༄༅། །བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་དང་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་གཙོས་ས་རྒྱུན་ཁག་གི་སྙན་ལམ་དུ་ཞུ་གསོལ།
ཆེད་ཞུ།
ད་ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གཉིས་པ་གནས་མཆོག་རྡོ་རྗེ་གདན་དུ་གནང་གཏན་འཁེལ་ཡོད་པ་ཚང་མས་མཁྱེན་ཆུབ་དང་། དེ་བཞིན་བོད་ནས་ཆོས་ཞུ་གང་མང་ཕེབས་འབྱོར་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་བརྒྱུད་སྣེ་འཁྲིད་པ་གང་ལེགས་ཡོད་མུས་ཐོག ཚོགས་པ་རེ་ཟུང་ནས་སྐབས་དེའི་རིང་ཞབས་ཞུ་གང་ཡོང་སྒྲུབ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར་ལགས་ཤིང་། ལྷག་པར་མདོ་སྨད་ཁུལ་ནས་ཕེབས་མཁན་ཚོས་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་དངོས་ཡོད་གནས་ཚུལ་ལ་སོང་། ས་གནས་སོ་སོ་ནས་མི་སྣ་ཆེད་གཏོང་གིས་རོགས་རམ་གང་ཡོང་ངེས་པར་གནང་རྒྱུ་དང་། དུས་དབང་སྐབས་ཨམ་སྐད་གསུང་བསྒྱུར་ལ་འབྲས་སྤུངས་སྒོ་མང་ཀླུ་འབུམ་དགེ་བཤེས་འཇིགས་མེད་བསྟན་འཕེལ་ལགས་གདན་ཞུ་དང་། ཉན་ཆས་ཡང་འདི་ག་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྡེབ་ཚོང་གིས་ཉོས་ཏེ་གྲ་སྒྲིག་ཨང་གསར་ཡོད་ལགས་ན། དེ་དོན་མདོ་སྨད་ཆོས་ཞུ་བ་ཀུན་ལ་མ་གོ་མ་ཐོས་མེེད་པའི་གསལ་བསྒྲགས་ངེས་པར་གནང་རོགས།
དེ་བཞིན་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་༣ ཚེས་༡༡ ( རེས་གཟའ་ཉི་མ་ནས་རེས་གཟའ་མིག་དམར) ་བར་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་འཚོགས་གཏན་འཁེལ་བ་ལགས་ན། ས་གནས་ཁག་ནས་ས་རྒྱུན་གསུམ་རེ་དང་། ས་རྒྱུན་མེད་པའི་ས་གནས་ཁག་ནས་འཐུས་ཚབ་རེ་བཅས་ངེས་པར་ཚོགས་བཅར་གནང་ཐུབ་པའི་གསལ་བསྒྲགས་སུ།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཞོན་མགོན་པོ་དོན་གྲུབ་ཀྱིས།
ཕྱི་ལོ་༢༠༡༡ ལོའི་ཟླ་༡༡ ཚེས་༢༥ ཉིན
བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་དང་ལྡི་ལེ་ས་གནས་རྒྱུན་
ལས་རྣམས་ནས་ལས་འགན་འདི་ལ་ཐུགས་ཁུར་ཆེས་བཞེས་གནང་
རྒྱུ་ཡིད་ཆེས་ཡོད།
ལས་འགན་འདི་ནི་ཁ་ཚ་དགོས་གཏུགས་དང་རླབས་ཆེན་གྱི་ལས་རིམ་
རེད། རྒྱལ་སྲས་ཞི་བ་ལྷའི་ཅི་སྐད་དུ།
ཇི་སྲིད་ནམ་མཁའ་གནས་པ་དང་།།
འགྲོ་བ་དེ་སྲིད་གནས་གྱུར་པའི།།
དེ་སྲིད་བདག་ནི་གནས་གྱུར་ནས།།
འགྲོ་བའི་སྡིག་བསྔལ་བསེལ་བར་ཤོག།
