འཇམ་དབྱངས་སྦྱིན་པ།
མདོ་བའི་རྒྱ་སྟག་ལགས་ཀྱི་གནས་སྟངས་ངོ་མ།
(བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ།)
མཁྱེན་གསལ་ལྟར་༢༠༡༢ ལོའི་ཟླ་བཅུ་གཅིག་པའི་ནང་བོད་མི་༢༧ གྱིས་བོད་བསྟན་སྲིད་ཆེད་མེར་སྲེག་གནང་བའི་ཁྲོད་མདོ་བ་ཕྱོགས་ནས་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་། རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ། སྙིང་དཀར་བཀྲ་ཤིས། སྙིང་ལྕགས་འབུམ། ཀླུ་འབུམ་ཚེ་རིང་བཅས་འདུས་ཡོད།
དཔའ་བོ་དཔའ་མོ་ཁོང་རྣམ་པས་རེ་རེ་བཞིན་མེ་སྲེག་གནང་རྗེས་སུ་ངེད་གངས་ཅན་པའི་ལུགས་སྲོལ་ལྟར་ཡུལ་མི་ཚོ་འདས་པོའི་ནང་མིར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་ཁོང་ཚོའི་ཁྱིམ་དུ་སོང་ཡོད། སྐབས་དེར་མདོ་བ་ཡོ་ལག་སྡེ་བའི་(མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་མདོ་བ་ཡོ་ལག་སྡེ་བ)རྒད་པོ་སྤྱི་སེམས་ཅན་རྒྱ་སྟག་ལགས་ཀྱང་དེའི་ཁོངས་སུ་ཡོད། འོན་ཀྱང་། ཡུན་རིང་མ་འགོར་བར་རྒྱ་གཞུང་གིས་རྒྱ་སྟག་ལགས་ལ་མེ་སྲེག་སྐབས་དེ་འདུས་ཀྱི་འགྲོན་པོར་སྣེ་ལེན་དང་། གཏམ་སྐད་ཆ་བཤད་པར་ཉེས་འདོགས་ཀྱིས་ཕྱི་ལོ་༢༠༡༢/༡༢/༥ ཉིན་ཁོང་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད། ཁྲིམས་ཆད་དེ་ནི་རྒད་པོ་ཀ་ཏུ་དང་ལྕགས་ལ་སོགས་རྒྱ་ནག་གི་རྒྱུག་ཁྱི་འགས་ངན་བསྐུལ་བྱས་པ་ལས་བྱུང་བ་ཞིག་ཡིན་པར་ཡུལ་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཁོང་བཙོན་འཇུག་སྐབས་ལོ་དྲུག་ཅུ་རེ་གཅིག་དང་ད་ལོ་རེ་ལྔ་ཡིན་འདུག
ད་ལོ་༢༠༡༦/༡༢/༦ ཉིན་དུས་ཡུན་རྫོགས་ནས་བཙོན་གྲོལ་བྱས་ཏེ་ཕྱིར་རང་ཡུལ་ལ་ལོག་ཡོད་ན་ཡང་། ཁོའི་རྐང་ལག་ལ་རྨས་སྐྱོན་དང་སེམས་ཁམས་ལ་ཕོག་ཐུག་ཚབས་ཆེན་བྱུང་སྟེ། ཁོ་སྔོན་ཆད་དང་གཏན་ནས་མི་འདྲ་བར་ལུས་སེམས་གཉིས་ཀ་ཐང་ཐང་མེད་པ་ཞིག་ཏུ་གྱུར་འདུག་པས་ནང་མི་ཉེ་འབྲེལ་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱི་འདུག ད་དུང་ཡུལ་མི་ཚོ་ཁོང་ལ་འཚམས་འདྲིར་འགྲོ་བ་བཀག་འགོག་དང་། ལྟ་རྟོག་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག་པའི་གནས་ཚུལ་ཞིག་གི་ནང་ལྷུང་ཡོད་འདུག་གོ།
༢༠༡༦/༡༢/༨ ཉིན།
ཡག་པོ་བཤད་འདུག་