ཨ་ཚོགས་ཀླུ་མཁར་བྱམས།
དེ་ཡང་གང་ན་བརྩེ་བའི་ཉེ་བར་འཛིན་པའི་བསིལ་ལྡན་སཱ་ལའི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ལ་ཕྲན་ཨ་ཚོགས་ཀླུ་མཁར་བྱམས་འབོད་མིང་བས། གནམ་ལོ་གསར་བའི་ནང་དུས་བདེ་གནས་འཇམ་ཡོང་བའི་སྨོན་པས་མཚམས་སྦྱར་ཏེ། སྐབས་དོན་གྱི་ཞུ་སྙིང་ནི། ཐེངས་འདིར་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་རྩ་དགོངས་ཞུས་རྗེས། དབུས་འོས་བསྡུ་ལས་ཁང་ངོས་ནས་”སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང་། ཟུར་དཔང་རྣམས་ཀྱིས་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས་” ཞེས་སྒྲིག་གཞི་ལག་བསྟར་མ་ཐུབ་པར། བར་མའི་འོས་བསྡུ་བྱ་འཆར་གྱི་བརྡ་ཁྱབ་སྤེལ་འདུག་ལ། དེ་ནི་སྟབས་མ་ལེགས་པར་སྒུག་ཐོའི་ཁ་མཚམས་ལ་ང་འཁེལ་ཡོད་པས་ཡིན་སྐོར་གླེང་ཕྱོགས་སམ་མཐོང་ཚུལ་ཞིག་སྤྱི་ཚོགས་ནང་རྒྱ་ཁྱབ་ཀྱིས་འགྲོ་མུས་རེད།
དེར་བརྟེན་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། གལ་སྲིད་ངའི་ཤུགས་རྐྱེན་དབང་གིས་ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ད་ཡོད་ཀྱི་སྒུག་ཐོའི་ནང་ངས་རྩ་དགོངས་ཞུས་ཆོག་ལ། ངའི་རྗེས་ན་ཡོད་པའི་མི་དེ་ཡར་བསྐོ་རོགས་ཞེས་ཡིག་ཐོག་ནས་ཕུལ་ཡོད་ཁར། ངག་ཐོག་ནས་ལོ་འདི་འགའི་ནང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་གྱི་ཞལ་གྲངས་བརྒྱ་དང་སུམ་ཅུའི་ཁར་བུད་ནས་མི་སྲིད་པའི་ཛ་དྲག་གི་སྐབས་ཤིག་ལ། འདི་གར་ང་ཚོ་བློ་རྒྱ་ཁབ་མིག་ལས་དོག་པའི་མི་རེ་གཉིས་ཤིག་སྒེར་དོན་གྱིས་མ་འགྲིག་པར། ཉིན་མཚན་དུས་དྲུག་ཏུ་ནང་འཁྲུག་རྐྱང་བརྒྱབས་ནས་ཉི་མ་གཏོང་དགོས་བྱུང་ན། དེ་ལས་ཐབས་སྐྱོ་བ་ཞིག་གང་ན་ཡོད། སོང་ཙང་ཁོར་ཡུག་འདི་ལྟ་བུ་ཞིག་གི་ནང་ཁོ་བོར་མཚོན་ན་སྤྱི་འཐུས་ཤིག་ཕར་ཞོགས། ཐ་ན་སྲིད་སྐྱོང་གི་མིང་གནས་བཏགས་པར་ཆ་བཞག་ཀྱང། ང་ལ་སྤུ་མདོག་གསར་བ་ཞིག་རྒྱས་ནས་འཇོན་ཐེངས་ཆེན་པོ་ཞིག་ངོམ་རྒྱུ་མེད་པ་གསལ་པོ་ཡིན་ཞེས་ཞུས་པར། དབུས་འོས་བསྡུའི་འགན་འཛིན་གྱིས་ཁྱེད་ཀྱི་ཐུགས་བསམ་བཞེས་སྟངས་ཡག་པོ་ཞེ་དྲག་རེད་ཟེར་ནས། དེར་བསམ་བློ་ཏན་ཏན་གཏོང་གི་ཡིན་གསུང་གནང་སོང།
འོན་ཀྱང། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་འོས་བསྡུའི་འགན་འཛིན་ལས་རོགས་གཉིས་བསྐོས་འདུག་པ་སོགས་ལ་གཞིག་ན། བོད་གཞུང་གིས་བར་མའི་འོས་བསྡུ་དེ་མིག་བཙུམ་ནས་བྱ་འཆར་ཡིན་པ་འདྲ། སོང་ཙང་འོས་བསྡུ་འཕར་མ་དེར་ཧིན་སྒོར་འབུམ་ཉི་ཤུ་ལྷག་གི་གཞུང་གྲོན་ཆུད་ཟོས་སུ་བཏང་བ་ཙམ་མ་ཡིན་པར། རང་ཁྲིམས་རང་གིས་བཤིག་སྟེ་གཞུང་དམངས་བར་ཡིད་ཆེས་བརླག་གཞིའི་འོས་བསྡུའི་གླེང་རྙོག་ནང། གཅིག་ནས་ཁོ་བོས་སྒྲུབ་ཐུབ་པའི་ལས་ཀ་གཅིག་རང་གཅིག་ཡོད་པ་ནི་རང་ཉིད་སྒུག་ཐོའི་ཁ་མཚམས་འདི་ནས་ཕྱིར་ཐོན་པ་དང་འབྲེལ། འདེམས་དམངས་རྣམས་ལ་བཟང་སྤྱོད་ཀྱི་འགན་ལེན་ཞིག་ཅིས་ཀྱང་འཁུར་དགོས་སྟབས། གནད་དོན་འདི་གསལ་པོ་བཟོ་ཆེད་འབྲེལ་ཡོད་ཁག་ལ་ངོ་བཅར་གྱིས་བརྡ་འདེད་གཏོང་རྒྱུ་ཙམ་དང། གཉིས་ནས་གནད་དོན་འདི་གསལ་ཁ་བཟོ་དགོས་པ་ནི་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་སྤྱི་འཐུས་མི་འགྲོ་གཅིག་གི་གནད་དོན་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གིས་ཁྱབ་པའི་སྤྱི་འབངས་ཡོངས་ལ་འཁྲི་བའི་ལས་དོན་ཞིག་ཡིན་སྟབས། ད་ཐེངས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་ཁ་བཀོད་ཡིན་ནའང་འདྲ། དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་དེ་ཚོར་འབྲེལ་ཡོད་ཚན་པར་དོགས་འདྲི་ཞུ་རྒྱུ་དང་ཆབས་ཅིག རང་གི་དགོས་འདུན་དོན་ཚན་འགའ་མཉམ་སྦྱར་གྱིས་ཕུལ་ཡོད་པ་གཤམ་གསལ།
དོགས་འདྲི་ཁག
༡༽ ཁ་ཉིན་དུས་བབ་གསར་ཁང་གིས་འོས་བསྡུའི་འགན་འཛིན་ལ་གནད་དོན་དེའི་ཐད་བཅར་འདྲི་བྱས་པའི་ནང་། འགན་འཛིན་གྱིས་“སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་སྒུག་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་༼སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཡིན་༽དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་” ཅེས་(2)དང་། ཡང་འགན་འཛིན་གྱིས་“ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་བཅད་ཚར་བ་རེད”ཅེས་པ་སོགས་བཀལ་མོལ་དེ་དག་གིས་གནད་དོན་གསལ་བོ་ཆགས་རྒྱུའི་ཚབ་ལ་དོགས་གཞི་ཆེ་རུ་ཕྱིན་འདུག་པ་དང། གལ་སྲིད་དེ་འདྲ་ཡིན་ན་བཅའ་ཁྲིམས་ནང་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་ལས་ཁང་ཞིག་ཡིན་ཟེར་གྱི་ཡོད་པ་དང་། ཡིན་ཡང་དགོས་པ་གཞིར་བྱས།
སྐབས་འདིའི་རང་དབང་ཅན་ཞེས་པའི་གོ་དོན་ནི། ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ཀྱིས་ཁྲིམས་སྒྲིག་གང་ཞིག་གཏན་འབེབས་བྱས་པ་རྣམས་ལག་བསྟར་སྐབས་བཀའ་སྤྱི་གཉིས་ཀྱི་ཇུས་གཏོགས་ཡོང་མི་ཆོག་པར་འོས་བསྡུ་ལས་ཁང་རང་ལ་དབང་ཚད་ཡོད་པར་བརྟེན། རང་དབང་ལྡན་པའི་ལས་ཁང་ཞེས་མིང་གནས་སྤྲད་པ་རེད་ལ། འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་གླེང་བྱུང་བ་དང་། ཁྲིམས་སྒྲིག་སོགས་ལ་གསལ་ཁ་མེད་པ་བྱུང་ཚེ་ཁྲིམས་ཀྱི་གོ་དོན་འགྲེལ་བརྗོད་གནང་མཁན་ཁྲིམས་ཞིབ་ཁང་ཡིན་པ་སྒྲིག་གཞིའི་ནང་འཁོད་ཡོད་སྟབས། འོས་བསྡུ་འགན་འཛིན་གྱི་གསོལ་ཅོག་ཐོག་ཏུ་(སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) སྤྱི་འཐུས་ཀྱི་འོས་གྲངས་བརྒྱ་ཆའི་ཚད་གཞི་མི་དགོས་པ་སྤྱི་མོས་གཏན་འབེབས་བྱས་ཟིན་པ་དང། སྲིད་སྐྱོང་ངམ་༼བཀའ་ཁྲིས༽མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་གྲུབ་པའི་ཡིག་ཆ་དེ་ཚོ་འབྱོར་ཡོད་ཤག་ཡིན་ན། ད་དུང་དེ་ལག་བསྟར་རུང་མིན་དོགས་གཞི་དངོས་གནས་བྱུང་ཚེ། ཡར་ཁྲིམས་ཞིབ་ཁང་ལ་གཏུག་ནས་གསལ་ཁ་བཟོ་རྒྱུ་ལས། འགན་འཛིན་ཉིད་ཕར་སྤྱི་འཐུས་ཚོགས་གཙོ་གཞོན་སར་ནང་མོལ་ཞུ་སར་ཕྱིན་པ་ནི་གཅིག་ནས་འོས་བསྡུ་ལས་ཁང་རང་ཉིད་ལ་ཁྲིམས་ཀྱིས་སྐུལ་བའི་དབང་ཚད་ལག་བསྟར་མ་བྱས་པར་འགལ་འཛོལ་བྱུང་བ་དང། གཉིས་ནས་སྐབས་འདིར་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་འོས་བསྡུའི་ལས་དོན་ནང་གན་དང་འདི་བྱེད་དགོས་ཟེར་ནས་བཀོད་རྒྱ་བཏང་བ་དངོས་བདེན་ཡིན་ན། འདི་ནི་གང་ཟག་གི་དབང་བསྒྱུར་རང་ཆགས་མི་འདུག་གམ།
༢༽ སྤྱི་འཐུས་ཀྱི་འོས་བསྡུ་ལ་བརྒྱ་ཆ་ལོངས་མི་དགོས་པའི་ཁྲིམས་སྒྲིག་དེ་བཟོ་རྒྱུའི་རྒྱབ་ལྗོངས་ནི། འདས་པའི་ཉམས་མྱོང་གཞིར་བཞག “གཞུང་གྲོན་འཕར་མ་བཏང་ནས་འོས་བསྡུའི་ལས་རིམ་མང་པོ་ཕྱིན་པ་ཡིན་ན་མི་མང་སེམས་ཤུགས་ཆག་རྒྱུ་མ་གཏོགས། དོན་དངོས་ལ་ཕན་རྒྱུ་མེད་པ་སོགས་རྒྱུ་མཚན་དུ་བྱས་”ནས་གཏན་འབེབས་བྱས་པ་ཡིན་སྐོར་སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང་འགྲེལ་བརྗོད་བྱས་ཡོད། དེས་ན་གོང་གསལ་གནད་དོན་སྣང་མེད་དུ་བཞག་སྟེ། ཐེངས་འདིར་སྒུག་ཐོའི་མང་རིམ་རྩེ་བཏོག་གིས་མ་ཕྱིན་པར་གཞུང་གྲོན་འབུམ་ཉེར་གཅིག་ལྷག་མིག་བཙུམ་ནས་གཏོང་རྒྱུ་ནི་རྒྱུ་མཚན་མེད་པ་ཞིག་དང། མ་གཞི་ཁྲིམས་ལ་འགྲེལ་བརྗོད་གནང་སྐབས་གཞི་རྩའི་ཡིག་ཐོག་ན་གང་ཡོད་པ་ཇི་བཞིན་འགྲེལ་བརྗོད་དགོས་པ་དང་། དེ་ནས་ཁྲིམས་དེ་གཏན་འབེབས་སྐབས་ཀྱི་རྒྱབ་ལྗོངས་དམིགས་ཡུལ་གཞིར་འཛིན་དགོས་པ། ཐ་མར་ཁྲིམས་གང་དེ་ལག་བསྟར་བྱས་པ་ཡིན་ན་མཇུག་འབྲས་གང་ཡོང་བཅས་ཀྱི་རྩ་དོན་གསུམ་གཞིར་འཇོག་དགོས་སྟབས། ཐེངས་འདིར་འོས་བསྡུ་ལས་ཁང་གི་བྱེད་བབས་ནི་ཐོག་མར་ཁྲིམས་བཟོ་སྐབས་ཀྱི་ཡིག་ཐོག་ན་གསལ་གྱི་ལེར་ཡོད་པའི་ཚིག་རྩ་དང་མི་མཐུན་ཁར། ཁྲིམས་སྒྲིག་དེ་བཟོ་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་དང་རྩ་འགལ་ཆགས་པ། མཇུག་འབྲས་ཀྱི་ཆ་ནས་གཞུང་གྲོན་ཆུད་ཟོས་དང་། མི་མང་སེམས་ཤུགས་ཆག་རྒྱུ་མ་གཏོགས་དགེ་མཚན་གང་ཡང་མེད་པ་ཞིག་ཆགས་མི་འདུག་གམ།
