ང་ཚོ་སའི་གོ་ལ་རིལ་རིལ་ཞིག་རིག་དུས་།སའི་གོ་ལ་ནི་རིལ་རིལ་ལོ་ཞེས་འུད་སྒྲོག་བྱས་།གཞན་གྱི་མགོ་གཅོག་པའི་སྐད་ཆ་བྱས་།
པན་ཆེན་དཔལ་ལྡན་ཉི་མ་སོགས་ཀྱིས་དེ་ཚོ་རིག་དུས་།ཡ་མཚར་བ་ཞིག་ལ་མ་བརྩི་།དེ་དང་མཐུན་པའི་རླབས་ཆེན་ལན་དེ་ཚོ་བཏབ་།
དེ་བཞིན་བཙན་པོ་ནོ་མོན་ཧན་ཡང་དེ་འདྲ་རེད་།ཡོ་རོབ་ཤམ་བྷ་ལ་རེད་།དེའི་མི་རྣམས་ནི་ནང་བ་མ་རེད་ཅེས་གསར་བ་གསར་རྐྱང་།དེང་དུས་དམག་ལ་འགྲོ་བ་འགའ་བཤད་ནའང་།ཁོ་ཚོའི་སེམས་ཀྱི་ཕུགས་ཀྱི་ཆོས་ཀྱི་བདེན་པ་དེ་ཚོ་ལ་ཕོག་ཐུབ་རྩ་བ་ཉིད་ནས་གཏོང་ཐུབ་ཀྱི་མི་འདུག་།
རྒྱུ་མཚན་ཅི་ཡིན་མི་ཤེས་།ང་སྐབས་རེ་སྔོན་གི་གཞུང་དེ་ཚོ་ཀློག་ཡོང་དུས་།མིག་ཆུ་ཤལ་ལེ་བཞུར་ཡོང་བ་ཤིག་འདུག་།
ང་སྔོན་ཆད་ཤོར་བ་ཤིག་རྩ་བ་ཉིད་ནས་མིན་།
ལྷག་པར་ཏུ་།བཙན་པོ་ནོ་མོན་ཧན་གྱི་འཛམ་གླིང་རྒྱས་བཤད་དེ་ཀློག་ཡོད་དུས་།དངོས་གནས་དྲང་གནས་ཀྱི་ཧ་ལས་བ་ཞིག་བྲིས་འདུག་།
ཐོག་མར་དཔེ་ཆ་དེ་ལྟ་བུ་འབྲི་བའི་ཀུན་སློང་།བྲིས་བའི་རྒྱུ་མཚན་།མཐར་པན་ཆེན་དཔལ་ཉི་སོགས་ལ་དོགས་འདྲི་ཞུས་ཚུལ་སོགས་།དེང་དུས་ཀྱིས་བོད་མི་ཤིག་གིས་སེམས་སུའང་དྲན་ཐུབ་རྒྱུ་མ་རེད་།
ཆོས་བ་ཞིག་གིས་དཔེ་ཆ་དེ་ལྟ་བུ་འབྲི་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།
དྲི་ཚིག་འདིས་མཁས་བ་དེ་ཐམས་ཅད་ལ་སྡོམ་ཚིག་ཆེན་པོ་ཞིག་རྒྱབ་འདུག་།
ངས་ཕྱི་རྒྱལ་ཚོ་ལ་སྐད་ཆ་འདི་འདྲ་བཤད་ཀིན་ཡོད་།
ཁྱེད་ཚོས་ས་རྒྱུས་ཤེས་ནས་ཚན་རིག་དང་།འཛམ་གླིང་དབང་སྒྱུར་བྱས་པ་རེད་།བོད་ཀྱི་མཁས་བ་རྣམས་ཀྱིས་ས་རྒྱུས་ཤེས་ནས་རང་སེམས་དུལ་བ་རེད་།འདི་ནི་བོད་དང་།ནུབ་ཀྱི་མི་འདྲ་བ་གཙོ་བོ་རེད་ཅེས་བཤད་ཀིན་ཡོད་།
དེང་སང་གི་དུས་འདིར་།མཁས་བླུན་ཐམས་ཅད་གྲལ་གཅིག་གི་ཐོག་བཞག་ཏེ་སྐད་ཆ་བཤད་དགོས་བ་རེད་།
མ་བག་མ་ལེན་པའི་བསྟན་བཅོས་དང་།སྟོང་བ་ཉིད་ཀྱི་བསྟན་བཅོས་ཡང་གོ་ས་གཅིག་རེད་།
དེ་བཞིན་དུ་དེ་ལ་སྤྱང་མཁན་ཚོ་ཡང་གདན་ཐོ་གཅིག་ལ་བཞག་ནས་སྐད་ཆ་བཤད་དགོས་བ་རེད་།
