གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།
༄༅། །ཕྱི་ལོ་༢༠༠༡ ལོར་མདོ་ཁམས་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་ཐུགས་འགན་བཞེས་ཐོག་རྒྱ་བལ་འབྲུག་གསུམ་སོགས་བོད་མི་གནས་སྡོད་ཕྱི་རྒྱལ་ཡུལ་གྲུ་ཡོངས་ཀྱི་མདོ་སྟོད་མི་མང་རྣམས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་གནང་བ་ནས་བཟུང་རྒྱལ་ཡོངས་འོས་བསྡུ་ཐེངས་བཞི་གནང་ཟིན་ཡོད་པ་དང་། ད་ཡོད་སྐབས་ ༡༩ པའི་དབུས་རྒྱུན་རྣམས་ཕྱི་ལོ་༢༠༡༤ ལོའི་ཟླ་༦ པར་ལས་དུས་གཙང་རྒྱུ་ཡིན་པར་བརྟེན། སྐབས་ ༢༠ པའི་དབུས་རྒྱུན་འོས་འདེམས་ཆེད་ ༢༠༡༣ ཟླ་ ༢ ཚེས་ ༢༦ ཉིན་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི་དོན་ཚན་ ༥༡ པའི་དགོངས་དོན་སྐབས་ ༥ པའི་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་གསུམ་བསྐོ་གཞག་གནང་བ་ལྟར་ ༢༠༡༣ ཟླ་ ༧ ཚེས་ ༦ དང་ ༧ ཉིན་གཉིས་རིང་རྡ་སར་ཡོད་པའི་ཆུ་སྒང་དབུས་རྒྱུན་ཡན་ལག་ལས་ཁང་དུ་ཚང་འཛོམས་གྱིས་ཚོགས་གཙོ་སྤྱི་ཟུར་གླིང་ཚང་ཚེ་རྡོར་དང་། ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བཅས་སུ་གཏན་འཁེལ་གྱིས་རྒྱལ་ཡོངས་འོས་བསྡུའི་ལས་རིམ་ཁག་དང་བྱེད་སྒོ་ལམ་སྟོན་རྣམས་གཏན་འབེབས་ཀྱིས་ཐོག་མར་སྒྲིག་དོན་བཞིན་ས་གནས་འོས་བསྡུའི་ཚོགས་མི་རྣམས་གསར་འདེམས་ཆེད་ས་གནས་རྒྱུན་ལས་ཁག་ ༤༠ ཙམ་ཡོད་པ་རྣམས་ལ་འབྲེལ་ལམ་གྱིས་འོས་བསྡུའི་ཚོགས་མི་རྣམས་ཀྱི་མིང་ཐོ་དབུས་སུ་དུས་ཐོག་འབུལ་འབྱོར་དགོས་སྐོར་དང་། དེ་རྗེས་ལས་རིམ་གཞན་རྣམས་རིམ་བཞིན་ལག་བསྟར་དགོས་སྐོར་གྱི་བཀོད་ཁྱབ་གཏོང་རྒྱུ་འགོ་བཙུགས་ཡོད་པ་བཅས།།
འབྲེལ་གཏུགས་ཁ་པར་ཨང་གྲངས།
གླིང་ཚང་ཚེ་རྡོར།—– 91- 9917257511
སྨོན་ལམ་མཐར་ཕྱིན།—– 91-9816272440
གསེར་རྟ་ཚུལ་ཁྲིམས།—– 91-9816178505
ལགས་སོ་་་་་་གུས་པས་ཤེས་འདོད་པ་ཞིག་ལ་སྐབས་ཉི་ཤུ་པའི་ཆུ་སྒང་དབུས་རྒྱུན་ལས་འོས་བསྡུའི་སྐབས་སུ་་་་་འོས་ཆོས་ག་རེ་ཚང་དགོས་མིན་དེ་ཡིན། ཤུགས་ལྡན་པ་ཚོ་དེ་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་དམ། རྣམ་པ་ཚོས་དེའི་སྐོར་གསལ་པོ་མཁྱེན་གྱི་ཡོད་ན་འགྲེལ་བརྗོད་ཤིག་གནང་སྐྱོང་ཡོང་བ་ཞུ།།
ཨ་རོ་ཨ་རྡུ་མན་ལགས་ གལ་སྲིད་ཤུགས་ལྡན་པ་ཚོ་འཛུལ་ཞུགས་བྱེད་པའི་དབང་དུ་བཏང་ན་ཁྱོད་ཀྱིས་ཅི་ཞིག་བྱ་རྒྱུ་ཡིན། དྲངས་པོ་བཤད་ན་ཁོང་ཚོ་ཚང་མ་ཤ་རིགས་གཅིག་པའི་བོད་མི་ཡིན་པ་སོང་གཙང་འོས་བསྡུའི་ནང་དུ་ཞུགས་མཆོག་པའི་ཐོབ་ཐང་ལོས་ཡོད་ དེ་མི་མཆོག་གསུངས་མཁན་ཞིག་སུ་ཡོང་གི་རེད
ཨ་ལས་དོལ་རྒྱལ་བ་ཚོ་འཛུལ་ཞུགས་ཆོག་ན་ཡ་མཚན་ཆེན་པོ་རེད་།།
འོ་ན་ཚོགས་པ་འོ་མའི་རྒྱལ་མཚོར་ཁྲག་ཐིག་རྒྱག་རྒྱུ་མ་རེད་དམ།།
གར་སྲིད་ཤུགས་ལྡན་བསྟེན་མཁན་ཞིག་ཤེས་བཞིན་དུ་ད་རེས་ཚོགས་མིར་འདེམས་བསྐོ་བྱས་ནས་འོ་མ་ཟངས་དཀར་གང་བྱིའུ་བྲུན་གཅིག་གིས་སླད་པ་ཡིན་ན་ང་དང་ངོས་ཀྱི་སྡེར་གཏོགས་ཚང་མ་ཆུ་བཞི་སྒང་དྲུག་ཁོང་ནས་ཕྱིར་འཐེན་འོག་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། རྒྱུ་མཚན་དགོས་ན་ག་ལེར་འགྲེལ་བཤད་བྱེད་ཆོག
