(ཤམ་བྷ་ལའི་དྲ་ཐོག་ནས་བཤུས།) ཨ་ཁུ་ཐར་པ།
མཚུངས་མེད་མདོ་ཁམས་སེར་སྐྱ་མི་མང་རྣམ་པ་དང་། འགན་ཁུར་མི་སྣ་ཡོངས་ལ་ཆེད་ཞུ།
ཉེ་ཆར་མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པའི་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་ཁོངས་སུ་ཡོད་པའི་གཤམ་གསལ་མི་སྣ་རྣམས་སྐབས་ ༡༩ པའི་དབུས་རྒྱུན་དུ་བསྐོ་བཞག་བྱེད་ཐུབ་པ་ཡིན་ན་ད་ལྟའི་ཆུ་སྒང་དབུས་རྒྱུན་གྱི་འཛིན་སྐྱོང་བྱེད་ཕྱོགས་ལྟར་སྒྲིག་གཞིའི་ལམ་ནས་ཕེབས་ཐུབ་པའི་རེ་བ་ཆེ་བ་དང་། ད་དུང་མུ་མཐུད་དེ་སྐབས་གཉིས་ཀྱི་རིང་དུ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་ཤར་བསྐྱོད་ཐུབ་པ་བྱུང་ཚེ་རྗེས་སུ་ཆུ་སྒང་སྒྲིག་འཛུགས་འཛམ་གླིང་སྤྱི་ཡི་སྒྲིག་འཛུགས་ཚད་ལྡན་དང་མཚུངས་པ་དཔལ་འབྱོར་ལྐོག་ཟ་རུལ་སོང་གི་ལམ་ཁ་འགག་པ་དང་། བསྟན་སྲིད་ཀྱི་ལས་དོན་ལ་ནུས་ཤུགས་འདོན་ཐུབ་རྒྱུར་ཐེ་ཚོམ་མི་དགོས་པ་ཡིན།
ད་རེས་ང་ཚོས་སྒེར་སེམས་ཁོག་བཅང་གིས་སྤྱི་སྐལ་སྒེར་བེད་བྱེད་མཁན་དེ་འདྲ་སླེབས་ན་སླར་ཡང་ལོ་རབས་ལྔ་བཅུའི་སྔོན་གྱི་གང་ཟག་དབང་བསྒྱུར་ལམ་ལུགས་བསྐྱར་གསོ་བྱས་པ་ལྟ་བུ་ལས་ཡོང་རྒྱུ་མེད་སྟབས། ཚང་མས་དོ་སྣང་ཆེན་པོས་གཡས་དགའ་གཡོན་ཕྱོགས་དང་ཕ་ཡུལ་གཅིག་པའི་ཞེན་གོག་ནད་ངན་དེ་དག་མི་གནང་བར་མདོ་སྟོད་མི་མང་གི་ཁེ་ཕན་དང་། སྒྲིག་འཛུགས་ལ་དགོངས་པ་བཞེས་ཏེ་འཕྲལ་ཕུག་གཉིས་ཕན་གནང་ཐབས་དགོས་པ་ཡིན།
དེ་འདྲ་སོང་ཙམ་ང་ཚོས་ད་རེས་ཆུ་སྒང་དབུས་རྒྱུན་དུ་གཤམ་གསལ་མི་སྣ་འདི་དག་བསྐོ་བཞག་ཐུབ་པ་ཡིན་ན་ཆུ་སྒང་སྒྲིག་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་དང་། འཛིན་སྐྱོང་ཚགས་ཚུད། ལྐོག་ཟ་རུལ་སོང་གི་རིགས་ཐམས་ཅད་མི་ཡོང་བའི་ཡིད་ཆེས་གཙང་མ་བྱེད་ཆོག་པའི་འགན་ལེན་བྱེད་ཐུབ་པ་དེ་ང་ཆུ་སྒང་དབུས་རྒྱུན་དང་མདོ་སྟོད་མི་མང་གི་ལས་དོན་ལ་མི་ལོ་དྲུག་བཏང་བའི་ཉམས་མྱོང་དང་། རྒྱུས་ལོན་བྱས་པའི་འབྲས་བུ་ཡིན།
༡༽ གོ་བོ་བློ་བཟང་ཕན་བདེ།