ངས་ལོ་མང་པོ་ནུབ་ཀྱི་རིག་གཞུང་གཏིང་ཟབ་པ་དེ་ཚོ་སྤྱོང་ཅི་ཐུབ་ཀྱིས་།ག་ལེར་གཞི་ནས་བསམ་བློ་བཏང་ཡོད་དུས་།ཁོ་ཚོས་ཀྱང་་དོན་གྱི་གཞི་རྩ་དེ་་བཏགས་དོན་ཡོད་མེད་ཅིག་རྩོད་ཀྱིན་ཡོད་པ་འདྲ་བ་མཐོང་བྱུང་།
དེ་ན་བོད་ཀྱིས་མཁས་བ་ཤམ་ཐབས་གྱོན་པ་དེ་དག་གིས་ཀྱང་དོན་གྱི་སྙིང་བོ་བཏགས་དོན་དང་།བདེན་གྲུབ་ཡོད་མེད་ཅིག་བརྩད་ནས་ཡོང་བ་མ་རེད་དམ་།
ད་འདི་ཡིན་ལགས་།མཚམས་ལ་འདུག་གིན་ཡིན་།
ཞག་གསུམ་ལ་གཉིད་མ་ཡོང་བ་དག་གི་ཆེད་དུ་།
ཁ་ཏོན་དགེ་སྤྱོང་རེ་བྱ་ཨེ་ཐུབ་བལྟ་།ཡིན་ནའང་མ་ཧ་ཙི་ན་དང་།མགོ་སེར་གྱི་མཛེས་མ་མང་བའི་སྡུག་བསྔལ་།བོད་མོ་ལག་ཏུ་མ་ཡོང་བའི་སྡུག་བསྔལ་དག་གིས་།་མ་ཅིག་ལབ་ཀྱི་སྒྲོལ་མ་ཟེར་བ་མཛེས་ཞིང་སྡུག་པ་།ལྟ་བས་ཆོག་མ་ཤེས་བའི་བློ་གཏོད་ཆོག་པའི་བོད་མོ་ཞིག་སེམས་སུ་ནང་ཡང་ཡོད་པས།དེ་རེ་བསྒོམ་ནས་འདུག་པ་ལས་གཞན་ཅི་ཡང་བྱེད་ཐབས་མི་འདུག་།
ཨ་རོགས། བོང་རྫི།
མདང་དགུང་གྲོགས་པོ་ཚོའི་མཉམ་དུ་ཆང་འཐུང་ཞོར་དུ་རྡུང་ལེན་གྱི་འགྲན་སྡུར་བྱས་ཏེ། ཆང་འཐུང་ཚོད་མ་ཟིན་པར་ད་ནི་ཉལ་སའི་ནང་དུ་མགོ་སྐྱོར་ནས་བསྡད་ཡོད།
ཡིན་ནའང་གནས་ཚུལ་ཁ་ཤས་ཀྱི་ཐོག་ལ་ངས་འགྲེལ་བཤད་ཅིག་མ་བརྒྱབ་ན་འགྲིག་གི་མེད་པ་འདྲ་ཞིག་མཐོང་སོང་། མདང་དགུང་ཆང་འཐུང་ཞོར་དུ་ཁ་བརྡའི་ཐོག་གི་ཁྱོད་ཀྱི་མཆན་གྱི་སྐོར་ལ་སྐད་ཆ་ཁ་ཤས་བཤད་པ་བདེན་པ་ཡིན། དེ་ནི་ང་ཚོའི་ཁ་བརྡའི་བརྒྱ་ཆའི་གསུམ་ཡང་ཨེ་ཡིན། ངས་ནི་ཁྱོད་ལ་དམིགས་བསལ་གྱི་རྣམ་འགྱུར་གང་ཡང་འཛིན་གྱི་མེད། སྔར་ཁྱོད་ཀྱིས་དགེ་ཆོས་ཀྱིས་ཡིག་སྒྱུར་བྱས་པ་དེ་ཚོ་མ་གཏོགས། རྩོམ་ཡིག་གཞན་པ་ཚང་མ་ནོར་འཁྲུལ་གྱིས་ཁེངས་ཡོད་ཚུལ་ཞིག་བཤད་པ་མཐོང་སྟེ། ཁྱོད་དང་མཉམ་དུ་ཁ་བརྡ་བྱེད་འདོད་ཀྱི་རེ་བ་ཤི་སོང་མོད། ཡིན་ནའང་ད་རེས་ཁྱོད་ཀྱིས་དོན་རྒྱལ་གྱི་སྐོར་ལ་ཐོག་བརྒྱག་བརྒྱག་དང་གློག་འཁྱུག་འཁྱུག་བྱས་ཡོང་དུས། དེའི་སྐོར་ལ་བསམ་ཚུལ་ཁ་ཤས་མ་བཤད་པར་སྡོད་མ་ཚུགས།
དེ་ཡང་ཁྱོད་ཀྱི་སྐད་ཆ་ནས་རང་བློར་བདེན་པར་མཐོང་བ་དག་དེ་བཞིན་དུ་གནས་ལུགས་འདུག་གོ་ཅེས་ཁས་ལེན་བྱས་ཡོད། དཔེར་ན།
