ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ བོད་ཟླ་ ༡༠ ཚེས་ ༢༥ སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ཟེར་བ་ཞིག་གིས་རང་ལུས་མེ་སྲེག་བྱས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་གྱིས་དེ་ག་རང་དུ་སྐུ་གྲོངས་འདུག དེ་ཡང་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ནི་མདོ་སྨད་ཀླུ་ཆུ་རྫོང་ཁོངས་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་ལ། ད་ལོ་རང་ལོ་ ༢༣ ཡིན་འདུག ཁོང་གིས་མེར་སྲེག་བྱེད་སའི་ས་གནས་ནི་ཡུལ་དེའི་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་ཡིན་ལ། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་བཞི་དང་ཕྱེད་ཀ་ཡས་མས་སྟེང་རེད་འདུག འདས་པོ་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བ་ནས་ཤིས་ཚང་དགོན་པའི་བར་དུ་སྤྱི་ལེ་ ༣༠ ལྷག་ཡོད་ལ། དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོར་ཕྱོགས་ཡོངས་ཀྱི་དད་ལྡན་པ་མང་བོ་ཤིས་ཚང་དགོན་པར་མཆོད་མཇལ་དུ་ཡོང་བའི་སྐབས་དང་བསྟུན་ཏེ་རང་ལུས་མེར་སྲེག་བཏང་བ་ཡིན་འདུག
དཔའ་རྒོད་ལ་གུས་འདུད་ཡོད།
དབའ་རྒོད་འདི་ཚོས་ལོ་རྒྱུས་གླེང་ཞིང་ལོ་རྒྱུས་བཏབ་ནས་ཕེབས་སོང་བ་འདི་ཚོ་གོ་ལ་ཧྲིལ་བོ་ལ་བཞག་པའི་བོད་མི་རིགས་ཞིག་གི་བདེ་སྡུག་གི་འབོད་པ་ཡིན་པ་ཤེས་ནས་འདུག།
དཔའ་བོ་ཡིན་ནམ། དཔའ་བོ་དངོས་ཡིན་ན་རང་གི་དགོན་སྡེ་ནང་ནས་བསྲེགས་པ་ལས་རྒྱ་ནག་གི་སྣུམ་མཛོད་ཆེན་པོ་ཡོད་ས་དང་རྒྱལ་ས་པེ་ཅིན་ནས་བསྲེག་ན་དཔའ་བོ་རེད། འདི་ཚོ་མཐོང་དུས་གྲྭ་བ་ཚོས་བསྲེག་འདུག་གི་ཡོད་པ་འདྲ་ཞིག་མཐོང་གི་འདུག ཤི་བོ་ལ་མ་ནི་བསྔོ་་་་་་་་་་་་་་་་་་་་་་་་
