མདའ་ཚན་པ་ལགས།
དང་པོ་བོད་ཡིག་གསར་བཅོས་ཀྱི་ཡིག་ཆ་དེའི་གནས་ཚུལ་ཁུངས་ལྡན་རེ་ཐོབ་སོང་། ཡིག་ ཆ་དེའི་བསྡུས་མིང་ལ་”ཟིན་བྲིས་གནད་བསྡུས།” དང་མིང་ཆ་ཚང་ལ་ “མའོ་ཀྲུའུ་ཞིའི་གསུང་རྩོམ་བོད་ཡིག་པར་སྐྲུན་དང་ཡིག་སྒྱུར་བྱ་བའི་མའོ་ཙེ་ ཏུང་དགོངས་པ་སློབ་སྦྱོང་འཛིན་གྲྭའི་གྲོས་བསྡུར་ཟིན་བྲིས་གནད་བསྡུས།”ཟེར་ གྱི་འདུག ཡིག་ཆ་འདི་ནི་ ༡༩༦༩ ལོའི་ཟླ་བདུན་པའི་ནང་ལ་མི་རིགས་དཔེ་སྐྲུན་ཁང་གི་ལས་བྱེད་སྐོར་ཞིག་གིས་གྲོས་གཞིན་བཏོན་པ་དང་། སྐབས་དེར་པེ་ཅིན་ན་ཡོད་པའི་བོད་ཡིག་གི་བྱ་བ་བྱེད་མཁན་སྐོར་ཞིག་མཉམ་འཛོམས་ཀྱིས་ཡིག་ཆ་འདི་གཏན་ལ་ཕབ་པ་རེད་ཟེར། ཡིག་ཆ་འདིས་བོད་ཡིག་ལ་ཚིག་ཕྲད་༦༤ཡོད་པ་ལས་༣༥ མི་དགོས་པ་བྱས་པ་རེད་ཟེར། ཡིག་ཆ་ངོ་མ་དེ་ད་བར་དུ་ལག་ལ་མ་ཡོང་ཐལ། ངས་ཡིག་ཆ་ཡོད་མཁན་མི་གཉིས་ཤེས། གཅིག་གྲོངས་སོང་། གཅིག་ད་དུང་འདུག ཡིག་ཆ་ཟིན་བྲིས་རྒྱག་མཁན་གྱི་གྲས་གཅིག་ཡིན་ཟེར་བ་དེ་ཡིན། ང་ལ་ངོ་བཤུས་སྟེར་གི་ཡིན་ཟེར་ནས་ལོ་བརྒྱད་དགུ་ཙམ་ཕྱིན་སོང་། ང་དེ་ལ་སྒུག་ནས་ཀྱང་ལོ་བརྒྱད་དགུ་ཙམ་ཕྱིན་སོང་།
གཉིས་པ་ནི། མདའ་ལན་༢པའི་(གླེང་མོལ་སྔོན་མ་དེ།)ནང་དུ་ངའི་བསམ་ཚུལ་རེ་ཟུང་ཁ་གསལ་ཞིག་བྱུང་མེད་པ་འདྲ། ངའི་བསམ་ཚུལ་ཞིག་ནི་བློར་སྐྱོར་རྒྱུ་དེ་ཕྲད་གཞན་དབང་ཅན་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཞིག་མ་རེད། ཕྲད་གཞན་དབང་ཅན་མེད་ན་ཡང་ང་ཚོའི་བརྡ་སྤྲོད་དེ་སྔོན་བྱོན་མཁས་པ་རྣམས་ཀྱིས་བློར་སྐྱོར་རྒྱུ་ཞིག་ཏུ་བསྒྲིགས་ཡོད་ཀྱི་རེད། སུམ་རྟགས་གཉིས་ཀྱི་ནང་དུ་དོན་དག་མང་མང་པོ་ཞིག་ཕྲད་རང་དབང་ཅན་ལ་འབྲེལ་བ་མེད་ཀྱང་བློར་སྐྱོར་གྱི་ཡོད་པ་རེད།
བསམ་ཚུལ་གཞན་པ་ཞིག་ནི། བློར་སྐྱོར་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྦྱོང་སྟངས་ཤིག་རེད་ཀྱང་བློར་མ་སྐྱོར་ན་དེ་ཤེས་ཐབས་མེད་པ་ཞིག་མ་རེད། དེ་ཚིག་ཕྲད་ཇེ་ཉུང་ལ་བཏང་ནས་བློ་སྐྱོར་བྱེད་མི་དགོས་པ་ཞིག་ཀྱང་མ་རེད། མདའ་ཚན་པ་ལགས་ནས་ཕྱི་རྒྱལ་པ་འགའ་ལ་ཕྲད་རང་དབང་ཅན་མ་བསླབས་པར་བོད་ཡིག་ཤེས་སུ་བཅུག་པ་རེད། ངས་ཀྱང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོ་ཞིག་ལ་བོད་སྐད་ཀྱི་དགེ་རྒན་བྱས་མྱོང་། ཚིག་ཕྲད་གཞན་དབང་ཅན་བསླབས་པ་ཡིན། ཡིན་ ན་ཡང་བློར་སྐྱོར་དུ་བཅུག་མེད། སྤྱིར་བཏང་བོད་ཡིག་གི་ཤེས་ཚད་ཡག་པོར་སླེབས་པ་ལ་དཀའ་ངལ་འདུག་ཀྱང་། ཕྲད་གཞན་དབང་ཅན་ཤེས་པ་ལ་དཀའ་ངལ་འཕྲད་མ་སོང་། འདིའི་ཁོངས་ལ་ད་དུང་བསམ་ཞིག་ཡོད་ཀྱང་ད་དྲན་མ་སོང་། རྗེས་མ་ཞིག་ཡང་སྐྱར་གླེང་ཡོང་།
གསུམ་པ་དེ། ཕྲད་གཞན་དབང་ཅན་བློ་སྐྱོར་ཆེད་རྣ་འཇོག་ཕྱིད་པ་དང་དགེ་རྒན་གྱིས་བརྡུང་བ་དེ་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཡིན། རྣ་འཇོག་ཕྱིད་ནས་མ་ཆད་པ་དེ་ཡག་པོ་རེད། རྣ་འཇོག་ཆད་ན་མི་དེའི་མགོ་ཐོམ་བུ་ལྟ་བུ་ཞིག་ཏུ་གྱུར་ནས། རྣ་འཇོག་མེད་པའི་སྟེང་ལ་མི་རྣམས་ཀྱི་འཕྱ་སྨོད་ཇི་འདྲའི་མང་པོ་ཞིག་མྱོང་དགོས་པ་རེད།
དགོན་པའི་ནང་ལ་དགེ་ཕྲུག་རྣམས་ལ་རྡུང་བ་ནི་སུམ་རྟགས་བློར་སྐྱོར་རྒྱུ་གཅིག་པོའི་ཆེད་དུ་མ་རེད། ཁོང་ཚོའི་ཆོས་དཔེ་སློབ་སྦྱོང་དང་ཆོས་ཁྲིམས་ཀྱི་སྐོར་ན་ཡང་རྒྱུན་དུ་རྡུང་གི་ཡོད་པ་འདྲ། ན་ནིང་ཀླུ་སྨྱོན་གྱིས་དེའི་སྐོར་ལ་དཔེ་ཆ་ཞིག་འབྲི་གི་ཡོད་པའི་སྐོར་མང་པོ་ཞིག་བཤད་མ་སོང་ངམ།