ཡ་་དྲ་འབུ་ཚོ། རྒྱ་དམར་དང་མཉམ་པོར་དབུ་མའི་ལམ་དགོངས་དོན་འོག་ནས་རྒྱ་བོད་མཉམ་གནས་བྱེད་ཐུབ་པའི་གདེང་ཚོད་ཡོད་པ་ཤེས་གསལ་ལྟར་ལ། དོལ་རྒྱལ་ཚོགས་པ་དང་ཆོས་དང་ཟང་ཟིང་གི་འབྲེལ་འཇོག་མི་ནུས་པ་དང་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད་ན།
ཤུགས་ལྡན་བསྟན་མཁན་རེད་ཟེར་བོད་གྲལ་ནས་ཕུད་བཞག་ན་འགྲིག་ཨེ་ཡོང་སྙམ།
དེ་ཡིན་ན། ཁོང་ཚོ་ཆོལ་གསུམ་གང་དུ་ངོས་ལེན་ཞུ་དགོས་སམ།
ཡང་ན་བོད་གྲལ་ནས་ཕུད་པ་ཡིན་ན། རང་བཙན་ལག་དེབ་ཀྱི་དང་བླང་དཔྱ་ཁྲལ་སྡུད་རྒྱུ་ཡང་མཚམས་འཇོག་དགོས་ཏེ།
འོས་བསྡུ་ཐོབ་ཐང་མེད་པ་བཟོ་དགོས་ངེས་རེད་ཡ།
བཀུར་འོས་མདོ་སྟོང་མི་མང་གི་མགོར། སྨོན་ལམ་མཐར་ཆེན་དང་གསེར་རྟ་ཚུལ་ཁྲིམས་ཟེར་བའི་དམ་ཉམས་ཕྱོགས་རིས་ཅན་རྐྱང་རྐྱང་སླེབས་པ་ཡིན་ན། མདོ་སྟོད་མི་མང་ཡོངས་ལ་མཚན་ཤོས་འགྲོ་གི་འདུག་གཱ དེ་ལས་སྤྱི་འཐུས་ནང་འབའ་བ་སྐལ་བཟང་ལྟ་བུ་ནི་སྤྱི་ཡོངས་ནས་ཁས་ལེན་པའི་མདོ་སྟོད་སྤྱི་འཐུས་ཤིག་རེད། དེ་ལྟ་བུས་ཆུ་སྒང་ཟེར་ན་མི་ཤེས་ཏེ། གང་ལྟར་མདོ་སྟོད་ཆོལ་ཁའི་དབུས་ལས་ཁང་གི་ལས་ཀ་བྱས་ན་རྙོག་དྲ་མེད་པ། གཞུང་དང་མི་མང་ལ་ཕན་ཐོག་པ་ཡོང་གི་རེད་བསམས།
དེ་མིན། གསེར་རྟ་ཚུལ་ཁྲིམས་ལྟ་བུ་ལ་ནི་སིད་སའི་དཀོན་རྡོར་སྤྲུལ་སྐུ་སོགས་ཀྱིས་པེད་ཤག་གིས་རྒྱངས་བཞག་ཡོད་པ་ཚང་མས་ཤེས་གསལ་རེད། དམ་ཚིག་མ་གཙང་དུས་ཕན་མི་ཐོག་པ་ཤེས་གསལ་རེད།། སྨོན་ལམ་མཐར་ཕྱིན་ནི་ཆོས་དང་ཆོལ་ཁའི་ཕྱོགས་རིས་ལ་ནི་སྐད་གྲགས་ཡོད་པ་རེད། བོན་པོའི་སྐྱབས་མགོན་ཚང་གིས་སྔོན་མར་རྙོག་དྲ་བྱུང་སྐབས་སྨོན་མཐར་འཇུ་ཆེན་ཆོས་སྒྲོན་གྱི་རྐུབ་ལ་འབྲངས་ཚུལ་ཚང་མ་མཁྱེན་འདུག་ཟེར། ཡིན་ནའང། རིན་པོ་ཆེ་རྦད་དེ་ཆབ་སྲིད་ལ་མི་དགྱེས་པ་དང། ལྷག་པར་བཙན་བྱོལ་བོད་མིའི་ཆབ་སྲིད་ལ་དེ་བས་ཐུགས་སྣང་མི་གནང་སྟབས་མི་ཁ་ཤས་ཤིག་གིས་བོན་པོའི་སྤྱི་འཐུས་སུ་སྨོན་མཐར་བསླེབས་ཐབས་འབད་པ་བྱས་ཏེ། སྐད་ཆ་འདྲ་མིན་བཀྲམས། ཁོང་མེད་ན་བོན་པོ་བ་ཚོའི་ཁེ་དབང་ཤོར་འགྲོ་ཚུལ་རབ་དང་རིམ་པར་བཤད་ཀྱི་ཡོད་ས་རེད། སོ་ལན་གཞིས་ཆགས་ན་སྒྲུང་མང་པོ་གོ་རྒྱུ་འདུག གང་ལྟར་དེ་རྣམས་མི་མང་བླ་དཔོན་ཚང་མས་ཐུགས་ཉམས་བཞག་ན་ཡག་པོ་འདུག་བསམས། དེ་མིན། སྨོན་ཐར། གསེར་རྟ་མིང་འོག་ཆོལ་ཁའི་དམ་ཉམས་པ་ཚུལ་ཁྲིམས། རྐམ་ཆོས་འཕེལ་ལྟ་བུས་རྒྱུན་ལས་གང་བསྡད་ན་བོད་སྤྱིའི་རྩ་དོན་ལ་ཕན་ག་ཚོད་ཐོག་མིན་ཤེས་གསལ་རེད།།
རྩེ་བློ་བཟང་བཀྲིས། ཁ་ཏྭས་མི་གཙང་བཟས་པའི་མཆུ། ས་གཙང་གཞན་དུ་འབད་པས་འཕྱིས། ཟེར་བ་ལྟར་རེད། ཁྱེད་ཀྱི་ཁ་བཅོག་ལག་བཅོག་དེ་སྐུར་འོས་སྤྱི་འཐུས་ལ་འཕྱི་བ་ནི་ཡ་རབས་སྤྱོད་བཟང་ཟེར་བའི་དྲི་ཙམ་མིན་འདུག རྒྱུ་མཚན་ཡོད་ན་ཁ་གསལ་དོན་གསལ་ཤོད་དགོས་པ་ལས་མུག་མུག་ཟེར་རྒན་མོའི་རྣམ་ཐར་སྐྱོངས་མི་དགོས།
