(མཐོ་རིམ་སློབ་མ་ཁོ་ནའི་བརྩམས་ཆོས།)
མདུན་དུ་སྐྱོད། གཅེས་སུ་འོས་པའི་ཕ་ཡུལ་མི་མང་གི་བདེ་སྡུག་ཆེད་དུ།
མདུན་དུ་སྐྱོད། ཡིད་དུ་འོང་བའི་རི་ཆུ་གནས་གསུམ་གྱི་མཛེས་སྡུག་ཆེད་དུ།
ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་མཐོ་རིམ་སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་གི་མི་ཚེའི་འགྲུལ་བཞུད་ཁྲོད་དུ་བོད་དོན་འཐབ་རྩོད་དང་འབྲེལ་བའི་དགའ་སྐྱོ་སྡང་གསུམ་གྱི་གནད་དོན་མང་བོ་ཞིག་དང་གདོང་ཐུག་བྱེད་དགོས་པ་ནི་གཡོལ་དུ་མེད་པའི་གནད་དོན་ཞིག་ཡིན། སྤྱི་ཚོགས་ཀྱི་ཟིང་ཆ་ཆེ་ལ་ཆབ་སྲིད་ཀྱི་འཁྲུག་ཆ་རྒོད་པའི་རྒྱལ་ས་འདིར་ང་ཚོ་བོད་ཀྱི་གནད་དོན་རང་ཉིད་ཀྱི་སྒེར་དོན་བཞིན་རྒྱབ་སྐྱོར་གནང་མཁན་མི་སྒེར་འདྲ་མིན་ལ་ཐུག་མྱོང་ལ། ང་ཚོ་ད་དུང་རྒྱ་གཞུང་གི་རྔ་མར་འཇུས་ནས་བོད་དོན་ལ་ཁ་རྡུང་གཏོང་མཁན་གྱི་མཁས་པ་དང་ཁྱད་ལས་པ་མི་སྣ་འདྲ་མིན་ལ་གདོང་ཐུག་བྱས་མྱོང་ལ། དེ་བཞིན་ང་ཚོ་ཇན་དར་མན་དར་(Jantar Mantar)གྱི་ངོ་རྒོལ་ཁྲོད་ཉེན་རྟོག་པའི་གཅར་རྡུང་འོག་སྨན་ཁང་དུ་ཐེངས་མང་བསྐྱལ་ཅིང་། རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་གྱིས་རྒྱ་གར་ཏིས་ཧར་བཙོན་ཁང་དུ་ཡང་ཐེངས་མང་འཇུ་བཟུང་བྱས་མྱོང་། ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་ཚེ་ཕལ་ཆེར་རྒྱ་གར་གྱི་བཙོན་ཁང་གང་རུང་དུ་ཆབ་སྲིད་འཐབ་རྩོད་པའི་མིང་ཐོག་ནས་འཇུ་བཟུང་བྱས་མ་མྱོང་མཁན་ཞིག་མེད་ཟེར་ནའང་ཆོག
སྣང་ཚུལ་འདི་དག་གི་མཐོ་རིམ་སློབ་མ་ཞིག་ལ་མཚོན་ན་འཛིན་ཁང་དང་དཔེ་ཆའི་ཕྱི་རོལ་གྱི་འཇིག་རྟེན་ཞིག་ཡིན་ངེས་ལ། གཞུང་ལུགས་ཀྱི་ཕྱི་རོལ་ནས་བསླབས་ཞིང་གཏན་ཚིགས་ཀྱི་ཕ་རོལ་ནས་མྱངས་པའི་གསེར་མདོག་འཚེར་བའི་མི་ཚེའི་དྲན་བྱང་རེ་རེ་ཡིན་ཟེར་ནའང་ཆོག