གནས་ཚུལ་མཁོ་འདོན་པ། བྱེས་འབྱོར་ཀླུ་ཆུ་བ་ཁག་ཅིག
དེ་རིང་སྟེ་ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༥ བོད་ཟླ་༡ ཚེས་༡༥ དང་ཧོར་ཟླ་༡ ཚེས་༡༦ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་1:30 ཡས་མས་སུ་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་ལོ་༢༧ ཡིན་པའི་མིང་ལ་ཚེ་གཟུངས་སྐྱབས་ཟེར་བ་ཞིག་གིས་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་འདུག
དེ་ཡང་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ནི་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཚེ་རིང་དོན་གྲུབ་དང་། མ་མིང་ལ་རྟ་མགྲིན་འཚོ་ཟེར་གྱི་ཡོད་འདུག ཁོང་གིས་མེར་སྲེག་བྱེད་སའི་ས་གནས་ནི་ཡུལ་དེའི་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་ཡིན་འདུག་ལ། ཁོང་གིས་མེར་སྲེག་སྐབས་ཆོ་འཕྲུལ་སྨོན་ལམ་སྐབས་ལྟ་རྟོག་ཏུ་སླེབས་པའི་ཉེན་རྟོག་པ་ཚོས་མེ་གསོད་གྲབས་བྱས་ཀྱང་། མང་ཚོགས་ཀྱིས་མེ་གསོད་དུ་བཅུག་མེད་པ་རེད།
རྒྱལ་གཅེས་དཔའ་བོ་ཁོང་ནི་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༨ སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་རང་ལུས་མེ་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་དང་སྡེ་བ་གཅིག་ཡིན་པ་མ་ཟད། ཁོང་གཉིས་མ་སྤུན་གྱི་བུ་སྤུན་ཡིན་འདུག ཤིས་ཚང་དགོན་པ་ནས་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བའི་བར་སྤྱི་ལེ་སུམ་ཅུ་ལྷག་ཡོད་ལ། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གླིང་སྐོར་གྱི་ཉིན་མོ་ཡིན་པས་མི་ཚོགས་འདུ་འཛོམས་ཧ་ཅང་ཆེ་བའི་སྐབས་དང་འཁེལ་ཡོད། ད་ལྟ་ཉེན་རྟོག་པ་འབོར་ཆེན་སླེབས་འདུག་ནའང་མི་མང་གིས་ཁོང་གི་སྐུ་ཕུང་ད་ལྟ་རྒྱ་དམག་ལག་ཏུ་ཤོར་བཅུག་མེད་པར་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་པ་རེད།