བློར་སྐྱོར་རྒྱུ་དང་དགེ་རྒན་གྱིས་རྡུང་རྒྱུ་གཉིས་ཀ་གོམས་སྲོལ་རེད། གོམས་སྲོལ་སྐོར་ཞིག་དགོས་མེད་ཡིན་པ་ཡང་བདེན་པ་རེད། ཡིན་ན་ཡང་དེ་རིང་དགོས་མེད་ཡིན་པ་ཤེས་ན་སང་ཉིན་འགྱུར་འགྲོ་བ་ཞིག་ཀྱང་མ་རེད། དེ་ལྟར་འགྱུར་སླ་ན་གོམས་སྲོལ་མ་རེད།
གོམས་སྲོལ་ཡང་མགྱོགས་པོར་མི་འགྱུར། བློར་ཡང་སྐྱོར་དགོས། ད་ང་ཚོས་ཅི་ཞིག་བྱེད་རྒྱུ་ཡིན། གཞན་བྱེད་རྒྱུ་ཡོད་པ་མ་རེད། བྱེད་རྒྱུ་གཅིག་ཡོད་པ་ནི་དགེ་ཕྲུག་རྣམས་ཀྱིས་ཁྲབ་གྱོན་རྒྱུ་དེ་རེད། དེང་སང་འགྱིག་གི་བཟོ་རྩལ་ཧ་ཅང་མཐོན་པོ་རེད། སྲོལ་རྒྱུན་གྱི་ལྕགས་ཁྲབ་ལས་འགྱིག་ཁྲབ་དེ་ལུས་ལ་ཡང་བ་དང་འཆམས་པ་ཞིག་མི་ཡོང་ངམ། དགོན་པའི་དགེ་ཕྲུག་རྣམས་ལ་བལྟོས་པས་དགུན་ཁར་ཐོབ་ཐང་བློར་སྐྱོར་མཁན་རྣམས་ཀྱི་སློབ་མའི་རྣ་འཇོག་གྲང་བའི་དཀའ་ངལ་སེལ་རྒྱུ་ལས་སླ་བོ་རེད། དེ་ནི་རྣ་ཤུབས་རེ་གྱོན་རྒྱུ་དེ་རེད།
ངས་ངོ་རྒོལ་གྱི་ལས་འགུལ་གྲ་སྒྲིག་བྱེད་བཞིན་ཡོད། ཁྱེད་ཀྱིས་སྦི་རག་ཅིག་གིས་ངའི་ལས་འགུལ་འགོག་རྒྱུའི་རེ་སྟོང་མ་བཅངས། ཁྱེད་ཚོ་མ་རྩ་རིང་ལུགས་པ་རྣམས་ང་ཚོ་འབྱོར་མེད་གྲལ་རིམ་གྱི་འཐབ་འཛིང་པ་རྣམས་ལ་སྒྱོགས་མདེལ་མངར་མོ་འཕེན་ལོབས་སུ་ཡོང་ཡོད་པ་ངས་ཤེས། ད་རེས་ང་ལ་ད་གཏན་ནས་འགྲོ་ས་མེད།
སྲོལ་རྒྱུན་སྲོལ་རྒྱུན་ཟེར་ནས་རང་གསར་བ་ཡིན་མདོག་མདོག་བྱེད་རྒྱུ་ཨེ་ཡོད་དམ། རྙིང་བ་མེད་པར་གསར་བ་གང་ནས་བྱུང་།
གཅིག་བྱས་ན་རང་གི་ཁ་ནས་གསར་བ་འདྲ་ལབ་བཞིན་བྱེད་བྱེད་ཚང་མ་རྙིང་བ་དང་སྐོར་ལོག་རྐྱང་རྐྱང་ཡིན་ནའང་ཐང་། རྒྱ་རྒན་མའོ་ཡིས་ཀྱང་མ་ཤི་གོང་གསར་བ་དང་གསར་བརྗེ་རྐྱང་ལབ་ནས་རོ་རྒན་ཐང་ལ་འགྱེལ་རྗེས་ཁོའི་གཤིས་ཀ་རྙིང་སྟུག་ཕྱི་ལ་བཀྲམས་སོང་ང་།
གསར་བ་ལབ་ནས་ཨ་གསར་མང་དྲག་ན་མཐའ་མར་ཐོབ་རྒྱུ་འགྱིག་གི་མོ་མཚན་ཙམ་ཡིན་ཀྱང་སྲིད།
ཁྱེད་རང་གིས་ངའི་མདའ་མོ་གཅིག་གི་ལན་ལ་མདའ་མོ་གསུམ་བསྟུད་མར་འཕངས་འདུག་པ་ཚང་མ་སྟོང་འཕེན་བྱས་པ་རང་རེད། དེའི་ནང་གནད་ལ་འཁེལ་བ་དང་ངའི་བསམ་ཚུལ་ལ་འགྱུར་བ་ཐེབས་ཐུབ་པའི་མདའ་མོ་གཅིག་ཡང་མི་འདུག
ད་མདའ་ལན་བཞི་པའི་ནང་། ཡང་། གི་དང་འི། ལ་དང་ར། དེ། ཅིང་སོགས་ཁོ་ན་རང་དབང་གི་སྒོ་ནས་བེད་སྤྱོད་གཏོང་བ་ལས་ཀྱང་འང་ཡང་། གི་གྱི་ཀྱི་འི་ཡི། སུ་རུ་ར་ལ་ཏུ་དུ་ན། དེ་ཏེ་སྟེ། ཅིང་ཞིང་ཤིང་སོགས་སྔོན་མ་བཞིན་ཕྲད་གི་འཇུག་ཚུལ་ལྟར་བྱེད་སྤྱོད་བཏང་ན་དགེ་མཚན་ཆེ་བའི་སྐོར་རྒྱུ་མཚན་གསལ་ཁ་ཅན་འགའ་ཤས་བགྲང་རྒྱུ་ཡོད་ན་རྗེས་མ་ནས་ངས་ད་མུས་བཞིན་ཕྲད་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་གི་ཡིན།
གནའ་སྔ་མོའི་དཔེ་རྙིང་རྣམས་ཀློག་པའི་ཆེད་འབྲིང་རིམ་སློབ་གྲྭའི་ནང་ཕྲད་གི་སྦྱོར་ཚུལ་ངོ་སྤྲོད་བསྡུས་ཙམ་བྱས་ན་དེས་འཐུས། གཞན་པ་ཉ་ཉོག་དེ་ཚོ་དགོས་པ་ཡེ་ནས་མེད། ཁྱོད་འདི་མི་རྒས་གི་རྒས་གི་ཀླད་པ་ཇེ་མཁྲེགས་དང་ཇེ་མཁྲེགས་ཡིན་པ་འདི་ཆི་རེད། མ་གཞི་མི་ཚང་མ་རྒས་གི་རྒས་གི་ཆུང་བྱིས་པའི་དུས་གི་ཅ་ལག་རྙིང་པ་རྣམས་ལ་རྩིས་འདང་ཇེ་ཆེ་དང་ཇེ་ཆེ་ཡིན་ན་ཡང་། ང་དེ་ལས་ལྡོག་དེ་གསར་པ་དང་སྟབས་བདེ་ཅན་ལ་དགའ་བར་འགྱུར་བ་འདི་གཅིག་བྱས་ན་ངའི་རང་གཤིས་སྒྱིད་ལུག་ཚ་པོ་འདིའི་ཡིན་ན་ཡང་ཐང།
ཐ་ན་ངས་གངས་གཙང་མ་བཟོ་བར་ཡང་དང་པོ་མགྱོགས་ཤོས་དང་ལས་སླ་ཤོས་སྟབས་བདེ་ཤོས་གང་ཡིན་པར་བསམ་བློ་བཏང་ནས་དེ་ནས་གངས་གཙང་མ་བཟོ་གི་ཡོད། ད་ལྟ་ངའི་གཡས་གཡོན་འདིར་སུ་གང་ལ་ཡང་མེད་པའི་གངས་གཙང་མ་བཟོ་ཐབས་གསར་པ་ཞིག་ང་ལ་ཡོད། རྗེས་མ་འུ་གཉིས་ཐུག་ན་ངས་ཁྱོད་ལ་བསླབ་ཆོག དེ་རིང་དེ་ཙམ་ཡིན། སང་ཉིན་ཡང་སྐྱར་མཇལ་ཡོང་།