ང་ཚོས་མཛེས་སྡུག་གི་མི་ཚེའི་བརྒྱུད་རིམ་དེ་དག་རྩོམ་རིག་གི་སྨྱུ་གུར་བརྒྱུས་ནས་ཁྱེད་ཅག་གི་མིག་གི་དཔྱིད་ཏུ་བསྟར་ཡོད་ལ། ང་ཚོས་རོ་ཧི་ནི་ས་གནས་གཞོན་ནུ(མཐོ་རིམ་སློབ་མ་ཁོ་ནས་གྲུབ་པའི་གཞོན་ནུའི་ཡན་ལག་ཅིག་ཡིན།)ཚོགས་པའི་ལོ་འཁོར་དུས་དེབ་“མདུན་སྐྱོད”་བརྒྱུད་ནས་སྐྱིད་ལ་སྡུག་པའི་སྐྱབས་བཅོལ་བའི་གླུ་ངག་རེ་རེ་ཁྱེད་ཅག་གི་བག་མར་བཏང་ཡོད་ལ། རྒྱ་བོད་འབྲུག་གསུམ་ནས་འཛོམས་ཞིང་མི་རིགས་ཀྱི་ཤ་ཁྲག་གཅིག་ལ་བརྒྱུས་པའི་གཞོན་སྐྱེས་མི་རབས་གསར་བ་འདིས་གཟེངས་མཐོ་བའི་དཔའ་སྐད་རེ་རེ་གྲོང་ཁྱེར་གྱི་བྲག་ཅ་བརྒྱུད་ནས་ཁྱེད་ཅག་གི་ཐོས་འཛིན་དུ་བསྐུར་ཡོད།
དུས་དེབ་འདི་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ནང་དུ་དཔར་བསྐྲུན་བྱས་ཡོད་ལ། དོན་གཉེར་ཅན་ཚོས་དཔེ་ཚོང་ཁང་ཁག་དང་ཡང་ན་སྦྲགས་ཐོག་དང་དྲ་ཐོག་གང་རུང་བརྒྱུད་ནས་ཉོས་ནའང་ཆོག
འབྲེལ་མཐུད་ཁ་བྱང་།
Email: beripalsonam@gmail.com
Phone: 9911785756
སྐུ་ཚེ་ཡུན་དུ་བརྟན་པ་ཤོག ལོ་རེེར་ཐེངས་མ་མཇལ་བ་ཤོག
སྐུ་ཚེ་ཡུན་དུ་བརྟན་པ་ཤོག ལོ་རེེར་ཐེངས་མང་མཇལ་བ་ཤོག
གཅིག དེབ་འདི་གང་ནས་རེག་གི་རེད།
གཉིས། དབྱིན་བོད་གང་རེད།
གསུམ། དེབ་ཀྱི་ནང་དོན་མི་ཤེས་ཀྱང་བརྡ་ཁྱབ་གཅིག་ཡག་ནོ་ཡག་ནོ་མི་ཉན་གི མི་སེམས་སྒུལ་གྱིན་འདུག
ང་ཚོ་ཝ་ཎ་མཐོ་སློབ་ནང་ལོ་རིམ་དང་པོ་འགྲིམས་པའི་སྐབས་ལ་༼ མདུན་སྐྱོད་༽ ཅེས་པའི་ལོ་འཁོར་དུས་དེབ་ཅིག་སྟོན་མྱོངས། ཕྱིས་སུ་འཛིན་གྲ་ཁ་འཐོར་རུ་ཕྱིན་ནས་དུས་དེབ་དེ་རྒྱུན་སྐྱོང་བྱེད་ཐུབ་མེད་པ་འདྲ།།
དཔལ་ལྡན་བསོད་ནམས་ལགས། ཁྱེད་ཀྱི་མི་ཚེའི་ནང་གི་རྨི་ལམ་ཞིག་ད་ཐེངས་ལེགས་འགྲུབ་བྱུང་བར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཡོད།