༣༽ (སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) འོས་བསྡུའི་སྒྲིག་གཞིར་བཟོ་བཅོས་ཀྱིས་བརྒྱ་ཆ་མི་དགོས་པ་བཟོ་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ལས་རིམ་དེ་དང་འབྲེལ་ནས་ཁྲིམས་ཀྱི་གོ་དོན་དང་། ལག་བསྟར་དུས་ཡུན་སོགས་ཀྱི་ཐད་འགྲེལ་བརྗོད་འགའ་ཞིག་བརྒྱབས་འདུག་ལ། ཁོ་པས་ཐོག་མར་“བཀའ་བློན་ཁྲི་པས་མཚན་རྟགས་བསྐྱོན་པའི་ཉིན་མོ་ནས་འོས་བསྡུའི་ལས་རིམ་ག་འདྲ་ཞིག་བྱས་པ་ཡིན་ན། སྒྲིག་གཞི་འདི་གཞིར་བཟུང་ནས་འགྲོ་དགོས་པ་ཞིག་ཆགས་རྒྱུ་རེད་”ཟེར་ཞོར་དུ། (4)དེའི་འོག་ནས་ཨུ་ཚུགས་ངང་འགྲེལ་བརྗོད་འཕར་མ་ཞིག་རྒྱག་ཁུལ་བྱས་པ་ནི། འདི་ལྟར་“དཔེར་ན། ད་ལྟ་འགྲོ་བཞིན་པའི་ནང་ལ་མདོ་སྨད་ཀྱི་སྤྱི་འཐུས་གཉིས་དགོངས་པ་ཞུས་པ་འདྲ་ཞིག་ཡིན་ནའང་། ད་ལྟ་སྒུག་ཐོའི་ནང་གཅིག་མ་གཏོགས་ཡོད་མ་རེད། དེ་འདྲ་སོང་ཙང་། འོས་བསྡུའི་ལས་རིམ་ཡང་བསྐྱར་བྱེད་དགོས་རྒྱུ་ཡོད་རེད། འོས་བསྡུའི་ལས་རིམ་ཡང་བསྐྱར་བྱས་པའི་རྗེས་ལ་བརྒྱ་ཆ་མང་ཉུང་ག་ཚོད་ཐོབ་པ་ལ་མ་ལྟོས་པར། མང་རིམ་རྩེ་བཏོག་གིས་འགྲོ་དགོས་པ་རེད།
གང་ལྟར་མང་ཆེ་བ་ཞིག་སྐབས་བཅུ་དྲུག་ལ་མ་གཏོགས་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་ཡོད་མ་རེད་”ཟེར་ནས་སྔ་ཚིག་ཕྱི་བཤད་མི་མཚུངས་པ་ཞིག་བཤད་འདུག་ལ། རྒྱུ་མཚན་འདི་ཙམ་ནི་ད་རེབ་འོས་བསྡུ་ལས་ཁང་གིས་མང་རིམ་སྒུག་ཐོ་ལྟར་བསྐོ་བཞག་མ་བྱས་པར། བརྒྱ་ཆ་ལོངས་ཡོད་མེད་བཤད་ནས་བར་མིའི་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་པའི་གཞི་འཛིན་ས་ཡིན་ངེས་ན། ཚོགས་གཙོར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སུ་བཅས་ཚར་བ་ཞིག་ལ་ལག་བསྟར་དུས་ཡུན་ཚད་བཀག་བཟོ་ཆོག་པའི་དམིགས་བསལ་དབང་ཆ་ཞིག་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁང་གི་ནང་མཐོང་རྒྱུ་མེད་ཁར། མ་གཞི་ནས་ཁྲིམས་བཟོ་མཁན་ལ་རང་གིས་བཟོས་པའི་ཁྲིམས་ཀྱི་གོ་དོན་འགྲེལ་བརྗོད་དང་ལག་བསྟར་ནང་ཐེ་བྱུས་ཀྱི་དབང་ཆ་ཡོད་ན། དེ་ནི་སྒེར་གཅོད་ལམ་ལུགས་ཀྱི་འགྲོ་སྟངས་མངོན་གསལ་དོད་པོ་ཞིག་ཡིན།
སོང་ཙང་སྐབས་དེ་རང་ལ་གྲོས་ཚོགས་ནང་སྤྱི་འཐུས་རྒྱ་རི་བུ་ཕྲུག་གིས། གཅིག་ནས་ཚོགས་གཙོས་ཁྲིམས་ལག་བསྟར་དབང་ཚད་ལ་ཐེ་བྱུས་ཀྱི་འགྲེལ་བརྗོད་བྱས་པ་དང་། གཉིས་ནས་བརྒྱ་ཆ་མི་དགོས་པ་བཟོས་ཚར་ཉིན་ནས་མང་རིམ་རྩེ་བཏོག་གིས་འགྲོ་དགོས་པ་ནི་རྒྱ་གར་གཙོས་འཛམ་བུ་གླིང་གི་འགྲོ་ལུགས་ཡིན་པ་སོགས་ཀྱི་ཐད་གསལ་བཤད་ཁུངས་འཕེར་ཞིག་གནང་འདུག་ལ། རྒྱ་རི་བུ་ཕྲུག་གིས་“ཕལ་ཆེར་ངས་གོ་སྟངས་ནོར་མེད་ན་དཔལ་ལྡན་ཚོགས་གཙོས་ཁྲིམས་ཀྱི་གོ་དོན་འགྲེལ་བཤད་བསྐྱོན་སོང་བསམ་སོང་།
འགྲེལ་བཤད་དེའི་དཔེ་མཚོན་ལའང་ག་རེ་བྱུང་ཞུས་པ་ཡིན་ན། མདོ་སྨད་ཀྱི་སྒུག་ཐོའི་ནང་ཡོད་བསྡད་པ་གཅིག་ཡོད་རེད་ཟེར། འདིར་འགྱུར་བ་ཕྱིན་པ་ཡིན་ན་ད་ལྟ་འདི་ལ་འབྲེལ་བ་ཆགས་རྒྱུ་མ་རེད་ཟེར། འདི་ཏག་ཏག་ཅིག་བསྡད་ཡོད་དམ་ཞུ་རྒྱུ་དང་། མ་གཞི་ནས་གྲོས་ཚོགས་ནང་ལ་ཁྲིམས་ལ་འགྲེལ་བརྗོད་བསྐྱོན་རྒྱུ་ནི་ག་ཚོད་ཅིག་ཡིན་ཡང་ཏག་ཏག་བསྡད་ཀྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་དེ་ཚོ་གསལ་པོ་མ་བྱུང་ན་ཡག་པོ་མི་འདུག རྒྱ་གར་ནང་རྣམ་པ་ཚོས་མཁྱེན་གསལ་རེད། date permit དེ་འདྲའི་འགྱུར་བ་ཕྱིན་པ་ཡིན་ན་ད་དུང་སྒུག་ཐོའི་ནང་ཡོད་མཁན་ཚོ་ཚང་མར་ཆག་ཡང་ཡོང་གི་རེད་མ་གཏོགས། ཁྱེད་རང་ཚོ་སྔོན་མ་ཐག་བཅད་ཚར་བ་རེད། ད་ཁྱེད་རང་ཚོ་ཡར་འགྲོ་རྒྱུ་མ་རེད་ཅེས་རྒྱ་གར་ནང་དེ་ངོས་འཛིན་བྱེད་སྲོལ་མི་འདུག་ལ། འཛམ་གླིང་ནང་དུའང་དེ་འདྲ་ངོས་འཛིན་བྱེད་སྲོལ་མི་འདུག་”ཅེས་བརྗོད་འདུག སྤྱི་འཐུས་རྒྱ་རི་བུ་ཕྲུག་ནི་ད་ལྟའི་ཆར་གྲོས་ཚོགས་ནང་ཁྲིམས་ཀྱི་ཐོག་ཆེད་སྤྱོང་ཡོད་མཁན་ཞིག་ཡིན་པ་མ་ཟད། སྤྱི་འཐུས་རྒྱུན་རིང་གནང་བའི་ཉམས་མྱོང་ཅན་ཞིག་ཀྱང་ཡིན་སྟབས། ཁོང་གི་འགྲེལ་བརྗོད་འདིས་གནད་དོན་མང་པོ་ཞིག་ངང་གིས་གསལ་པོ་ཆགས་འདུག་སྙམ།
༤༽ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐབས། སྤྱི་བསྡོམས་གྲངས་འབོར་གྱི་བརྒྱ་ཆ་ ༣༣ ལོན་དགོས་པ་གྲོས་ཚོགས་ནས་ཕྱིར་འཐེན་གནང་འདུག གལ་སྲིད་ཁྲིམས་སུ་བཅས་པ་གང་ཞིག་ལ་འགྲེལ་བརྗོད་འཕར་མ་དགོས་ཚེ་ཟུར་བརྗོད་ཅེས་འབྲི་སྲོལ་ཞིག་ཡོད་པ་དེའི་ནང་དུས་ཡུན་ཚད་བཀག་གིས་འབྲི་ཆོག་མོད། བསྐྱར་བཅོས་འདིའི་ནང་དེ་འདྲ་གང་ཡང་བཀོད་མི་འདུག གཞན་ཡང་གོང་ནས་འགྲེལ་བརྗོད་བྱས་པ་ལྟར། ཚོགས་གཙོར་ཁྲིམས་ལ་འགྲེལ་བརྗོད་རྒྱག་རྒྱུའི་དབང་ཚད་དང་། ཁྲིམས་སུ་བཅས་ཚར་བ་ཞིག་ལ་ལག་བསྟར་གྱི་དུས་ཚོད་འཕར་འགྱངས་གཏོང་ཆོག་པའི་དབང་ཆ་ལྷག་མ་ཞིག་ཁྲིམས་སྒྲིག་གང་དུའང་གསལ་མེད་སྟབས། དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་ཡིག་འདི་གཏན་འབེབས་བྱེད་སྐབས་ཀྱི་གོ་རིམ་ཚང་མ་སྣང་མེད་དུ་བཏང་སྟེ། ཚད་གང་ལ་བཞག་ནས་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་གཉིས་ལ་ཁྲིམས་ལུགས་ལག་བསྟར་ཐད་བཀའ་མོལ་ཞུས་པ་དང་། གལ་སྲིད་བཀའ་འདྲི་ཞུས་པ་བརྒྱུད་ཁོ་ཚོས་ཁ་བཀོད་འཐེན་ཡོད་དབང་བྱས་ཀྱང་། དེ་ཚད་མར་འཛིན་ཆོག་པའི་ཁུངས་སྐྱེལ་ཁྲིམས་སྲོལ་གང་དག་ཡོད།
༥༽ ང་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་རེ་སྐུལ་གནང་བ་ལྟར། ཕྱི་ཚེས་ ༢༥ ཉིན་ཁོ་བོ་འོས་བསྡུ་ལས་ཁང་དུ་སྒྲིག་གཞི་གསར་བ་དེ་ང་ལ་གཅིག་གནང་རོགས་ཞེས་ལེན་དུ་ཕྱིན་པ་ཡིན། འོས་བསྡུ་ལས་ཁང་གིས་ང་ཚོས་འོས་བསྡུའི་སྒྲིག་གཞི་གསར་བ་ད་དུང་དེབ་གཟུགས་སུ་དཔར་འགྲེམས་ཐུབ་མེད་ལ། ནང་དོན་སོགས་ཀྱི་ཐད་ནས་དཔར་ལོག་རྒྱག་རྒྱུ་དཀའ་ངལ་འཕྲད་བསྡད་ཡོད་སྟབས། ཚོགས་གཙོ་སྤེན་པ་ཚེ་རིང་ཚུར་མ་འབྱོར་བར་དུ་སྒུག་གི་ཡིན། ཁྱེད་རང་ཚོགས་དྲུང་སར་སོང་ནས་སློངས་དང་ཁོ་ཚོར་འདུག ཁ་ཉིན་འགན་འཛིན་ལས་འཕར་གཉིས་གསར་བསྐོ་སྐབས་ཀྱང་ཚོགས་དྲུང་ས་ནས་སྐྱ་དཔར་ཞིག་ཞུས་པ་ཡིན་ཞེས། འགན་འཛིན་རྣམ་པ་གསུམ་ཀྱིས་ཞལ་གཅིག་མཚུངས་ཀྱིས་འགྲེལ་བརྗོད་གནང་སོང་། སྤྱིར་བོད་གཞུང་ལ་ལས་ཆོད་མེད་པ་བདེན་ཡང་། ལོ་ངོ་གསུམ་མ་ཟིན་ཙམ་གྱི་རིང་འོས་བསྡུའི་སྒྲིག་གཞི་གསར་བ་དཔར་སྐྲུན་མ་ཐུབ་པར་ལྷག་པ་ནི་རྒྱུ་མཚན་གང་ལ་ཐུག་པ་དང་། ད་དུང་ནང་དོན་སོགས་ཀྱི་ཐད་གསལ་ཁ་མ་བྱུང་བ་ཡིན་ན། ཚོགས་གཙོ་སྤེན་པ་ཚེ་རིང་ལ་ནང་མོལ་ཞུས་པ་ཙམ་ཀྱིས་འགྲིག་འགྲོ་བ་ཞིག་རེད་དམ།
༦༽ གཞན་ཡང་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཇ་ཁ་ཆང་ཁའི་ཉོག་བཤད་ཙམ་མ་ཡིན་པར། སྤྱི་འཐུས་གྲོས་ཚོགས་ཀྱི་གཞུང་འབྲེལ་ལས་རིམ་ཁག་གཙོ་སྐྱོང་བྱེད་སྐབས་ཀྱང་། ཁོ་བོ་༸རྒྱལ་རིན་པོ་ཆེར་མཚན་སྨད་ཞུ་མཁན་ཡིན་སྐོར་མིང་བཟུང་དོན་བཟུང་གིས་ནག་པོ་བཟོ་གང་ཐུབ་བྱེད་ཀྱིན་པ་ཀུན་གྱིས་མཁྱེན་གསལ་ཡིན་ན། ང་ནི་བཟང་ཡང་ངན་ཡང་མི་མང་གིས་འོས་བླུགས་ནས་སྤྱི་འཐུས་ཀྱི་སྒུག་ཐོའི་མཚམས་ལ་ཡོད་པ་སྤེན་པ་ཚེ་རིང་གིས་ཤེས་གསལ་ལྟར་རེད། སོང་ཙང་འོས་བསྡུའི་སྒྲིག་གཞིའི་ནང་འོས་བསྡུ་འགྲོ་བཞིན་པའི་སྐབས། ཁ་གཏད་འོས་མིར་རྐང་བཙུགས་ནས་གཞི་མེད་སྐྱོན་འཛུགས་མི་ཆོག་པ་དང་། དེ་ལྟར་བྱས་པ་ཡིན་ན་དོ་བདག་རང་ཉིད་ཀྱི་འདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྱིར་བསྡུ་བྱ་ཆོག་སྐོར་འཁོད་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ངོས་ནས་སྒྲིག་གཞི་དེ་ཚོ་གཞིར་བཞག་སྤེན་པ་ཚེ་རིང་གི་སྐད་ཆར་བརྡ་འདེད་གཏོང་མྱོང་ཡོད་དམ་མེད།
དགོས་འདུན་ཁག
༡༽ དབུས་འོས་བསྡུ་ལས་ཁང་ངོས་ནས་ཐོག་མར་བར་མའི་འོས་བསྡུ་བྱེད་ཆོག་པའི་ཁྲིམས་སྒྲིག་གི་དབང་ཚད་དམ། ཆ་རྐྱེན་ཡོད་མེད་གསལ་ཁ་འབྱེད་དགོས་ན། ཕྲན་གྱིས་གོང་དུ་དབུས་འོས་བསྡུ་ལས་ཁང་དང་། སྤྱི་འཐུས་རྒྱུན་ལས་བཅས་ལ་དོགས་འདྲི་ཁག་དྲུག་ཕུལ་ཡོད་པ་དེ་ཚོར་བར་མའི་འོས་བསྡུའི་སྔོན་དུ་ལན་འདེབས་ཁ་གསལ་ཞིག་གནང་ནས། མང་ཚོགས་ཀྱི་དོགས་གཞི་གཙང་མ་བཟོ་དགོས།
༢༽ (སྐབས་བཅོ་ལྔའི་ཚོགས་དུས་གཉིས་པར་) འོས་བསྡུའི་སྒྲིག་གཞིར་བཟོ་བཅོས་བརྒྱབ་སྟེ། སྤྱི་འཐུས་ཀྱི་འོས་མིར་བརྒྱ་ཆ་མི་དགོས་པ་བཟོས་པའི་ཁྲིམས་སྒྲིག་འདི་ལག་བསྟར་ཐད་གླེང་རྙོག་བྱུང་ཡོད་སྟབས། ཟླ་གཉིས་ལྷག་ལས་མེད་པའི་འཆར་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང། གྲོས་ཚོགས་སུ་སྤྱི་མོས་ཀྱིས་ཁྲིམས་སུ་བཅས་ཟིན་པ་དེ་རྩ་འཛིན་བྱེད་དགོས་པ་རེད་དམ། ཡང་ན་ཚོགས་གཙོས་ངག་ཐོག་གི་འགྲེལ་བཤད་དེ་རྩ་འཛིན་བྱེད་དགོས་ཀྱི་རེད། དེའི་གལ་གནད་ཐད་དོགས་གཅོད་བགྲོ་གླེང་མཐིལ་ཕྱིན་པ་གནང་ནས་གསལ་པོ་མ་བྱུང་བར་དུ་བར་མའི་འོས་བསྡུ་ཕྱིར་འགྱངས་བྱ་དགོས།
༣༽ དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ངའི་ཤུགས་རྐྱེན་གྱི་དབང་གིས་ཁྲིམས་ཀྱིས་སྐུལ་བའི་དབང་ཚད་ལག་བསྟར་མ་ཐུབ་པར། བར་མའི་འོས་བསྡུ་བྱ་དགོས་ཆགས་པའི་ར་སྤྲོད་གསལ་པོ་གནོངས་དང་། ཉི་མ་དེར་ཁོ་བོས་སྒུག་ཐོའི་ནང་དགོངས་པ་ཞུས་ཏེ་ངའི་རྗེས་ན་སུ་ཡོད་པ་དེ་རང་ཡར་བསྐོས་ནས་སྒྲིག་གཞི་ཚུལ་བཞིན་ལག་བསྟར་གནང་ན། ཁོ་བོར་རྩོད་གཞི་གང་ཡང་མེད་པ་ཡིག་ཐོག་ནས་ཕུལ་ཟིན་ལ་སླར་ཡང་བསྐྱར་ནན་ཞུས་པ་ཡིན།