མདའ་ཚན་པ་ལགས། བོད་ཡིག་གི་འབྲི་རྒྱུ་ཡིན་ན། ཆང་འཐུང་བཞིན་ད་དུང་འདི་ངག་ལ་བསྐྱོར་དང་རིན་ཐང་ཡོད་དོ།
དབྱངས་ཅན་གྲུབ་པའི་རྡོ་རྗེ།
ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ། །རྗེ་བཙུན་བརྟན་པའི་འཁོར་ལོ་དང་། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། །མདོར་བསྡུས་ཚིག་གིས་གསལ་བར་བྱ། །སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །དེ་ཕྱིར་ཀཱ་ལི་སུམ་ཅུ་པོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །སྔོན་འཇུག་ལྔ་ཡི་བ་ཡིག་ཕོ། །ག་ད་མ་ནིང་འ་མོ་ཡིག །མ་ནི་ཤིན་ཏུ་མོ་ཡིན་ནོ། །དེ་རྣམས་གང་ལ་གང་འཇུག་ནི། །ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན། །ཛ་ཞ་ཟ་ར་ཤ་སར་འཇུག །མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ཤ །སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག །མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར། །ཤིན་ཏུ་མོ་ཡི་མ་ཡིག་ནི། །ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་སྒྲ་རྩོལ་དྲག་པར་འཇུག །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཐོག་མར་འདི་ལྟར་ཤེས་དགོས་ཏེ། །ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང་། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་དང་། །བྱ་བ་གཉིས་པོ་དངོས་པོ་གཞན། །དེ་བཞིན་བྱེད་པ་པོ་གཞན་དང་། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང་། །བྱ་བ་བྱས་ཟིན་འདས་པ་དང་། །བྱ་བ་བྱེད་འགྱུར་མ་འོངས་དང་། །བྱེད་བཞིན་པ་ནི་ད་ལྟ་བ། །དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང་། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། །དེས་ན་དུས་གསུམ་དུ་དབྱེ་བ། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །
དངོས་པོ་བདག་ལའང་འཇུག་པ་མཐོང་། །དེ་ལྟར་ངེས་ནས་ཕོ་ཡིག་བ། །བསྒྲུབས་སོ་ལྟ་བུ་འདས་པ་དང་། །བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །ཞེས་སོགས་དངོས་པོ་གཞན་ལ་འཇུག །མ་ནིང་ག་ད་གཉིས་པོ་ནི། །གཅོད་པ་པོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་པོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར། །ཞེས་སོགས་དངོས་པོ་བདག་དོན་དང་། །གཅད་བྱའི་ཤིང་དང་གཅད་པར་བྱ། །དཀྲི་བྱའི་སྣལ་མ་དཀྲི་བར་བྱ། །ཞེས་སོགས་དངོས་པོ་གཞན་དོན་དང་། །གཅོད་བཞིན་པ་དང་དཀྲི་བཞིན་པ། །ཞེས་སོགས་ད་ལྟ་བསྒྲུབ་ཆེད་འཇུག །མོ་ཡིག་འ་ནི་འཆད་པ་པོ། །འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་སོགས་དངོས་པོ་བདག་དངོས་དང་། །འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་པ་དང་། །འཁྱིལ་ལོ་ཞེས་སོགས་ད་ལྟ་དང་། །འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །ཤིན་ཏུ་མོ་ཡི་མ་ཡིག་ནི། །བདག་གཞན་དུས་གསུམ་མཉམ་པར་འཇུག །འོན་ཀྱང་བྱེད་པོ་གཞན་དངོས་དང་། །འབྲེལ་བའི་འདས་ལ་འའི་སྔོན་འཇུག །མེད་པར་ངེས་ཤིང་ག་ད་ཉུང་། །ད་ལྟ་བ་ལ་བའི་སྔོན་འཇུག །ཉུང་ཞིང་མགོ་ཅན་ད་ལྟ་བར། །བས་འཕུལ་མེད་པར་ངེས་པ་ཙམ། །གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །བྱེད་པ་པོ་ནི་ད་ལྟ་དང་། །བྱ་ཡུལ་མ་འོངས་པར་བསྡུས་ནས། །འདས་ལ་བས་འཕུལ་ཡང་འཇུག་ཡོད། །ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། །སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །སྐབས་འགར་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་བས་འཐུས་པའང་ཡོད། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །ག་ད་བ་ས་བཞི་རྣམས་ཕོ། །ང་མ་འ་གསུམ་མོ་ཡིན་ཅིང་། །ན་ར་ལ་གསུམ་མ་ནིང་སྟེ། །མིང་གཞིའི་ཡི་གེ་ཀུན་ལ་འཇུག །ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །ཕོ་ཡི་ག་
ཡིག་ཡང་འཇུག་ཅན། །སྐྱེས་བུ་རབ་དང་ཕོ་ཡིག་བ། །ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང་། །ག་བ་ཡང་འཇུག་མེད་པ་དང་། །ད་སའི་མཐའ་ཅན་ཐ་མ་སྟེ། །དྲག་པ་ཕོ་ལའང་ནང་གསེས་ཀྱིས། །དྲག་ཞན་བར་མ་གསུམ་དུ་དབྱེ། །དེ་བཞིན་ཞན་པ་མོ་ལ་ཡང་། །ནང་གསེས་དྲག་ཞན་གཉིས་དབྱེ་སྟེ། །ང་མ་ཡང་འཇུག་ཅན་མོ་དང་། །ང་མ་ཡང་འཇུག་མེད་པ་དང་། །འ་མཐའ་ཅན་རྣམས་ཤིན་ཏུ་མོ། །བར་མ་མ་ནིང་ན་ར་ལ། །ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞི་ཕོ་ཡིག་མཐར་ཡོད་དང་། །མིང་གཞི་མ་ནིང་རྗེས་སུ་ནི། །ཡང་འཇུག་དང་བཅས་ཞུགས་པ་ན། །དྲག་དང་ཕྲད་པས་དྲག་པར་འགྱུར། །མིང་གཞི་མོ་ཡིག་རྗེས་སུ་ནི། །ཡང་འཇུག་མེད་པར་ཞུགས་པ་ན། །ཞན་དང་འཕྲད་པས་ཞན་པར་འགྱུར། །དེ་གཉིས་འགྱུར་བ་མ་ནིང་ཡིན། །མིང་གཞི་མོ་ཡིག་རྗེས་སུ་ནི། །ཡང་འཇུག་དང་བཅས་ཞུགས་པ་ན། །དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར། །མཚན་གཉིས་མ་ནིང་ཞེས་སུ་གྲགས། །མིང་གཞི་མ་ནིང་རྗེས་སུ་ནི། །ཡང་འཇུག་མེད་པར་ཞུགས་པ་ན། །དྲག་གཞན་གང་དུའང་མི་འགྱུར་བས། །མཚན་མེད་མ་ནིང་ཞེས་སུ་འདོད། །གཉིས་པ་དོན་ལ་གཉིས་ཡོད་པའི། །སྔ་མ་གང་ལྟར་འགྱུར་བ་ནི། །རྗེས་འཇུག་གང་ལ་ཞུགས་པ་ཡི། །མིང་དེས་བདག་གཞན་སོགས་གང་སྟོན། །ཕལ་ཆེར་མིང་དེའི་སྔོན་འཇུག་གི། །ནུས་པར་སྦྱར་ནས་རྟོགས་པར་བྱ། །ཕྱི་མ་ཇི་ལྟར་འགྱུར་བ་ནི། །རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི། །མིང་མཐའ་གཞན་དྲངས་དེ་བཞིན་དུ། །མོ་ཡིས་མོ་ཡི་མིང་མཐའ་དང་། །མ་ནིང་གིས་ནི་མ་ནིང་དྲངས། །དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ། །བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་། །གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། །རྟགས་མཚུངས་པ་འམ་སྒྲ་མཐུན་པའི། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པར
འདྲེན། །དེ་དག་ནང་གསེས་གང་འཇུག་ནི། །རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི། །མཐར་སྦྱར་མིང་དོན་ལས་ཤེས་བྱ། །དེ་ཡང་ཆོས་རྣམས་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །གསལ་བྱེད་བོད་ཀྱི་སྐད་ལ་ཉུང་། །ལས་དང་བྱ་ཡུལ་དོན་གཅིག་སྟེ། །དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང་། །གཉིས་པའི་ནང་ཚན་དེ་ཉིད་དང་། །བཞི་པ་དགོས་ཆེད་གསུམ་འདྲ་ཡང་། །བྱ་བ་བྱས་པས་བྱ་བའི་ཡུལ། །དེ་འམ་དེ་དང་འབྲེལ་བ་ལ། །ཕན་ཐོགས་མེད་ན་གཉིས་པ་སྟེ། །དཔེར་ན་ཤར་དུ་འགྲོ་ལྟ་བུ། །ཕན་ཐོགས་ཡོད་ན་བཞི་པ་སྟེ། །དཔེར་ན་སློང་ལ་སྦྱིན་ལྟ་བུ། །ཕན་ཐོགས་མེད་ཀྱང་བྱ་ཡུལ་དང་། །བྱ་བ་ངོ་བོ་གཅིག་ཡིན་ན། །གཉིས་པའི་ནང་ཚན་དེ་ཉིད་དེ། །དཔེར་ན་ལྷ་རུ་གསལ་ལྟ་བུ། །