༡ ཁྱོད་ཀྱིས་མཆན་ཨང་ ༩༣ པ་རུ་བློ་གཟུ་བོར་གནས་པའི་སྐད་ཆ་སྟེ།
“མཐའ་སྡོམ་དོན་རྒྱལ་གྱི་ཟློས་གར་དོན་གྲུབ་རྒྱལ་གཅིག་པོ་འཁྲབ་པ་མ་རེད་།དེ་ལ་གར་སྟེགས།ཁང་བ་།དོན་རྒྱལ་ལ་ཁ་ལག་སྤྲད་མཁན་།གོས་བཟོ་མཁན།ཡར་མར་ཏུ་འདྲི་མཁན་།དེ་ནས་ཟློས་གར་དེ་ཁྱབ་བསྒྲགས་བྱེད་མཁན་ཀྱི་མི་།ཁོ་ཚོའི་བཀོལ་བའི་ཚགས་པར་།རྒྱང་བསྒྲགས་།དེ་ལ་ཉན་པའི་མི་སོགས་ནས་གླེང་དགོས་ནི་རེད་།” ཅེས་བཤད་པ་འདིར་བརྒྱ་ཆའི་བརྒྱ་མོས་མཐུན་དང་རྒྱབ་སྐྱོར། བསྔགས་བརྗོད་བཅས་ཡོད།
༢ ཁྱོད་ཀྱིས་མཆན་ཨང་ ༩༨ པ་དེ་རུ་
“སྤྱིར་བཏང་ངས་ཀྱང་།སྔོན་དུ་ནུབ་ཀྱི་རིག་གཞུང་གི་ཐོག་ནས་”བདེན་པ་”ཤིག་རྙེད་རྒྱུ་ཡོད་རྒྱུ་རེད་བསམ་ནས་།དེ་ལ་སློབ་གཉེར་བྱས་ནས་ཡོང་།ད་ག་ལེར་ལྟོས་ཡོང་དུས་།ཁོ་ཚོས་ཀྱང་དོན་གྱིས་བཏགས་དོན་ཤིག་འཚོལ་གིན་འདུག་པ་ལ་གཞན་ཅི་ཡང་མ་མཐོང་།” ཞེས་བཤད་པ་འདི་ལའང་མོས་མཐུན་དང་རྗེས་སུ་ཡི་རངས་ཡོད། དབྱིན་ཇིའི་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་སྦྱོང་བྱེད་སྐབས་ང་ལའང་
བསམ་ཚུལ་དེ་འདྲ་འཁོར་ཏེ། དགེ་ཆོས་ཀྱི་ “ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་” ཞེས་པའི་སྐད་ཆ་དེའི་སྐོར་ལ་ཡང་ཡང་བསམ་བློ་བཏང་ཞིང་། ལྷག་པར་དུ་གནའ་མིའི་གཏམ་དཔེ་རུ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་བཤད་རྒྱུ་ཞིག་ཡོད་པ་དེ་སེམས་ལ་སྒོམ་སྟེ། ང་བདེན། ཁོ་ནོར་བསམ་པའི་རང་ཉིད་ཀྱི་ཧམ་པ་ཆེན་པོ་དེ་ཇེ་ཆུང་དུ་གཏོང་ཇི་ཐུབ་བྱས་པ་ཡིན།
༣ དོན་གྲུབ་རྒྱལ་གྱི་སྐོར་ལ་བཏབ་པའི་མཆན་ཚང་མ་ནས་ཚངས་དབྱངས་ཀྱི་མཆན་འདི་ནི་ཚིག་ཉུང་དོན་འདུས་གྱི་སྐད་ཆ་ཤིན་ཏུ་ཡིད་ལ་འཐད་པོ་བྱུང་།
༦༢༽ ཚངས་དབྱངས་ནས། སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༨ གི་ཆུ་ཚོད་ ༡༨ སྐར་མ་ ༡༡
… …