རིགས་ཞེན་དང་ལྷག་བསམ་སྙིང་སྟོབས་ཕུལ་དུ་བྱུང་བའི་ལྡི་ལིའི་རོ་ཧེ་ནེས་བོད་རིགས་མཐོ་སློབ་འགྲིམ་བཞིན་པའི་་སློབ་མ་རྣམས་ལ་ཕྱག་དང་བཅས་གུས་པའི་རྒྱབ་སྐྱོར་མཚོན་བྱེད་དུ་དབྱིན་བོད་གཉིས་ཀའི་དེབ་གཉིས་ངེས་པར་དུ་ཉོ་ངེས་ཡིན་་རྡ་ས་ནས་དེབ་དེ་ཉོ་ན་གང་ནས་རེག་གི་ཡོད་མེད་མཁྱེད་མཁན་ཚོས་ལམ་སྟོན་གནང་རོགས་ཞུ །
ངས་ད་ལྟ་རང་ས་གནས་འབྲེལ་མཐུད་པར་ཁ་པར་ལས་ཁ་བརྡ་བྱས་པ་ཡིན། དུས་དེབ་འདི་གཟིགས་མཁན་ཚོས་མི་རིང་བར་རྡ་ས་དང་ལྷོ་ཕྱོགས་གཞིས་དགོན་སོགས་ཀྱི་དཔེ་ཚང་ཁང་དག་ནས་ཐད་གར་ཉོ་ཐུབ་ལ། དེ་བཞིན་ཕྱི་རྒལ་ཁག་ཏུ་ཡང་སྦྲག་ཐོག་བརྒྱུད་ནས་མངག་ཉོ་བྱེད་ཐུབ་ཟེར།
ས་གནས་ཚོགས་གཙོ་འམ་འབྲེལ་མཐུད་པ་དཔལ་ལྡན་བསོད་ནམས་ཞུ་བ་ཞིག་རེད་འདུག
ད་ཡིན་ན་དུས་དེབ་འདི་བརྒྱུད་ནས་བོད་ཀྱི་མཐོ་རིམ་སློབ་མ་འདི་ཚོའི་ཤེས་ཡོན་གྱི་ཚད་གཞི་ལ་ཅིག་བལྟས་ན་ཆོག་པ་འདྲ།
ལྡི་ལིའི་སློབ་མ་ཚོ་ངོ་རྒོལ་སྐད་འབོད་བྱས་པ་ས་གྲགས་གནམ་གྲགས་འདྲ་ཞིག་རེད། ད་ཤེས་བྱ་ཡོན་ཏན་ཕྱོགས་ནས་གང་འདྲ་ཞིག་ཡིན་འགྲོ
ངོ་མ་མདུན་སྐྱོད་ཅེས་པའི་དཔེ་དེབ་འདི་བརྒྱུད་ནས་ང་ཚོས་ལྡི་ལི་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ཚོའི་སེམས་ཁམས་དང་།་་ཤེས་ཡོན།་་་བསམ་དོན་སོགས་ལ་བལྟ་རྒྱུར་གལ་ཆེན་པོ་རེད།
ལྡི་ལི་མཐོ་སློབ་ཀྱི་སློབ་མ་ཚོ་བཙན་བྱོལ་ནང་གི་མི་རབས་གསར་པའི་ཚབ་མཚོན་རེད་ལབ་ན་མ་འགྲིག་པ་མེད། ཁོང་ཚོས་རང་ཉིད་ཀྱི་དུས་ཚོད་མང་པོ་ཞིག་ཆབ་སྲིད་ཀྱི་ལས་འགུལ་ཁྲོད་དུ་གཏོང་དགོས་པ་ཆགས་ཀྱི་ཡོད།་དེ་ལ་་རྗེས་སུ་ཡི་རངས་ཡོད། དཔེ་དེབ་བཏོན་གནང་བ་ལ་དེ་ལས་ཀྱང་དགའ་བསུ་ཡོད། གཞོན་སྐྱེས་ཚོར་ཤེས་ཡོན་གྱི་སྡིངས་ཆ་བསྐྲུན་རྒྱུ་དེ་གལ་ཆེ་ཤོས་རེད།
སེམས་ཤུགས་ཡག་པོ་རེད།
ལྡི་ལིའི་མཐོ་སློབ་འགྲིམ་མཁན་ཁྲོད་རེ་བ་ཅན་དང་འཇོན་ཐང་ཅན་ཞིག་ཡོད་རབས་ད་བར་ཐོས་མ་སོང་།
༄༅།། ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་བུ་ཕལ་ཆེ་བ་དུག་རྫས་བེད་སྤྱོད་བྱེད་མཁན་ཤ་སྟག་རེད།