གང་ཞིག་གང་ལ་བརྟེན་པའམ། །གནས་དང་ཡོད་པའི་དོན་ཙམ་ལས། །བྱ་བ་གཏན་ནས་མི་བྱེད་ན། །རྣམ་དབྱེ་བདུན་པ་གནས་གཞི་སྟེ། །དཔེར་ན་སྟེང་དུ་མི་ཡོད་ལྟར། །ཚེ་སྐབས་གཉིས་དང་དོན་འདྲ་ན། །བདུན་པའི་ནང་ཚན་ཚེ་སྐབས་ཏེ། །དཔེར་ན་མཆུ་ཟླ་ཤར་བ་ན། །ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ། །རྣམ་དབྱེ་གཉིས་བཞི་བདུན་པ་དང་། །དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ། །སུ་ར་རུ་དུ་ན་ལ་ཏུ། །ཡིན་ཞིང་ཕལ་ཆེར་ལ་སྒྲ་དང་། །མཐུན་པས་ལ་དོན་རྣམ་དབྱེའང་ཟེར། །འོན་ཀྱང་ན་ལ་དེ་ཉིད་ལ། །མི་འཇུག་སྨྲ་བའི་སྒོ་ལས་གསུངས། །རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །ཉེ་འགྱངས་གང་དུ་བྱ་བ་ཞིག །བྱས་ན་གསུམ་པ་བྱེད་སྒྲ་སྟེ། །དཔེར་ན་བདག་གིས་བཤད་ལྟ་བུ། །བྱ་བ་གཏན་ནས་མི་བྱེད་པར། །སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །དཔེར་ན་བདག་གི་མིག་ལྟ་བུ། །རྣམ་དབྱེ་གསུམ་དྲུག་གསལ་བྱེད་སྒྲ། །ས་མཐའ་ཡོད་དང་མེད་པ་ཡི། །གི་ཀྱི་གྱི་འི་ཡི་ལྔ་ཡིན། །གང་ཞིག་གང་ལས་བྱུང་བའམ། །བྱེ་དང་ལྷུང་བའི་དོན་ལྡན་ན། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། །དཔེར་ན་ཞལ་ནས་ཐོས་ལྟ་བུ། །གསལ་བྱེད་སྒྲ་ནི་ནས་ལས་ཏེ། །དགར་དང་སྡུད་པའང་ལྔ་པར་གཏོགས། །གཞན་ཡང་ཚིག་དོན་གོང་འོག་ཏུ། །བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར། །
རྣམ་གྲངས་དུ་མས་དོན་བསྐྱར་ན། །འབྱེད་སྡུད་སྒྲ་འཇུག་དགག་པ་དང་། །བདག་དོན་ཡོད་ན་ཐོག་མཐའ་རུ། །པ་སྡེའི་རྟགས་རྣམས་ཅི་རིགས་འཇུག །རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང་། །དོན་ལ་བསྙེགས་པ་ཡོད་ན་སྦྱོར། །དེ་བཞིན་བསྟན་བྱ་ལྷག་ཡོད་ན། །ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི། །རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར། །དགོས་པ་ཅི་ཕྱིར་འཇུག་ཅེ་ན། །མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ། །ཕོ་ཡིག་དབྱངས་ལྡན་དེ་དག་ལའང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །དོན་གྱི་ངོ་བོ་ཙམ་སྟོན་པའི། །མིང་དང་དོན་གྱི་ཁྱད་པར་རྣམས། །སྟོན་པའི་ཚིག་དང་དོན་ལྡན་པའི། །ངག་གི་བརྗོད་པ་ཡོད་མིན་ཏེ། །ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པས་སོ། །མིང་ཚིག་བརྗོད་པ་མེད་ན་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཤེས་བྱ་སྟོན་པའང་མེད་པར་འགྱུར། །དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི། །རྗེས་སུ་འབྲངས་ནས་གསུངས་པ་འདི། །སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག །ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །དོན་ལ་མི་རྨོངས་རྨོངས་པ་ཡང་། །ལུགས་འདིར་མཁས་མིན་གྱིས་བྱེད་དེ། །སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས། །འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །དེ་ཕྱིར་བློ་གསལ་དོན་གཉེར་རྣམས། །རྟགས་འཇུག་དཀའ་གནད་གཟུགས་བརྙན་ཀུན། །གསལ་བར་འཆར་བའི་མེ་ལོང་འདིར། །ལ་འུར་གཟིགས་མོར་སྐྱོན་དང་ཀྱེ། །འདི་ལ་ནོངས་པའི་ཚོགས་མཆིས་ན། །གཟུར་
གནས་མཁས་པའི་སྤྱན་སྔར་འཆགས། །ཅུང་ཟད་འབད་ལས་ཐོབ་པའི་དགེས། །ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཅེས་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང་དོན་གྲུབ་ཕུན་ཚོགས་གཉིས་ཀྱིས་དགོས་ཚུར་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།