ད་ལྟ་ཆུ་སྒང་འདི་མདོ་སྟོད་མི་མང་ཚང་མས་ཁས་ལེན་མེད་པ་རྡ་ས་ཆུ་སྒང་ལ་བསམ་ན་ཟུར་ལྟས་ལེབ་མཐོང་རེ་སྙམ། ཆོས་གྲུབ་ཀྱིས་བསམ་དོན་མངོན་འགྱུར་བྱུང་ན་ཚོགས་པ་དེའི་ཆེ་མཐོང་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་ངེས་རེད། གང་ལགས་ཞེ་ན་མདོ་སྟོད་མི་མང་རྒྱ་ཆ་༩༩ལྷག་ཙམ་བཙན་བྱོལ་བོད་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བློ་རྩེ་གཅིག་བསྒྲིལ་དང་བོད་དོན་ཆེད་སེམས་ཤུགས་ཆེ་་བས་སོ།། །།
རྩེ་བློ་བཟང་བཀྲ་ཤིས་ཅེས་པའི་མིང་འོག་གི་མི་ཁྱོད་རང་ལ་ཁུངས་ལུང་གསལ་པོ་མེད་ན་ཆུ་སྒང་ལ་ཅིག་བཤད་ཀི་མ་འདུག
ཆུ་སྒང་རྒྱལ་ཡོངས་འོས་བསྡུ་ལེགས་གྲུབ་བྱུང་བ་བསྔགས་བརྗོད་དང་སྦྲགས་ཚོགས་མི་གསར་པ་གསུམ་ལ་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད། ཚོགས་མི་ཁྱེད་རྣམས་པས་ངེས་པར་དུ་༸གོང་ས་མཆོག་དང་། བོད་མིའི་སྒྲིགས་འཛུགས། བོད་མི་མང་དང་དེ་བཞིན་ཚོགས་པ་ཆེ་ཆུང་གང་འདྲ་ཞིག་དང་འཐུན་འབྲེལ་དང་འགལ་ཟླ་མི་འགྲོ་བ་ཞིག་ངེས་པར་དུ་བྱེད་རོགས། ད་ལྟའི་སྐབས་སུ་མདོ་སྟོད་མི་མང་རྣམས་ཅུང་ཆིག་བསྒྲིལ་གྱི་གམ་ཁའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། དེ་ཉིད་མུ་མཐུད་ནས་ཡར་རྒྱས་གཏོང་ནས་ཁྱེད་རྣམས་པས་མི་རབས་གོང་མ་འམ་པོ་ཏོ་རྨོ་ཏོ་ཁ་ཤས་དང་ཁྱིམ་རྒྱུད་ཁ་ཤས་བར་མི་དགའ་ཞེ་འཛིན་དེ་དག་ཆུ་སྒོང་ཚོགས་པ་དང་འབྲེལ་བ་རྩ་ནས་མེད་པ་ཞིག་བཟོ་རོགས། མ་ཟད་ཁོང་ཚོའི་ངན་བསྐུལ་དང་སྔ་འཁོན་རྣམས་སྣང་མེད་དུ་གཏོང་ནས་མདོ་སྟོད་མི་མང་འདི་ཉིད་ཆིག་བསྒྲིལ་གྱི་གསོན་ཉམས་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད། དེ་མིན་འདིར་དྲ་འབུ་འགའ་ཞིག་གིས་དོ་རྒྱལ་སྐོར་གླེང་བཞིན་འདུག་མོད། སྤྱིར་དོ་རྒྱལ་བསྟན་མཁན་ཞིག་ཡིན་ན་ཁོ་མི་ངན་ཞིག་ཡིན་པ་སུས་ཀྱང་ཁས་ལེན་མི་ཐུབ་པ་དང་ཁོང་ནི་བོད་མི་རྣལ་མ་ཞིག་རེད། ཡིན་ཡང་དོ་རྒྱལ་རྗེས་འདྲོངས་པ་འགའ་ཞིག་གིས་རྒྱ་དམར་གྱི་རྒྱུག་ཁྱི་དང་བོད་གཞུང་དང་གོང་ས་མཆཽག་ལ་དམའ་འབད་བྱེད་མཁན་དེ་དག་ལ་དོག་ཟོན་དང་འབྲེལ་བ་མ་བྱེད་རོགས་ཞུ་རྒྱུ་ཡིན། དེར་བརྟེན་དོ་རྒྱལ་བསྟན་པ་ཙམ་གྱི་ཁོ་བོད་མིའི་གྲལ་ནས་ཕུད་པ་ནི་ཤིན་ཏུ་མ་འོས་པ་ཞིག་རེད།
ངེས་པར་དུ་བསམ་བློ་བཏོང་དགོས་པ་ཞིག་ལ་ཁྱེད་རྣམས་པས་(ཁམས་པའི་ལོ་རྒྱུས་ཆེན་མོ་)ཞིག་ངེས་པར་དུ་འབྲི་ཐུབ་ཐབས་བྱེད་དགོས་པ་དང་། དེ་མི་བཙན་བྱོལ་ནང་སྡེ་དགེ་གཞིས་ཆགས་དང་ནང་ཆེན་གཞིས་ཆགས། ཀ་ཐོག་གཞིས་ཆགས། གླིང་ཚང་གཞིས་ཆགས་སོགས་གཞིས་ཆགས་མང་པོ་ཞིག་ཡོད་ཀྱང་། ད་བར་དུ་ཁོང་ཚོས་ས་ཁུལ་དུ་རྒྱ་བོད་བར་དམག་འཁྲུགས་དང་གནད་དོན་ག་རེ་བྱུང་ཡོད་མེད་ཀྱི་ཡི་གེ་ན་གཅིག་འཇོག་ཐུབ་མེད། འདི་ནི་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད།
མ་ཟད་སྔར་ཕྱིར་བར་གསུམ་དུ་ཁམས་ཕྱོགས་ཀྱི་ལོ་རྒྱུས་ནི་ཧ་ཅང་རབ་རིབ་ཅིག་དང་ཤིན་ཏུ་མི་གསལ་བའི་ཆད་ལྷག་ཆེན་པོ་ཞིག་ཤོར་ཡོད་པས་དེ་ཉིད་ངེས་པར་དུ་ཁ་གསབ་བྱེད་རོགས་གནང་།
མདོ་སྨད་ཆོལ་ཁའི་ཚོགས་མི་ཚོས་ལོ་འདི་དག་རིང་གནམ་ས་གོ་འབྱེད་དང་། ས་བྱི་ཞི་རྒོལ་ཆེན་མོ། ཐེ་རུང་ཁྲག་ཡིག་སོགས་སྨོན་འོས་པའི་ལས་དོན་ག་རེད་བསྒྲུབ་བཞིན་པ་ལ་དཔེར་བལྟས་ནས་མ་མཐར་ཡང་གཞན་གྱིས་རྗེས་སུ་མི་ལུས་པ་ཞིག་ངེས་པར་དུ་བྱེད་རོགས་ལན་བརྒྱར་ཞུ་རྒྱུ་ཡིན།