༢༽ ཀརྨ་མཁས་གྲུབ།
༣༽ ངག་དབང་བསྟན་པ།
༤༽ ག་ཟི་དགེ་བཤེས་ཚེ་རིང་པོ།
༥༽ བ་ར་ཚེ་དབང་བཀྲིས།
༦༽ བྲག་མགོན་བྱམས་པ་ཡོན་ཏན།
༧༽ འཆམ་ར་དྲི་མེད་རྒྱལ་མཚན།
༨༽ འཁོར་ཚ་བསོད་ནམས་དགྲ་འདུལ།
༩༽ རྒྱ་སྟུག་འཇམ་དབྱངས།
༡༠༽ འཇུ་ཆེན་བཀྲིས་དཔལ་འབྱོར།
༡༡༽ དགེ་བཤེས་ངག་དབང་བློ་བཟང།
གོང་གསལ་མི་སྣ་རྣམས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སུ་བསྐོ་འདེམས་ཡོང་བའི་རེ་བསྐུལ་དང་ཚང་མས་ཤུགས་སྣོན་རྒྱག་དགོས་པ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་དང་བོད་མི་མང་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་བལ་ཡུལ་རྒྱལ་ས་རང་ཤག་གྲུ་བཞིའི་ནང་ནས་ལྷག་བསམ་རྣམ་དག་གིས་ཕུལ། ༢༠༡༡།༤།༡༠
དྲ་གྲོགས་ཚོ་ལེགས་པར་སོམས་དང་།
གྲོས་ཚོགས་གཏོར་བཤིག་གཏོང་མཁན་གྱི་གཏེ་པོའི་གྲས་ཀྱི་བོན་སྤྱི་གཡུང་དྲུང་རྒྱལ་མཚན་འདི་ལོ་མདོ་སྟོད་ཀྱི་ཆུ་སྒང་གི་རྒྱུན་ལས་ནས་ཕམ་ཉེས་བྱུང་དུས།ད་ཆ་ཁོ་པས་སྡུག་སྐད་གང་སར་བརྒྱབ་ནས་ཁོ་རང་དང་ལྟ་བ་དང་ལངས་ཕྱོགས་མཐུན་པ་རྣམས་ཡར་འཐེན་རྩིས་བྱེད་དུས།ང་ཚོས་བསམ་བློ་ཡག་པོ་གཏོང་དགོས་རེད།
ད་ལྟའང་བཙན་བྱོལ་བོད་སྒར་མང་པོ་ཞིག་ན་ཆུ་སྒང་གསར་རྙིང་ཞེས་བརྗོད་ཀྱི་ཡོད་པ་ཙམ་དུ་མ་ཟད་ཆུ་སྒང་མི་མང་ནང་ཁུལ་དུ་གསར་རྙིང་གི་འཐེན་འཁྱེར་གྱི་ན་ཚ་ནི་ཡོད་མུས་ཐོག་ཆུ་སྒང་གི་དབུས་རྒྱུན་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དེ་གསལ་པོར་བཟོ་དགོས་པ་ཤིན་ཏུ་ནས་གལ་ཆེ་བར་སྣང། དེའི་རྗེས་སུ་དབུས་རྒྱུན་བསྐོ་འདེམས་ཀྱང་ཚུལ་དང་ལྡན་པ་ཞིག་ཡོང་བའི་རེ་བ་ཆེ། གུས་པའི་བསམ་པར་དབུས་རྒྱུན་དེའང་འོས་མི་ས་གནས་གང་སར་ནས་བླང་པ་དང། དེ་དག་གི་དབར་ལ་བགྲོ་གླེང་དང་དྲི་ལན་བཀའ་ཁྲིའི་འོས་མི་རྣམ་པས་བྱས་པ་ལྟར་བྱུང་ན་དངོས་གནས་ཆུ་སྒང་མི་མང་ཚང་མས་འདོད་བློ་ཁེངས་པ་ཞིག་ཡོང་བ་ལས་རང་སོ་སོས་གསལ་བསྒྲགས་བྱས་པར་འོས་འདེམས་བྱེད་པ་ནི་ཤིན་མི་འོས་པའི་དུས་ལ་བསླེབས་ཡོད་པ་ཡིན། བཀྲིས་བདེ་ལེགས།