ཁྱེད་རང་གིས་དཀའ་ལས་ཞེ་དྲག་བརྒྱབ་ཤག ང་འདི་ལ་ལྟ་བའི་དུས་ཚོད་མེད།
མདའ་ཚན་མདའ་མོ་སྟོང་འཕེན་རེད།།
མདའ་མོ་འཕྲོ་རླག་མ་གཏོང་རོགས།།
མདའ་ཉག་འཕྲན་གསེར་ལས་རིན་ཆེ་བ།།
མདའ་སྟོང་འཕེན་བྱས་ན་གྱོང་རེ་ཆེ།།
ཡི་གེ་དང་བརྡ་སྤྲོད་སོགས་དེང་དུས་ཀྱི་འཚོ་བ་དང་མཐུན་པར་བཟོ་བཅོས་གཏོང་རྒྱུ་ནི་གལ་ཆེ་རེད། དེ་ནི་སྐད་ཡིག་འདི་གནས་ཐུབ་མིན་དང་འབྲེལ་བ་ཆེན་པོ་འདུག ྔོན་མ་བོད་ཡིག་ནི་བླ་མ་དང་དཔོན་པོའི་ལག་ཆ་རེད། ཁོང་ཚོར་ཡང་དྲུང་ཡིག་དང་ཡི་གེ་བ་ཟེར་བ་སོགས་ཡོད་སྟབས། བརྡ་སྤྲོད་སྤྱོད་བདེ་ཡིན་མིན་དང་། ཚིག་འཕྲད་རང་གཞན་ཅན་ལ་འཇུས་གཏོགས་བྱེད་ཀྱི་མེད། ཡི་གེ་བ་དང་དྲུང་ཡིག་དེ་ཚོའི་ཚེ་གང་གི་ལས་ཀ་དེ་ཡི་གེ་འབྲི་རྒྱུ་དེ་རང་རེད། ཚིག་འཕྲད་དང་མིང་གི་སྦྱོར་བ་རྣམས་སྐྱོར་སྦྱངས་བྱེད་པར་དུས་ཚོད་ལོ་མང་པོ་ཡོད།
ད་ཆ་ངེད་ཚོའི་བུ་ཕྲུག་རྣམས་ལྟོ་གོས་འཚོལ་བྱེད་ཀྱི་དེང་དུས་ཀྱི་ཤེས་བྱ་མང་ཆེ་བ་སྐད་ཡིག་གཞན་རྒྱུད་ནས་སྦྱོང་དགོས་པ་དང་། ཁོང་ཚོས་བོད་ཡིག་སྦྱོང་རྒྱུར་དུས་ཚོད་ཤིན་དུ་དཀོན་ལ། དེ་ཇེ་ཉུང་ཇེ་ཉུང་ལ་འགྲོ། རང་གི་རིག་གཞུང་ཡིན་ྙམ་ནས་བོད་ཡིག་ཕྲན་བུ་སྦྱོང་གི་ཡོད་པ་འདི། བོད་ཡིག་གིས་ལྟོ་གོས་ཕྱིད་ཐུབ་རྒྱུ་མིན་པ་ཤེས་ཀྱི་ཡོད་རུང་། བོད་རིགས་ཀྱི་ལ་རྒྱ་དང་། རང་གི་རིག་གཞུང་ཡིན་ྙམ་པའི་ཀུན་སློང་གིས་བོད་ཡིག་སྦྱོང་གི་ཡོད།
ངེད་ཚོ་བསམ་བློ་གཏོང་ཤེས་པ་རྣམས་ཀྱིས། ངེད་ཚོས་རང་གི་ལྟ་བ་དང་ལ་རྒྱའི་ཁྲི་མཐོན་པོ་དེ་ནས་མར་འབབ་ནས། ང་རྒྱལ་དང་། མཁྲེགས་བཟུང་། རང་འདོད་དེ་རེ་ཞིག་དོར་ནས། འཚར་ལོངས་ཡོང་བཞིན་པའི་ན་གཞོན་རྣམས་ཀྱི་གནས་སྟངས་དང་། ཁོང་ཚོའི་འཚོ་བའི་ནང་འཛུལ་ནས། བོད་ཡིག་གི་བརྡ་སྤྲོད་སོགས་སྤྱོད་བདེར་བཏང་ནས། བོད་ཀྱི་ན་གཞོན་རྣམས་ལ་བོད་ཡིག་དེ་སྦྱོང་བདེ་དང་ཤེས་བདེ་ཡོང་བར་བྱ་བ་སྒྲུབ་ཐུབ་ན་འདི་ནི་ངོ་མ་རླབས་ཆེན་གྱི་ལས་ཀ་རེད།
མཁས་པའི་དབང་པོ་གདུང་དཀར་རིན་པོ་ཆེས་ཕྱི་རྒྱལ་གྱི་མཁས་དབང་ཞིག་ལ་གནང་བའི་ཕྱག་ཡིག་ཞིག་གི་ནང་དེ་ལྟར་བརྗོད་པ་དྲན། ༼ཚིག་དེ་ཇི་མ་ཇི་བཞིན་མ་ངེས་རུང་ནང་དོན་དེ་ལྟར་འདུག༽ “ངས་ྔོན་མ་པེ་ཅིང་ལ་བོད་ཡིག་དང་ྙན་ངག བོད་ཀྱི་ལོ་རྒྱུས། ་ད་དུང་བརྡ ་ྙིང་སོགས་གོ་སླའི་ཐབས་ཀྱིས་གསར་འཇུག་པ་རྣམས་ལ་ཁྲིད་སྟོན་བྱས་པ་འདིས། སྤྱིར་སློབ་མ་རྣམས་ལ་ཕན་ཐོག་རྒྱ་ཆེ་བྱུང་ཡོད་རུང་། མཁས་དབང་འགའ་ཞིག་དེ་ལ་བློ་གཡེང་བྱུང་འདུག གལ་ཏེ་ངས་བོད་ཀྱི་ཚིག་འཕྲད་དང་མགོ་གདོགས་ཅན་སོགས་ལ་དོར་སྒྲིལ་གྱི་གསར་རྗེ་ཞིག་བྱེད་དགོས་པའི་བསམ་ཚུལ་བརྗོད་ན་ཁོང་རྣམས་ཀྱིས་ངའི་རྗེས་ལ་ཨེ་ཀ་ཛ་ཏི་གཏོང་ཤས་ཆེ།”
གུས་པ་ནི་སྐབས་དེ་དུས་ཡི་གེ་དེ་དབྱིན་ཡིག་ཐོག་སྒྱུར་མཁན་ཡིན་སྟབས། དེའི་ནང་དོན་དེ་གསལ་པོ་དྲན་གྱི་འདུག ཁོང་གིས་གསུགས་ལས་ཤེས་ཐུབ་པ་ཞིག་ལ་ངེད་ཚོ་བོད་ཡིག་ལ་སྒྱུར་བ་གཏོང་བ་དེ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་པ་གསལ་པོར་གསུངས་འདུག
མདའ་ལན་༤པ།
མདའ་ཚན་པ་ལགས།
ང ་ལ་སྒྱོགས་མདེལ་མངར་མོའི་ཚབ་ཏུ་གྲ་སྒྲིག་བྱས་པའི་སྦིར་རག་དེ་ཁྱེད་རང་གིས་བཏུང་ནས་ཁྱེད་རང་ར་བཟི་ཡོད་པ་འདྲ། ངའི་མདའ་ལན་༣་ནི་ཁྱེད་ཀྱི་མདའ་མོ་གཅིག་ལ་མ་རེད། མདའ་དང་པོ་དེ་ཁྱེད་ཀྱིས་འཕངས་པ་རེད། དེ་ནས་ངས་མདའ་ལན་དང་པོ་འཕངས་། ངའི་མདའ་ལན་རེ་རེ་ལ་ཁྱེད་ཀྱིས་ཀྱང་མདའ་རེ་རེ་འཕངས་ཏེ་ད་བར་དུ་བཞི་འཕངས་ཡོད་པ་རེད།