༧རྒྱལ་བ་རིན་པོ་ཆེ་ནས་གལ་སྲིད་ཤུགས་ལྡན་མུ་འཐུད་དུ་བརྟན་མཁན་འཚོ་དང་ཁོང་སྐུ་སྒེར་གཉིས་འདྲེལ་བ་མེད་གསུང་པ་ལས་
བོད་མའི་གྲལ་ནས་ཕྱིར་འབུད་བྱེད་དགོས་་ནམ་ཡང་གསུང་མེད་ གོང་དུ་དྲ་འབུ་མགའ་རེས་ཤུགས་ལྡན་ཚོགས་པ་་འཛུལ་ཞུགས་བྱེད་ན་ཡ་མཚན་ཆེ་རབ་དང་འོ་མའི་རྒྱལ་མཚོར་ཁྲག་དུ་འགྱུར་རབ་བཤད་འདུགས་ འོ་མའི་རྒྱལ་མཚོ་ཞིག་ང་འཚོ་ལ་སྔོན་མ་ནས་བྱུང་མྱོང་མེད། ད་དུང་མདོ་སྟོད་མི་མང་རྒྱ་ཆ་༩༩ ད་ལྟའི་ཆུ་སྒང་འདི་ཡི་ཕྱོགས་སུ་ཡིན་པ་ཧ་གོ་བར་བྱོས་
དོ་འདྲེའི་གནད་དོན་འདི་རྒྱལ་བ་སྐུ་སྒེར་མ་ཟད་བསྟན་སྲིད་སྤྱི་ལ་གནོད་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་ཤེས་པ་རང་བཞིན་དུ་གནས་མཁན་ཞིག་ཡིན་ཕྱིན་རྨོངས་དགོས་པ་གང་ཡང་མེད། ཡང་ན་མི་ཤེས་པའི་ཚུལ་ཡིན་ན་གནས་ཚུལ་ལོགས་སུ་རེད།
མ་ཟད་༸གོང་ས་མཆོག་སྐུ་སྒེར་གཅིག་པུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། བཟང་སྤྱོད་འགན་ཁུར་ལྡན་པའི་མི་བུ་ཞིག་གི་ངོས་ནས་བཤད་ན་དུས་ནམ་ཡང་ལོག་ལམ་དུ་སྤྱོད་དགོས་དོན་མེད།
སྤྱིར་༸གོང་ས་མཆོག་དང་འབྲེལ་ནས་བམས་ཚུལ་གླིང་ཁུལ་བྱས་ན། ཁོང་སྐུ་སྒེར་གཅིག་པུའི་གནད་དོན་གང་ཡང་ཡོད་པ་མ་རེད། ༸གོང་ས་མཆོག་དང་འབྲེལ་བའི་གནད་དོན་གང་འདྲ་ཞིག་ཡིན་ཡང་བསྟན་སྲིད་སྤྱི་དང་མི་རིགས་ཀྱི་ལ་རྒྱལ་དང་། བདེ་བསྡུག་ཀུན་ལ་འབྲེལ་བསྡད་ཡོད་པ་རེད། དེ་དག་སྐྱག་འབུ་ཚོས་ངེས་པར་བྱོས་ཨ་་་་་་་
བསམ་ཚུལ་གླེང་ཁུལ་་་་་་་་་་་ནོར་བཅོས་གནང་རོགས་་་་་
ཆོལ་གསུམ་བསྟན་སྲུང་དང་བླངས་དམག་གི་གློའི་སྒྲིག་འཛུགས་དམག་སྒར་མཇུག་ཏེ་སྒྲིལ་བ་ནས་ཆུ་སྒང་ཚོགས་ཟེར་པ་འདིས་བསྟན་སྲིད་མི་རིགས་ཆེད་ཟུར་གསལ་ལས་འགུལ་ག་རེ་ག་རེ་སྤེལ་ཡོད་པ་དང་། རྙོག་དྲ་ག་རེ་ག་རེ་བཟོས་ཡོད་པའི་དོན་དག་དེ་གཉིས་ངོ་སྤྲོད་ཁ་གསལ་མདོར་བསྡུས་ཤིག་དྲ་ཐོག་འདིར་བཀོད་ཐུབ་ན་མི་མང་གི་རྒྱབ་སྐྱོར་ཐོབ་པར་ཐུགས་ཕན་སོས་ངེས་རེད་སྙམ།
དགེ་ལུགས་ནང་ཁུར་གྱི་ཞབས་འདྲེན་དེ་བོད་སྤྱིའི་ཐོག་ལ་ཁུར་མ་ཡོང་ལོ།
ང་ཚོ་ལ་གསོལ་རས་སུ་གནངས་བའི་དམངས་གཙོ་ཟེར་བ་ཞིག་ཡོད་རབས་ནམ་མཁར་མི་ཤོང་བ་ཞིག་སྒྲོག་རྒྱུ་ཡོད་པ་དེ་དེང་སོང་ཡལ་སོང་ཡོད་ས་རེད། ཉེ་ཆར་སྲིད་སྐྱོང་ལགས་ཀྱིས་འཐབ་བརྩོད་པ་ལ་དམངས་གཙོ་ཡོང་ཐབས་མེད་གསུངས་པ་ནས་སྡུར་གསོག་བརྒྱབ་པ་མིན་ནམ། དེ་ལྟར་ཨེ་རེད་གྲོགས་པོ་ཚོ། མིན་ན་དམངས་གཙོ་དང་མཐུན་པའི་གཏམ་མི་བཤད་པའི་དོན་ཅི་ཡིན་ནམ། དེ་གཅིག་ཡིན།
གཞན་དེ་ནི་བོད་མའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་ཤུགས་ལྡན་པ་ཚོ་ལ་འོས་ལྡུག་རྒྱུའི་ཐོབ་ཐང་མེད་པ་གསལ་ཡོད་ན་ཆུ་སྒང་ནས་ཀྱང་དེ་ལྟར་བྱེད་གི་རེད་པས་སེམས་འཁྲལ་མ་གནོངས་ཞུ་རྒྱུ་ཡིན།
འོ་མའི་ནང་ཁྲག་ཐིག་ཟེར་བ་འདི་ནི་ཞོ་ལྟར་ཆགས་པར་ཁྲག་ལྟར་དཀྲུག་ཟེར་བའི་དཔེ་དང་ཅིས་མི་མཚུངས་སམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
གཞི་རྩའི་ཐོབ་ཐང་དང༌། ལས་འགན།
དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ།
བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།
དོན་ཚན་བཅུ་པ། ཆོས་དད་རང་དབང༌།
ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།
་ད་བྱས་ན་དོལ་ཚོགས་ལ་འོས་འཕེན་བྱོས་དང་ཚོགས་པ་དེའི་ཆེས་མཐོང་ལ་ཕན་གྱིན་འདུག་གམ་གནོད་གཞིར་འགྲོ་བ་འདུག་གམ་ལྟ་ཆོག་གི་རེད། ང་རང་ཚོགས་པ་དེའི་ཆོལ་ཁོངས་སུ་ཡོད་པའི་ཆ་ནས་ཚོགས་པ་དེ་ལ་ཆེས་མཐོང་དགོས་ན་མ་ལན་མ་འགྱོད་པ་ཞིག་བྱ་གལ་ཆེན་པོ་འདུག་བསམ།།
རེ་ཟུང་གི་སེམས་ལ་དོལ་ཚོགས་ནི་ལྷ་བསྟེན་ཚོགས་པ་ཞིག་ཡིན་པ་ཙམ་ལས་བོད་དོན་དང་བདེ་སྡུག་མཉམ་མྱོང་བྱེད་མཁན་ཞིག་རེད་འདོད་གི་ཡོད་ན་རྦད་དེ་ནོར་བ་རེད།
དོལ་འདྲེ་ཁོ་བོད་བསྟན་སྲིད་ཀྱི་སྤྱི་དགྲ་ཡིན་ཕྱིན་ཁོ་དང་འབྲེལ་འདྲིས་བྱེད་མཁན་དག་ཀྱང་རང་བཞིན་གྱིས་བོད་བསྟན་སྲིད་ཀྱི་ཞབས་ལ་འཇུ་མཁན་ཆགས་པ་རེད།
གནས་ལུགས་དེ་ཤེས་མཁན་གིས་ཚུལ་བཞིན་བསྒྲུབ་དགོས་རྒྱུ་དང་། མི་ཤེས་མཁན་གྱིས་ཤེས་པར་བྱས་ན་བོད་བསྟན་སྲིད་སྤྱི་ལ་གནོད་གཞིར་འགྱུར་གི་མ་རེད།
དོལ་ཕྲུག་འགའ་རེས་བང་དཀྲུག་བྱེད་རྩིས་འདུག ཚང་མས་ཧ་གོ་བར་གྱིས། དོལ་རྒྱལ་སྐོར་གྱི་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཉན་མྱོང་མཁན་ཞིག་ཡིན་ན་ཐེ་ཚོམ་སྐྱེ་དགོས་དོན་གང་ཡང་མེད། མདོར་བསྡུས་ན་གོང་ས་མཆོག་དོལ་རྒྱལ་གཉིས་ནས་གཅིག་གདམ་རྒྱུ་དེ་རེད། བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་གོང་ས་མཆོག་ལ་ཡིད་ཆེས་རྩི་གཅིག་ཏུ་བྱེད་ཀྱི་ཡོད་པས། ཤུགས་ལྡན་ལ་དགའ་མཁན་རྣམས་བོད་པའི་སྤྱི་ཚོགས་ནས་སུས་ཀྱང་ཕུད་པ་མ་ཡིན་པར་རང་ཉིད་ཐོན་སོང་བ་རེད།
ཤུགས་ལྡན་ཚོགས་པའི་གནས་སྟང་སྐོར་ཆོས་ལུགས་བྱེ་བྲག་པ་དགེ་ལུགས་ནང་ཁུལ་གྱི་རྙོག་འཛིང་ཞིག་ལས་མིན་ཕྱིར་འདི་དྲངས་མ་ཡོང་ལོ་་་་་་་
འགའ་ཞིག་གིས་དོལ་རྒྱལ་སྤྱི་སྒྲ་ཡིན་པར་སེམས་སྲིད་ཀྱང་དེར་ཁ་གནོན་གུ་རུ་རིན་པོ་ཆེ་ཡིད་ཆེས་ཡོད་མཁན་ཚོར་ནམ་ཡང་གནོད་མི་སྲིད་ལོ། སྤྱིར་ཁ་སང་དེ་རིང་གི་ཀྱོག་མཚམས་འདིར་བོད་ནང་ཁུལ་དུམ་བུ་གཉིས་གསུམ་བྱས་པ་ནི་ནོར་འཁྲུལ་རེད་་་་་་་་་་བོད་ནང་ཁུལ་་ད་ཐེངས་དོལ་རྒྱལ་ལ་བརྟེན་ནས་དུམ་བུ་གཉིས་་་་་དབུ་རང་དུམ་བུ་གཉིས་་་་་་གཞོན་ནུ་དུམ་བུ་གཉིས་་་་་་་་་འདི་ཚཽ་ངོ་སུས་བཟོས་པ་རེད་་་ཤུ་རེ་ཁོ་་་་
གང་སྤེལ་ཚང་མིང་ཅན་ཁྱོད་མ་ཤེས་ཤེས་འདོགས་༧གོང་ས་མཆོག་ལ་ཟུར་ཟ་མ་བྱེད། གུ་རུ་རིན་པོ་ཆེ་ལ་ཁྱོད་ཡིད་ཆེད་ཡོད་ན་གནས་ལུགས་ཤེས་ནས་སྐད་ཆ་བཤད་ན་ཡག་རྒྱུ་རེད། ཁྱོད་ཀྱིས་བྲིས་ཚུལ་ལ་ལྟས་ན་ཆོས་ལུགས་ཕན་ཚུན་དཀྲུགས་གཞིར་འགྲོ་བ་ཙམ་ཡང་མ་ཤེས་པར་གུ་རུ་རིན་པོ་ཆེ་ནས་སྡིག་ཆེན་ཁྱོད་སྐྱབས་རྒྱུ་སྐྱག་པ་བཟོ།
གངས་སྤྲེལ་ཚ་ཁོ་རེ། དོལ་རྒྱལ་སྤྱི་དགྲ་ཡིན་མིན་གོང་ས་མཆོག་གིས་གསལ་པོ་གསུང་ཡོད་པ་རེད། ཁྱེད་རང་ལྟ་བུའི་ཉི་མའི་མདུན་ལ་སྒྲོན་མེ་འཕྱར་དགོས་མ་རེད།
མགོན་ཆོས་རྣམ་སྲས་གསུམ། དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་སྲུང་མ་ཡིན་བཞིན་དུ། རྗེ་རིན་པོ་ཞི་བར་གཤེགས་ནས་ལོ་བརྒྱ་ཕྲག་ཁ་ཤས་རྗེས་སུ་དོལ་རྒྱལ། རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་སྲུང་མ་ཡིན་ཚུལ་བཤད་པ་ནི་གད་མོ་ཤོར་བའི་གནས་སོ།