མི་ཡུལ་དུ་ས་ཆ་འབར་ཐིལ་གང་མེད་པར་ཆུ་སྒང་གསར་རྙིང་རྩོད་པ་ནི་ཀླད་མེད་ཀླ་ཀློ་དང་ཁྱད་ཅི་ཡོད། བུ་རྒོད་པོ་ཡོད་ན་རྒྱ་དམར་ལ་འཛིངས་དང་།
ཨ་ཁ། ཨོ་རྒྱལ་ལགས། ཁྱེད་ཀྱིས་ཁ་བརྡ་བྲིས་སྟངས་ལ་གཟིགས་ཞིབ་གཏན་པོ་གནང་དང་ཁྱེད་ཀྱིས་ཆུ་སྒང་གསར་རྙིང་ཞེས་བསམ་པར་སླེབས་མ་ཐག་ཁོང་ཁྲོས་མི་དེས་གང་བཤད་རྩ་བ་ནས་མ་ཤེས་པར་ཀླད་མེད་ཀླ་ཀློ་རེད་ཟེར་བ་དང། རྒྱ་དམར་ལ་འཛིངས་ཟེར་བ་ལྟ་བུ་རྟེན་ནས་བར་སྐབས་ཆུ་སྒང་ནང་ཁུལ་དུ་མི་མཐུན་པའི་གནས་སྟངས་དེ་བྱུང་བ་རེད། ང་ཚོ་ཁམས་རིགས་ནང་རང་ཕྱོགས་ལ་ཤ་ཞེན་ཆེ་མདོག་གིས་སྤྱོད་པ་འདི་འདྲ་སྟོན་པ་ལ་རྟེན་ནས་བོད་པའི་སྤྱི་ཚོགས་ནང་མདུན་དུ་ཁམས་པ་དགའ་བའི་ཆེད་དུ་བློ་ཁོག་ཆེན་པོ་ཞེས་ལབ་པ་ཙམ་ལས་རྒྱབ་ཏུ་ཁྱེད་ཀྱིས་གསུངས་པ་བཞིན་ཀླད་མེད་ཀླ་ཀློ་ཞིག་གི་གྲས་ལ་བཞག་མཁན་མང་དུ་འགྲོ་བཞིན་ཡོད། དེང་གི་ཆར་གླེན་པའི་དཔའ་བློ་ཁོག་གིས་འཇོན་རྒྱུ་ཁག་པོ་ཆགས་ཡོད། རང་ཅག་ཚོར་ད་དུང་ཡང་ཡར་རྒྱས་གཏོང་རྒྱུའི་དུས་ཚོད་གང་མཚམས་ཡོད། རྒྱབ་མདུན། དགེ་སྐྱོན། ཞི་དྲག བརྟན་ལྷིང་སོགས་ཕྱོགས་གང་སར་གཟིགས་དགོས་པ་ལས་མནའ་སྔ་མོའི་དཔའ་རྩལ་གྱི་དུས་ཚོད་ཡོལ་ཚར་བ་རེད། ད་ཆ་གཅིག་སྒྲིལ་དང་སྤྱི་སྨན་ལ་གཙོ་བོ་བསམ་དགོས་པ་ཤིན་ཏུ་གལ་ཆེའོ། མི་གཞན་གྱིས་བསམ་ཚུལ་བཤད་པ་དང་སྐྱོན་བརྗོད་བྱས་པ་གཉིས་དབྱེ་བ་འབྱེད་ཤེས་པའང་གནང་རོགས་གྱིས། བཀྲིས་བདེ་ལེགས།
ཆུ་སྒང་གི་རྒྱུན་ལས་སུ་སླེབས་པ་ཡིན་ན་ཁྱད་པར་མི་འདུག ད་གཟོད་བོད་ཀྱི་རྩ་དོན་ལ་སྨན་པའི་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཆུ་སྒང་ལ་སྒོར་མོ་ཏོག་ཙམ་ཡོད་ན། དེ་སྒེར་ཁུག་ཏུ་མི་སོང་བར་མདོ་སྟོད་མི་མང་གི་ཤེས་ཡོན་གྱི་ཐོག་ཏུ་གཏོང་ཐུབ་ན། རྗེས་སུ་ཆུ་སྒང་གི་འབྲས་བུ་བསྟན་ཡག་ཡོད་པ་ཞིག་ཆགས་ཀྱི་རེད།