ཁྱེད་ནས་ངའི་མདའ་ལན་གྱིས་གནད་ལ་འཁེལ་མི་འདུག་ཅིང་ཁྱེད་ཀྱི་བསམ་ཚུལ་འགྱུར་བ་གཏོང་ཐུབ་ཀྱི་མི་འདུག་ཟེར། དང་པོ་ངས་དེ་ཡིན་རྒྱུ་རེད་སྙམ། ངས་མདའ་ལན་དང་པོ་འཕེན་དུས་གོ་སྐབས་འདི་བཟུང་ནས་དོན་དག་འདིའི་ཐོག་ལ་བསམ་ཚུལ་ཅི་ཡོད་ལྷུག་པོ་ཞིག་བཤད་སྙམ་པ་མ་གཏོགས། དམིགས་བསལ་ཁྱེད་རང་ལ་ལན་གང་ཕོག་ཕོག་ལྟ་བའི་ཀུན་སློང་མེད། ཡིན་ན་ཡང། ངས་ད་ཕན་མདའ་ལན་གསུམ་པོའི་ནང་ལ་ཅི་བཤད་རྣམས་སྐྱར་དྲན་ཞིག་བྱས་ན་ངས་ཁྱེད་ཀྱི་བསམ་ཚུལ་ལ་ལན་གང་ཕོག་ཕོག་བྱས་ནས་བྲིས་ནས་འདུག ངས་བལྟས་ན་ལན་ཕོག་འདུག ལན་ཕོག་པ་ཙམ་གྱིས་བསམ་ཚུལ་བསྒྱུར་ཐུབ་པའི་ངེས་པ་ནི་ཡོད་པ་མ་རེད།
ཁྱེད་ནས་ཚིག་ཕྲད་སླ་བསྡུ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ལ་དེ་རྙོག་དྲ་ཚ་བོ་ཡིན་ཚུལ་བཤད་སོང་། ངས་དེ་འདྲའི་རྙོག་དྲ་ཚ་བོ་ཞིག་མིན་ཚུལ་བཤད་ཡོད། ང་ཚོའི་བརྡ་སྤྲོད་ལ་སློབ་དཀའ་བའི་ཆ་འགའ་རེ་ཡོད་པ་བདེན་པ་རེད། ཡིན་ན་ཡང་ངས་ནི་ད་བར་དུ་ཁྱེད་ནང་བཞིན་ཐོབ་ཐང་ལ་དེ་འདྲའི་སྡུག་སྐད་རྒྱག་པ་ཞིག་ཐོས་མ་མྱོང་། ཁྱེད་ཀྱིས་སྡུག་སྐད་རྒྱག་པ་མ་གཏོགས། ཁྱེད་རང་གིས་ཀྱང་་དེ་ལས་སླ་བོར་ཤེས་ཡོད་པ་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་དྲ་གྲོགས་རྣམས་ཀྱིས་ཀྱང་ཐོབ་ཐང་སྦྱངས་ནས་ཡོང་བ་རེད། ཁྱེད་ནས་ཁོང་ཚོར་ཡང་ཐོབ་ཐང་མགོ་རྙོག་ཚ་བོ་ཨེ་རེད་ཅེས་ནས་དྲིས་དང་།
རྒྱུ་མཚན་གཞན་པ་ཞིག་ནི་ཁྱེད་ནས་ཚིག་ཕྲད་གཞན་དབང་ཅན་གྱི་སྟབས་ཀྱིས་བློ་སྐྱོར་བྱེད་རྒྱུ་མང་པོ་འདུག་ཟེར། ངས་བློ་སྐྱོར་བྱེད་པ་ནི་སྤྱིར་བཏང་བོད་ཀྱི་སློབ་སྦྱོང་བྱེད་སྟངས་ཤིག་རེད་མ་གཏོགས་ཐོབ་ཐང་གཅིག་པོའི་དོན་དག་མིན་པ་དང་། བློ་སྐྱོར་མ་བཏང་ན་ཡང་ཤེས་ཐུབ་ཀྱི་ཡོད་ཚུལ་བཤད་ཡོད། ངས་ཀྱང་ཁྱེད་རང་ནང་བཞིན་དེ་བསྒྱུར་ཆོག་གི་རེད་བསམ་གྱི་ཡོད་ལ། བསྒྱུར་ཐུབ་ཀྱི་རེད་ཀྱང་བསམ་གྱི་ཡོད།
དེ་ནས་ཁྱེད་ཀྱིས་ཐོབ་ཐང་བློར་སྐྱོར་ཆེད་སློབ་མ་ཞིག་གི་རྣ་འཇོག་ཕྱིད་པ་དང་། གྲྭ་པ་ཞིག་ལ་དགེ་རྒན་གྱིས་བརྡུང་ཚུལ་བཤད་སོང་། ངས་གྲྭ་པས་ཁྲབ་གྱོན་རྒྱུ་དང་སློབ་མའི་རྣ་ཤུབས་གྱོན་རྒྱུའི་བསམ་ཚུལ་བཏོན་ཡོད། འདིས་ཀྱང་གནད་ལ་འཁེལ་མེད་ན་ཡང་གནད་མཐའ་ཞིག་ལ་འཁེལ་ཡོད་སྙམ།
འདི་དག་མ་གཏོགས་ཁྱེད་ཀྱིས་ཚིག་ཕྲད་གཞན་ཅན་རྣམས་འདོར་བའི་རྒྱུ་མཚན་གང་ཞིག་བགྲང་ཡོད། ངས་གནད་ལ་མ་ཁེལ་ས་གང་འདུག
གནད་ལ་ཕོག་མ་ཕོག་གང་ཡང་རུང་། གོང་གསལ་འདི་ཚང་མ་གཙོ་བོ་མིན་། གཙོ་བོ་ནི་སྐད་ཡིག་འདི་བོད་མི་རིགས་སྤྱི་བའི་རེད། མི་སྒེར་པ་ཞིག་གི་མ་རེད། མི་སྒེར་པ་ཞིག་གིས་རང་ཤེད་བཙོང་ནས་་སྐད་ཡིག་ལ་འགྱུར་བ་བཏང་ན་ཡག་པོ་མི་འདུག་ཟེར་གྱི་ཡོད། འདི་རྙིང་ཞེན་དང་ལྟ་བ་མཁྲེགས་པོ་ཡི་དོན་དག་ཅིག་མ་རེད། སྐད་ཡིག་ཅིག་གི་སྤྱི་བའི་ངོ་བོ་དེ་སྲུང་སྐྱོབ་བྱེད་རྒྱུའི་དོན་དག་རེད། ཕལ་སྐད་བསྟུན་དྲག་ནས་ལ་དྭགས་ཀྱི་སྐད་དང་འབྲུག་ཡུལ་གི་སྐད་བོད་སྐད་ཀྱི་ཁོངས་ནས་ཤོར་བ་རེད།
ངས་ཀྱང་བརྡ་སྤྲོད་ལ་འགྱུར་བ་ཞིག་དགོས་ཚུལ་རྒྱུན་དུ་བསམ་གྱི་ཡོད། འདི་ནི་ཐུན་མོང་ཞིག་གི་ངོ་བོ་ནས་ལས་རིམ་ཧ་ཅང་ཞིབ་མོ་དང་འཐུས་ཚང་བ་ཞིག་གི་སྒོ་ནས་བྱེད་རྒྱུ་ཞིག་ཡིན་པ་མ་གཏོགས། ཚིག་ཕྲད་སྐོར་ཞིག་གི་ཐོག་ལ་དཔའ་བོ་ཁེར་རྒྱུགས་བྱེད་རྒྱུ་ཞིག་མ་རེད། གཅིག་བྱས་ན་མི་མང་པོས་རང་རང་ས་ནས་འདི་ལྟར་བྱས་ན་འགྱུར་བ་མགྱོགས་པོ་འགྲོ་ན་ཐང་། དེ་དང་མཉམ་དུ་བོད་སྐད་ཀྱི་སྤྱི་བའི་ངོ་བོ་དེ་མགྱོགས་པོ་ཤོར་གི་རེད།