ཤུགས་ལྡན་བརྟེན་མཁན་རྣམས་བོད་པའི་སྤྱི་ཚོགས་ནས་སུས་ཀྱང་ཕུད་པ་མ་ཡིན་པར་རང་ཉིད་ཐོན་སོང་བ་རེད་ཟེར་ དེ་ལ་སྔོན་མ་ང་གཞིས་ཆགས་ཞིག་དུ་འགྲོ་སྐབས་གཞིས་ཆགས་དེའི་མི་ཚང་གཅིག་ནས་ཤུགས་ལྡན་འཚམས་འཇོགས་བྱིད་ཀྱི་མི་འདུགས་ལོབ་ནས་
གྲོང་པའི་ཕོ་མོ་རྒོན་གཞན་ཚང་མས་རྡུང་རྡེག་གཏོང་ནས་ཕྱི་ཕུད་བྱས་པ་ང་རང་མིག་གིས་ཐོང་སོང་ སྐབས་དེར་སྟབས་ཡག་ཤེས་ཞིག་ལ་རྒྱ་གར་ཉེས་རྟོགས་པ་འབྱོར་ནས་ཁོང་སྲོགས་ལས་ཐར་ཙམ་བྱུང་སོང་ འོ་ན་དེ་བོད་གྲལ་ནས་ཕུད་པ་རེད་དང་ཡང་ན་རང་ཉིད་ཐོན་སོང་བ་རེད་ ད་དུང་དེ་འདྲ་མོང་ནི་རེད་ ངས་ཆོས་ཕྱོགས་ནས་ཡག་སྡུགས་གང་ཡང་ཞུ་གི་མེད་ ངས་བཤད་འདོད་པ་དེ་ང་ཚོའི་མི་རིགས་ཁ་ཐོར་དུ་འགྲོ་གི་འདུགས་ཞུ་གི་ཡོད།
གངས་སྤེལ་ཚ་ཁྱི་རྒན་ཁྱོད་ཉོན་འོན་ཅིག་དོལ་རྒྱལ་དགེ་ལུགས་པ་ཁོ་ནའི་དགྲ་ཡིན་ཚུལ་དང་། དོལ་རྒྱལ་ལ་བརྟེན་ནས་དུམ་བུ་གཉིས། དབུ་རང་ལ་གཉིས་། གཞོན་ནུ་དུམ་གཉིས་འདི་ཚོ་སུས་བཟོས་པ་རེད་ཅེས་བཤད་ཚུལ་ལ་བལྟས་ན་བསྟན་དགྲ་རྒྱལ་དམར་གྱི་རྗེས་འཇུག་པ་ཁྱེད་ལ་བཤད་རྒྱུ་ཞིག་ཡོད་ས་རེད་ཁྱི་རྒན་ཁྱོད་ནས་གསལ་པོ་ཤོད་དང་། ཁྱོད་སྨྲ་ཤེས་དོན་གོ་ཡིན་ན་ང་ཚོས་འགྲེལ་བཤད་གསལ་པོ་རྒྱབ་་ཆོག།།
ཚེ་རིང་ལགས་ཁྱེད་ནས་ནོར་མ་སོང་ངམ། མི་བསད་མི་རྔུང་བྱེད་མཁན་དོལ་རྒྱལ་བ་ཚོ་རེད་། དཔེར་ན་རྡ་སར་མཚན་ཉིད་རྒན་ལ་གྲི་བཅུ་དྲུག་རྒྱབ་ནས་རྒན་སོགས་བསད་པ་དང་། ལྡི་ལིར་དགའ་ལྡན་རྒན་འཕྲིན་ལས་མ་ཤི་ཙམ་ཉེས་རྡུང་བཏང་བ། དགའ་བྱང་མཁན་ཟུར་བགྲེས་པོ་མེར་བསྲེགས་བཏང་བ་སོགས་བྱ་ངན་མང་པོ་ཞིག་བྱས་སོང་བ་རྣམས་དང་ཕལ་ཆེར་ནོར་བ་ཡིན་རྒྱུ་རེད་ཁྱེད་ནས་བསམ་བློ་ཡག་པོ་ཞིག་གཏོང་དངཤེས་རྒྱུ་རེད།།
བརྟན་དགྲ་རྒྱ་དམར་མཉམ་དུ་ང་ཚོ་སྡོད་ཀྱི་ཡིན་ལོབ་ཐུབ་ས་ལ་སྤྱི་དགྲ་དོལ་ཚོགས་མཉམ་དུ་སྡོད་མི་ཐུབ་པ་གང་ཡིན་ནམ། སྐད་ཆ་ཁ་ནས་བཤད་དུས་སྣས་མ་སྨོད་པ་ཞིག་བཤད་ཤེས་ན་མཁས་པ་རེད།
དྲ་གཉིད་ལགས་བདེན། ཡིན་ན་འང་ནོར་འཁྲུལ་ཕྱོགས་གཉིས་ཀ་ལ་ཡོད་རེད། ཚོ་ཁག་བཅུ་གསུམ་ནས་བརྩིས་པའི་མདོ་སྟོད་ཆུ་སྒང་ མི་རྡུང་མི་བསད་བཙོན་དུ་བཅུག་པ་རྒྱང་འབུད་བྱས་པ་ད་དུང་སྐྱེས་ཆེན་དམ་པ་མོང་པོ་ཞིག་དུག་སྤྲོད་པའི་ལོ་རྒྱུས་མོང་ནི་རེད་ དེ་ཚོ་ཚང་མ་དོལ་ཚོགས་ཡིན་རྒྱུ་མ་རེད།
ཁ་ནས་སྐད་རིགས་འདྲེས་མའི་གཏམ་ཞིག་འཆད།
ཁོག་ནས་གཡོ་སྒྱུ་འདྲེས་མའི་ཇུས་ཤིང་བཀོད།
ཁ་དང་ཁོག་པ་གཉིས་ཀར་ལྷད་འདྲེས་ཅན།
རྡ་སའི་དཔོན་ངན་རྣམས་ལ་སྐྱུག་རེ་བྲོ།།
ཁ་ནས་རྒྱུ་འབྲས་ཟེར་བའི་ཆོས་ཤིག་འཆད།
ཁོག་ནས་ལྐོག་ཟ་བྱེད་པའི་ཇུས་ཤིག་བཀོད།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་མཐོང་དུས་སྐྱུག་རེ་བྲོ།།
ཁ་ནས་བོད་ཀྱི་སྐད་དང་རིག་གཞུང་བཤད།
ཁོག་ནས་བོད་ཡིག་གསོད་པའི་ཇུས་ཤིག་བཏོན།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་གོ་དུས་སྐྱུག་རེ་བྲོ།།
ཁ་ནས་མི་རིགས་ངོ་བོ་སྲུང་དགོས་འཆད།