དེ་རིང་གི་རང་ལུས་མེར་སྲེག་འདི་ནི་ད་སྔ་མདོ་སྨད་ཀླུ་ཆུའི་ཡུལ་དུ་རང་ལུས་མེར་སྲེག་གཏོང་མཁན་ཐེངས་དྲུག་པ་དང་། ཀླུ་ཆུའི་ཤིས་ཚང་ཡུལ་ཁོ་ནར་རང་ལུས་མེར་སྲེག་གཏོང་མཁན་ཐེངས་བཞི་བ་དེ་ཡིན་པ་རེད། དེ་ཡང་ཐེངས་དང་བོ་ནི་ཤིས་ཚང་དཔལ་རྒུར་སྡེ་བ་ནས་ཡིན་པའི་རྟ་མགྲིན་སྐྱབས་དང་། ཐེངས་གཉིས་པ་ནི་ཤིས་ཚང་ཆོས་འཁོར་སྡེ་བ་ནས་ཡིན་པའི་པདྨ་རྡོ་རྗེ། ཐེངས་གསུམ་པ་ནི་ཤིས་ཚང་དཔོན་སྐོར་སྡེ་བ་ནས་ཡིན་པའི་འཇིགས་བྱེད་སྐྱབས་བཅས་ཡིན་པ་རེད།
ངར་རྒོད་བོད་ཀྱི་དཔའ་བོ་ཚོ་དུས་ནམ་ཡང་རྒྱལ་གྱུར་ཅིག
སེམས་པ་སྐྱོ་གདུང་གིས་མནར་བཞིན་སྨོན་ཚིག་འདི་འདོན་རྒྱུ་ལས་བྱེད་ནུས་གང་ཡང་མི་འདུག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོང་བར་མཛོད། །
སེམས་པ་སྐྱོ་གདུང་གིས་མནར་བཞིན་སྨོན་ཚིག་འདི་འདོན་རྒྱུ་ལས་བྱེད་ནུས་གང་ཡང་མི་འདུག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོང་བར་མཛོད། །
བོད་པའི་དོན་དངོས་ཀྱི་དཔའ་བོ་ནམ་ཡང་རྒྱལ་གྱུར་ཅིག་། ཨོཾམ་མཎི་པདྨ་ཧུཾ་།
༄༅།རྒྱུལ་བཅེས་ལྷག་བསམ་གྱི་ཕྱུགས་པའི་བོད་ཀྱི་དཔའ་བོ་ཁོང་དལ་འབྱོར་གྱི་མི་ཡི་ལུས་རྟེན་བཟང་པོ་ཞིག་ཁྲུང་པའི་སྨོན་ལམ་ཞུ་
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོང་བར་མཛོད།
ད་ནི་ཅི་བྱེད་དགོས་མི་ཤེས་པའི་གནས་སུ་བསྐྱལ་སོང་། བཙན་བྱོལ་ནས་དམག་རྒྱག་དགོས་རབས་ཞེས་འུར་བསླངས་པ་དང་ཁ་ཤོམ་འཐེན་རྒྱུ་ལས་མི་འདུག གཞིས་ལུས་སྤུན་ཟླ་ཚོ་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འཚེ་མེད་ཞི་བའི་ངང་ནས་བཞུད་ཀྱིན་འདུག ཨ་ཤི་རེ་ཁོ།
ད་ཅི་བྱེད། ད་འདི་ལྟར་བྱེད།
ལོ་རྒྱུས་ལ་ཐོབ། སེམས་ནང་ལ་ཉོར། སྲིད་ཇུས་ལ་ཁ་ཕྱོགས་ཚོལ། རང་ཕྱོགས་ལ་རྡོག་རྩ་བསྒྲིལ། དགྲ་ཕྱོགས་ལ་འཁོན་སེམས་བཟུང་།
ད་ནས་བཟུང་སྟེ། འདས་བའི་ལོ་ངོ་ལྔ་བཅུ་ང་ཚོ་ལག་སྟོངས་དུ་རྫོགས་བའི་ནོར་འཁྲུལ་ལས་མ་འོངས་མི་ལོ་ལྔ་བཅུ་ལག་སྟོངས་དུ་མི་འདུག་པའི་དམ་བཅའ་འཛིན། རང་རང་སོ་སོའི་ས་ནས་རྒྱུ་ཤུགས་ཤེས་གསུམ་གྱི་ས་བོན་ས་ལ་འདེབས། དགྲ་འདུལ་གཉེན་སྐྱོག་གི་སྤོབས་པ་གསོ། དགྲ་རྒྱ་ཡུལ་དང་བོད་བོད་ཡུལ། དམགས་བརྒྱའི་མདུན་སྣ་ནས་མི་གཅིག་གི་ཆོད་སེམས་ངོམས།