“སེམས་ཀྱི་ཁྱད་ཆོས་ནི་ནམ་ཡང་གཡོ་བ་དང་འགྱུར་བ་འགྲོ་བ་ཡིན། སེམས་འདི་མིའི་རྩ་བ་ལ་སོང་སྟབས། ཀུན་དུ་གཡོ་བར་བྱེད། དེས་ན། གླེང་བཞིན་པའི་རྩོམ་པ་པོ་རྣམས་ཀྱང་། འཚམ་རེ་གསར་བརྗེ་བ་དང་འཚམ་རེ་རྙིང་བཞེན་བ། འཚམ་རེ་རྒྱལ་གཅེས་པ། འཚམ་རེ་རྒྱལ་བཙོང་བར་འགྱུར་གྱི་ཡོད། ཁྱེད་བསམ་བློ་གཏོང་དང་། ངེད་ཚོའི་ཉིན་གཅིག་གི་འཚོ་བའི་ནང་བསམ་བློ་ག་ཚོད་འཁོར་གྱི་འདུག ཐོག་མའི་འདོད་པ་དང་འཆར་གཞིར་འགྱུར་བ་ག་ཚོད་འགྲོ་གི་འདུག གནས་སྟངས་འདིར་གཞི་འཛིན་ནས་ང་ཚོས་དོན་རྒྱལ་སོགས་ལ་བསྐྱར་ཞིབ་བྱས་ན། ཁོང་ལ་གསར་བརྗེ་བའི་ཁྱད་ཆོས་ཡོད་ལ། རྙིང་བཞེན་བའི་ཁྱད་ཆོས་ཀྱང་ཡོད།”
༤ དེས་ན་ངའི་རེ་བར་བོང་རྫི་ཁྱོད་ཀྱིས་དོན་རྒྱལ་གྱི་རྩོམ་ཡིག་རྣམས་ལ་མཐའ་གཅིག་ཏུ་མལྷུང་བར་བློ་གཟུ་བོར་གནས་པའི་སྐད་ཆ་བཤད་ན་བཟང་སྙམ། ལྷག་པར་དུ་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་དང་། དེ་བདུད་རྩི་བཞིན་དུ་འཇིབ་མཁན་གྱི་ (ཁྱོད་ལྟར་ན) “དམར་སྲུང་དམག” གཉིས་གཞི་གཅིག་ཏུ་བསྲེས་ནས་ཉོག་གཡོ་གཡོ་བྱས་ན་དོན་མེད་ཀྱི་དཀྲུགས་ཤིང་ཞིག་ཏུ་མཐོང་།
༥ བོང་རྫི་ཁྱོད་ཀྱིས་དགེ་ཆོས་དང་དོན་རྒྱལ་གྱི་ལྟ་བ་དང་མི་ཚེ། བརྩམས་ཆོས་བཅས་ལ་མངོན་སུམ་འཛེམས་མེད་ཀྱིས་དྲ་ཐོག་ཏུ་རྩོད་པ་དང་དཔྱད་པ་གཏོང་གི་ཡོད་པ་འདི་བཞིན་དུ། བོང་རྫི་ཁྱོད་ཀྱི་མི་ཚེ་དང་ལྟ་བ་(ད་སྔ་ཁྱོད་ལ་བརྩམས་ཆོས་ཡོད་མེད་མ་ཤེས)ལའང་ང་དང་ང་ལྟ་བུའི་དྲ་གྲོགས་ཚོས་དཔྱོད་པ་གཏོང་བའི་རང་དབང་དང་ཐོབ་ཐང་ཡོད་པ་ཤེས་དགོས། གཏམ་དཔེར། གཞན་ལ་བལྟ་བའི་མིག་ཡོད་ན། རང་ལ་བལྟ་བའི་མེ་ལོང་དགོས་ཞེས་པ་ལྟར། དྲ་དེབ་འདི་རུ་ཁྱོད་ཀྱིས་གཞན་ཐོག་ལ་པད་མ་ཁ་འབྱེད་དང་རང་ཐོག་ལ་ཐང་ཁུག་ཁ་བསྡམ་བྱེད་ས་ཡོད་མི་སྲིད།
༦ ང་རང་ཉིད་ཀྱང་གཡུ་འབྲུག་ཅེས་པའི་མིང་གི་གྲིབ་ནག་ཏུ་བསྡད་དེ་ཁྱོད་ཀྱི་སྐོར་ལ་ཁུངས་ལུང་མེད་པའི་སྐད་ཆ་བཤད་ན་དེ་ནི་སྡར་མ་ལས་ཀྱང་སྡར་མའི་སྤྱོད་པ་ཞིག་ལས་མ་འདས་པས། དྲ་དཔོན་དང་དྲ་གྲོགས་མང་པོ་ཞིག་ལ་སྔར་ནས་ཆ་རྒྱུས་ཡོད་པའི་རང་གི་དྲ་མིང་ལྕགས་རྒྱ་འགྲམ་ནག་ཅེས་པ་དེ་འདིར་བསྒྲགས་ཏེ། ངས་གླེང་སྟེགས་འདི་རུ་རང་གིས་ཅི་ཞིག་བཤད་པ་མཐའ་དག་ལ་འགན་ལེན་བྱེད་རྒྱུའི་རྣམ་འགྱུར་གསལ་བོར་སྟོན་འདོད་བྱུང་། དོན་མེད་དུ་དོགས་འདྲོགས་དེ་འདྲ་བྱེད་དགོས་མ་རེད། London ལ་རྒྱུན་དུ་ནས་ཡོང་གི་ཡོད་ཅིང་། གོ་སྐབས་འགྲིག་ན་ཁྱོད་ཀྱི་སློབ་གྲྭར་ཡོང་སྐབས་ཞིག་ལ་དངོས་སུ་ཐུག་ནས་ཁ་བརྡ་བྱེད་ཆོག