གྲོགས་པོ་ཚོ། འདིར་ཆུ་སྒང་གསར་རྙིང་ལབ་དགོས་པ་ཞིག་མ་རེད། དེ་འདྲ་ལབ་ཆཽག་པ་ཞིག་ཀྱང་མ་རེད། དེའི་ཐད་ལ་ངས་ཞིབ་འཇུག་རིམ་པ་བྱས་ཡོད། བོད་གཞུང་ལ་བརྩི་བཀུར་དང་། མདོ་སྟོད་མི་མངཡོང་ལ་གུས་བཀུར་ཡོད་མཁན་ཞིག་ཡིན་ན། ཆུ་སྒང་གསར་རྙིང་ཟེར་བའི་ཐ་སྙད་འདི་ཚོ་བཏགས་རུང་བ་ཞིག་གཏན་ནས་མ་རེད།
གང་ཡིན་ཟེར་ན། ཆུ་སྒང་གསར་རྙིང་གྱེས་པའི་རྗེས་སུ། ༸གོང་ས་མཆོག་དང་བོད་གཞུང་གིས་ཆུ་སྒང་འདི་ཡིན་ཟེར་མི་ཞིག་མ་ཡོང་བར་ང་ཚོས་ངོས་ལེན་མེད་བྱས་པ་དང་། མདོ་སྟོད་རྒྱལ་ཆེས་མང་ཚོགས་ཀྱིས་འོས་བསྡུ་བྱས་པ་དང་། སྐབས་དེའི་ཆུ་སྒང་གསར་རྙིང་བར་གྱི་བར་བཞུགས་ཚོགས་ཆུང་བཙུགས་ནས། རྒྱུན་ལས་འོས་བསྡུ་བྱས་འདུག འོས་བསྡུ་ལམ་ལོངས་བྱུང་སྟེ། ད་ལྟའི་དབུས་ཆུ་བཞི་སྒང་སྒྲིག་འཛུགས་ལྡི་ལི་ལ་ཡོད་པ་འདི་ཚུགས་པ་རེད།
ཉི་མ་དེ་ནས་བཟུང་༸གོང་ས་མ་མཆོག་དང་། བོད་གཞུང་གིས་ད་ལྟའི་ལྡི་ལིར་ཡོད་པའི་དབུས་ཆུ་སྒང་འདི་རང་ལ་ངོས་ལེན་དང་ཁྲིམས་མཐུན་ཐོག་ནས་རྩ་འཛུགས་བྱུང་ཡོད་པ་ཞིག་རེད། དེ་མིན་ཆུ་སྒང་ཟེར་བ་ཞིག་བོད་གཞུང་དང་༸གོང་ས་མཆོག དེ་བཞིན་མདོ་སྟོད་མི་མང་གིས་བརྩི་བཀུར་དང་། ཡིད་ཆེས་ཡོད་ས་དེ་ལྡི་ལའི་ལ་ཡོད་པ་འདི་རང་ཡིན་དུས། ཁྱེད་ཚོས་ད་དུང་ནད་རོ་རྙིང་པ་བསླངས་ནས་ཆུ་སྒང་གསར་རྙིང་མ་ལབ་མ་གཏོགས་ཁྲིམས་འགལ་རེད་དོ།
ངས་དྲ་རྒྱའི་ནང་ཁ་བརྡ་བྱེད་མཁན་རྣམས་ཕྲན་བུ་བསམ་བློ་ཟབ་པ་གཏོང་ཐུབ་མཁན་ཞིག་ལ་རྩིས་ཀྱི་ཡོད་པ་དེ་དངོས་གནས་ངའི་ནོར་འཁྲུལ་རེད་འདུག བཙན་བྱོལ་བོད་མི་སྡོད་སྒར་ནང་དེ་ལྟར་བརྗོད་མཁན་དང་འཐེན་འཁྱེར་བྱེད་མཁན་འདུག་ཅེས་དངོས་ཡོད་གནས་ཚུལ་ཤོད་སྐབས་ཆུ་སྒང་གསར་རྙིང་ཞེས་པའི་མིང་ཐེངས་གཉིས་སྟོན་པ་ལ་དེ་འདྲ་ལབ་མི་ཆོག་ཅེས་སྡིག་ར་གཏོང་བ་དང། རང་ཉིད་ཀྱིས་ལབ་མི་ཆོག་སོགས་ཀྱི་སྐོར་བརྗོད་སྐབས་ཆུ་སྒང་གསར་རྙིང་ཞེས་མིང་ཐེངས་ལྔ་ཙམ་བྲིས་ཆོག་པ་དེ་གང་ཡིན་ནམ། ཆུ་སྒང་གསར་རྙིང་ཕར་བཞག་རང་གི་ཕ་མེས་ནས་བདག་པའི་བོད་ཡུལ་དེ་རྒྱ་ནག་གིས་འདོད་པ་གང་ཡོད་བྱས་པ་ཙམ་དུ་མ་ཟད་བོད་རིགས་སྤུན་ཟླ་མང་པོ་ཞིག་སྡུག་སྦྱོང་སྣ་ཚོགས་འོག་མནར་བཞིན་ཡོད་པས། རྒྱ་རྒན་ལ་ཚིག་གཅིག་ལབ་མི་ཐུབ་པར་བོད་པ་ནང་ཁུལ་ཙམ་དུ་མ་ཟད་ཁམས་རིགས་ནང་ཁུལ་ཐུབ་ཚོད་ཤོད་རྒྱུ་དེ་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་པ་ཚང་མས་ཤེས་དགོས་པ་ཡིན། དངོས་གནས་འདི་ནི་དགྲ་དགའ་གཉེན་སྐྱོ་བའི་གནས་ཚུལ་ཞིག་ལས་མ་འདས་སོ།