ཨ་ཕྱི་ཆོས་སྒྲོན་ཟེར་བ་དེས་ཁ་རྒྱགས་པ་མ་བཤད་་་་་་་་དཔའ་བོ་དག་འདི་ལྟར་འགྲོ་ཚར་རེད་་ཡིན་ནའང་ཁོང་ཚོའི་རླབས་ཆེན་གྱི་ཕུང་བོ་ལ་བདག་པོ་བྱེད་རྒྱུ་ང་ཚོའི་ལས་འགན་རེད་་་་་་ཁྱེད་དཔའ་བོ་ཡིན་ན་རྒྱ་ནག་པེ་ཅིང་གིམདུན་ནས་བསྲེགས་རོགས་གནོང་། དེ་མིན་ཁ་རྒྱགས་པ་མ་བཤད་་་་་་
འདི་འདྲ་ཞེད་སྣང་ཚ་པོ་འདུག སྐད་འབོད་འདྲ་ཁ་ཆེམས་ཁུངས་བཞག་པ་ཁུངས་དག་པོ་ཨེ་རྙེད་ལྟ་རོགས།
ཨ་ཕྱི་ཆོས་སྒྲོན་ཡིན་ན་འདྲེ་མོ་འདིས་་་་རང་གིས་མེ་སྲེག་ཕར་ཞོག་་་སྐད་འབོད་ཙམ་ཡང་བྱེད་མི་ཐུབ་པར་ཤེས་ཀྱིན་མེད་པ་འདྲ། སྐད་ཆ་འདི་འདྲ་མི་རིགས་མི་གཅིག་པའི་མགོ་སེར་ཚོས་ཀྱང་ལབ་ཕོག་གིན་མ་རེད་་་་ཁྱོས་འཇོན་ན་པེ་ཅིན་དང་་་སྣུམ་མཛོད་ཡོད་སར་སོང་སྟེ་བསྲེག་ན་ཆོག་ནི་རེད་་་དེ་མིན་ཞབས་འདྲེན་གྱི་སྐད་ཆ་བཤད་མ་ཡོང་ལོ་་་་་ངོ་ཚ་ཅུང་དགོས་པ་རེད་དོ།
ད་ཅི་བཤད་དགོས་མི་ཤེས་གི པར་འདི་རིགས་འབྱོར་དུས་ཕྱི་ལ་ཁྱབ་བསྒྲགས་ཡང་བྱེད་དཀའ་བོ་འདུག དེ་ཡང་མི་མང་པོ་ཞིག་གིས་མེ་གསོད་ཐབས་མི་བྱེད་པར་ཟློས་གར་ལ་ལྟ་བ་བཞིན་མཐའ་སྐོར་ནས་བསྡད་ཡོད་པ་དེ་རེད། ང་རང་གི་ངོས་ནས་བལྟས་ན་མེ་སྲེག་ལས་འགུལ་དེ་མགྱོག་པོ་འཚམ་འཇོག་འདུག་ལ་དེ་ལ་རྒྱ་བོད་གཉིས་ནས་མཉམ་འབྲེལ་བྱེད་དགོས་འདུག
༡༽ བོད་ཕྱོགས་ནས་རྒྱལ་བ་རིན་པོ་ཆེས་གཙོ་བྱས་མི་ཆེན་བླ་ཆེན་ཚོས་བོད་ནང་ལ་མེ་བསྲེག་མ་གཏོང་རོགས་ཞེས་རེ་འབོད་དང་
༢༽ རྒྱ་ནག་གིས་བླ་ཆེན་དག་གི་རེ་འབོད་དེ་གསལ་ལམ་ཁག་བརྒྱུད་ཅི་མ་ཅི་བཞིན་ཁྱབ་སྤེལ་བྱེད་པ་དེ་རེད།
བོད་མི་ཚོགས་ས་ནས་མེར་སྲེག་བྱེད་དགོས་བ་དེ། བོད་མི་ཡོད་ཚད་ཀྱི་ཡོད་ཚད་རྒྱལ་རབས་པ་དང་ལོ་རྒྱུས་ཤེས་མཁན་གྱི་ཡིག་ཐོགས་པ་རྐྱང་མིན་པས་ན། བོད་མི་ས་ཡ་དྲུག་ལ་ཤ་ཞེན་ཆེ་ཞིང་མདོ་སྔགས་བསྟན་པར་དད་སེམས་ཆེ་བ། རྒྱལ་ཁབ་ཀྱི་བདག་དབང་རྩོད་པར་སྙིང་སྟོབས་་ཡོད་མཁན་ཁོང་རྣམ་པས། རྒྱ་ནག་གི་ནག་པོའི་སྲིད་ཇུས་འོག་ན་རང་དབང་དང་རང་བཙན་གླེང་ནས་འགྲོ་