༤༽ ཕྲན་གྱིས་འདེམས་དམངས་ཡོངས་ཀྱི་རེ་བཅོལ་གཞིར་བཞག་གིས། ཡིན་ལུགས་ཚུལ་མཐུན་ངང་གང་ཞུས་པ་དེ་དག་སྣང་མེད་བཏང་སྟེ། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་བར་མའི་འོས་བསྡུ་བྱས་པ་ཡིན་ན། ལས་རིམ་དེའི་ནང་ང་དང་ངའི་རྒྱབ་སྐྱོར་བ་རྣམས་ཀྱིས་འདམས་བྱ་འདེམས་བྱེད་ཀྱི་ཆ་ཤས་ལེན་དགོས་མིན་བསམ་གཞིགས་བྱ་རྒྱུ་མ་ཟད། དེ་འབྲེལ་གྱི་གླེང་རྙོག་ལྷག་འཕྲོས་བྱུང་ཚེ་འབྲེལ་ཡོད་ཚན་པའི་འགན་ཆ་ཚང་འཁུར་དགོས་ཡོད།།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན་ ༼དྷ་ས་ནས༽ གུས་ཕུལ།
དཔྱད་གཞི་རྒྱུ་ཆ:
· ཚོགས་དྲུང་ལས་ཁུངས་ཀྱི་སྐྱ་དཔར། (ལེའུ་བཞི་པ/ བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ/ དོན་ཚན་ང་གཅིག་པ། འོས་ཤོག་གྲངས་བཤེར་དང་ཕྱོགས་བསྡོམས།ནང་གསེས་གཉིས)
· <<བོད་ཀྱི་དུས་བབ>> http://www.tibettimes.net/news.php?showfooter=1&id=8340
· གྲོས་ཚོགས་སྐབས་བཅོ་ལྔ་པ་ཚོགས་དུས་གཉིས་པ། (གྲོས་ཚོགས་ལས་རིམ་གསར་ཤོག)
· སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར། (ཡིག་ཆ་ཨང་༡༡༩ པ།)
· སྐབས་དེའི་ལས་རིམ་འོད་སྡེར་བཅས་ཡིན།
ངོ་བཤུས་འབུལ་ཡུལ།
༡ དབུས་འོས་བསྡུ་ལྷན་ཁང་།
༢ ཚོགས་དྲུང་ལས་ཁུངས།
༣ བླ་བྲང་དགའ་ལྡན་ཕོ་བྲང་།
༤ ཆེས་མཐོ་ཁྲིམས་ཞིབ་ཁང་།
༥ བཀའ་ཤག་ལྷན་རྒྱས།
ཁྲ་བྱིའུ་ཐུབ། བྱིའུ་འབུ་ཐུབ། དེ་འདྲ་ཡིན་ན། ད་ཁྱོད་ལ་ཡང་སྙིང་མ་རྗེ། ཡིན་ན་ཡང་། ཁྱོའི་ཁ་དེ་ཡང་ཁ་བྲོ་རྒྱུའི་ཁ་ཞིག་ད་མིན་མོ། གང་ལྟར་༧ རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་ཐོབ་ཅིག་དང་། ལམ་འགྲོ་རྒྱུག་ནི་རེད་ཡ།
མི་ལོ་༡༣་གྱི་རིང་དུ་བོད་དོན་ཆེད་རྒྱ་དམར་པོའི་བཙོན་དུ་བཞུགས་མྱངས་བའི་རྒྱལ་གཅེས་པ་ཀླུ་མཁར་ལགས་སྤྱི་འཐུས་སུ་ཡོང་མི་ཐུབ་བའི་ཆེད་དུ་ཧན་སྒོར་འབུམ་༢༡་་འགྲོ་སོང་གཏོང་ནས་བར་མའི་འོས་བསྡུ་བྱེད་ཀྱི་ཡིན་ཟེར་བ་ནི་ཡག་པོ་རྩ་བ་ནས་མ་རེད། འབུམ་༢༡་ཟེར་དུས་ཉུང་ཉུང་མ་རེད། བོད་སྤྱི་པའི་སྒོར་མོ་རེད། དོན་མེད་འགྲོ་སོང་གཏོང་ན་ཡག་པོ་མ་རེད།
དེ་ལས་ཀྱང་འཇིགས་སྣང་ཆེ་བ་དང་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ནི་ཁྲིམས་ལུགས་ཀྱི་དབང་སྒྱུར་མིན་པར་གང་ཟག་གིས་དབང་སྒྱུར་བྱེད་ཀྱི་ཡོད་པ་འདི་རེད། གལ་སྲིད་སྒུག་ཐོའི་ནང་དུ་ཚོགས་གཙོ་སྤེན་པའི་ཕྱོགས་ཁ་ཡི་འདོད་པ་ཡོད་པའི་མི་ཞིག་ཡོད་ན་འབུམ་༢༡་འགྲོ་སོང་གཏོང་ནས་བར་མའི་འོས་བསྡུ་བྱེད་དགོས་མི་འོང་ཐག་ཆད་རེད། འདི་དག་དྲང་པོ་མ་རེད། བོད་མི་དམངས་དྲང་བདེན་གྱི་ཕྱོགས་སུ་ལང་དགོས་ངེས་རེད།
སྤྱིའི་ཆ་ནས་ཚོགས་གཙོ་སྤེན་པ་ཁོ་རང་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་གསུམ་ཙམ་གྱི་འོས་གྲངས་བྱུང་ནས་ཚོགས་གཙོ་ཆགས་སོང་བ་ཙམ་རེད། སྤེན་པའི་འོས་གྲངས་ ༢༧༧༢ དང་། འོས་གྲངས་ཉུང་ཉུང་འདི་འདྲ་ཞིག་ལས་མེད་ནའང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་བྱས་བསྡད་བཞིན་ཡོད་རེད། བསམ་བློ་ཞིག་ཐོངས་དང་། བོད་མི་ཚོ།
ཀླུ་མཁར་ལགས་སྤྱི་འཐུས་ནང་དུ་སླེབས་འོང་དུས་འོས་གྲངས་བརྒྱ་ཆ་༣༣་ལངས་དགོས་ཟེར་གྱི་ཡོད་རེད། འགྲོ་སོང་ཆེན་པོ་གཏོང་ནས་བར་མའི་འོས་བསྡུ་བྱ་དགོས་ཟེར་གྱི་ཡོད་རེད། སོ་སོའི་འོས་གྲངས་ལ་ལྟོས་དང་། མགོ་བདེ་པོ་བྱས་ནས་སྤྱི་འཐུས་ཚོགས་གཙོ་ཆགས་སོང་བ་ཙམ་རེད་མ་གཏོགས་་་སྤྱི་འཐུས་རྣམས་ཀྱི་ནང་ནས་འོས་གྲངས་ཉུང་ཤོས་གྲལ་རེད།
གལ་སྲིད་བཙན་བྱོལ་མི་དམངས་ཀྱིས་་སྤེན་པ་ཚེ་རིང་ལགས་ཚོགས་གཙོ་བྱས་ན་འགྲིག་གི་མི་འདུག བཙན་བྱོལ་བོད་མིའི་འོས་གྲངས་ཀྱི་བརྒྱ་ཆའི་༣༣་ལངས་མི་འདུག་ཟེར་ན་་ག་འདྲ་འདུག་གམ།
བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞི་དེབ་སྐྱེལ་གནང་མཁན་ཁྱོན་བསྡོམས་ ༨༣༣༩༩ ཙམ་བྱུང་འདུག
ཇོ་ཇོ་ཅོ་རི་ལགས།
ཁོང་མི་ལོ་༡༣གྱི་རང་ལ་བཙོད་དུ་བསྡད་ཡོད་མི་སྲིད། ཞལ་བརྫུན་ནི་མྱི་བདག་གཉིས་ལ་གནོད་པའི་སྐད་ཆ་ཡིན་པས། དུད་ནག་གིས་འཕྲུལ་མེད་ན། སེམས་ལྷོད་ལ་བབས་ནས་བདེན་པ་ཤོད། ཧ་ཧ་ཧ།
ཐུབ་ཚོད་དང་བརྙས་བཅོས་སུའི་སྒང་ལ་ཡོང་ན་ཡང་སྙིང་ལོས་རྗེ།
ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་རྩ་བ་ནས་མེད་ལ། རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་རྣམས་ཀྱང་རེ་རེ་བཞིན་བསྟན་རྒྱུ་ཡོད། དྲ་ཐོག་ལ་དཔར་རྒྱབ་ནས་བཞག་ཆོག་ཆོག་ཡིན།
འོན་ཀྱང། ཁོང་ལ་དོན་མེད་ནག་པོ་བཟོ་བ་དང། དྲང་པོ་མ་བྱས་ན་དེ་ཡང་རྩ་བ་ནས་འགྲིག་གི་མ་རེད། རྙོག་དྲ་དེ་རྣམས་ས་ས་དང་རྡོ་རྡོའི་གནས་སུ་བསྐྱལ་ཏེ་གཙང་མ་གཙང་རྐྱང་བཟོ་དགོས་པ་དེ་འོས་བསྡུ་འགན་འཛིན་ཁོ་ནར་ཡོད་པ་རེད། ཁ་སྔོན་བོད་ཀྱི་དུས་བབ་བཅའ་འདྲི་ནས་བཟུང་སྟེ་འགན་འཛིན་ཤར་པ་འདྲ་བོ་དེས་འདྲ་མི་འདྲ་གང་མིན་ཚད་ལབ་སོང། སོང་ཙང། གཙང་མ་བཟོ་མཁན་དེ་ཁོའི་འགན་རེད། བཟོ་དགོས་པ་རེད།
དེའི་རྗེས་ལ། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་འགྲེལ་ལོག་རྒྱབ། ད་དུང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཀའ་ཤག་དང་སྤྱི་འཐུས་ལ་གསུངས་པ་ཡིན་ན། སྤྱི་འཐུས་གཅིག་དེ་མ་འདེམས་ནའང་ཆོག་གི་ཡོད་ཚུལ་ལབ་པ་རེད། འདི་ཚོ་ཚང་མ་ཁྲིམས་འགལ་དང་ཉོག་གཏམ་རྐྱང་རྐྱང་རེད། རྙོག་གླེང་འདི་གཙང་མ་ཆགས་མཚམས། འོས་བསྡུ་འགན་འཛིན་ཆོས་བཟང་ཤར་པ་འདྲ་བོ་དེ་ངས་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་སྒྲིག་གི་འབྲུ་དོན་ལ་འགྲེལ་ལོག་རྒྱབ་སྟེ་མི་མང་ནས་བརྡབ་གསིག་བཟོས་པའི་ཁ་མཆུ་འཛུགས་ཀྱི་ཡིན།
དེ་བཞིན། དཔལ་ལྡན་ཚོགས་གཙོས་ཀྱང་དྲང་པོ་དང་བདེན་པ་ཚད་ཐུབ་བྱས་ཏེ་གསལ་བཤད་གསལ་ཐང་ཐིང་ཞིག་རྒྱག་དགོས་པ་གལ་ཆེན་རེད།
དེ་ནས་ཀླུ་མཁར་བྱམས་ཀྱིས་སྨོན་ལམ་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་སོགས་དང་ལྐོག་ལག་སྦྲེལ་ནས་གོ་སྐབས་དམ་འཛིན་གྱིས་རྙོག་དྲ་བཟོ་གི་འདུག་ཅེས་ཀྱང་མི་མང་པོས་འཛོམས་འཛོམས་ཚོགས་ཚོགས་བྱེད་ཀྱི་ཡོད་པ་མཐོང་འདུག དེ་འདྲ་ཡིན་ན། ཁྱེད་ཀྱི་གསལ་བསྒྲགས་ནང་གི་རང་སྲེག་བརྒྱ་ཁ་ལོང་རབ་ཅན་དེ་དག་ནི་ཁ་ཙམ་ཚིག་ཙམ། ཁྲམ་པ་མ་བིན་གྱི་སྐད་ཆ་ཡིན་སྟབས་གཟབ་གཟབ་བྱེད་དགོས་པ་རེད་དྲན། གང་ལྟར་གནས་སྐབས་མགོ་བདེ་འདྲ་བྱས་ན་འགྲིག་འགྲིག་འདྲ་ཡང། ཡུན་དུ་ལས་འབྲས་ཀྱི་རྩ་བ་ཉིད་ནས་ཐར་པ་གཏོང་གི་མ་རེད་ལ། གལ་སྲིད་ཁྱེད་ནས་དེ་ལྟར་ཆབ་སྲིད་འཁྲབ་བཞིན་ཡོད་ན། ལམ་འགྲོ་རྩ་བ་ནས་ཡོང་གི་མ་རེད་ཅེས་ཀྱང་ཞུ་འདོད་བྱུང།།
ཀིརྟི་སྒྲོལ་དཀར་ལྷ་མོས་སྒོར་འབུམ་ལྐོག་ཟ་བྱས་རྗེས་གཞུང་གི་འབུམ་ཁ་ཤས་འཕྲོག་བརླག་བཏང་རྒྱུའི་ལག་རྗེས་བཞག་སོང་། ཨཨཨ
བོད་དོན་གྱི་ཆེད་དུ་རང་གི་བསམ་ཚུལ་ལྷུག་པོར་གསུངས་གནང་བ་ནི་མང་གཙོའི་མཁེ་དབང་ལོངས་སུ་སྤྱོད་པ་ཞིག་ཡིན་མོད། དུས་བབས་ཀྱི་བསམ་གཞིགས་གཏོང་རྒྱུ་གལ་ཆེ།
གསལ་བཤད་ཡག་པོ་གནང་འདུག འདིའི་སྐོར་ལ་ངས་ཀྱང་དོགས་སློང་གི་མཆན་ཞིག་བྲིས་མྱོང། གལ་ཏེ་ཀླུ་མཁར་བྱམས་ཀྱིས་རྩ་དགོངས་ཞུས་པ་ལ་བརྟེན་ནས་འོས་བསྡུ་མི་དགོས་པའི་ཁྲིམས་སྲོལ་ཞིག་ཡོང་ཆོག་ན་དེ་ནོར་འཁྲུལ་ཆེད་བཟོས་ཀྱི་ནག་ཉེས་འབབ་ངེས་རེད། དེ་འདྲ་ཞིག་མིན་པའི་ཡིད་ཆེས་ཡོད། དེ་བས་གནད་དོན་འདིའི་ཐད་ལ་འོས་བསྡུ་ལྷན་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་རྒྱུ་གལ་ཆེན་པོར་མཐོང།
ཞོར་དུ་བཤད་འདོད་པ་གཞན་ཞིག་ནི། སྤྱི་འཐུས་ནང་ན་ཐད་ཀར་༸གོང་ས་མཆོག་གཟས་ནས་སྐྱོན་འདོན་མཁན་ཉུང་ན་ཡང་རང་བཙན་གྱི་ལྟ་བའི་ཆ་ནས་ཟུར་ཟ་་དང་སྐད་ཆ་སྣ་ཚོགས་བཤད་མཁན་ཡོད་ཡོད་པ་རེད། ལྷག་པར་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལྟ་བུ། དེ་བས་ཀླུ་མཁར་བྱམས་གཅིག་པུར་དོགས་འཛེམ་དེ་འདྲ་བྱེད་དགོས་དོན་མེད། ཡང་གཅིག་བཤད་ན་ཀླུ་མཁར་བྱམས་ཀྱང་བསམ་ཤེས་ཤིག་ཡིན་པས་ལྟ་སྤྱོད་ལ་འགྱུར་བ་འབྱུང་སྲིད་པ་ཞིག་རེད།
འབྱུང་འགྱུར་གཞུང་གི་སྲིད་བྱུས་དེ་རང་བཙན་བསྐྱར་གསོའམ་རང་བཙན་གསར་འཛུགས། ཡང་ན་རང་བཙན་དང་རང་སྐྱོང་གང་ཡང་མིན་པའི་ལམ་ཞིག་བཟོ་ཡང་སྲིད་ལ། ཆོག་པ་ཞིག་རེད། དམངས་གཙོའི་ལམ་སྲོལ་ནང་དུ་རང་དབང་གི་བསམ་ཚུལ་བཏོན་ནས་མང་མོས་ཀྱིས་ཐག་གང་བཅད་པ་དེར་བརྩི་སྲུང་བྱེདདགོས་པ་ལས་བཙན་དབང་དང་ཨུ་ཚུགས་ཀྱི་ལམ་ག་གཞན་མེད།