བོད་སྤྱི་དོན་ཐད་ནས་བསམས་ན་དྷ་སའི་ཆུ་སྒང་ཚོགས་པ་ཡག་གི་རེད།ཞེན་ཁོག་གི་ཐད་ནས་བསམས་ན་ལྡི་ལིར་ཡོད་པའི་ཆུ་སྒང་ཡག་གི་རེད།
མི་འདི་ཚོས་ཆུ་སྒང་གི་དབུས་རྒྱུན་བྱེད་ཐུབ་མིན་མི་ཤེས། གལ་སྲིད་བྱས་ཀྱང་དེ་འདྲ་ཞིག་རེད། མ་གཞི་ཆུ་སྒང་ཟེར་བའི་ཚོགས་པ་དེ་དང་པོ་ཚུགས་ཡོང་དུས་ཧ་ཅང་རླབས་ཆེན་དང་། གཟི་བརྗིད་ཅན་གྱི་ཚོགས་པ་ཞིག་རེད། འོན་ཀྱང་དེང་སང་ཚོགས་པ་འདིའི་ནང་དུ་ལྐུགས་པའི་ཞེན་ཁོག་ཅན་ཁྱེར་མཁན་དང་། ཤེས་ཡོན་མེད་པ། མིག་རྒྱང་མེད་པ། བློ་རྒྱ་མེད་པའི་མི་ཨུ་ཚུགས་ཅན་འགའ་སླེབས་ཡོང་དུས་ཐབས་སྐྱོ་པོ་རེད།
དབུས་ཆུ་སྒང་གི་སུ་ཞིག་གི་ཆེད་དང་། གྲུབ་འབྲས་ཅི་ཞགི་གི་ཆེད་དུ་མི་སྣ་འདི་དག་འདེམས་བཞིན་ཡོད་དམ།
གསལ་བསྒྲགས་དེ་ལས། ༼ ལྐོག་ཟ་རུལ་སོང་གི་རིགས་ཐམས་ཅད་མི་ཡོང་བའི་ཡིད་ཆེས་གཙང་མ་བྱེད་ཆོག་པའི་འགན་ལེན་བྱེད་ཐུབ་པ་༽སོགས་འཁོད་འདུག དངོས་གནས་གད་མོ་འཆོར།
མིང་ཐོ་དང་པོ། ཁོ་རང་གི་ཐོབ་ཁུང་ཁང་ཚན་ག་གེ་མོ་ནས་གྲྭ་ཤག་རྒྱབ་སྐབས་དངུལ་རྩིས་ཁ་མ་འདོམས་ནས་ད་ལྟ་ཁང་ཚན་དུ་གྱོད་རྔ་སོང་མེད་སྐད། ད་དུང་གནས་ཚུལ་མང་། མི་བདེན་ན་ཁོ་རང་ལ་དྲིས།
དེ་ནས་མིང་གཉིས་པ་དང་། གསུམ་སོགས་བལྟས་ཡང་མེད།
ཆུ་སྐམ་ཚོགས་པའི་རྒྱུན་ལས་བཀོལ་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་འདུག
ཡི་རངས་བྱ་ས་གཅིག་ཀྱང་མི་འདུག
ཆུ་སྒང་གསར་རྙིང་ཞེས་མི་རེ་གཉིས་ནས་བསམ་ངན་རྒྱུན་བཅང་གིས་ཆེད་དུ་བཟོས་ནས་བཏོན་པའི་ཚིག་ཞིག་ལས། བཙན་བྱོལ་བོད་གཞུང་གིས་ཁྲིམས་ཁང་ནས་བཏོན་པའི་ཚིག་ཞིག་ག་ལ་ཡིན། མ་གཞི་གསར་རྙིང་ཞེས་འབོད་བསྡད་པ་ལས་མདོ་ཁམས་ཆུ་བཞི་སྒང་དྲུག་ཞེས་བརྗོད་ན་བོད་གཞི་བྱེས་གཉིས་ལ་ཆིག་སྒྲིལ་ནུས་པ་འདོན་པར་དེ་ལས་ཕན་པ་ཞིག་མེད་སྙམ། དགོངས་པ་ཡག་པོ་ཞེས་རོགས།
ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་དངོས་གཞིའི་འོས་མི་གཡོན་དྲུང་རྒྱལ་མཚན་མ་སླེབས་པ་འདི་ཆུ་སྒང་གཉིས་དབར་མཐུན་སྒྲིལ་ཐོག་ཅུང་ཡག་འགྲོ་བ་སྨོས་མི་དགོས། ལྷ་རབས་བྱུང་ན་མི་ཁོང་ཁྲོ་ཚ་བོ་དེ་ཚོ་དབུས་རྒྱུན་ལས་ལ་གདམ་ཐོན་བྱུང་ན་ཕན་པ་ལས་གནོད་པ་ཆེ།
རང་ཉིད་གཅིག་པུ་མ་གཏོགས་གཞན་གྱི་བསམ་ཚུལ་བཤད་ལ་ཉན་འཇོག་གང་ཡང་གནང་གིན་མེད།
ཆུ་སྒང་མི་མང་ཚོ་་་་་་་་་་་་སེམས་འཕྲལ་མ་གནང་།་་་་་་་་བློ་སེང་བཀའ་བློན་ཐོབ་ན་།་་་་་་་་་་་་ཆུ་སྒང་གཉིས་བར་ལ་་་་་་་་་་
གཅིག་སྒྲིལ་་་་་་་་་་་་་་ཡོེང་ཡོང་པ་རེད་།་་་་་་་མཁས་ལེན་བྱས་ཚར་པ་རེད་
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་དེ་དག་མདོ་སཏོད་མི་མང་གིས་འོས་བསྡུའི་ལམ་འཇོག་གི་ཡོད་སྟབས་དྲང་བདེན་དང་། འདོད་ན་མ་འདོད་ན་མདོ་སྟོད་མི་མང་གིས་འདེམ་གྱི་རེད། མདོ་སྟོད་མི་མང་ལ་དགོས་པའི་མི་དེ་མདོ་སྟོད་མི་མང་གིས་བདམ་གསེས་བྱེད་ཀྱི་རེད། ཚང་མས་མི་ཡག་པོ་དགོས་ཚུལ་བཤད་པ་དེ་ལག་ལེན་བསྟར་དགོས། ཁྱེད་རང་ཚོ་འོས་བསྡུའི་ལམ་དུ་ཞུགས་ཏེ་མི་ཡག་པོ་ཞིག་བདམ་དགོས།་ཁ་སྟོང་པའི་དཀྲོགས་གཏམ་ཁོ་ནའི་ལམ་དུ་མ་བཞུགས། ཆུ་སྒང་ཚོགས་གཙོ་དུས་ཡུན་བསྟུད་མར་གྷནིས་ཚོགས་གཙོ་དང་། ཚོགས་གཞོན་གྱི་པྱག་ལས་གནང་སྟེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། ཁོང་སྒྲིག་གཞིའི་དགོངས་དོན་ཐེངས་གཉིས་བསྟུད་མར་པེབས་ཚར་རྗེས་ལས་མཚམས་འཇོག་དགོས་པ་ལས་དེ་མིན་ཁོང་འདྲ་བའི་མི་ཞིག་བློ་ཁོག་ཅན། ལྷག་བསམ་ཅན། དྲང་བདེན་ལ་ཤར་བསྐྱོད་བྱེད་ཐུབ་མཁན་དེང་སང་རགས་རྒྱུ་ཁག་པོ་རེད། ཁོང་གིས་འོས་གཞི་བཏོན་གནང་བ་རྣམས་ལ་ང་མདོ་ཁམས་པས་རྒྱབ་སྐྱོར་བྱེད་ངེས་ཡིན། ས་གནས་དང་ཕ་ཡུལ་གྱི་པྱོགས་ཞེན་གང་ཡང་མེད་པ་ཞིག་འདེམས་འདུག་པར་རྒྱབ་སྐྱོར་ཡོད།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com