ངས་ཁྱོད་ཚོ་སློབ་གྲྭའི་དགེ་རྒན་ Uradyn E. Bulag ཡི་རྩོམ་ཡིག་རྣམས་ལ་བརྩི་འདང་ཆེན་པོ་བྱེད་ཀྱི་ཡོད། ཁོང་དང་མཇལ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཁོང་གི་གཤམ་གསལ་གྱི་རྩོམ་འདི་དག་ནི་འདིར་ང་ཚོས་བཤད་བཞིན་པའི་བརྗོད་གཞི་དང་སྤྱི་འགྲོས་གཅིག་རེད་བསམ་གྱི་ཡོད། རྩོམ་ཡིག་འདི་དག་ལས་2003 “Alter/Native Mongolian Identity: From Nationality to Ethnic Group” ཞེས་པ་འདི་དུས་ཚོད་ཡོད་ན་བོད་ཡིག་ཏུ་བསྒྱུར་རྒྱུ་བྱུང་ན་ཅི་མ་རུང་བསམ་བཞིན་ཡོད། རྩོམ་ཡིག་འདི་རུ་ཁོང་གིས་བོད་སོག་གི་རྒྱལ་ཁབ་གཉིས་ཀྲུང་གོའི་གྲངས་ཉུང་མི་རིགས་ ༥༥ ཁྲོད་དུ་ཇི་ལྟར་བསྐུམ་ཚུལ་གྱི་རྩོད་པ་བརྒྱབ་སྟེ། ཀྲུང་གོའི་གྲངས་ཉུང་མི་རིགས་ལ་ཞིབ་འཇུག་བྱེད་པའི་ཕྱི་རྒྱལ་མཁས་པ་མང་དག་ཅིག་གི་རྩོམ་ཡིག་ལ་དོགས་འདྲི་བྱས་ཡོད།
ཁྱོད་ཀྱིས་དགེ་ཆོས་དང་དོན་རྒྱལ། ཞོགས་དུང་གསུམ་གྱི་ལྟ་བ་ལ་ཤི་འཐབ་རོ་འཐབ་བྱེད་པ་འདི་ཇི་འདྲའི་མཚར་རོ་ཞིག་རེད་ཨང་།
ད་མང་པོ་བཤད་ན་དུས་ཚོད་འཕྲོ་བརླག་གི་རྒྱུ་རེད། ད་ལོ་ཁ་བརྡའི་ཐོག་ཏུ་ཡོང་རྒྱུ་ཇེ་ཉུང་དུ་བཏང་བས་བྱིས་སྒྲུང་ཞིག་ཀྱང་བསྒྱུར་གྲུབ་སོང་། ད་བདེ་མོ་བྱོས།
2004 “Inner Mongolia: Dialectics of Colonization and Ethnicity-Building”, in Morris Rossabi (ed.), China’s Minority Problems, Seattle: University of Washington Press.
2004 “Mongolian Modernity and Hybridity,” Minpaku Anthropology Newsletter. No. 19, December
2003 “Alter/Native Mongolian Identity: From Nationality to Ethnic Group”, in Elizabeth J. Perry and Mark Selden (eds.) Chinese Society: Change, Conflict and Resistance (2nd edition). London and New York: Routledge.