ཁོག་ནས་མི་རིགས་གསོད་པའི་ལམ་ཞིག་འཚོལ།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་ཟེར་དུས་སྐྱུག་རེ་བྲོ།།
ཁ་ནས་ཆིག་སྒྲིལ་དགོས་ཅེས་འུར་ཞིག་བརྒྱབ།
ཁོག་ནས་སྐད་ཡིག་ཆིག་སྒྲིལ་གསོད་བརྩིས་བྱེད།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་གླེང་དུས་སྐྱུག་རེ་བྲོ།།
ལྷ་འཛིང་འདྲེ་འཐབ་བྱེད་སའི་ས་ཆའི་ཐོག་ཏུ་གོང་གི་མཆན་བུ་དེ་ནོར་ནས་ཤོར་སོང་། དགོངས་འགལ་མེད་པར་བྱོས།
ཅོ་རི་ད་ཁྱོད་ངུ་འི་མ་འདུག། སེམས་ཤུགས་ཡོད་ནི་ཟིག་ཡིན་ན། ཐབས་ཇུས་ལྡན་ནི་ཞིག་བྱས་ནས་སྐད་ཆ་རེ་ཤོད་དང་། མི་འགྲིག་པའི་མི་འགྲིག་རབས་དང་། འགྲིག་པའི་འགྲིག་རབས་ཀྱི་ལམ་སྟོན་ཁ་རྒྱས་གཏིང་ཟབ་ཞིག་ཡོད་ན། ཁྱེད་ཀྱི་དམིགས་འབྲས་སྨིན་ལ། ང་ཚོའི་ཕུགས་འདུན་ཡང་གསལ་བས། དགོས་ཕན་ཆེ། དེ་མིན་ནམ་ཡིན་ལ་ངུ་སྐད་ཙམ་གྱིས་ང་ཚོ་ལ་སེམས་སྡུག་ཙམ་ལས་སེམས་གསོ་སྟེར་མི་ཐུབ་པས་དགོངས་འཇོག་ཡོད་པར་ཞུ། ཧཧ།
དུས་རྣམ་ཀུན་ཏུ་ཕྱོགས་རིས་དང་ལོག་བཤད་ལས་མེད་པའི་དྲ་འབུ་ཚོ་ད་སྐབས་བོད་འདི་ལ་དགོས་པ་ཆིག་སྒྲིལ་དང་འཆམ་མཐུན་ཡིན་པ་ལས། དུམ་བུ་ཁ་བྲལ་དུ་གཏོང་དུས་གཏན་ནས་བབ་མེད། ད་སྐབས་གཞོན་ཚོགས་ཁ་བྲལ་བཏང་བ་འདི་ཇི་ཙམ་བཤད་ཀྱང་ནག་ཉེས་དེ་གཞོན་ཚོགས་དང་ཕྱི་ལ་མེད་པ་གསལ་པོ་རེད། དོལ་ཚོགས་དགའ་ལྡན་ཁྲི་པར་བསྐོ་མིན་དེ་ཁྱེད་ཚོས་བལྟ་རྒྱུ་ལས། གཞན་དོལ་ཚོགས་ཚོགས་པ་གཞན་གྱི་རྒྱུན་ལས་བསྐོ་མིན་ལ་ཇུས་ཏོག་མེད་པ་མ་ཟད། བསྐོས་པ་ཡིན་ན་ཚོགས་པ་དེའི་མཐོང་དང་སྤྱི་པའི་རྩ་དོན་སོགས་ཅི་ལ་ཡང་གནོད་ཀྱི་མེད་པས། རང་དོན་སྤྱི་འགེལ་བྱེད་མ་ཡོང་ཞུ་རྒྱུ་ཡིན། དོལ་རྒྱལ་གྱིས་དགེ་ལུགས་པར་གནོད་ཀྱི་ཡོད་ན་ལས་བོད་སྤྱི་ལ་ཕན་གནོད་གང་ཡང་བཟོ་ཡི་མ་རེད། ལྷག་པར་དགེ་ལུགས་ནང་ཁུལ་འགལ་བ་དེ་བོད་སྤྱི་པའི་གནད་དོན་དུ་བསྒྱུར་མ་ཡོང་ཨ།
ཆ་སྒང་རྒྱུན་ལས་ཤུགས་ལྡན་བསྟེན་མཁན་མི་འོས་པའི་རྒྱུ་མཚན་དུ་གོང་ས་མཆོག་གི་བཀའ་དང་འགལ་གྱི་འདུག་ཅེས་ཤོད་བཞིན་འདུག དེ་འདྲ་ཡིན་ན་རང་བཙན་ཚོགས་ཆུང་དང་རང་བཙན་གྱི་ལས་འགུལ་སོགས་ལ་ཆུ་བཞི་སྒང་དྲུག་གི་མི་དམངས་སུ་ཡང་འཛུལ་ཞུགས་མི་ཆོག་པ་རེད།དེ་ཡང་རྒྱལ་བའི་བཀའ་དང་འགལ་བ་གཅིག་མཚུངས་རེད།ཚང་མས་བསམ་བློ་ཞིབ་ཚགས་ཤིག་གཏོང་རན་འདུག
གང་ལགས་ཤེ་ན་ཉིན་ཞིག་ཆུ་སྒང་གི་མི་སུ་ཡང་ལས་ཁུངས་ཁག་ཏུ་ལས་བྱེད་བྱ་མི་ཆོག་པར་ཆགས་རྒྱུའི་མཚམས་སུ་སླེབས། ཆུ་སྒང་མི་དམངས་དབར་དབྱིན་དཀྲུག་གི་ལས་སྦྱར་རྩོམ་མཁན་ཁག་ཅིག་འདིར་བསླེབས་འདུག་བསམ་པའི་ཚོར་སྣང་བྱུང་། ཆུ་སྒང་མི་དམངས་ནས་ཡིད་གཟབ་འཚལ།
ཚེ་རིང་། མི་གསད་རྡུང་བྱེད་མཁན་དོལ་ཚོགས་རེད། དེ་ཧ་གོ་བར་གྱིས། རྒྱ་དམར་དགྲ་བོ་ཡིན་པས་དགྲ་བོས་གནོད་སྐྱལ་བ་ནི་ལུགས་དང་མཐུན་པ་ཞིག་རེད། དོལ་ཚོགས་ཀྱིས་སྡུག་འདྲེ་ཞིག་གི་ཆེད་བོད་པ་ནང་ཁུལ་ལ་མི་གསོད་ཁྲག་སྦྱོར་བྱས་པ་མ་ཟད། རྒྱ་དམར་དང་ངན་འབྲེལ་གྱིས་གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་ནི། འཇིག་རྟེན་གྱི་དཔེ་ལ་ཕྱི་དགྲ་ལྕགས་ཀྱི་མཛེར་མས་མིག་བཅར་བ་ལས། ནང་དགྲ་ཁང་རྒན་ཐིག་པས་ཡིད་དཀྲུག་ན་སྡུག་ཞེས་པ་ལྟར་ལུགས་དང་མི་མཐུན་པ་ཞིག་རེད། འདི་དག་ལ་བསམ་བློ་ཐོང་དང་དོལ་ཚོགས་ཕུད་འདུག་དང་ཐོན་འདུག་ཧ་གོ་ཡི་རེད།
ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རྒྱ་གྲོས་མོལ་མགྱོགས་པོ་བྱེད་འདོད་ཡོད་ཅེས་དང་། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ནི་གཅིག་གིས་གཅིས་ལ་གཉའ་གནོན་བྱེད་རྒྱུའི་དུས་རབས་ཤིག་མིན་པར་ངོས་འཛིན་ཡོད་པའི་ཐོག བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་ངེས་ཤིག་ཏུ་མཐོང་གི་ཡོད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུང་དོན་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་ཀྲུང་དབྱངས་ནས་བོད་ཞི་བའི་གཅིང་གྲོལ་བཏང་བ་ནས་བཟུང་བོད་རྒྱ་མི་རིགས་དབར་ཕན་ཚུན་རོགས་རོམ་དང་གཅིག་ཕན་གཅིག་གྲོགས་མང་པོ་བྱུང་ཡོད་ལ། མ་འོངས་པར་ཡང་སྔོན་ལས་ལྷག་པའི་འཁྱམ་མཐུན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཅེས་དང་། ཕྱིར་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཕྱིར་རང་ཡུལ་དུ་ཕེབས་པར་དགའ་བསུ་ཡོད་ལ། འཛམ་གླིང་ཡོངས་ཀྱིས་བརྩི་ཡུལ་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བརྩི་འཇོག་ཡོད་ལ་ཁོང་གིས་བཏོན་པའི་གཉིས་ཕན་དབུ་མའི་ལམ་ལ་མོས་མཐུན་ཡོད་པ་མ་ཟད་མི་རིགས་གཉིས་ཀར་ཕན་ཐོག་ཡོད་པ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་གསུངས། གནས་ཚུལ་འདི་ཤིང་ཧ་གསར་ཁང་ནས་ 2013 ཟླ་བདུན་པའི་ཚེས་ 10 ཉིན་ཐོན་པ་ཞིག་རེད་འདུག
སྤྱི་ལོར་1996་ལོའི་སྔོན་ནས་ཤུགས་ལྡན་བསྟེན་མ་བསྟེན་གྱི་རྙོག་གླེང་མེད་ལ།བོད་མིའི་ཕན་ཚུན་དབར་དེ་ཡི་རྙོག་གྲ་མེད་པ་ཚང་མས་ཤེས་གསལ་རེད། 1996ལོར་ཤུགས་ལྡན་བསྟེན་མ་བསྟེན་གྱི་ས་ཡིག་བསྡུས་ལེན་བྱས་ནས་རྙོག་གྲ་འདི་
བྱུང་པ་ཤེས་ལྡན་ཀུན་ཀྱིས་མཁྱེན་གསལ་རེད།རྙོག་གྲ་འདི་སུས་བཟོས་འདུག་བློ་གཟུ་བོར་
གནས་ནས་དཔྱོད་ཅིག 2008ལོར་ཆོས་དང་ཟང་ཟིང་གི་འབྲེལ་བར་བྱེད་མི་ཆོག་པར་མནའ་
བསྐྱེལ་དམ་བཅའ་བྱས་བཅུག་མཁན་སུ་ཡིན་པར་ངེས་པར་ཤེས་དགོས། དེང་སང་ཆབ་སྲིད་ལ་ཉམ་ཉེས་བྱུང་པ་ནི་དུག་གསུམ་སྲུང་མ་བསྟེན་དྲག་པའི་ཆབ་སྲིད་པ་
རྣམས་ལ་ཤོད་ཅིང་། རྙོག་གླེང་འདི་བོད་པའི་ནང་ཁུལ་ཕན་མི་ཐུབ་པ་མ་ཟད་ཆུ་བཞི་སྒང་དྲུག་
གི་ནང་ཁུལ་དེ་བས་ཀྱང་ཕན་མི་ཐུབ། དེ་ནི་དགེ་ལུགས་པའི་ནང་དུ་རྩོད་རྙོག་ཅིག་ཡིན་པས་
ད་ནས་ཚོགས་པ་འདིར་འཁྱེར་མི་ཡོང་བའི་རེ་བ་ཡོད།། །།
ཆུ་སྒང་ནི་ལྷ་འདྲེའི་སྤྱི་ཚོགས་ཤིག་མིན་པས་ལྷ་འདྲེ་སྐོར་གྱི་རྣམ་རྟོག་དེ་དག་གལ་ཆེ་མ་རེད། སྲུང་མ་ག་རེ་གསོ་དང་མ་གསོལ་དང་། བླ་མ་སུ་བརྟེན་དང་མ་རྟེན་ནི་ཆོས་དད་རང་དབང་ཡིན་པས་ཆུ་སྒང་གིས་དེར་འགན་ཁུར་མི་དགོས། ཆུ་སྒང་གིས་འོས་འགན་ནི་བོད་རིགས་སྤྱི་དང་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་སུ་གཏོག་པའི་བོད་མི་རྣམས་མཐུན་ལམ་དང་ཕན་ཚུན་ཡར་འདེབས་ཞུ་རྒྱུ་དེ་རེད།
ད་གང་བཤད་་པ་དེ་དྲང་པོ་ཤོད་ན་དགའ་ གཞན་འབད་མེད་རེད་ཡ་ ཁ་ན་རོ་རེད་ཡ