དམངས་གཙོ་བཀུར་དགོས། ཁྲིམས་སྲོལ་བརྩི་དགོས།
གསལ་བཤད་འདི་ནི་དུས་ཐོག་ཆར་པ་ཞིག་དང་འདྲ་བ་དབུས་འོས་བསྡུ་ལྷན་ཁོང་གི་མིག་ཡོད་བཞིན་དུ་ཆུའི་ནང་མཆོང་བར་བཞིན་འབུམ་༢༡་དོན་མེད་གཏོང་བཞིན་པ་ལས་བསྐྱབས་ཐུབ་པའི་རེ་བ་ཧ་ཅང་གི་ཆེ་།
གནད་དོན་འདི་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་ཙང་འོས་བསྡུ་ལས་ཁང་ངོས་ནས་སམ་ཡོང་ན་ཚོགས་གཙོ་སྤེན་པ་ཚེ་རིང་ངོས་ནས་གསལ་བཤད་ཡག་པོ་ཞིག་མ་བྱུང་ན་བཙོན་བྱོལ་བོད་མིའི་མང་གཙོ་ནི་ཁ་བཤད་ཀྱི་མང་གཙོ་ཞིག་ལས་དོན་དངོས་ནི་གང་ཟག་གི་དབང་སྒྱུར་འོག་དུ་འགྲོ་བཞིན་ཡོད་པར་བཤད་མ་དགོས་།
སྐབས་འདིར་ལ་བཤད་ལུང་བཤད་བྱེད་དང་མ་བྱེད་མི་འདུག ཀླུ་མཁར་བྱམས་མི་སྒེར་ལ་སྐྱོན་འཛུགས་དང་ངན་སྨོད་བྱེད་ནས་ཅི་ཕན། ཚོགས་གཙོ་མཆོག་དང་འོས་བསྡུ་འགན་འཛིན་མཆོག་ལ་མུན་ནག་མདའ་འཕེན་གྱིས་སྐད་ཆ་བཤད་དགོས་པ་ཡང་མི་འདུག གང་ལྟར་གནད་དོན་འདི་རང་འགར་འཇོག་ཆོག་གི་མ་རེད་ལ་འཇོག་ཐུབ་ཀྱི་མ་རེད། འདི་རང་འགར་བཞག་པའི་ཉི་མ་དེ་ལ་མགོ་མཇུག་གི་ནག་ཉེས་ཚང་མ་གྲོས་ཚོགས་དང་ཚོགས་གཙོ་ཡིས་འཁུར་དགོས་པ་ཡང་གཡོ་ཐབས་ཡོད་མ་རེད། ད་ནི་སྡེ་བ་གཞུང་ཟེར་བའི་ཐ་སྙད་རྙིང་བ་དེ་རོ་ལངས་མི་རྒྱག་པར་སྨོན།
གསལ་བཤད་ཡག་པོ་གནང་འདུག ཁྱོད་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
རང་གྲོལ་སྨྱུག་གསར་ནང་ན་དགུ་རོང་སྤུན་གྲོལ་གྱིས་དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག རྒྱ་གཞུང་དང་རྡ་སའི་གཞུང་གཉིས་ཞིབ་བསྡུར་བྱས་པ་ཞིག་རེད་འདུག
ཀླུ་མཁར་བྱམས་ཀྱིས་ད་ཐེངས་གཟི་བརྗིད་ཅིག་གི་ལྟ་བ་ཡང་བཏོན་འདུག དགའ་བསུ་སྙིང་ནས་ཡོད།
བཙན་བྱོལ་བོད་མིའི་མང་གཙོ་དེ་ནི་དད་པའི་མང་གཙོ་ཡིན་པ་ལས། ལྟ་བའི་མང་གཙོ་མིན་པ་གོང་གི་མཆན་བུ་འདེབས་མཁན་འགའ་ཞིག་གིས། རྒྱུ་མཚན་གཙོ་བོ་མི་བརྩི་བར་༧རྒྱལ་བ་རིན་པོ་ཆེའི་མཚན་གཙོ་བོ་བཟུང་ནས་སྐད་ཆ་བཤད་སྟངས་དེར་ལྟོས་དང་། བརྒྱ་ཆའི་བརྒྱ་ཐམ་པ་གསལ་པོ་རེད། འདི་ལྟར་མུ་མཐུད་ནས་སོང་དང་། དངོས་གནས་ང་ཚོར་དོན་གྱི་མང་གཙོ་ལ་ལོངས་སྤྱད་རྒྱུ་རག་ས་རེད་དོ།། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ད་ཡིན་ན། དངོས་གནས་ལྟ་རྒྱུ་དང་ཉན་རྒྱུ་འདུག ལྷག་པར་དུ་བསམ་བློ་གཏོང་རྒྱུ་མང་པོ་འདུག དེ་ནི་མང་གཙོ་རྒྱལ་ཁབ་ནང་གི་བཙན་བྱོལ་གྱི་མང་གཙོའི་ནང་སྒེར་འཛིན་རིང་ལུགས་པས་སྐུ་དྲག་རོ་ལངས་རྒྱག་གི་འདུག གང་ཟག་སྒེར་གྱི་ལྟ་བ་ལངས་ཕྱོགས་ལ་དགའ་མི་དགའ་བའི་དབང་གིས་དབང་ཆ་སྒེར་གཅོད་བྱེད་ཡོད་འདུག དེ་ན་ དབུས་འོས་བསྡུ་ལྷན་ཁང་ཟེར་བ་མིང་ཙམ་གྱི་རང་སྐྱོང་སྡེ་ཚན་ཞིག་རེད། དངོས་ལུགས་ཁྲིམས་ལུགས་ཀྱི་ངོ་བོ་སྟེང་ནས་ལྟ་ཚེ་སྒེར་གཅོད་རིང་ལུགས་པ་རང་རེད། ད་དངོས་གནས་དམ་ཉམས་སྤྱི་ཚོགས་ཟེར་བའི་ཚིག་གྱི་གོ་དོན་འདྲ་ཞིག་ཡིན་ས་རེད།
ཀུན་ཀྱང་མཐུན་པ་བདེ་བ་སྟེ།། བདེ་བའི་མཆོག་འདི་གཞན་གཙོ་ཡིན།། མང་གཙོའི་རྒྱལ་སྒོ་ཆེན་མོའི་ནང་།། རང་གཙོའི་ཁྱི་ཕག་མི་བཙུད་སྨོན།།
མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན།
འདོན་སྤེལ། ༢༠༡༣/༡༢/༠༦
ཟླ་སྔོན་མའི་ཚེས་ ༢༧ ཉིན་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནས་དགོངས་པ་ཞུས་ཡོད་སྟབས་ཁོང་མོའི་ཚབ་ཏུ་མདོ་སྨད་སྤྱི་འཐུས་བསྐོ་བཞག་གནང་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་བཀའ་འདྲི་ཞུས་ཡོད།
དྲི་བ། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྩ་དགོངས་ཞུས་འདུག གསལ་བསྒྲགས་ནང་མོ་རང་གི་ཚབ་ཏུ་སྒུག་ཐོའི་ནང་བརྒྱ་ཆ་ལོངས་མེད་སྐོར་འཁོད་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། སྐབས་ ༡༥ པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ་བརྒྱ་ཆ་ལོན་པའི་སྒུག་ཐོ་ཁ་ཤས་ཤིག་ཡོད་ཀྱང་དེ་དག་རྫོགས་ཚར་བ་རེད། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྗེས་སུ་སྒུག་ཐོ་ཡོད་པ་མ་རེད། སྒུག་ཐོ་མེད་ན་བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ཡིན་བཞིན་པ་ཞིག་སྤྱི་འཐུས་ལས་ཐོག་སྐབས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ་ཉིན་ ༡༨༠ ཡི་ནང་ལོགས་ལ་དེའི་ཚབ་གསར་འོས་འདེམས་བྱས་ཚར་དགོས་ཡོད་ཅེས་གསལ་ཡོད་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༡ པའི་ནང་གསེས་ ༢ པའི་ནང་སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་པ་ཞིག་ཡོད་པ་རེད། དེར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བཀའ་འདྲི་ཞུས་ཡིན། གང་ཡིན་ཟེར་ན། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུའི་སྐབས་སྤྱི་འཐུས་འཐོབ་རྒྱུར་བརྒྱ་ཆ་ ༣༣ དགོས་ཀྱི་ཡོད་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད།
དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔོན་མ་ཞིག་གི་ནང་། འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་འགྱུར་བ་བཏང་སྟེ། སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་ཡང་བསྐྱར་འོས་བསྡུ་བྱེད་མི་དགོས་པར་ཨང་རིམ་བཞིན་སྤྱི་འཐུས་སུ་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད་རབས་འདུག ད་རེབ་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ངས་གོང་དུ་ཞུས་པ་ལྟར། ད་རེབ་དེ་འགྲིག་གི་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་རེབ་དགོངས་པ་ཞུ་མཁན་ཁོ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྒྲོལ་དཀར་ལྷ་མོ་ལགས་ཀྱི་ཚབ་གསར་དེའང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། བརྒྱ་ཆ་དེ་འདྲ་ལོན་མཁན་མ་བྱུང་བའི་དབང་གིས་བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་རེད།
དྲི་བ། བར་མའི་འོས་བསྡུ་བྱེད་མ་དགོས་བར་ཐབས་ལམ་གཞན་ཡོད་དམ། གལ་སྲིད་བར་མའི་འོས་བསྡུ་ངེས་པར་དུ་བྱེད་དགོས་པ་ཡིན་ན་དེར་འོས་བསྡུ་ལྷན་ཁང་ལ་དྲ་སྒྲིག་གང་འདྲ་ཡོད་དམ།
ལན། བར་མའི་འོས་བསྡུ་མ་བྱས་པར་ཐབས་ཤེས་གཞན་པ་གང་ཡང་ཡོད་པ་མ་<རེད། ཐབས་ཤེས་བཟང་ཤོས་དང་འགྲོ་སོང་མེད་པ་དེ་སྒུག་ཐོ་དགོས་པ་རེད། མདོ་སྨད་ཀྱི་སྒུག་ཐོ་རྫོགས་ཚར་པ་རེད། སྒྲིག་གཞིའི་ནང་ཡོད་པ་དེས་ཁྱབ་ཀི་མ་རེད་གསུངས་པ་རེད། དེར་བརྟེན་ཐབས་ཤེས་གཞན་གང་ཡང་ཡོད་པ་མ་རེད། མདོ་སྨད་མི་མང་གིས་བསྐྱར་དུ་འོས་བླུག་དགོེས་པ་རེད། བར་མའི་འོས་བསྡུ་ཞེས་མིང་ལོགས་ཀ་རེད་མ་གཏོགས་འོས་བསྡུ་ཆེན་མོ་དང་གཅིག་པ་གཅིག་རྐྱང་བྱེད་དགོས་པ་རེད། ང་ཚོས་ས་གནས་ཁག་ལ་ཡི་གེ་བཏང་ཚར་ཡིན། ས་གནས་སོ་སོར་དང་པོ་འོས་སྡུག་སྐབས་མ་དེབ་ཅིག་ཡོད་པ་རེད། མ་དེབ་དེར་བསྐྱར་ཞིབ་བྱོས། ཐེངས་སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་མདོ་སྨད་ཆོལ་ཁའི་ནང་ལོ་ ༡༨ མ་ལོན་པ་དེ་འདྲ་ད་ལྟ་ལོ་ཚད་ལོན་ཡོད་པ་དེ་འདྲ་ཡོད་པ་རེད། དེ་དག་ལ་གསར་དུ་དེབ་སྐྱེལ་བྱེད་དགོས་པ། སྔར་སྐབས་བཅོ་ལྔ་པར་ཡོད་པ་ད་ལྟ་མེད་པ་དེ་འདྲའང་ཡོད་པ་རེད། དེ་ཚོར་ཞིབ་འཇུག་གནང་རོགས་ཞེས་ང་ཚོས་ཡིག་ཐོག་ནས་བཏང་ཡོད།
དྲི་བ། གལ་སྲིད་ཡང་བསྐྱར་འོས་བསྡུ་གནང་བ་ཡིན་ན། འོས་བསྡུའི་འགན་འཛིན་ལས་འཕར་གསར་པ་བསྐོ་དགོས་མིན་དང་འོས་བསྡུའི་འགྲོ་སོང་སོགས་གང་འདྲ་ཡོད།
ལན། བར་མའི་འོས་བསྡུ་བྱེད་པར་སྤྱི་འཐུས་རྣམ་པ་ཡིན་ན་འདྲ་ལ་སྲིད་སྐྱོང་ཡིན་ནའང་འདྲ། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ངས་སྤྱི་འཐུས་ལྷན་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་རོགས་ཞེས་ཡི་གེ་འཕུལ་ཚར་ཡིན། འོས་བསྡུའི་ལས་འཕར་གཉིས་བསྐོ་བཞག་གནང་པ་ཡིན་ན་ང་ཚོས་ལམ་སང་འོས་བསྡུ་མགོ་འཛུགས་བྱ་རྒྱུ་ཡིན།
འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་ ༢༡ ཙམ་རེད། གང་ཡིན་ཟེར་ན་འགན་འཛིན་ལས་འཕར་གཉིས་ལ་ཕོག་རྒྱག་དགོས་པ་རེད། འགན་འཛིན་ལས་འཕར་གཉིས་ཀྱི་དུས་ཡུན་དེ་འོས་བསྡུའི་སྒྲིག་གཞིའི་ནང་། འོས་བསྡུའི་དངོས་གཞི་མགོ་བཙུགས་པ་ནས་མཐའ་མའི་འོས་ཐོབ་གསལ་བསྒྲགས་མ་བྱས་བར་ཞེས་བཀོད་ཡོད་པ་རེད། ང་རང་སྒེར་གྱི་བསམ་ཚུལ་ཙམ་ཞུས་པ་ཡིན་ན། སྤྱི་འཐུས་སྐབས་བཅོ་ལྔ་པའི་དུས་ཡུན་ཕྱེད་ཙམ་རྫོགས་ཚར་རེད། གྲོས་ཚོགས་ཐེངས་ ༤ ཙམ་ལས་ལྷག་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ཐེངས་ཁ་ཤས་ལ་མདོ་སྨད་སྤྱི་འཐུས་གཅིག་མེད་ན་འགྲིག་གི་འདུག་ཟེར་ནས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྤྱི་འཐུས་ཚོགས་གཙོ་གཞོན་ལ་ཞུ་དགོས་པ་ཡིན་ན་འདྲ། བཀའ་ཤག་ལ་ཞུ་དགོས་པ་ཡིན་ན་འདྲ། དེ་འདྲ་ཞིག་བྱུང་པ་ཡིན་ན་དེ་གནས་ཚུལ་གཅིག་རེད། ཡིན་ནའང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དེ་ལྟར་བཀའ་གནང་ཐབས་ཡོད་པ་མ་རེད། དེ་མདོ་སྨད་ཆོལ་ཁ་རང་གི་ལག་ཏུ་ཡོད་པ་ཞིག་རེད། ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་ཟེར་གྱི་ཡོད་པ་མ་རེད་དེ་སྤྱི་བའི་འགྲོ་སོང་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག
དྲི་བ། གལ་སྲིད་བར་མའི་འོས་བསྡུ་མགོ་ཚུགས་བྱས་པ་ཡིན་ན། དུས་ཚོད་ག་ཚོད་ནང་<སྔོན་འགྲོ་དང་དངོས་གཞི་ལས་རིམ་གྲུབ་ཐུབ་པ་དང་། ༢༠༡༤ ལོ་ཟླ་ ༣ པའི་ནང་གྲོས་ཚོགས་ནང་དུ་སྤྱི་འཐུས་ཁ་སྐོང་གནང་ཐུབ་བམ།
ལན། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་འཚོགས་རྒྱུའི་གྲོས་ཚོགས་དེའི་ནང་སྤྱི་འཐུས་ཁ་སྐོང་བྱེད་ཐུབ་པ་མ་རེད། འོས་བསྡུ་བྱེད་པར་སྔོན་འགྲོ་དང་དངོས་གཞི་གཉིས་བྱེད་དགོས་ཡོད། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་བར་ང་ཚོས་འོས་བསྡུ་སྔོན་འགྲོ་ཙམ་བྱེད་ཐུབ་ཙམ་མ་གཏོགས་དངོས་གཞི་བྱེད་ཐུབ་པ་མ་རེད། ངའི་རེ་བར་བཅའ་ཁྲིམས་ནང་ཉི་མ་ ༡༨༠ གསལ་ཡོད་པ་དེ་ཟླ་བ་ ༦ རེད། དེ་འདྲ་ཞིག་ཧ་ལམ་དགོས་རྒྱུ་མ་རེད་བསམ་གྱི་འདུག ང་ཚོས་གང་མགྱོགས་འོས་བསྡུ་བྱེད་པར་ཐབས་ཤེས་བྱེད་རྒྱུ་ཡིན། ཆོལ་ཁ་གཅིག་གི་སྤྱི་འཐུས་གཅིག་ཡིན་ནའང་། འོས་བསྡུ་ཆེན་མོའི་སྐབས་ལ་ང་ཚོར་ས་གནས་འོས་བསྡུའི་ལས་ཁུངས་ཁག་ ༦༢ ཙམ་ཡོད་པ་རེད། ཡིན་ནའང་ད་རེབ་ཕྱི་རྒྱལ་ཁག་མེད་དུས་དེ་འདྲ་མང་པོ་ཞིག་ཡོད་པ་མ་རེད། རྒྱ་བལ་འབྲུག་གསུམ་གཅིག་པུ་རེད།
དྲི་བ། མདོ་སྨད་སྤྱི་འཐུས་ཤིག་ལ་བརྒྱ་ཆ་ལོངས་དགོས་ན་འོས་གྲངས་ག་ཚོད་འཐོབ་དགོས་པ་དང་། གལ་སྲིད་བར་མའི་འོས་བསྡུའི་ནང་འོས་ཁ་ཐོར་བ་ལྟ་བའི་གནས་ཚུལ་བྱུང་ན་ཇི་ལྟར་གནང་དགོས་སམ།
ལན། ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཚར་བ་རེད། སྔོན་མའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འོས་བསྡུ་ཆེན་མོ་ལྟ་བུར་མཚོན་ན། རྒྱ་བལ་འབྲུག་གསུམ་ནང་མདོ་སྨད་མི་མང་འོས་ཤོག་དེབ་སྐྱེལ་བྱེད་མཁན་ ༤༤༥༦ བྱུང་འདུག་དངོས་སུ་འོས་ལྡུག་མཁན་ ༢༧༥༩ མ་གཏོགས་བྱུང་<མི་འདུག ཐེངས་འདིར་འོས་ཤོག་མར་ཆགས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཐོབ་པར་འོས་ལྡུག་མཁན་གྱི་བརྒྱ་ཆ་ ༣༣ འདང་དགོས་ཀྱི་ཡོད། ཐེངས་འདིར་བརྒྱ་ཆ་དགོས་ཀྱི་མེད་དུས་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་ཏོག་བྱ་རྒྱུ་རེད། དེར་བརྟེན། འོས་ཁ་ཐོར་བ་ཟེར་བ་དེ་ཕལ་ཆེར་ཡོང་གི་མ་རེད་བསམ་གྱི་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཤོག་ངོས་འདི་ཐེངས་ ༤༧༠༨ ལ་བཀླགས་འདུག
མཆན་གཉིས་པ་འགོད་མཁན་ཅོ་རི་ཉི་མ་ལགས། ཚོགས་གཙོ་སྤེན་པ་ལགས་ལ་འོས་གྲངས་༢༧༧༢ དང། འོས་གྲངས་ཉུང་ཉུང་འདི་འདྲ་ཞིག་ལས་མེད་ནའང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་བྱས་བསྡད་བཞིན་ཡོད་རེད། བསམ་བློ་ཞིག་ཐོངས་དང། བོད་མི་ཚོ་ཟེར། སྐུ་མཁྱེན་ཅོ་རི་ལགས་བླན་བཤད་མ་རྒྱུག། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གང་འདྲ་བྱས་ནས་འདེམས་ཀྱི་ཡོེད་དམ། དང་པོ་དེ་ཤེས་པར་ཤེས་དེ་ནས་བསམ་ཚུལ་ཤོད། ཁྱེད་གྱི་བཤད་པ་ལྟར་འོས་གྲངས་ཉོང་ཤས་ལས་མེད་པའི་སྤྱི་འཐུས་ཞིག་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་འདེམས་ཆོག་གི་མེད་ན། འོས་གྲངས་ཧ་ཅང་ཉོང་བའི་བོན་སྤྱི་སྨོན་ལམ་མཐར་ཕྱིན་དང་ཀ་སྤྱི་ཀརྨ་ཆོས་འཕེལ་སོགས་ཀྱི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་ཆོལ་ཁའི་ཞེན་ཁོག་ཁོ་ན་ཆེད་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྒོ་རྒྱབས་པ་དེ། ཅོ་རི་ཁྱེད་གྱིས་བོད་མི་ཚོ་བསམ་བློ་ཞིག་ཐོངས་དང་བྱོས་བཤད་ཉོང་ཡོད་དམ།
ད་རེས་དཀའ་རྙོག་དེས་བོད་གཞུང་གི་ལས་ཁུངས་ཁག་གི་ཕྱག་ལས་དང་ལས་དོན་སྒྲུབ་ཕྱོགས་ལ་འཐུས་ཤོར་ཡོད་པ་གསལ་སྟོན་ཐུབ་པ་རེད། འོས་བསྡུ་ལས་ཁུངས་ལ་ལོ་ལྔ་རེ་བར་ལ་ལས་ཀ་མེད་སྐབས་འོས་བསྡུའི་སྒྲིག་གཞི་གསར་པའི་དེབ་དུས་ཐོག་མ་སྟོན་པ་དེ་གཞུང་དངུལ་ལ་གསིལ་ཚགས་ཆེ་དྲག་པས་རེད་ལས་ཀ་དུས་ཐོག་མ་བྱས་པ་རེད། གཞུང་དངུལ་ལ་གསིལ་ཚགས་ནི་ཡིན་དོག་ཁ་པོ་མ་རེད། གང་ཡིན་ཟེར་མི་དགོས་པར་འབུམ་༢༡འགྲོ་གྲོན་བཏང་ནས་སྤྱི་འཐུས་བདམ་མི་དགོས་པ་ལ་བདམས་པ་དེ་ལས་ཤེས་ཐུབ།
ཆབ་བྲག་རྒན་གྱི་དེ་སྔོན་ཤར་ཁུགས་འོས་མིང་དུ་འདོན་པ་ལས་འོས་བསྡུ་དེ་བཞིན་ཁྲིམས་མཐུན་ཡིན་མིན་གང་ཡང་མ་བཤད་པ་དེ་མ་ཤེས་པ་ཡིན་དང་། ཤེས་ནས་མ་བཤད་པ་ཡིན་ནམ་ཧ་གོ་མ་སོང་།
ཀླུ་བྱམས་ནས་དགོངས་པ་ཞུ་ཡག་དེ་ནོར་བ་རེད། གལ་ཏེ་ཁྱེད་ཀྱི་དགོངས་པ་ཞུས་ནས་གུག་ཐོ་རྗེས་མ་དེ་སྤྱི་འཐུས་སུ་འདེམས་པ་ཡིན་ན་ཚོགས་གཙོ་དང་འོས་འགན་གྱི་དེ་སྔ་གང་ཟག་ལ་བརྟེན་ནས་དྲང་ལྡན་མ་བྱས་པའི་སྣང་བ་བསྟེར་ངེས། དེ་ལས་ཁྱེད་རང་སྤྱི་འཐུས་སུ་མ་བདམས་པ་དེ་ལ་རྩོད་དགོས། ད་ཁྱེད་ལ་རྒྱལ་ཁ་ཞིག་དཀའ་མོ་རེད། མང་གཙོའི་ཀ་བ་གསུམ་མཉམ་རུབ་ཀྱིས་ཁྱེད་ཏག་ཏག་བཟོས་གི་རེད། ཚང་མས་གྲས་སིལ་དང་སིལ་ཇ་འཐུང་ཚར་སོང་ངོ། ཡིན་ནས་ཉིད་ནས་ཁྲིམས་སྒྲིག་གི་འགལ་འཛོལ་གསལ་པོར་མི་མང་ལ་ར་སྤྲོད་གནང་པར་ཡིད་རངས་དང་མ་འོངས་ལོ་རྒྱུས་ནང་གནད་དོན་དེ་ཁ་གསལ་མ་བཟོས་ཚེ་རྙོག་དྲ་ལྷག་ལྷག་པ་རེད།
མྱི་ཞིག་ཡིན་དུས་མྱི་སྐད་འདི་འདྲ་བཤད་དགོས་ནི་རེད། ཡིན་ན་ཡང་དེང་སང་གི་མྱི་ཕལ་ཆར་གྱིས་མྱི་ལས་ལས་ཀྱིན་མེད་ལ། མྱི་སྐད་ཀྱང་བཤད་ཤེས་ཀྱིན་མེད་པ་འདི་ངོ་མ་སྐྱོ་ནི་ཞིག་རེད། མྱི་ངོ་མ་རྣམས་རྒྱལ་བར་གྱུར་ཅིག
“ང་རང་སྒེར་གྱི་བསམ་ཚུལ་ཙམ་ཞུས་པ་ཡིན་ན། སྤྱི་འཐུས་སྐབས་བཅོ་ལྔ་པའི་དུས་ཡུན་ཕྱེད་ཙམ་རྫོགས་ཚར་རེད། གྲོས་ཚོགས་ཐེངས་ ༤ ཙམ་ལས་ལྷག་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ཐེངས་ཁ་ཤས་ལ་མདོ་སྨད་སྤྱི་འཐུས་གཅིག་མེད་ན་འགྲིག་གི་འདུག་ཟེར་ནས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྤྱི་འཐུས་ཚོགས་གཙོ་གཞོན་ལ་ཞུ་དགོས་པ་ཡིན་ན་འདྲ། བཀའ་ཤག་ལ་ཞུ་དགོས་པ་ཡིན་ན་འདྲ། དེ་འདྲ་ཞིག་བྱུང་པ་ཡིན་ན་དེ་གནས་ཚུལ་གཅིག་རེད། ཡིན་ནའང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དེ་ལྟར་བཀའ་གནང་ཐབས་ཡོད་པ་མ་རེད། དེ་མདོ་སྨད་ཆོལ་ཁ་རང་གི་ལག་ཏུ་ཡོད་པ་ཞིག་རེད།”
འོས་བསྡུ་ལས་ཁང་གིས་འོས་བསྡུའི་ཁྲིམས་ལྟར་བྱ་བ་སྒྲུབ་དགོས་པ་ལས་ཁྲིམས་ལོགས་སུ་བཞག་ནས་སྒེར་གྱི་བསམ་ཚུལ་བཏོན་ནས་ཐབས་ལམ་འཚོལ་སྟངས་འདི་ཡ་མཚན་རེད། སྤྱི་འཐུས་གཅིག་འདི་དཔལ་འབྱོར་གྱི་གྱོང་ལ་བརྩིས་ནས་མདོ་སྨད་མི་མང་གིས་འོས་མི་འཕེན་ཟེར་ན་འོས་བསྡུ་བྱེད་མི་དགོས་པ་ཞིག་ཆགས་ཀྱི་ཡོད་པ་འདི་ཧ་ཅང་གི་ཡ་མཚར་རེད། དུས་ཡུན་རིང་བོ་མེད་པ་དང་སྤྱི་འཐུས་གཅིག་ཡོད་མེད་ཙམ་གྱིས་ཁྱད་པར་ཆེན་པོ་ཞིག་མི་འགྲོ་བ་བདེན་ན་ཡང། ཁྲིམས་སུ་བཅས་ཚར་བ་ཞིག་དེ་ལྟར་ལག་ལེན་མ་བསྟར་ན་མི་འོས་ལ་ལྷག་པར་འོས་བསྡུ་ནི་དམངས་གཙོའི་ངོ་བོ་རང་བཞིན་གྱི་གལ་གནད་ཆེ་ཤོས་དེ་ཡིན་པས་ལག་བསྟར་ངེས་པར་བྱེད་དགོས།
ངས་ནམ་རྒྱུན་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་ཞུས་བཞིན་ཡོད། རྒྱུ་མཚན་ནི། མི་རིགས་ཀྱི་ལར་ཞེན་གྱིས་ཁོང་རང་ཉིད་ཀྱི་ལྟ་གྲུབ་དེ་མགོ་རྣ་མི་ལ་ཤོར་མྱོང་མེད་པས་མི་རིགས་ཀྱི་འཐབ་རྩོད་པ་ཞིག་རེད། བོད་མི་རིགས་ཀྱི་ཆེད་དུ་བྱ་སྤྱོད་མཐའ་དག་རང་ཚུབ་གཏན་པོ་ཟིན་ནས་ཆོས་ལུགས་དང་སྲིད་ལུགས་ཀྱི་མི་སྣའི་ཕྱོགས་གཏོགས་པའི་གྲལ་དུ་མི་འཚང་མཁན་ཞིག་ཀྱང་རེད། སྐབས་རེར་༧གོང་ས་མཆོག་ལ་ཟུར་ཟ་ཡི་གཏམ་བཤད་ཡང་ཡོང་གི་ཡོད། འོན་ཀྱང་དེ་ཚོ་ནི་མི་རིགས་ཀྱི་ལར་རྒྱ་དང་ལྟ་གྲུབ་བཅས་ཀྱི་བསམ་ཚུལ་མི་མཐུན་པ་ཙམ་ལས་ཁོང་རང་སྒེར་དོན་གྱིས་བསམ་སྦྱོར་ངན་པའི་བྱ་སྤྱོད་ཞིག་ཏུ་དུས་ནམ་ཡང་ངེས་འཛིན་མེད། བསམ་ཚུལ་དེ་དག་ནི་མང་གཙོ་སྤྱི་ཚོགས་ཞིག་ཏུ་ཡོང་ཆོག་ལ་ངེས་པར་དུ་ཡོང་དགོས་པ་ཞིག་ཀྱང་རེད། དེས་༧གོང་ས་མཆོག་གི་མང་གཙོའི་ལམ་སྲོལ་དེར་རག་འདེབས་བྱས་པ་ལས་དེར་འགལ་རྐྱེན་དུ་ལྟ་ན་དོན་དུ་མང་གཙོར་ཆ་རྒྱུས་ཡ་རྒྱུས་མེད་པས་ལྟ་ཚུལ་དང་བཤད་ཚུལ་ཁོ་ན་ལས་མ་འདས། དམིགས་སྔ་བར་མའི་འོས་སྡུའི་ལས་རིམས་ཀྱི་རྒྱུད་རིམས་འདི་ཁྲིམས་དང་སྒྲིག་གཞི། དཔལ་འབྱོར་དང་དངོས་ཡོད་གནས་ཚུལ་གང་ཐད་ནས་ཕྱི་གསལ་ནང་གསལ་མེད་པའི་རྣམ་པ་ཞིག་གསལ་ནས་གསལ་དུ་འགྲོ་བཞིན་འདུག་ལ། སྐབས་འཚོལ་དང་ཕྱོགས་རེས་ཀྱིས་སྤྱི་ཚོགས་འཕུང་ལ་སྦྱོར་བས་མདོ་སྨད་པའི་བྱ་སྤྱོད་དེ་དག་ཡང་གསལ་ནས་གསལ་དུ་འགྲོ་བཞིན་འདུག། ཚོགས་གཙོ་ེསྤེན་པ་ཚེ་རིང་ནི་རྒྱུད་རིམས་འདིའི་ནང་དུ་བྱེད་གཏེར་གྱི་མི་སྣ་དེ་ཡིན།
