དམེ་ཤུལ་འཇིགས་མེད་འོད་ལྡན།
ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་ཞིག་ན།།
རང་དབང་ཞི་བདེར་དགའ་བའི་མི་རིགས་ཤིག་གིས།།
རྩམ་སྐྱོ་བལྡག་ཅིང་མ་ཎི་བཟློ་བའི་ཞོར་དུ།།
སྲོག་ཆགས་འབུ་སྲིན་ཚུན་ལ་གནོད་འཚེ་སྤངས་ཡོད།།
གནམ་ས་བླ་འོག་བརྗེས་པའི་དུས་སྐབས་ཤིག་ལ།།
ཡ་ང་སྙིང་རྗེ་མེད་པའི་ཇག་པའི་ཚོགས་ཤིག །
རྒྱ་མཚོའི་རླབས་ལྟར་གངས་རིའི་ལྗོངས་ལ་ཐོན་ཐལ།།
གངས་རིའི་སྣོད་བཅུད་ཀུན་ལ་གཉའ་གནོན་བྱས་ཡོད།།
རང་དབང་སྣང་བ་དཀར་པོ་མུན་པས་བསྒྲིབས་ནས།།
འཁོར་མོ་དྲུག་ཅུ་བརྒལ་བའི་ཁ་སང་དེ་རིང་།།
བཙན་པོའི་སྙིང་སྟོབས་རུམ་པའི་དཔའ་བོའི་ཚོགས་ཤིག །
གངས་རིའི་ཁུངས་གསེང་འདི་ནས་ལྷོད་ཀྱིས་ཐོན་ཐལ།།
ལྷབ་ལྷབ་དགོང་དུ་འབར་བའི་མེ་ལྕེའི་ཁྲོད་ནས།།
སྐྱབས་མགོན་ཏཱ་ལའི་བླ་མ་རྒྱང་འབོད་བྱས་ཐལ།།
ཤ་ཁྲག་རུས་གསུམ་ཚིག་པའི་ན་ཟུག་ཀློང་ནས།།
ཆོལ་གསུམ་སྤུན་ཟླའི་མ་འོངས་མདུན་ལམ་གླེང་ཐལ།།
དབུགས་ཀྱི་རྒྱུ་བ་ཆད་ཁའི་སྐད་ཅིག་མ་དེར།།
རང་དབང་ཞི་བདེ་འཛམ་གླིང་ཀུན་ལ་བསྒྲགས་ཐལ།།
ལྕགས་ཀྱི་སྙིང་ཁམས་ཅན་གྱི་ཇག་པའི་ཚོགས་ལ།།
ཞེ་སེམས་བདེ་བ་མེད་པའི་འཇིགས་ཤིག་བསླངས་ཐལ།།
དྲག་ཆས་ཁོ་ནས་བཟུང་བའི་གངས་རིའི་ལྗོངས་ན།།
མི་རིགས་ལས་དོན་སྒྲུབ་པའི་འཐབ་རྩོད་འདི་ལས།།
བྱེས་གྱར་སྤུན་ཟླའི་ཚོགས་ལ་ངོམ་ཞིག་བསླངས་ཐལ།།
བཙན་པོ་སྲོང་བཙན་སྒམ་པོའི་འཛུམ་ཞིག་ཤོར་ཡོད།།
སྨྲ་བརྗོད་རང་དབང་ཆེ་བའི་བཙན་བྱོལ་ཡུལ་ན།།
རང་བཙན་དབུ་མའི་གདོང་ནས་རྔུལ་ཆུ་འཛར་གི །
འགྲོ་འདུག་རང་དབང་མེད་པའི་ཁ་བའི་ལྗོངས་ན།།
ཚེ་སྲོག་གསོན་པོ་མེ་ལྷའི་ཞལ་དུ་གཏུམ་ཡོད།།
མི་རིགས་དགོས་དོན་གླེང་བའི་གཞིས་ཀྱི་དཔའ་བོ།།
མི་ཚེའི་མདུན་ལམ་སྒྲུབ་པའི་བྱེས་ཀྱི་བླ་དཔོན།།
གཞིས་བྱེས་གཉིས་ཀྱི་དགོས་དོན་ཁ་ཁ་ཡིན་ནམ།།
མདུན་ལམ་འཚོལ་སྟངས་འདི་ལ་རྩིས་ཤིག་ཡོད་ཀི།
དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་ངག་ཕྲེང་གི་རྗེས་སུ་ཡི་རང་ཞུས་ན་ལེགས།
མི་གཞི་མེད་ལ་་་་་་མི་གཞིས་རིན་ཐང་མི་ཤེས་པའི་ངེད་ཚང་གི་སྡེ་འདི་ན། གཞིས་ཀྱི་མི་བུ་བཞིན་མི་རིགས་འདིས་རྩ་དོན་ཡིན་ཡང་་་་་ཁ་བ་བོད་པ་ཚང་གི་རིག་གཞུང་ཡིན་ཡང་་་་་་ལྷག་བསམ་ཀྱི་ངང་ནས་འཁུར་དུ་ལེན་མཁན་ཧ་ཅང་དབེན།
མདུན་ལམ།
ཆོས་སྲིད་ཟུང་འབྲེལ་མདུན་ལམ་འཚོལ། །
སྐད་གཉིས་སྨྲ་བའི་མདུན་ལམ་འཚོལ། །
སྐད་གཅིག་འབྲི་ཤེས་མདུན་ལམ་འཚོལ། །
རང་ཚུགས་ཐུབ་པའི་མདུན་ལམ་འཚིལ། །
མདུན་ལམ་རྒྱ་གར་ལམ་འདྲ་མིན་པར་ཤོག།
མདུན་ལམ་རྒྱ་ནག་ལམ་འདྲ་མིན་པར་ཤོག།
དཀར་ནག་དབྱེ་བ་མེད་པའི་མི་ཚེ་ཡི།།
མདུན་ལམ་དར་དཀར་འདྲ་ཞིག་དེད་ནས་འགྲོ།
ཚིག་སྦྱོར་ནི་ཡག་གི
དོན་དག་ནི་ཡོད་གི
འཁང་ར་ནི་མང་གི
མདུན་ལམ་ནི་མེད་གི
ལྷན་རྒྱས་ལ་དགའ་བསུ་ཞུ།
ཨ་དགེ་ཐོག་མདའ་བཞིན་དུ་ཁ་ཡག་མེད་ལ།།
རས་པ་ཀརྡོ་བཞིན་དུ་ཚིགས་བཅད་མེད་མོད།།
མུ་ཏིག་ཕྲེང་མཛེས་སྐག་སྐག་འཆའ་མཁན་ཁྱོད་ཀྱི།།
ཚོར་བ་ཚིགས་སུ་བཅད་པ་ཞིབ་ཀྱིས་བཀླགས་ཡོད།།
ཧཧཧ