ཁྱེད་རང་ལ་བརྡ་སྤྲོད་ལ་འགྱུར་བ་གཏོང་་དགོས་པའི་བསམ་བློ་ཅིག་ཡོད་ན་དེ་གས་འགྲིགས་པ་རེད། ང་ལ་ཡང་དེའི་སྐོར་བསམ་བློ་ཡོད་པ་མ་ཟད་ཇི་ལྟར་འགྱུར་བ་གཏོང་དགོས་པའི་སྐོར་ལ་ཡང་རང་གི་བསམ་ཚུལ་དཔེ་མཚོན་དང་བཅས་པ་འདིར་བཀོད་པ་ལྟར་རེད། འགྱུར་བ་བཏང་ན་འདི་འདྲ་རེད་ཟེར་ནས་རང་གིས་ལག་ལེན་བཏབ་པ་རེད། ཁྱེད་ཚོས་ད་ལྟ་ཀློག་བཞིན་པའི་ངའི་རྩོམ་འདི་ཚང་མ་ཕྲད་ཇེ་ཉུང་ལ་བཏང་ནས་འབྲི་གི་ཡོད། ངས་བཅོས་སྒྱུར་ལ་ཁ་ཕྱོགས་སྐབས་སྤྱི་སྐད་དེ་དམིགས་འབེན་ཨང་དང་པོ་ཡིན།
དེ་མིན་ཨ་མདོའི་ཁ་སྐད་ལྟར་བྱས་ན། དཔེ་བཞག་ན། ཀྱང་འང་ཡང་གསུམ་གི་ཚབ་ར་གཅིག་པོ་བྲིས་ན་ཆོག ལ་དོན་རྗེས་འཇུག་རང་འདྲའི་རྗེས་ལ་སྦྱར་ཕྱིན་ན་ཆོག སྟབས་བདེའང་རེད།
ངས་འདིར་ཐུན་མོང་གི་མདུན་ཁྱེར་ཡོང་ནི་བརྡ་སྤྲོད་དེ་ཐུན་མོང་གི་ངོ་བོ་ནས་འགྱུར་བ་གཏོང་བའི་ལས་མགོ་རྩོམ་པ་ཙམ་ཡིན། ཁྱེད་རང་གིས་ཁྱེད་གི་བསམ་ཚུལ་དང་ཐབས་ལམ་ཅི་ཡོད་འདིར་ཕྲིས། གཞན་པ་རྣམས་གིས་ཡང་རང་རང་སོ་སོར་བསམ་ཚུལ་དང་ཐབས་ལམ་ཅི་ཡོད་བྲིས་པ་ཡིན་ན་དེ་ནས་ལམ་དྲང་ལ་མ་ནོར་བ་ཅིག་རྙེད་མདོག་ཁ་པོ་རེད།
ཆོས་རྒྱལ་ཚོའི་སྐབས་ལོ་བརྒྱ་ཕྲག་ཉུང་ཤས་ཅིག་ནང་འགྱུར་གསལ་མ་གསལ་སོགས་ལ་བརྟེན་ནས་སྐད་གསར་བཅད་ཐེངས་གསུམ་ལ་བྱས་པ་ལྟ་བུ་རེད།
དེ་རིང་ཡར་འཛུལ་བསམས་ཀྱང་ཁ་བརྡ་སོགས་དྲ་ཚིགས་ཁག་ཅིག་ལ་གོ་བརྡ་སྤྲོད་པའི་ཡིག་ཕྲེང་འགའ་ཤར་ནས་རྩོམ་ཡིག་སྤེལ་ཐུབ་ཀྱི་མི་འདུག འདི་ལ་རྩོམ་སྒྲིག་པས་གསལ་བཤད་ཅིག་གནང་རོགས།
ཁ་བརྡ་ལ་ནད་ཡམས་ཤིག་ཕོག་ནས་བཟོ་དང་བཟོ་བཞིན་ཡོད། དགོངས་འགལ་མེད་པ་ཞུ། གང་མྱུར་བཟོ་ཐུབ་པའི་རེ་བ་ཡོད།
རབ་གསལ་གྱིས་ཕུལ།
འདི་སུའི་གསུངས་བཤད་རས།
“རེད། ང་ཚོ་ཁ་ནས་བོད་པའི་རིག་གཞུང་དང་མང་པོ་ཅིག་བཤད་ཀྱི་ཡོད། ཡིན་ནའི་དོན་དངོས་ལ་ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚང་མ་ནི་ཕྱིའིསྐད་ཡིག་དང་རིག་གཞུང་ནང་ཤོར་ཚར་བ་དང་། བོད་ལ་ཡོད་པའི་སློབ་སྦྱོང་ཐོབ་མཁན་གྱི་བོད་པ་རྣམས་རྒྱའི་ལས་ཁུངས་སོགས་ཀྱི་ཕོག་ཐོབ་ནས་འཚོ་བ་ལྷོད་སེ་རེ་སྐྱལ་བཞིན་ཡོད། སྡུག་མྱོང་མཁན་དེ་བོད་ཀྱི་ཞིང་འབྲོག་མི་དམངས་དང་བར་སྐོར་ནང་སྡོད་མཁན་གྱི་བོད་པ་སྐྱོ་བོ་དེ་དག་རེད། རྒྱ་མིའི་འོག་ལ་སྡུག་པོ་མྱངས་མཁན་གཙོ་བོ་དེ་མི་དེ་དག་རེད། དེ་དག་གི་སྡུགཔོའི་གནས་སྟངས་བསམ་ནས་བྱ་བ་སྒྲུབ་ཐུབ་ན་ཡག་པོ་རེད། ད་ཆ་རྒྱལ་བ་རིན་པོ་ཆེ་ཁོང་ཚོའི་སྐྱབས་མགོན་དང་བདེ་སྡུག་སྐྱོང་མཁན་ལྟ་བུ་ཆགས་ཡོད། ལས་ཁུངས་ཡོད་པའི་བོད་པ་རྣམས་ཀྱི་རྒྱལ་བ་རིན་པོ་ཆེ་ལ་རེ་བ་བཅོལ་དགོས་ཡས་མེད། ཕྱི་རྒྱལ་ལ་འགྲོ་ཐུབ་མཁན་གྱི་བོད་པ་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་སྐྱབས་བཅོལ་དགོས་ཀྱི་མེད། ཁོང་ཚོར་རྒྱལ་བ་རིན་པོ་ཆེ་གལ་ཆེ་མིན་སྟབས། ཁོང་ལ་སྐྱོན་རྗོད་དང་གང་བྱུང་ཤོད་ཐུབ། ཡིན་ནའི་བོད་ནང་སྡུག་པོ་མྱོང་མཁན་གྱི་མི་རྣམས་ལ་ཆ་མཚོན་ན་རྒྱལ་བ་རིན་པོ་ཆེ་ཁོང་ཚོའི་ྙིང་ལྟ་བུ་ཆགས་ཡོད། དེར་རྟེན་ཁོང་ཚོའི་གནས་འབབ་དེ་ཕྱི་ལ་རྒྱ་ཆེ་ཤོད་དགོས་ཀྱི་འདུག “
དྲ་དཔོན་ལགས། ཏཱ་ལའི་བླ་མའི་ཡིག་ནོར་ཟེར་བའི་རྩོམ་ཡིག་གསར་པ་དེར་མཆན་བུ་འདེབས་མཁན་མ་སླེབས་སྔོན་ལ་མཆན་བུའི་དུས་ཚོད་རྫོགས་འདུག་པ་ཅི་རེད། ཁ་བརྡ་ད་དུང་ཡང་སྨན་ཁང་ན་ཡོད་པ་རེད་དམ།
སོ་སོའི་མིང་རྫུན་མ་འདྲ་བོ་ཞིག་བརྒྱབ། དེ་ནས་ནང་ཁུལ་ལ་མདའ་འདྲ་བོ་འཕེན་རེས་བྱས་བསྡད་ན་དགོད་སྤྱད་ཅིག་མ་རེད་དམ།