ད་རེས་མདོ་སྨད་སྤྱི་འཐུས་འོས་བསྡུ་འདི་རྙོག་དྲ་ཞིག་རེད། སྔོན་མའི་སྒུག་ཐོ་ཡོད་བཞིན་དུ་འབུམ་ཉི་ཤུ་རྩ་གཅིག་གིས་འགྲོ་སོང་གཏོང་མི་དགོས་ལ་འགྲོ་སོང་བཏང་བ་འདི་བཙན་བྱོལ་བོད་གཞུང་ལ་དངུལ་མང་དྲག་ནས་ཡིན་རྒྱུ་མ་རེད། དངུལ་འདི་མི་གཞན་གྱིས་རོགས་སྐྱོར་སྐྱོབས་དངུལ་དང་ང་ཚོ་ཚང་མས་མིའི་ལག་འོག་ནས་གཡོག་ལས་བྱས་ནས་རྔུལ་ཆུ་ལས་ཐོན་པ་དང་ང་ཚོ་སོ་སོའི་གཞུང་ལ་ཤ་ཚ་བས་ལྷག་སེམས་དང་སེམས་ཤུགས་སོགས་ལ་རྟེན་ནས་དང་བླངས་བྱ་ཁྲེལ་ཕུལ་བའི་གཞུང་རྒྱུ་རེད། ཆབ་སྲིད་པས་རྩེ་མོ་རྩེ་བྱེད་བྱས་ན་འདི་ནི་བཙན་བྱོལ་བོད་མི་ཚང་མས་བསམ་བློ་གཏོང་དགོས་བ་ཞིག་ཆགས་ཡོད་པ་མ་ཟད་རྗེས་ཕྱོགས་དང་བླངས་བྱ་ཁྲེལ་ཕུལ་ན་ཕན་ཐོག་མེད་ཞིག་ཆགས་འདུག། ཧིན་སྒོར་འབུམ་ཉི་ཤུ་རྩ་གཅིག་ཉུང་ཉུང་ཞིག་མ་རེད་ཕངས་སེམས་མེད་པས་ཐོག་ནས་འདི་ལྟར་བེད་སྤྱོད་བཏང་ན་གཞུང་ལ་ཤ་མ་ཚ་བས་རྟགས་ཞིག་རེད། སྤྱི་འཐུས་ཚོགས་སོགས་ཡོ་རོབ་ནས་བོད་མི་ལ་གཏམ་བཤད་གནང་བས་ཁག་ཅིག་གི་ནང་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོའི་བཙན་བྱོལ་བོད་གཞུང་ལ་ཕྱི་རྒྱལ་ཁག་གི་ལོ་རེར་རོགས་དངུལ་སྤྲོད་པ་དེ་ཡང་གཅོད་ཐུབ་ཀྱིས་ཐབ་ཤེས་འཐེན་གྱིན་འདག། གལ་ཏེ་བཅད་པ་ཡིན་ན་ང་ཚོས་དང་བླང་བྱ་ཁྲེལ་འདི་གནང་དགོས་བ་གལ་ཆེན་པོ་རེད་ཅེས་གསུང་སོང་། ཨ་རི་དང་ཡོ་རོབ་ནས་དང་བླང་བྱ་ཁྲེལ་ལོ་རེར་ཡོབ་སྒོར་སྒྲོ་ལོ་བརྒྱ་རེ་རེད། འདི་ཚང་མ་མི་རེར་ནས་བཀའ་ལས་རྒྱབ་ནས་སྤྲོད་གི་ཡོད་པ་རེད་ཕངས་མེད་ངང་མི་དགོས་ས་ལ་འབུམ་༢༡བཏང་ན་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་བ་ཞིག་ཆགས་ཀྱིན་འདུག། མདོ་སྨད་སྤྱི་འཐུས་སུ་གཞན་མི་ཤེས་འཇོན་དང་ཆབ་སྲིད་ཀྱི་ཉམས་མྱོང་ཡོད་མཁན་ལྷག་སེམས་ཅན་དྲང་མོ་དྲང་བཞག་བྱེད་མཁན་གྱིས་མི་ཞིག་ཡིན་ན་སུ་ཐོབ་ན་གཅིག་པ་ཡིན།
ངས་ནམ་རྒྱུན་རྒན་ཆབ་བྲག་ལགས་མང་པོར་ཐོས་མྱོང་བ་ལས་དངོས་སུ་མཇལ་མྱོང་མེད་ མ་ཟད་ཁོང་ནི་མི་དྲང་པོར་རྣམས་སྤྱོད་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་མྱོང་ ཡིན་ནའང་དེ་སྔོན་སྐུར་འོས་སྤྱི་འཐུས་ཞིག་གི་རྙོག་གླེང་དང་ད་ལེན་མདོ་སྨད་སྤྱི་འཐུས་གསར་འདེམས་མི་དགོས་པར་སྒུག་ཐོ་ཡོད་བཞིན་དུ་འོས་མིང་གསར་འདེམ་བྱེད་པ་དེ་ལ་ལྟས་ཚེ་གཞི་ནས་ཆབ་བྲག་འདི་མི་གང་འདྲ་ཞིག་ཡིན་མིན་གསར་རུ་གསར་རུ་རེད་ འདི་ན་མདོ་སྨད་ལ་སྤྱི་འཐུས་གཅིག་གསར་འདེམས་མི་དགོས་ལབ་མཁན་སུ་གང་མིན་འདུག་ ཚང་མས་ཁ་གཅིག་གྲགས་གིས་སྒུག་ཐོ་ཡོད་བཞིན་དུ་དོན་མེད་དུས་རྒྱུ་གཉིས་ནས་འགྲོ་སོང་གཏོང་དགོས་མི་འདུག་གསུང་མཁན་ཀྱང་རེད།
ཨ་ཚོགས་ལ་རྒྱབ་སྐྱོར་ཡོད་་་་དྲང་བདེན་ལ་རྒྱབ་སྐྱོར་ཡོད་་་་མང་གཙོ་ལ་རྒྱབ་སྐྱོར་ཡོད་་
ཨ་ཚོགས་ཕམ་ན་་་་མང་གཙོ་དང་དྲང་བདེན་ཟེར་བ་དེ་་་བོད་གཞུང་གི་བརྩི་བཀུར་ཅི་འདྲ་
ཧ་གོ་ཡོང་་་་་ཧི་ཧི་ཧི་་་
ཨ་ཚོགས་ལ་རྒྱབ་སྐྱོར་ཡོད་་་
ཨ་ཚོགས་ཀླུ་མཁར་བྱམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། དེང་གི་གངས་ཅན་སྐྱིད་གཤོགས་ཀྱི་སྐུ་དྲག་ཚོའི་ལས་ཀ་ད་ལྟ་མགོ་ཚོས་ཀྱི་འདུག་གཱ། ཀླུ་མཁར་བྱམས་ལ་ཁག་མི་འདུག
མི་དམང་དངུལ་ཆུ་ལས་སྒྲུབ་པའི་ ཧིན་སྒོར་འབུམ་ཉི་ཤུ་རྩ་གཅིག་དེ་ཕངས་སེམས་མེད་པར་དོན་མེད་འགྲོ་སོང་གཏོང་ཞོག་གང་ལྟར་ལས་འབྲས་ཟེར་བ་ཞིག་ཡོད་པ་རེད་དེ་ལ་དབང་དང་སྙན་གྲགས་འགྲོ་ས་མེད་དེ་དུས་བདེན་པའི་མཐའ་གསལ་ཡོང་
འཇམ་དབྱངས་ནོར་བུས་སྐད་ཆ་ཁ་ཤས་དང་་རྟག་པ་བཤད་བཞིན་པའི་རྒྱ་ནག་གི་སྐད་ཆ་དེ་ཚོར་བདེན་ཁ་
ཏོག་ཙམ་ཡོད་པ་འདྲ་་་་མི་གཅིག་གི་དཀའ་ངལ་ལས་་བོད་མི་མང་ལ་དཀའ་ངལ་གང་མེད་་་བོད་གཞུང་གི་
ལས་བྱེད་འདི་ཚོས་བྱེད་སྟངས་་་འདི་དག་་་ངོ་མ་སྐྱུག་དྲོ་གི་་་་
གནས་ཚུལ་འདི་གསལ་པོ་ཆགས་རྒྱུ་གལ་ཆེ།
ང་ཚོས་འབྲེལ་ཡོད་འོས་བསྡུ་ལས་ཁུངས་ཀྱི་གསལ་བཤད་ལ་སྒུག་བསྡད་ཡོད། ཕྱོགས་གཅིག་གི་སྐད་ཆར་ཆ་འཇོག་བྱེད་རྒྱུ་ཁག་པོ་རེད།
མགོ་རྙོག་
འོས་ལྷན། གྲོས་ཆོད་ཡག་པོ་བཞག་འདུག སྒུག་ཐོ་མེད་ན་མང་རིམ་རྩེ་ཏོག་བྱ་རྒྱུ་ཡིན།
སྤྱི་ལྷན། བར་མའི་འོས་བསྡུ་བྱེད་དགོས་རེད།
འོས་ལྷན། སྐུ་ངོ་ལགས ཧིན་སྒོར་ ༢༡ འགྲོ་སོང་འདུག
སྤྱི་ལྷན། སྤྱི་མང་ཀྱི་དངུལ་རེད།
འོས་ལྷན། འོས་བསྡུ་སྒྲིག་གཞི་དེ་་ད་རུང་་་་་་་དེབ་གཟུགས་སུ
སྤྱི་ལྷན། བར་མའི་འོས་བསྡུ་རྗེས་ནས་བྱ་ཆོག གྲོས་ཚོགས་ནང་འགྲེལ་བཤད་བརྒྱབ་ཚར་ཡིན།
འོས་ལྷན། བྱེད་སྟངས་མི་ཤེས་ཀྱི་མི་འདུག
སྤྱི་ལྷན། གྲོས་ཆོད་དེ་རྗེས་མའི་སྐབས་སུ་ལག་བསྟར་གནང་རྒྱུ།
འོས་ལྷན། ་་་་་་་་་་་་་་་་་་་ད་གངས་སྐྱིད་ནང་གི་སྐུ་ངོ་ཚོ་མགོ་རྙོག་ཞེ་དྲག་འདུག
སྤྱི་འཐུས། མགོ་རྙོག་མ་རེད།
འོས་ལྷན་་་་
ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཆ་ཚང་ཡོད། ཧིན་སྒོར་འབུམ་ཉེར་གཅིག་དོན་མེད་ཆུད་ཟོས་སུ་གཏོང་བ་ལས་བོད་ཕྲུག་སྐྱོ་བོ་དག་གི་ཁ་རུ་སོང་ན་ཅི་མ་རུང་། ད་དུང་རྡ་སར་ན་ཟླ་བ་རེ་ཧིན་སྒོར་ཆིག་སྟོང་ལ་རེ་བ་རྒྱག་མཁན་དག་གི་ལག་ཏུ་བཏང་ན་ཕན་ཐོག་ཆེན་པོ་ཡོད་ངེས་སོ། ་ཀླུ་མཁར་བྱམས་རྒྱལ་ལོ། བདེན་པར་རྒྱལ་ལོ། དྲང་བདེན་རྒྱལ་ལོ།
ཀླུ་བྱམས་ལྟ་བུ་མི་འགའ་ཡོད་ན་རང་རེ་ལ་རེ་བ་ཡོད་་་རྒྱབ་སྐྱོར་ཡོད་་་་ཡིན་ན་ཡང་སྤྱི་ཚོགས་འདི་དྲང་བདེན་ལ་མི་དགའ་བར་གཡམ་རྒྱུགས་ལ་ཧ་ཅང་དགའ་་་་་་དཔེར་ན་རང་ཚུགས་མེད་པའི་ཁྱི་ངན་ཆབ་བྲག་ལྷ་མོ་ལྟ་བུ་ཕོ་ལ་མོ་ཡིས་མིང་བཏགས་པ་ཚོ་མོ་ངན་རང་རེད་་་་་་་་་
དཀར་མཛེས་གངས་ཕྲུག་་ལགས་ཀྱིས་མཆན་བཏབ་པ།:
December 31st, 2013 at 12:12 AM
འཇམ་དབྱངས་ནོར་བུས་སྐད་ཆ་ཁ་ཤས་དང་་རྟག་པ་བཤད་བཞིན་པའི་རྒྱ་ནག་གི་སྐད་ཆ་དེ་ཚོར་བདེན་ཁ་
ཏོག་ཙམ་ཡོད་པ་འདྲ་་་་མི་གཅིག་གི་དཀའ་ངལ་ལས་་བོད་མི་མང་ལ་དཀའ་ངལ་གང་མེད་་་བོད་གཞུང་གི་
ལས་བྱེད་འདི་ཚོས་བྱེད་སྟངས་་་འདི་དག་་་ངོ་མ་སྐྱུག་དྲོ་གི་་་་
ཨོ་རེད། འཇམ་ནོར་གྱི་བཤད་ཀྱིན་པའི་མི་གཅིག་དེ་སུ་རེད་དམ་དེ་དང་འདི་གཉིས་འབྲེལ་བ་འདུག་གམ། བོད་གཞུང་གི་ལས་བྱེད་ཆེ་གེ་མོའི་བྱེད་སྟངས་མ་འགྲིག་པ་བདེན་དུ་ཆིག་ཀྱང་འཇམ་ནོར་དང་རྒྱ་ནག་གི་བཤད་ཀྱིན་པའི་མི་གཅིག་པོ་དེ་དང་འབྲེལ་བ་ག་རེ་འདུག་གམ། འཇམ་ནོར་སོགས་ཀྱི་སྐད་ཆ་འབྲེལ་མེད་དེའི་རིག་འདིར་དྲུད་ལེ་མ་ཡོང་ན་བཟང་ངོ་།
ད་ཧ་གོ་སོང་། ཆབ་བྲག་ནི་དམ་ཚིག་རིང་ལུགས་པ་ཞིག་དང་དབུ་མའི་ལྟ་བ་སྒེར་འཛིན་ཅན་ཞིག་རེད་འདུག འདི་འདྲའི་མི་སྣས་མདོ་སྨད་རྒྱུན་ལས་ཀྱི་རྐུབ་སྟེགས་བཟུང་བས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རང་ལྟ་འཁྱོག་འཛིན་བྱས་ཏེ། མདོ་སྨད་ཀྱི་མི་སྣ་མི་ཉུང་བ་ཞིག་ལ་ངོ་ཚ་ཁ་སྐྱེངས་བཟོས་ཡོད།
མི་རིགས་ལ་ཕན་པའི་སྲིད་དོན་པ་ཞིག་བྱེད་བསམ་ན་མི་རིགས་ཀྱི་ཁེ་ཕན་ལ་ལྟོས་ནས་དམ་ཚིག་གི་རྒྱ་ལས་ངེས་བར་དུ་བརྒལ་དགོས། དམ་ཚིག་གཙོ་བཟུང་བྱེད་མཁན་ཞིག་གིས་མི་རིགས་གཙོ་བོ་བྱེད་མི་སྲིད་པས། མི་རིགས་གཙོ་བོ་མི་བྱེད་པའི་ཆབ་སྲིད་པ་ཞིག་ན་སྔ་ཕྱི་མ་གཏོགས་ཕམ་རྒྱུ་ལས་རྒྱུན་རིང་དུ་གནས་མི་ཐུབ། དེ་བརྟེན། ཆབ་སྲིད་བཤད་སར་དམ་ཚིག་མ་གླེང་ན་ལེགས་པ་མཐོང་།
ཡིན་ཡང་། ཆབ་བྲག་གིས་བོད་དོན་ལ་ཕན་པའི་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པས་ཐུགས་རྗེ་ལེགས་འབུལ་ཡོད། ངས་བཤད་བཞིན་པ་ནི་ཁོང་གི་དེང་སྐབས་ཀྱི་ལྟ་བའི་སྐོར་ཡིན།
བོད་པའི་སྤྱི་ཚོགས་འདི་ཆོས་ཁ་ལ་ཁྱེར་ནས་མང་ཚོགས་ལ་སྡབ་བསིག་མང་པོ་བཏང་ཡོད་་་སྔར་དགའ་ལྡན་ཕོ་བྲང་སྐབས་སུའང་ཆོས་ལུགས་ཀྱི་ཞེན་ཁོག་གིས་རང་ཉིད་ཀྱི་ཆོས་ལུགས་ཆོས་རྒྱུད་མིན་པའི་གཞན་གྱི་ཆོས་ལུགས་ལ་གཏོར་སྐྱོན་ཆེན་པོ་བཏང་བའི་ལོ་རྒྱུས་གསལ་གསལ་ཐིང་ཐིང་རེད། དེ་བྱས་དུས་ད་ནི་སྤྱི་འཐུས་བཀའ་བློན་ནང་དུ་ཆོས་མེད་ཀྱི་མི་སྣ་མང་དུ་སླེབ་ཐུབ་ན་དགེ་མཚན་ཆེ་་་ཀླུ་མཁར་བྱམས་ཆོས་ཁས་ལན་ཀྱང་རུང་མི་རུང་ཀྱང་རུང་གང་ལྟར་་་ད་རེའི་མདོ་སྨད་ཆོས་སྤྱི་འཐུས་སུ་ཀླུ་མཁར