དེ་ལས་གྲ་སའི་གྲ་ཤར་རྡོབ་རྡོབ་འདྲ་པོ་དེ་ཚོ་སེམས་ཤུགས་དང་འཇོན་ཐང་ཆེ་བ་འདུག ། མི་ལོ་ལྔ་བཅུ་ལྷག་རིང་གཞི་རིམ་སློབ་གྲ་ཁག་ནས་སྐད་བསྒྱུར་དྲགས་པ་ཞིག་ཀྱང་བྱུང་མྱོང་མེད། བོད་རང་བཙན་ཇི་ལྟར་ལེན།
ང་ཚོས་བཀའ་ཁྲི་བློ་བཟང་སེང་གེ་ནས་འགོ་བཙུགས་ཏེ་ཚོགས་གཙོ་སྤེན་པ་ཚེ་རིང་ནས་བར་མཐུད་ནས་བཤད་ན།ཚང་མ་ལྡི་ལི་མཐོ་སློབ་བརྒྱུད་ནས་ཐོན་པ་ཞེ་གཅིག་ཡིན་རབས་འདུག ཕལ་ཆེར་གངས་སྐྱིད་ཀྱི་རེ་བ་ཅན་དེ་ཚོ་མང་ཆེ་བ་ཞིག་ལྡི་ལི་མཐོ་སློབ་རང་རེད་འདུག་ཟེར།
ན་ནིང་༧གོང་ས་མཆོད་ལྡི་ལི་སྡོད་ཁང་དུ་ཕེབས་སྐབས་མཇལ་ཁར་བཅར་བ་ཡིན་ལ་སྐབས་དེར་བད་གི་གྲོགས་པོ་ཐེ་བན་གྱི་སློབ་གྲྭ་ཆེན་མོ་བ་ཁ་ཤས་ཡོད། ཁོ་ཚོས་ལྡི་ལི་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་ཁ་ཤས་ལ་དྲི་བ་དྲིས་ལན་བྱས་སོང་།རྗེས་མ་ཁོང་ཚོ་ཧང་སང་ནས་འདུག་སློབ་མ་དེ་ཚོའི་ཕྱོགས་མང་བོ་ཤེས་ཀྱིན་འདུག་ཟེར།
དེ་ནས་བཟུང་ངས་ཀྱང་ལྡི་ལིའི་སློབ་མ་ཚང་མ་སྡུག་ཅག་དེ་འདྲ་མིན་པ་ཤེས་རྟོགས་བྱུང་། མ་ཟད་ནམ་རྒྱུན་ངོ་དེབ་ཁ་ཕྱེ་ཐེངས་རེར་ལྡི་ལི་མཐོ་སློབ་ཀྱི་སློབ་མས་ལས་འགུལ་སྤེལ་བའི་སྐོར་ཧ་ཅང་མང་བོ་མཏཔང་རྒྱུ་འདུག་ག
གང་ལྟར་ཁྱེད་ཚོས་ཀྱང་བརྟག་དཔྱད་ཅིག་གནང་རོགས་
གསལ་བསྒྲགས་དེ་མཐོང་ནས་ཧ་ཅང་དགའ་སོང་། གང་ཡིན་ཟེར་ན་ བོད་རིགས་མཐོ་སློབ་ལ་འགྲོ་མཁན་དེ་
ཚོས་བོད་ཡིག་ཟེར་དུས་སྣ་གཉེར་མཆུ་གཉེར་བྱེད་ཡོང་གི་འདུག་ལ་ཉེ་སྔོན་ཉིས་སྟོང་དགུའི་ལོར་ Chennai ་རུ་སློབ་གཉེར་བྱེད་ཀྱི་ཡོད་པའི་བདག་གི་སློབ་གྲོགས་ཞིག་གི་སྦྲགས་ཁང་བརྒྱུད་ཁོ་ཚོས་ལོ་དེབ་ཅིག་བསྐུར་འབྱོར་བྱུང་ལ། དེབ་དེའི་ནང་དུའང་བོད་ཡིག་གི་རྩོམ་ཁ་ཤས་ཡོད་པར་མཐོང་ནས་རེ་བ་ཞིག་ཡོད་ས་རེད་བསམ་མོད།