མི་གྲངས་མི་རྩི། སྟོབས་ཤུགས་ལ་མི་སྐྲག། ཉིན་དཀར་གྱི་ལྷ་བྱེད་མི་ཐུབ་ན། ད་ནུབ་མོའི་འདྲེ་བྱེད་པའི་དུས་རེད། རྒྱ་འདི་བ་ཚང་ལ་ད་སྔ་བར་འདྲེ་ལ་མི་སྐྲག་མི་འཇིགས་པའི་མི་ཆེན་ཞིག་སྐྱེས་མྱོངས་མེད།
མ་ཁར་སོ་ཐོབ། གྲོགས་ལ་བློ་ཐོབ། ཤི་ས་ནས་ཀུ་ཐོབ། གསོན་ས་ནས་མཐུ་ཐོབ། དཔའ་བོ་ལྟག་རྒྱབ་སྤྲོད། དེ་རང་མ་ཐོབ་ན། སང་ཉིན་ཨེ་ཐོབ་ལྟ།
ཞུ་བ་ཞུ་ས་ནོར་རེད། འདི་བསྟན་དགྲ་རྒྱ་རེད། ཡིད་ན་ཆོས་མེད། ངོ་ན་བགས་པ་མེད། ཀླད་པར་མྱི་རིན་མེད། རྒྱ་གཤིས་ཁྱི་ལས་སྡུག། མི་ལ་ཁྱི་ལྟར་མཐོང་།
དཔའ་བོ་ལག་སྟོངས་དུ་མི་འགྲོ་བར་ཤོག། རེ་བ་ས་སྟོངས་དུ་མི་རྒྱག་པར་ཤོག། དགྲ་པོ་སྐྱག་ལངས་ལ་མི་གཏོང་བར་ཤོག།
ང་ཡི་གཅེས་པའི་སྤུན་ཟླ་ལགས། ཁྱེད་རང་འདི་འདྲ་སེ་ཕེབས་པ་དེ་ང་ཡི་འདོད་བློ་ཁེངས་མ་སོང་བ་མ་ཟད་་་་་
ད་དུང་ངས་ཁྱེད་ལ་འཁང་ར་བྱེད་ངེས། གང་ཡིན་ཟེར་ན།
རང་ཉིད་གསོན་པོར་སྡོད་ནས་བྱ་བཞག་ག་རེ་ཡིནའང་སྒྲུབ་རྒྱུ་ཡོད་པ་ལས།
ཉིད་ཀྱིས་དེ་ལས་ལྡོག་སྟེ། ཐབས་སྡུག་གི་ལས་ཀ་འདི་འདྲ་བྱེད་པ་རེད། ཁྱེད་ཕྱིན་པའི་རྗེས་སུ་འདི་ལ་འབྲས་བཟང་གང་ཡང་མེད་པ་ཙམ་དུ་མ་ཟད་ད་དུང་་་་་་ཁྱེད་ཀྱི་བརྩེ་བའི་ཕ་མ་དང་སྤུན་མཆེད་མཆིས་སོ་ཅོག་སྡུག་པོ་གནས་ལས་གྱར་པ་དང་ཕྱིས་འབྱུང་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་ཐད་དཀའ་ངལ་བརྗོད་ཀྱིས་མི་ལངས་བ་ཞིག་ཁྱེད་ཀྱིས་བཟོས་ཡོད་པ་རེད།
དེ་ཙམ་དུ་མ་ཟད། ཁྱེད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དགོན་པ་དེ་ཡང་ཉེན་ཁའི་གནས་ལ་སྦྱོར་བ་རེད།
ད་དུང་དེ་སྔར་རང་གི་བརྩེ་བའི་གྲོགས་པོ་དང་གྲོགས་མོ་ཚོ་ཡང་ཕྱིས་སུ་འགྲོ་ཆཧས་ཉལ་འདུག་གང་གིས་ཆགས་ནས་བྱེད་སྟངས་བདེ་པོ་མེད་པ་ཞིག་བཟོས་ཡོད། དེ་མིན་འབྲས་བུ་བཟང་པོ་ནི་ད་བར་གཅིག་ཀྱང་བྱུང་མ་སོང་ལ་མ་འོང་པ་ནངའ་འབྱུང་མི་སྲིད།
དེ་འདྲ་ཡིན་དུས་་་ང་ཡི་རེ་བར་ཕྱིས་སུ་འདི་འདྲའི་རིགས་དེ་རྩ་བ་ནས་མ་འོང་བར་ཤོག།
འགྲོ་ཆགས་་་་་ཞེས་བཅོས་རོགས་གནང་།
དྲ་ཐོག་ནས་སྨོན་ལམ་དང་མ་ཎི་
བཙལ་བྱོལ་ནས་མཆོད་འབུལ་སྨོན་ལམ་དང་མེར་མེ་ཁྲོམ་བསྐོར་རེ
འདི་ལྟར་ཉིན་ཞག་ངང་གིས་བསྐྱལ་དུས