བྱམས་རང་འོས་པར་མཐོང།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆ་ཤས་རྡ་སའི་གྲོས་ཚོགས་ཡན་ལག་ཁང་དུ་བོད་རང་བཙན་དང་རྒྱལ་ཁབ་རྩོད་མཁན་གྱི་དཔའ་བོ་ཆེན་མོ་ཨ་ཚོགས་ཀླུ་མཁར་བྱམས་ཡོང་ཐབས་ཡོད་མ་རེད། ཡན་ལག་དེའི་ཚོགས་གཙོ་སྤེན་པའི་ཐབས་ཇུས་ལ་ངོ་རྒོལ་དང་། དཔའ་བོ་ཁྱེད་རང་གིས་ཁྲིམས་སྒྲུག་བརྟན་གནས་ཆེད་ཟུར་དུ་ཐོན་པ་ནི་གཟི་བརྗིད་དང་རྒྱལ་ཁ་ཡིན་པས་ཐུགས་རྗེ་ཆེ་ཞུའོ། ང་ཚོ་སེམས་པ་ཡོད་མཁན་ཚོ་ནམ་ཡང་ཁྱེད་ཀྱི་ཕྱོགས་ལ་ཡོད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆ་ཤས་རྡ་སའི་གྲོས་ཚོགས་ཡན་ལག་ཁང་དུ་བོད་རང་བཙན་དང་རྒྱལ་ཁབ་རྩོད་མཁན་གྱི་དཔའ་བོ་ཆེན་མོ་ཨ་ཚོགས་ཀླུ་མཁར་བྱམས་ཡོང་ཐབས་ཡོད་མ་རེད། ཡན་ལག་དེའི་ཚོགས་གཙོ་སྤེན་པའི་ཐབས་ཇུས་ལ་ངོ་རྒོལ་དང་། དཔའ་བོ་ཁྱེད་རང་གིས་ཁྲིམས་སྒྲུག་བརྟན་གནས་ཆེད་ཟུར་དུ་ཐོན་པ་ནི་གཟི་བརྗིད་དང་རྒྱལ་ཁ་ཡིན་པས་ཐུགས་རྗེ་ཆེ་ཞུའོ། ང་ཚོ་སེམས་པ་ཡོད་མཁན་ཚོ་ནམ་ཡང་ཁྱེད་ཀྱི་ཕྱོགས་ལ་ཡོད།
བརྒྱ་བཤད་ཚིག་གི་མདོ་རྩ། ཀླུ་མཁར་སྤྱི་འཐུས་སུ་མི་འོས། ཀླུ་མཁར་ལ་ཐུབ་ཚོད་ཀྱང་མི་འོས། ཀླུ་མཁར་གྱིས་སྨྱོན་འཛུགས་ཀྱང་མི་འོས།
ཡུལ་གྱར་བུ་ལགས་
གོ་ནོར་མི་ཡོང་ཆེད་་ གལ་ཏེ་ཨ་ཚོགས་ཕམ་ན་གནས་ལུགས་ཀྱིས་འཇམ་ནོར་སོགས་ལ་བདེན་ཁ་
སྤྲོད་པ་མ་རེད་པས་་་ཨ་ཚོགས་ལ་ལྟ་བ་མི་འདྲ་བ་ཞིག་གིས་ཕམ་པ་མ་རེད་པས་་་གཞན་རྒྱུ་མཚན་
ཅིའི་ཕྱིར་ཡིན་ནམ་་་་་་
སུ་ལ་གནས་ལུགས་ཡོད་ན་དེ་ལ་རྒྱབ་སྐྱོར་ཡོད། རང་ཁྲིམས་ཟུར་དུ་བཞག་སྟེ་ལམ་བུ་གཞན་ཞིག་འཚོལ་བཞིན་པ་ནི་མཚར་རོ།། གངས་སྐྱིད་དུ་སྐད་འབོད་རྒྱག་དགོས་ཡོད་ནའང་རྒྱག་རྐྱང་ཡིན། གཞན་ལ་སྒེར་གཅོད་པ་ཞེས་སྡིགས་ན་ཆོག་ལ། གཙོ་བོ་རང་ཉིད་སྒེར་གཅོད་པ་ཞིག་ཡིན་མིན་བལྟ་དགོས།
སོ་སོའི་བོད་སྤྱི་བའི་གནས་སྟེངས་ལ་འགན་འཁུར་བའི་སྐད་ཆ་རེ་བཤད་རྒྱུ་གལ་ཆེན་པོ་རེད། མི་གཞི་ལ་མིང་ངན་བ་མ་བཏགས་ན་བཟང་གི
ཀླུ་མཁར་ལགས་ཀྱི་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏོང་གི་ཡོད་པ་འདི་འདྲ་གཟི་བརྗིད་རེད། བོད་མི་དམངས་ཀྱི་ཁྲིམས་ལ་སྲུང་སྐྱོད་བྱེད་དགོས་།
རང་ཁྲིམས་རང་གིས་མ་སྲུང་ན་གཞན་ལ་བཤད་པའི་ཐོབ་ཐང་མེད། ཀླུ་མཁར་བྱམས་ཀྱི་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་བྱས་པར་དགའ་བསུ་ཡོད། ད་དུང་མི་དམངས་ལ་མགོ་བསྐོར་གཏོང་ནས་འོས་བསྡུ་དང་བརྡབ་ཟིག་གཏོང་ཚེ། གངས་སྐྱིད་སྒོ་གཞུང་དུ་དམངས་གཙོའི་ལམ་སྲོལ་བཞིན་མི་ཡོང་བའི་ངེས་པ་མེད།
དེ་རེས་ཀླུ་མཁར་བྱམས་ཀྱིས་འགྲེལ་བཤད་ཁ་གསལ་དང་དོན་གནད་ཐེར་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ། སྤྱིར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམ་པ་ཡོད། འོན་ཀྱང་ད་སྐབས་རྡ་སའི་གནས་སྟངས་འགྱུར་ཚར་བ་རེད། དེང་གི་གཞང་ཁང་ལྟ་བུའི་སྤྱི་ལྷན་ནང་ཁྱེད་ཉིད་མི་འོས་པ་ཡིན་ལ། དེ་ཁྱེད་ཀྱིས་ཀྱང་གསལ་བོར་ཤེས་ཡོད་ངེས་རེད།
ཀླུ་མཁར་བྱམས་ཀྱིས་རྒྱབ་རྩར་ཆོལ་ཁ་གསུམ་གྱི་ཤེས་ཡོན་ཅན་རྐྱང་རྐྱང་ལངས་ཡོད་ཀི་འདུག རྒྱ་ནག་ལ་ལྔ་བཞི་ལས་འགུལ་ཤེས་ཡོན་ཅན་ཚོས་བསླངས་པ་རེད། ད་ཐེངས་ཁྲིམས་ལུགས་ནུས་མེད་རྡོག་རོལ་གཏོང་བ་དང་། ཤེས་ཡོན་ཅན་ལ་མགོ་མནན་ནས་མི་རིགས་འདི་ལ་རེ་བ་མེད་པར་གཏོང་མཁན་གྱི་མགོ་ཁྲིད་ཁ་ཤས་ངོ་མ་ངོ་རྒོལ་བྱེད་པའི་དུས་ལ་བབ་འདུག ཤེས་དང་ཤེས་བཞིན་དུ་ད་དུང་མི་མང་གཉིད་སྨན་བླུད་ནས་བསྡད་ན་ཕན་ཐོག་ནི་སུ་ལ་མེད། ད་ཤེས་ཡོན་ཅན་ཚོས་ལས་ཀ་བྱེད་རན་རེད།
ཀླུ་མཁར་མདུང་རྩེ་ནང་གཏད་རེད། ཁོ་ལ་ལྟ་བ་དང་ལངས་ཕྱོགས་གང་ཡང་མེད་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་གསང་མྱུལ་ཞིག་རེད། ཁོས་བོད་མི་ཡོངས་ཀྱི་མགོན་སྐྱབས་༑གོང་ས་མཆོག་གཅིག་པུ་ལ་མཚན་སྨད་ཞུ་རྒྱུ་ལས་གཞན་འཇོན་ནི་མ་རེད།་་ཁོ་ལ་འཇོན་ཐང་ངོ་མ་ཡོད་ན། དགུ་བཅུ་གསུམ་ཚོགས་གསུམ་དུ་ལས་ཡུན་ལོ་གསུམ་རིང་ལ་གང་ཡང་བྱ་མི་ཐུབ་པ་ཅི་ཡིན། སྐྱག་པ་རུམ་ན་སྐྱག་དྲི་འཐུལ་རོགས་རེད། ད་དུང་བོད་ནང་གི་རང་ལུས་མེར་བསྲེགས་ཅིག་ཅིག་མག་མག་ བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་དགོས་འདུན་དེ་༸གོང་ས་མཆོག་ལ་མཚན་སྨོད་ཞུ་རྒྱུ་དེ་མ་རེད།་་་གསལ་པོ་ཧ་གོ་བ་གྱིས།
དིང་རྡོར་ལགས་ངོ་མ་ཁྱེད་ཀྱི་བཤད་པར་བཞིན་ཀླུ་མཁར་བྱམས་ལགས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་མྱུལ་མ་ཞིག་ཡིན་ན་ངེས་པར་དུ་བདེན་ར་སྤྲོད་ཐོག་ནས་དཔང་རྟགས་ཁྱེར་ཤོག་དང་རྒྱལ་སྐྱོར་ཡོད། དེ་མིན་ཁྱེད་རང་རྒྱ་མིའི་སོ་པ་ནང་བཞིན་མི་དཀར་པོ་ལ་ཞྭ་མོ་ནག་པོ་མ་གཡོག་།
ཀླུ་མཁར་བྱམས་ང་ལ་ཆ་རྒྱུས་ཡག་པོ་ཡོད་ཁོ་ཧ་ཅང་ལོ་གཞོན་སྐབས་ནས་བཟུང་མི་རིགས་ཀྱི་ལྟ་བ་ཡོད་མཁན་ཞིག་དང་ཆབ་སྲིད་ལ་དོ་སྣང་སྤྲོད་མཁན་ཞིག་རེད། ཁོའི་མི་རིགས་ལ་བཅངས་པའི་སེམས་ཁམས་དང་སྲིད་དོན་ལ་དགའ་བའི་བྱེད་ཕྱོགས་དེས་ཁོ་རང་ལོ་ངོ་གསུམ་བཞི་ཡས་མས་སུ་རྒྱའི་བཙོན་དུ་བཅུག་སྐབས་བཟའ་བཏུང་ཡག་པོ་མ་སྤྲད་པ་དང་ལུས་སེམས་གཉིས་ལ་མནར་གཅོད་བཏང་དྲགས་པའི་དབང་གིས་ཤ་ཟད་རུས་ལ་ཐུག་སྟེ་ཤི་མ་གསོན་དུ་གྱུར་བའི་འདྲ་དཔར་མཐོང་མྱོང་བ་མ་ཟད། ཁོའི་བཙོན་སྡུག་གི་ལོ་རྒྱུས་ང་ལ་བཤད་མྱོང་བའི་ཆ་ནས་འདྲིས་པོ་ཡོད། ག་དུས་ཡིན་ན་བོད་རྒྱལ་ཁབ་སླར་གསོ་དང་མི་རིགས་ལ་བསམ་བློ་གཏོང་བའི་སྲིད་དོན་ཚན་རིག་པ་ཆུང་ཆུང་ཞིག་ཡིན། ཆབ་སྲིད་ཀྱི་མུ་གེ་ཐེབས་པའི་རྡ་སའི་རི་ངོགས་འདི་ན་རང་དོན་ཁོག་བཅུགས་ཀྱི་སྲིད་དོན་པ་ཁྲམ་པ་ཚོ་ལས་རང་ཁེ་གཙོ་བོར་མི་འཛིན་པའི་རྣམ་དཔྱོད་ཀྱི་སྤོབས་པ་དར་བའི་གནས་ལུགས་ལ་གཅིག་ཏུ་གཞོལ་བའི་སྲིད་དོན་རིག་པའི་རང་ཚུགས་འཛིན་མཁན་ཞིག་ཡིན།
དཀར་མཛེས་གངས་ཕྲུག་ལགས ཨ་ཚོགས་ཡོང་མ་ཐུབ་པ་དེ་ལྟ་བ་མ་འདྲ་བ་ཙམ་རེད་ཟེར་ཁག་ཙམ་འདུག དེ་ན་སྐར་ཆོས་ལྟ་བ་ཕར་ཞོག་མཐའ་ན་སྐྱབས་མགོན་རིན་པོ་ཆེ་སྐུ་བཞུགས་དུས་འདིར་ཡང་གསུང་ལ་ལོག་འབྲེལ་རྒྱག་འགོ་བརྩམས་ཀྱིན་མི་འདུག་གམ། ཡིན་ན་ཡང་ཁྱོས་གོང་དུ་བཤད་ཀྱིན་པའི་འཇམ་ནོར་དང་རྒྱ་ནག་གི་སྐད་ཆ་དེའི་མདོ་དེད་ན་མི་གཅིག་དེ་༧གོང་ས་མཆོག་རེད། དེ་ན་ཁྱེད་ལྟར་ན་ཡང་བོད་ཀྱི་གནད་དོན་དེ་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་རེད་མདོག་མདོག་རེད་ལ། དེ་མིན་ད་ཐེངས་ཀླུ་དང་འབྲེལ་བའི་གནད་དོན་འདི་༧གོང་ས་མཆོག་དང་འབྲེལ་བ་འདུག་གམ། སྤྱིར་ང་ཚོའི་ལས་ཀྱི་སྣེ་མོ་བ་དག་གིས་ཅིག་འཇོན་གི་འདོད་དུས་ང་ཡིན་དང་ང་ཡོད་མདོག་མདོག དེ་མིན་སོ་སོས་ཅིག་མི་འཇོན་ས་དང་མི་ཐུབ་ས་ནས་༧གོང་ས་མཆོག་གི་བཀའ་དང་ཐུགས་དགོངས་ཞེས་འབྲེལ་བཤད་ཉག་ཉོག་མང་པོ་ཞིག་རྒྱག་རྒྱུ་འདུག་གའ འགོ་སྲིད་སྐྱོང་ངམ་བཀའ་ཁྲི་ནས་འོག་ཡིག་སྐྱེལ་དང་ཇ་མ་བར་གྱི་ལས་བྱེད་ཤ་གཟན་རྩམ་གཟན་རྩྭ་གཟན་དག་གིས། ཟ་ས་འཐུང་ས་ཉལ་ས་ལངས་ས། ཅིག་འཇོག་ས་ཞིག་ཡོད་ཡོད་སར་༧གོང་ས་མཆོག་གི་བཀའ་དང་༧གོང་ས་མཆོག་གི་ཐུགས་དགོངས་ཞེས་བཤད་ཀྱིན་མི་འདུག་གམ། འདི་དག་གི་མདོ་དེད་ན་ནང་ནས་ཅུང་བཀྲ་མ་ཤིས་པ་ཞིག་བྱུང་དུས་དེའི་རྒྱུ་རྐྱེན་མང་པོ་ཞིག་གི་སྣེ་༧གོང་ས་མཆོག་གི་ཕྱོགས་ལ་འཁོར་ཡོད་པའི་གནད་དོན་ཡང་འདི་ལ་ཐུགས་པའི་རྐྱེན་རེད་འདོད། སྔོན་གྱི་འོས་བསྡུས་སྐབས་སུ་ལྷོ་ཕྱོགས་ཀྱི་གྲྭ་རྒན་ཆོས་འཇིག་རྟེན་གང་གི་ཕྱོགས་ལ་ཡང་རྨོངས་མཁན་ཁ་ཤས་ཤིག་གིས་༧གོང་ས་མཆོག་དགོས་སམ་ཀླུ་མཁར་བྱམས་དགོས་གལ་སྲིད་ཀླུ་མཁར་བྱམས་ལ་འོས་བླུག་ན་༧གོང་ས་མཆོག་དང་འགལ་ཡོད་མདོག་མདོག་བཤད་མཁན་འདུག་ཟེར། འདི་དག་ལ་བསམ་བློ་རེ་ཐོངས་དང་། རྒྱ་རྒན་ཚང་དང་འཇམ་ནོར་སོགས་ལྟར་ན་འདི་ཡང་༧གོང་ས་མཆོག་གི་སྐྱོན་ཡིན་རྒྱུ་རེད། ད་ཐེངས་ཨ་ཚོགས་རྒྱལ་ཆོག་ལ་ཨ་ཚོགས་ཕམ་ཡང་ཆོག་གི་རེད། ཨ་ཚོགས་རྒྱལ་ན་སྐུ་དྲག་གསར་བའི་འཐབ་ར་དང་བོད་མིའི་གོ་རྟོགས་ཁྲོད་ནས་རྒྱལ་རེད་ལ་ཨ་ཚོགས་ཕམ་ན་སྐུ་དྲག་གསར་བ་དང་བོད་མིའི་གོ་རྟོགས་ཁྲོད་ནས་ཕམ་རེད།
འཐབ་ཕྱོགས་གཅིག་ཁང་གི་ཡན་ལག་རྡ་སའི་དབུ་མའི་ལམ་ཚོགས་པ་དེ་རེད། དེ་ཚོ་ཀླུ་མཁར་བྱམས་ལ་དགའ་ན་ཀླུ་མཁར་བྱམས་དེ་ཚོའི་མྱུལ་མ་ཡིན་སྲིད། དིར་རྡོར་རང་ཉིད་ཀྱིས་བོད་རྒྱལ་ཁབ་དང་རང་བཙན། བཅའ་ཁྲིམས་རིན་པོ་ཆེ་བརྩི་སྲུང་དང་ལེན་བྱ་མཁན་ཞིག་ལ་ཞྭ་མོ་གཡོག་པ་དེ་རང་ཉིད་སོ་སོ་སུ་ཡིན་མིན་ཤེས་ན་བཟང་། ངས་ཁྱེད་ཀྱིས་རྐུབ་བཏོན་དགོས་ན་བཏོན་ཆོག