ཕྱིར་ལོ་དེབ་དེ་ཡང་ཤི་རེད་ཟེར། གང་ལྟར་གོང་གི་ མདུན་སྐྱོད་ དེབ་དེ་འདྲ་མིན་པར་མུ་འཐུད་ནས་སྤེལ་ཐུབ་ན་ མཐོ་རིམ་སློབ་མ་ཡོང་གི་མིག་དཔེ་ཞིག་ཏུ་འགྱུར་སྲིད། ཡང་ཉིས་སྟོང་ བདུན་ལོའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་ ད་སྐབས་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཡོངས་ཀྱི་བྲིས་པའི་སྙན་དེབ་བཟོ་རྒྱུ་ གཏན་ཁེལ་དང་ རླབས་ཆེན་གྱི་མི་སྣར་གཟེངས་རྟགས་ཕུལ་རྒྱུ་སོགས་གྲོས་ཆོད་མང་བོ་བཞག་མྱོང་མོད། གྲོས་ཆོད་དེ་ཚོ་ཆུ་ནང་དུ་ལྷུང་ཡོད་ཚོད་རེད་ དེ་འདྲ་མ་ཡོང་བའི་སྔོན་འགོག་བྱེད་དགོས་བྱས་ནས་གོང་གི་ལས་འཆར་དེ་ཚོ་མཇུག་སྐྱོང་དགོས་འདོད་།
ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་བུ་ཕལ་ཆེ་བ་དུག་རྫས་བེད་སྤྱོད་བྱེད་མཁན་ཤ་སྟག་རེད་ཟེར་བཟོ་ལ་བལྟས་ན་གཉན་གཡག་ཕྲུག་ལྡི་ལི་མཐོ་སློབ་ནང་གི་སློབ་མ་ཚོར་ཞེ་དྲག་རྒྱུས་ཡོད་མདོག་མདོག་བསྟན་འདུག གནས་ཚུལ་ངོ་མ་མཁྱེན་འདོད་ན་མཐཽ་རིམ་སློབ་མ་མཉམ་དུ་སྐད་ཆ་བཤད།་བགྲོ་གླེང་བྱས་ན་ད་གཟོད་ཁྱེད་ཀྱིས་ཁོང་ཚོས་ལྗིད་ཁོག་ཤེས་ཀྱི་རེད་མ་གཏོགས་གང་བྱུང་འཆལ་གཏམ་སྤེལ་ན་ཡག་པོ་མ་རེད། ལྡི་ལི་མཐོ་སློབ་ཀྱི་སློབ་མ་ཚོ་མིན་རྒྱུ་ན་རྒྱ་ནག་གི་དཔོན་རིགས་ཚོ་རྒྱ་གར་གྱི་རྒྱལ་སར་ལྷོད་ལྷོད་བྱས་ནས་ཡོང་ཏེ་རྒྱ་གར་ཐོག་ལ་སྐད་ཆ་རྫིག་པོ་རེ་བཤད་ནས་ཕྱིར་ལྷོད་ལྷོད་བྱས་ནས་འགྲོ་ཤག་གི་རེད། ཡིན་ཡང་ལྡི་ལི་མཐོ་སློབ་ཀྱི་སློབ་མ་ཚོས་ག་དུས་ཡིན་ཡང་ལས་འགུལ་དམིགས་བསལ་བ་དང་་ཅུང་འཇིགས་སྣང་ཅན་རེ་སྤེལ་ཡོང་དུས་ཁོང་ཚོའི་སྙིང་ཡང་་ཁྱོན་ནས་བདེ་པོ་ཞིག་བྱུང་གི་མེད་པ་རེད། ཁོང་ཚོའི་ལས་འགུལ་གྱིས་བོད་ནང་གི་བོད་མི་ཚོར་ཡང་སེམས་ཤུགས་འཕར་མ་སྩོལ་གྱི་ཡོད་པ་སྨྲོས་མེད་རེད།
རེ་བ་ཅན་དང་འཇོན་ཐང་ཅན་ཡོད་མེད་ཡང་ཧ་མ་གོ་བ་དེ་ཐུབ་པ་གཉིས་པ་ཤེས་བྱ་གྲངས་མེད་་ལ་རྒྱུས་ལོན་མེད་པའི་རྟགས་ཡིན་རྒྱུ་རེད།
བཀྲ་ཤིས་བདེ་ལེགས་ཡོད
སེམས་ནས་དགའ་བསུ་ཞུ།