ས་དང་འདུག་ས་མེད་པ། གོ་རྟོག་སྤེལ་ས་དེ་ལས་ཀྱང་མེད་པར་ལུས་ཡོད་པའི་རྒྱལ་རབས་ཞིག་གི་ལོ་རྒྱུས་འདི། དབའ་བོ་འདི་དག་གིས་སེམས་ཀྱིས་མ་བཟོད་པར་ཡང་བསྐྱར་བོད་མི་ཡོངས་ལ། བོད་དོན་དུ་སྐུ་གཤེགས་མེས་པོ་དེ་ཚོའི་གཞུག་གི་ང་ཚོ་མྱི་རབས་གསར་བ་ཚོ་འདི་ལྟར་མགོ་བོ་སྒུར་ནས་འདུག་ཚུལ་མེད་པ་ལ། མི་རིགས་ཀྱི་དབའ་བོ་དག་གིས་རང་མི་རིགས་ལ་བཅོལ་དམ་བྱེད་པའི་སེམས་ཤུགས་དང་། རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱས་པའི་དབའ་རྟགས་བཞག་ན། ཁྱེད་ཅག་ཁ་བརྡ་ཚང་གི་རྐང་རུལ་བ་དག་ལ་ཅི་ཞིག་གི་ན་ཚ་འདུག་གམ།
རྒྱ་ནག་གི་རྒྱལ་ས་སོགས་རྒྱ་གྲོང་ཆེ་ས་ནས་མེ་སྲེག་གཏོང་མ་ཕོད་པ་དེ་འདྲ་མ་རེད། ད་སྔ་བར་དུ་བཏང་མེད་པའི་ཁ་ཚོད་དེ་ཡང་བཤད་ཁག་པོ་རེད། དེ་ལྟར་གཏང་ན་ཡང་སུ་ཞིག་གི་གནས་ཚུལ་ཕྱི་བསྒྲགས་བྱས་བ་དང་བྱེད་རྒྱུ་ཡིན་ནམ། གངས་རིའི་དབའ་རྒོད་ག་ཚོད་ཅིག་དགྲ་བོ་ཚང་གི་བཙོན་དོང་གི་དམྱལ་ལམ་ན་གྲག་མེད་འགུལ་མེད་དུ་བཅུག་ཡོད་པ་མ་ཤེས་སམ།
བོད་ཀྱི་བླ་ཆེན་དང་དབོན་ཆེན་ཚོ། ཁྱེད་ཚོ་འདྲ་བའི་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་བཤད་མཁན་གྱི་རང་མི་རིགས་ཀྱི་ཤི་གསོན་གཉིས་ལ་ཐལ་རྡུལ་གཏོར་མཁན་དེ་འདྲ་མ་རེད། ཁ་བརྡ་ཚང་གི་སྐྱག་ཕྲུག་ཆ་བོ།
བོད་ཀྱི་འཐབ་རྩོད་འདི་མཚམས་འཇོག་བྱེད་དགོས་ན། ཁྱེད་ཅག་མྱི་ཤུལ་ན་སྐྱེས་པའི་ཁྱི་ཕྲུག་ཚོས་རྒྱ་ནག་དམར་པོའི་གཞུང་ལ་བློ་དཀར་སེམས་དཀར་ཡིན་པའི་མེ་སྲེག་ཐོངས་དང་དེ་ནས་ང་ཚོས་སྐད་ཆ་བཤད་ཆོག། དེ་མིན་ཁྱེད་ཅག་གི་ཁ་ལ་རྡོ་རྗེ་མདུད་པས་མདུད་དགུ་རྒྱོབ།
དབའ་བོ་ཁྱེད་ཅག་གི་རྣམ་ཤེས་ཀྱིས་གསོན་འདྲེ་འདི་ཚོ་མྱིག་གིས་མི་རིག་པའི་སྨོན་ལམ་འདེབས། འ་ཅག་གི་འཐབ་རྩོད་ལས་བོད་རྒྱལ་ཁབ་སླར་གསོ་ཡོང་བར་ཡིད་ཆེ་ཡོད། གངས་ཅན་པའི་དགྲ་ལྷའི་དབུ་འཕང་མཐོ་བར་ཤོག།