ད་ཐེངས་ཀླུ་མཁར་བྱམས་ཀྱིས་སྐད་ཆ་སེམས་ལ་འབབ་པ་ཞིག་བཤད་འདུག འདིའི་ཐད་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བཤད་ཅིག་གནང་ན་འོས།
ཀླུ་མཁར་བྱམས་ནི་རང་ཚུགས་ལྡན་ཞིང་ལྟ་བ་ལོངས་ཕྱོགས་གསལ་པོ་ཡོད་པའི་མི་བུ་ཚད་ལྡན་ཞིག་ཡིན་པ་ལས་ཆབ་བྲག་གི་བཤད་པར་ནང་བཞིན་སྤྱི་འཐུས་ཀྱི་གོ་གནས་ཞིག་རག་སོང་ན་དེ་བས་བཟུང་རང་ཉིད་ཀྱི་ལྟ་བ་དང་ལོངས་ཕྱོགས་བོར་འགྲོ་མཁན་དེ་འདྲ་མི་བུ་ཞིག་མིན་པར་ལོ་ངོ་མང་པོ་དེ་དག་གི་ནང་ཁོང་གི་བྱ་སྤྱོད་ལས་ཧ་གོ་ཐུབ།
དེང་སྐབས་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་ཁྲོད་དུ་ཨ་ཚོགས་ཀླུ་མཁར་བྱམས་དང་ ཤར་ཕྱོགས་ཁུག་རྟ། བཀྲ་ཤིས་དོན་གྲུབ། སྤྲོ་ཚིགས་ཆོས་གྲགས་སོགས་ཡོང་གི་འདུག གཞན་ཁག་ཅིག་གིས་ཀྱང་འཚང་ཁ་རྒྱག་གི་འདུག་མོད་དེ་དག་ལ་རེ་བ་མེད་པའི་བཟོ་འདྲ་ བོ་རེད། ཡིན་ནའང་གོ་གི་འོས་མི་དེ་དག་ཀྱང་ང་རང་ལ་རྩ་བ་ཉིད་ནས་འདོད་པ་མེད། ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་མདོ་སྨད་མི་མང་ནང་ལབ་གླེང་དང་སྤྱི་ ཚོགས་ནང་ལྟ་ཚུལ་ཆེན་པོ་ཡོད་མཁན་གཉིས་རེད། ལྷག་པར་དུ་ཆོལ་ཁ་གཞན་ནང་མི་དགའ་མཁན་དང་འཁོན་སེམས་ཆེན་པོ་ཡོད་མཁན་དེ་འདྲ་ རེད། གལ་སྲིད་ཁོང་གཉིས་བསླེབས་པ་ཡིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་རྙོག་དྲ་ དང་ལབ་གླེང་ཆེན་པོ་ཡོང་རྒྱུ་ཡིན་པ་བཤད་མ་དགོས་པ་མ་ཟད། སྤྱི་བའི་ལས་དོན་ཐོག་ལའང་འཐུས་ཤོར་དང་གྱོང་ཆེན་པོ་རེག་རྒྱུ་ཡིན་པ་ཟུར་བལྟས་ ལེབ་མཐོང་རེད། དེ་ནས་སྤྲོ་ཚིགས་ཆོས་གྲགས་ཟེར་བ་དེའང་མི་མགོ་འཚོས་པོ་ཞགི་མ་རེད། མི་ཆུང་ཆུང་ཁ་ཆེན་པོ་ཤེས་འཇོན་གྱིས་འཕོངས་པ་ཞིག་རེད། བཀྲ་ཤིས་དོན་གྲུབ་ཟེར་བ་དེར་རྒྱུས་ཆེན་པོ་མེད་ཡིན་ནའང་གཅིག་ནས་བལ་ཡུལ་ནང་ ཡོད་དུས་གྲོས་ཚོགས་ལ་བཅར་ཐུབ་མ་ཐུབ་དང་སྤྱི་འཐུས་ཀྱི་ལས་དོན་དག་དག་འགྲུབ་ ཐུབ་མིན་ཐོག་དཀའ་ངལ་ཡོང་གི་རེད། མདོར་བསྡུས་ན་ཐེངས་འདིའི་མདོ་སྨད་ཀྱི་སྤྱི་འཐུས་མོས་མིར་གོང་གི་མི་དེ་དག་ ཚང་མ་བློ་ལ་འབབ་པོ་བྱུང་མ་སོང་། དེ་བས་ང་རང་གིས་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་ཐེངས་འདིའི་སྤྱི་འཐུས་འོས་མི་ ཁག་ཅིག་འདེམས་རྒྱུ་ཡིན་དེ་ལ་མདོ་སྨད་མི་མང་གི་ངོས་ནས་རྒྱབ་སྐྱོར་ཡོང་བའི་ རེ་སྐུལ་ཞུ་བཞིན་ཡོད། ཁོང་ཅག་མདོ་སྨད་སྤྱི་འཐུས་ལ་ཡག་པོ་ཡོད་པའི་རྒྱུ་མཚན་ཧ་ཅང་མང་པོ་ཞིག་ང་ལ་ བགྲང་རྒྱུ་ཡོད་མེད། དེ་རིགས་རྗེས་སུ་རིམ་པ་བཞིན་ཞུས་ཆོགས་པ་བྱོས།
(1) མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ།
(2) བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་སྒེར་དྲུང་བསྟན་འཛིན་དོན་ཡོད།
(3) བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས།
(4) ཀིརྟི་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས།
(5) ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་ལྷ་ལུང་རྒྱལ།
ད་རེས་དབུས་འོས་བསྡུ་ལས་ཁུངས་ཀྱི་བྱེད་སྟངས་དེ་ལ་དོགས་པ་འདུག དམངས་གཙོའི་ལམ་ལུགས་དང་ཁྲིམས་སྒྲིག་གང་དུའང་མི་མཐུན་པའི་གང་ཟག་གི་དབང་བསྒྱུར་འོག་ལ་འགྲོ་བའི་རྣམ་པ་ཞིག་མཐོང་གི་འདུག རྙོག་གླེང་འདི་གསལ་བོར་བཟོ་དགོས་པ་གལ་ཆེན་རེད། ཁྲིམས་དང་སྒྲིག་གཞི་ཕྱི་གསལ་ནང་གསལ་ཞིག་མ་བཟོས་ན་རྙོག་དྲ་ལྷག་པའི་ཉེན་ཁ་འདུག
༸གོང་ས་མཆོག་ལ་མཚན་དམོད་བྱས་པས་རྐྱེན་གྱིས་ཡིན་ན། རྙོག་དྲ་བཞི་ག་འོངས་ངེས་ཏེ།
ཀླུ་མཁར་བྱམས་ལགས།
༡༽ འོས་གཞིའི་དགོངས་པ་ཞུས་ན། སྒུག་ཐོའི་ཆ་འདྲ་བའི་རྙོག་དྲ་དང་པོ།
༢༽ འོས་གཞིར་བཞུགས་ན། མཚན་དམོད་ཞུས་པས་རྙོག་དྲ་གཉིས་པ།
༣༽ འོས་གཞིརར་བཞུགས་ནས་ཐོབ་ན། རྙོག་དྲ་གཉིས་པས་རྙོག་དྲ་གསུམ་པ་ཆགས།
༤༽ འོས་གཞིར་བཞུགས་ནས་མ་ཐོབ་ན། རྙོག་དྲ་དང་པོས་རྙོག་དྲ་བཞི་པ་ཆགས་པས།
དེས་ན་༸གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་ཅིག དུས་ནམ་ཡང་དབུས་བོད་མིའི་སྒྲིག་འཇུགས་ཀྱི་ལས་བྱེད་ཆེ་བར་ཆུང་གསུམ་གང་ལ་ཡང་འགྲོ་ས་མེད་པ། ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་དངོས་ཡོད་ཀྱི་གནས་སྟངས་ཅིག་ཡིན་པས་ཀུན་གྱིས་མཁྱེན་པར་མཛོད་ཅིག་གུ
སྐད་ཆ་དྲང་པོ་བཤད་མཁན་གོང་གི་མཆན་ནང་དུ་མེད་པ་ཧ་ལས་སོང་། སྤྱི་ཚོགས་ཕར་ཞོག་ཤེས་ཡོན་ཅུང་ཡོད་མཁན་འདི་ཚོ་གཡེམ་རྒྱུག་ཁོ་ན་ལས་དོན་དངོས་མཐོང་གི་མི་འདུག སྒུག་ཐོ་མེད་ཙང་བསྐྱར་དུ་འོས་བསྡུ་བྱེད་དགོས་ཐུག་པ་རེད། ཨ་ཚོགས་སྒུག་ཐོ་ནང་ལ་མེད་པ་རེད། གོང་གི་ཨ་ཚོགས་ཀླུ་བྱམས་ཀྱི་གསལ་བསྒྲགས་ནང་དུ་དོན་དངོས་འགའ་ཤས་བཀབ་འདུག།
ཀརྡོ་གཉེར་པ་ལགས་ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་མཚན་དམོད་ག་རེ་ཞུས་འདུག་། ས་ཆ་གང་ནས་གསལ་པོ་གསུང་རོགས་།
# 59 རྩམ་པ་ལགས།
གོང་གི་ཆེད་རྩོམ་ནང་ལ་ཀླུ་་བྱམས་རང་གིས།
་་་་ དེར་བརྟེན་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། གལ་སྲིད་༼ངའི་ཤུགས་རྐྱེན་དབང་གིས་༽ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ་་་་་
རང་གི་ནོར་༼མཚན་དམོད་༽འཁྲུལ་ཅིག་ཁས་བླངས་འདུག་སྙམ་ཤིང་། མཚན་དམོད་བྱས་ཡོད་མེད་གོང་གི་མཆན་བུ་དག་དང་། ད་དུང་གཞན་མང་པོ་བཀླགས་ན་ཤེས། ངས་གང་ཡང་མི་ཤེས།
ངས་ནི། ་་་་༼གལ་སྲིད་༽༸གོང་ས་མཆོག་ལ་མཚན་དམོད་བྱས་པས་རྐྱེན་གྱིས་ཡིན་ན། ་་་ཞེས་པ་ཙམ་ལས། ཀླུ་བྱམས་ཁོང་ལ་སྐྱོན་ཡོན་གང་ཡང་བཤད་མེད་དོ། །ངའི་མཆན་བུ་༥༨པ་དེ། ཡང་བསྐྱར་ཅིག་གཟིགས་པར་འཚལ།
མཆན་འདེབས་༦༠པ་བསྟན་འཛིན་ལགས་སྐད་ཆ་སྦོམ་པོ་དང་དབྱུག་པ་ལེབ་རྡུང་གི་བྱེད་སྟངས་འགྲོ་གི་མ་རེད། མཁས་མདོག་འཇོན་མདོག་གི་གཟོག་བརྫུ་བསྟན་ནས་དོན་གྱིས་ཀླུ་མཁར་ལགས་ལ་མི་དགའ་བ་ཁོ་ནས་ཕྲག་དོག་གི་སྐད་ཆ་མངོན་ཡོང་གི་འདུག
གཞུང་གི་ལས་འཛིན་པ་རེ་འགས་བྱེད་སྟངས་དེ་དངོས་གནས་སྐྱུགས་བྲོ་བ་ཞིག་རེད། ཡུལ་ལུང་གང་སར་སློང་མོ་བརྒྱབ་པའི་ལག་ཡོང་ཕྲན་བུ་དེ་དོན་མེད་ངང་ཆུ་ལ་གཡུགས་རྩིས་བྱེད་ཀྱིན་འདུག རྒྱ་ལ་ཁ་གཏད་གཅོག་རྒྱུ་དང་། བོད་ལ་བདེ་སྐྱིད་སྐྲུན་རྒྱུ་ནི། མ་གཉིད་ཉིན་མོའི་རྨི་ལམ་རེད། དེ་ལས་ང་ཚོ་མཉམ་རུབ་ཀྱིས། རང་གི་རིགས་ལ་ཤ་ཚ་ཞིང་། རང་དོན་མཐའ་དག་འདོར་ཕོད་པ། འབངས་ཀྱི་ཁེ་ཕན་མ་གཏོགས་པའི། བཙན་པོའི་ཁ་ངོ་མི་སྲུང་མཁན། རང་ཚུགས་ཅན་གྱི་བུ་རྒོད་ཅིག སྤྱི་བའི་མཐུས་མར་འཇོག་རྒྱུ་མཁྱེན།
བསམ་ཡུལ་ལས་འདས་པ་ཞིག་ལ། བཙན་བྱོལ་གྱི་དམངས་གཙོ་ནི་གང་ཟག་གིས་དབང་བསྒྱུར་འོག་ཏུ་ཡོད་པའི་དམངས་གཙོ་ཞིག་ཡིན་པ་ལས་ཁྲིམས་དང་སྒྲིག་གཞི་ཅན་གྱི་དམངས་གཙོ་ཞིག་མིན་པ་དེ་གསལ་པོ་ཆགས་འདུག
ད་རེས་འགྲོ་སོང་གཏོང་མི་དགོས་ས་ལ་འགྲོ་སོང་གཏོང་རྒྱུའི་འབུམ་ཉི་ཤུ་རྩ་འདི་ཕྱི་རྒྱལ་ན་ཡོད་པའི་མི་གཅིག་གི་ལོ་ག་ཚོད་ལ་སྒྲོ་ལོ་ 100$བརྒྱ་རེ་སྤྲད་ན་ལོ་ག་ཚོད་རྗེས་ནས་འབུམ་༢༡ཆགས་ཀྱི་རེད། ང་རང་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་ཡིན་པས་ཆ་ནས་བཤད་ན་ལོ་གཅིག་ནང་གི་ཉིན་གཅིག་དང་གཉིས་ཀྱི་བཀའ་ལས་རྒྱབ་པས་དངུལ་དེ་རང་རེའི་བཙན་བྱོལ་གཞུང་ལ་ཕུལ་གྱི་ཡོད་པ་རེད། དངུལ་ཕུལ་མཁན་ངོས་ནས་བཀའ་ལས་རྒྱབ་ཕུལ་ན་བེད་སྤྱོད་གཏོང་མཁན་གྱིས་འདི་ལྟར་བེད་སྤྱོད་གཏོང་མི་དགོས་ལ་བཏང་ན་བློ་ཕམ་འདུག། རྗེས་མ་དང་བླང་བྱ་ཁྲེལ་སྤྲད་མི་སྤྲོད་བསམ་བློ་གཏོང་བ་ཞིག་ཆགས་སོང་།
འོ་ལགས་སོ། ཨ་ཚོགས་ཀླུ་མཁར་བྱམས་མདོ་སྨད་སྤྱི་འཐུས་ལ་མ་བསླེབས་བའི་ཆེད་དུ་སྤེན་པ་ཚེ་རིང་དང་ཟམ་གདོང་ཚངས་ནས་གོ་སྒྲིགས་ཐོག་བཙན་བྱོལ་དབུས་བོད་མི་སྒྲིག་འཛུགས་ཀྱི་སྒོར་འབུམ་ཉེར་ཤུ་རྩ་གཅིག་བཏང་དགོས་བྱུང་ན་ཐེ་ཚོམས་རྩ་བ་ནས་མེད་པ་རེད་འདུག། སྤེན་ཙེ་རིང་དང་ཟམ་གདོང་ཚངས་གི་རྒྱུག་ཁྱི་ཤར་ཁུགས་འམ་བློ་བཟང་ཆོས་འབྱོར་མདོ་སྨད་སྤྱི་འཐུས་བསླེབས་ཡ་ཆེད་དུ་བཙན་བྱོལ་བོད་མིའི་བཅས་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར་དྲང་བདེན་ལྷག་བསམ་ཟོལ་མེད་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི། མཆོགས་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་དགོས་གི་ཡོད།།
སྤྱི་འཐུས་སྤེན་པ་ཚེ་རིང་དང་ཟླ་བ་ཚེ་རིང་ཐུབས་བརྟན་ལུགས་རིང་ཟབ་གདོང་ཚངས་གིས་རིང་རིང་རྣམས་ལ་ཞུ་ཀྱི་ཡོད་ན་དེ་དགོངས་འཇག་འཚལོ།།