2003 “Mongolian Ethnicity and Linguistic Anxiety in China”, American Anthropologist, Vol. 105 (4).
2002 “From Yeke-juu league to Ordos municipality: settler colonialism and alter/native urbanization in Inner Mongolia”, Provincial China, Vol.7. No. 2.
2000 “Ethnic Resistance with Socialist Characteristics”, in Elizabeth J. Perry and Mark Selden (eds.) Chinese Society: Change, Conflict and Resistance. London and New York: Routledge.
2000 “Colonial Contradictions of Class and Ethnicity in ‘Socialist’ China”, Cultural Studies, 14 (3/4)
གཡུ་འབྲུག་ལགས།
ཁྱོད་ལ་མཚམས་ནས་བླངས་ཏེ།་སྐད་ཆ་འགའ་མི་བཤད་མཐུ་མེད་བྱུང་ཐལ་།
༼༡༽ངའི་སྐད་ཆ་གང་བཤད་ཀྱང་།ཚིག་ཅི་འདྲ་ཞིག་བཀོལ་ཀྱང་།ཁ་ཅིག་གི་སེམས་ནང་དུ་སྟེང་ནས་ཕོག་བཞིན་ཡོད་པ་དེས་།དོན་གྱིས་ངའི་དགེ་ཆོས་ཀྱི་ཁ་མ་གྲགས་ཟེར་བའི་གཏམ་རྒྱུད་ལས་དྲངས་ནས་བཤད་པའི་མཐའ་སྡོམ་དེ་བདེན་པ་ཡང་དག་ཏུ་སྒྲུབ་འདུག།དེ་ན་སྤྱིར་བཏང་གི་སྐད་ཆ་མང་པོ་བཤད་དགོས་བའི་རྒྱུ་མཚན་ཅི་ཡང་མི་འདུག་།
༼༢༽དགེ་ཆོས་ཀྱིས་སྐོར་གྱི་རྩོམ་བྲིས་བ་དེ་སྤྱིར་བཏང་གི་བཤད་ནས་།རྡོ་སྦིས་བློ་བཟང་ཡོན་ཏན་ཟེར་བ་དེ་ཡི་ཐོ་ཡིག་གཉིས་དང་།གཞན་ཚང་མ་མཆན་ཚང་མ་ཤ་སྟག་རེད།སྐད་ཆ་ཡོད་ན་དེ་དུས་བཤད་ཆོག་པ་མ་ཟད་།ཁ་བརྡ་དྲ་རྒྱའི་སྟེང་ད་དུང་འདུག་པ་མ་ཟད་།ཁྱོད་ལ་བཤད་རྒྱུ་ཞིག་ཡོད་ན་བཤད་ཆོག་ཆོག་རེད་།འདིར་ནས་སྐད་རྒྱག་དགོས་བའི་རྒྱུ་མཚན་ཅི་ཡང་མི་འདུག་།
༼༣༽ཁྱོད་ཀྱིས་ངས་ཚིག་འགའ་ཤས་ལ་བཀོལ་བ་མི་འདོད་པའི་མཁང་ར་དང་།ཞོར་དང་ཟུར་ལ་།ང་སྒེར་གྱི་མི་ཚེ་ཡང་གླེང་ཡོང་གི་འདུག་།འདི་ཡང་སྐྱོན་མི་འདུག་བསམ་ནས་བཞག་པ་ཡིད་།ཡིན་ནའང་ཁྱོད་ཀྱིས་སྐད་ཆ་འདི་འདྲ་བ་ཞིག་ཀྱང་”ངས་འབུམ་རམས་སློབ་མ་ཞིག་མགོན་ཕྱག་དང་གཡུང་ཚེ་སོགས་དང་བཞུགས་གྲལ་གཅིག་ཏུ་བཞག་ནས་བསྡུར་ཐུབ་ཀྱི་མི་འདུག༽ཤོར་སོང་།་སྤྱིར་བཏང་ཚིག་འདི་དག་གིས་ཁྱོད་ཀྱིས་ང་ལ་བཤད་པའི་སྐད་ཆ་ཚང་མ་སྟོང་བ་བཟོས་བ་རེད་།དོན་གྱིས་ངས་དམར་སྲུང་དམག་ཟེར་བ་ལས་ཀྱང་འཕྱ་སྨོད་དང་།མཐོང་ཆུང་བྱས་པ་ཞིག་རེད་།
ངས་ཁ་ནས་སྐད་ཆ་གང་བཤད་ཀྱང་།ཚིག་གང་བཀོལ་ཡང་ཁོ་ཚོ་ལ་རིག་གཞུང་གི་ཐོག་ནས་སྐད་ཆ་བཤད་།ཁོ་ཚོའི་ཚིག་་ལ་ཉན་།ཚིག་འབྲུ་རེ་རེ་ལ་མཐོང་ཆེན་དང་ཞིབ་མཇུག་བྱས་།ཆུ་ཚོད་མང་པོ་བེད་སྤྱད་ནས་།རྩོད་པ་བྱས་བ་ཞིག་རེད་།་འདིས་དོན་གྱི་ཁོ་ཚོ་ཡང་།འདྲ་མཉམ་།རིགས་པའི་རྩོད་ཡུལ་དུ་གྱུར་བ་།བློ་ལྡན་འགའ་ཡིན་པ་ཞོར་ལ་བསྟན་གིན་ཡོད་པ་རེད་།ངས་ཁོ་ཚོས་ཀྱང་བླང་དོར་གྱི་ཁྱད་པར་འདི་ཤེས་བའི་རེ་བ་འཛིན་གིན་ཡོད་།
ཐོག་མར་ངས་དངོས་གནས་ཀྱི་ཁྱོད་ཀྱི་གནས་ལུགས་འདི་ཚོ་ཧ་གོ་བའི་རེ་བ་བཟུང་བ་ཡིན་།་ད་རེ་བ་དེ་དག་ཡང་སྟོང་བར་འགྲོ་བཞིན་འདུག་།བློ་ཕམ་འདྲ་བ་ཞིག་ཡོང་གིན་འདུག་།ལྷག་པར་ཏུ་སྐད་ཆ་འདི་འདྲ་བཤད་ན་་”གཡོ་བྱས་ན་དོན་མེད་ཀྱི་དཀྲུགས་ཤིང་ཞིག་ཏུ་མཐོང་།”་ཁྱེད་ག་རེ་ལབ་གིན་ཡོད་ཅེས་མི་འདྲི་ཐབས་མེད་རེད་།
དེ་ན་”རྙིང་ཞེན་པ”་ཟེར་བ་འི་ཚིག་འདི་ཡང་”་་དོན་མེད་ཀྱི་དཀྲུགས་ཤིང་ཞིག་”རེད་དམ་།
འདི་ཙམ་ཡང་བསམ་བློ་གཏོང་ཤེས་ཀིན་མི་འདུག་གམ་།
༼༤༽ཁྱོད་ཀྱིས་རྒྱུ་མཚན་སོགས་ཅི་ཡང་མེད་པར་འཐད་ཀིན་དང་།མི་འཐད་ཅེས་དང་།གཞན་ལ་བསླབ་བྱ་འདྲ་མང་པོ་རྒྱག་གིན་འདུག་།དེ་ནས་ངའི་མི་སྒེར་གྱི་མི་ཚེ་བདེན་ལ་མི་བདེན་པ་དེ་དག་།དྲ་རྒྱ་ཐོག་ནས་བཤད་ཅི་ཐུབ་བྱ་ཀིན་འདུག་།
སྐད་ཆ་དེ་དག་ཁྱོད་ཀྱིས་དགག་པ་གཏོང་བཞིན་པའི་ངས་དོན་རྒྱལ་སྐོར་ལ་བཤད་པའི་སྐད་ཆ་དང་གཅིག་པ་མ་རེད་དམ་།
ངས་ཐོག་དང་པོ་ནས་བཤད་ཡོད་།
གཞན་ལ་རྙིང་ཞེན་པ་།སྲོལ་རྒྱུན་པ་།དོན་གྱི་དེང་རབས་ལ་མི་འགའ་མཁན་།བོད་མི་རིགས་རྩ་བརླག་ཏུ་གཏོང་བའི་གཏེ་བོ་སོགས་ཀྱིས་སྐད་ཆ་བཤད་ཡོང་ན་།གཞན་གྱིས་ཁྱོད་ཚོ་ལ་།དམར་སྲུང་དམག་མི་།གསར་བརྗེ་བ་།ཁ་ནས་བོད་མི་རིགས་།དོན་གྱི་དམར་པོའི་གསར་བརྗེ་བ་ཞེས་བཤད་ཡོང་གིན་རེད་།ཅེས་དངོས་ཤུགས་གང་རུང་གི་མང་པོ་བཤད་ཡོད་།དེ་དག་བདེན་པ་མ་རེད་དམ་།
༼༥༽ངས་མང་པོ་བཤད་ཡོད་།དྲ་རྒྱའི་སྐད་ཆ་ནི་དྲ་རྒྱའི་སྐད་ཆ་རེད་།ལྷག་པར་ཏུ་ཁ་བརྡ་རེད་།ཡིན་ནའང་མི་ཁ་ཤས་ཀྱི་ནམ་ཡང་།ཁ་བརྡ་ཤིག་ལ་བརྩི་ཀིན་མི་འདུག་།རྒྱལ་ཕམ་གྱི་གཡུལ་ས་ཤིག་ལ་ངོས་འཛིན་བཞིན་འདུག་།ཁྱོད་ཀྱིས་འདིས་ཁྱད་པར་ཙམ་ཡང་ཤེས་ཀིན་མི་འདུག་གམ་།
འདོར་ན་ངས་སྐད་ཆ་འདི་དག་གི་མགོ་རྩོམ་དུས་།མི་གང་ཞིག་ཡིན་རུང་།ཚིག་ལན་ལ་ཚིག་དང་།དོན་ལན་ལན་དོན་བཏང་ཡོང་གིན་རེད་།དགེ་ཆོས་དང་།དོན་རྒྱལ་སུ་ཡིན་ཡང་དེ་འདྲ་རེད་།
རྗེས་མ་ཞིག་ལ་གླེགས་བམ་ཞིག་བརྩམས་པའི་དབང་དུ་བྱས་ན་གཞན་གྱི་དེ་ལྟར་བྱ་རྒྱུ་ཡིན་པའི་རྩ་དོན་དེ་སྔོན་ནས་ཤེས་བསྡད་ཡོད་།
དེ་མིན་གཞན་མེད་།བཀྲ་ཤིས་།དོན་གྲུབ།
“སྔར་ཁྱོད་ཀྱིས་དགེ་ཆོས་ཀྱིས་ཡིག་སྒྱུར་བྱས་པ་དེ་ཚོ་མ་གཏོགས། རྩོམ་ཡིག་གཞན་པ་ཚང་མ་ནོར་འཁྲུལ་གྱིས་ཁེངས་ཡོད་ཚུལ་ཞིག་བཤད་པ་མཐོང་སྟེ། ཁྱོད་དང་མཉམ་དུ་ཁ་བརྡ་བྱེད་འདོད་ཀྱི་རེ་བ་ཤི་སོང་མོད།”
སྐད་ཆ་འདེན་པ་མ་རེད་།
དགེ་ཆོས་ལ་ནོར་འཁྲུལ་མང་པོ་རེད་།
དེ་བཞིན་རྡོ་སྦིས་ཡོན་ཏན་གྱིས་བྲིས་བ་དེ་ལའང་ནོར་འཁྲུལ་འདུག་།ཡིན་ནའང་ཐོ་ཡིག་དེ་གཉིས་ཀྱི་རྩ་བའི་དམ་བཅའ་ད་དུང་ཡང་མི་སུས་གཅིག་གིས་ཡ་ལན་སྤྲོད་ཐུབ་ཀྱི་མི་འདུག་།དགེ་ཆོས་ཕྱོགས་ལ་མཁས་བ་ཡིན་ཟེར་བ་དེ་དག་གིས་ཀྱང་ཡ་ལན་སྤྲོད་ཐུབ་ཀྱིན་མི་འདུག་།
གོ་ཐོས་སུ་ཁོས་རྩ་བའི་དམ་བཅའ་ནི་འདི་འདྲ་ཞིག་ཡིན་པར་བཤད་།དགེ་ཆོས་ནི་དུས་རབས་བདུན་ཅུ་ནས་མགོ་བཟུང་ཏེ་“Culture-Hero”ཞིག་བཟོས་བ་རེད་ཅེད་བཤད་ཀིན་ཡོད་པ་འདྲ་།དེ་མིན་པའི་སྐད་ཆ་ད་དུང་སུ་ཞིག་གིས་སྒྲུབ་ཐུབ་མ་སོང་ཞེས་བཤད་ཀིན་ཡོད་པ་ཐོས་།
དེ་བཞིན་མཐའ་སྡོམ་ལྟ་བུ་ལ་།
སྤྱིར་བཏང་ངས་དགེ་ཆོས་དང་།དོན་རྒྱལ་སྐོར་ལ་ཞིབ་མཇུག་བྱ་བཞིན་མེད་ལ།ང་རང་གི་སློབ་སྤྱོང་དང་འབྲེལ་བ་ཅི་ཡང་མེད་།
དེ་བས་ཁོང་ཚོའི་སྐོར་ལ་སྐད་ཆ་གང་བཤད་ཀྱང་།ཞོར་ལས་དང་ཆུ་ཚོད་འགྲོ་སྤྱད་ཅིག་ལ་བརྩིས་ནས་སྐད་ཆ་བཤད་ཀིན་ཡོད།