ཞེས་གསུངས་པ་ལྟར་ང་ཚོའི་ཁ་བཤད་ཙམ་མ་གནས་
པར་དོམ་ཐོག་ཏུ་འབད་ཐུབ་པ་དགོས་རྒྱུ་རེ་འབོད་ཞུས།
དགེ་བཤེས་ཁོང་གིས་གསུངས་བསྒྱུར་བ་དག་ཨམ་མདོ་བ་ཚང་མས་གོ་རྒྱུ་མ་རེད། དེ་ན་ལུང་སྡེ་རེ་འམ་ས་ཁུལ་རེ། མ་མཐར་ཡང་ཞིང་ཆེན་རེ་ལ་སྐད་བསྒྱུར་རེ་དགོས་ཚོད་རེད།
ངས་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཞིག་ལ་མདོ་སྨད་པ་ཚོང་པ་ཞིག་གིས་བོད་ནས་གནས་སྐོར་བ་མི་གྲངས་་༢༥་ཁྲིད་འདུག ཁོང་རང་ཚོང་པ་ཆེན་པོ་ཞིག་ཡིན་པ་འདྲ་ཅ་ལག་མང་པོ་འདུག བལ་རྒྱའི་ས་མཚམས་སུ་སླེབས་སྐབས་ཉེན་རྟོགས་པས་བསྔོགས་པའི་སྐབས་སུ་ཁོ་བས་སྐད་བསངས་མཐོ་བོས་ང་ཚོ་མི་རེ་ནས་སྒོར་བརྒྱ་རེ་བསྡུ་དགོས་ཟེར་ནས་རྒྱ་གར་ཉེན་རྟོགས་པར་སྤྲད་སོང་། དོན་དངོས་སུ་ཉེན་རྟོགས་པ་དང་། ཁོ་བ་ངན་པ་མགོ་སྦྲེལ་རེད་འདུག སྔ་ཕྱི་བསྡོམས་མི་རེ་ནས་སྒོར་་༡༠༠༠་ཙམ་འཕྲོག་སོང་། ཇག་པ་ཕྱི་ནང་ངན་ཁ་བསྒྲིལ་བ་ནི་ཐབས་སྐྱོ་བོ་འདྲ་བོ་རེད།
མདོ་སྨད་དབུས་རྒྱུན་གྱི་གསལ་བསྒྲགས་འདི་ལ་བསྟོད་བསྔགས་ཡོད། ཨ་མདོ་བས་༧གོང་ས་མཆོག་གི་གང་གསུངས་ཀྱི་ཡོད་པ་མ་གོ་བ་འདི་ཕལ་ཆེར་ལོ་རྒྱུས་དང་། དེ་ནས་སྐྱོ་གར་འདྲ་ཞིག་ཆགས་གྲབས་ཡོད་དུས། ཁྱེད་ཚོས་དུས་ཐོག་སྨན་གྱི་ལས་གཞི་འདི་འདྲ་སྤེལ་བ་ནི་ལས་ཀྱི་སྣེ་མོ་བའི་བྱེད་སྟངས་ཤིག་རེད། དེ་བཞིན་ད་ནས་སྐད་བསྒྱུར་དགེ་བཤེས་ལགས་ཀྱིས་བཀོལ་དགོས་པའི་འཕྲུལ་ཆས་སོགས་ཀྱི་ཐད། དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་དེ་བཞིན་དྲིལ་བསྒྲགས་སོགས་སུ་ཞིབ་གཏུག་གིས་འཕྲུལ་ཆས་མ་ལག་ཚང་བ་ཡོད་མེད་ཞིབ་འཇུག་དང་། གལ་སྲིད་མེད་ཚེ་ད་ནས་གྲ་སྒྲིག་མ་བྱས་ཚེ་སྐབས་ཐོག་དཀའ་ངལ་འཕྲད་སྲིད་པ་རེད།
དེ་དང་འབྲེལ་ཡོད་ཞིག་ལ། ཆོས་ཞུ་བ་བལ་ཡུལ་དུ་འབྱོར་མཚམས། སྤུན་ཉེ་སྣེ་ལེན་ཞུ་མཁན་མེད་རིགས་ལ་ས་རྒྱུན་ཁག་ནས་དངུལ་བརྗེ་བ་དང་རླངས་འཁོར་གླ་ཆ་ཉོ་ཕྱོགས། དེ་བཞིན་རྒྱ་བལ་ས་མཚམས་བཅས་སུ་དཀའ་ངལ་མང་དག་འཕྲད་སྲིད་པས་དེ་དག་ལའང་གང་མགྱོགས་ལམ་སྟོན་གནང་གལ་ཆེ་བ་འདུག
དེ་བཞིན་ཚོགས་འཆར་ཡོད་པའི་ཚོགས་ཆེན་ཐད་ལའང་ས་གནས་སོ་སོ་ནས་དབུས་རྒྱུན་གསར་འདེམས་ཀྱི་འོས་མི་ས་གནས་མི་མང་གིས་འདེམས་སྒྲུག་གིས་ཁྱེར་ཡོང་ཐུབ་པ་ཡིན་ན། སྔར་ལས་ཚུགས་ཚུད་ཡོང་ངེས་པ་ཞིག་འདུག་པ་སོགས་བསམ་འཆར་ཚུལ་དུ་ཕུལ་བ་ལས། རང་ཉིད་སྒེར་དང་འབྲེལ་བ་ཡོད་མདོག་གིས་ཕུལ་བ་མིན་པ་བཅས།
མི་རེ་ནས་སྒོར་བརྒྱ་རེ་སྔ་མོ་ནས་ས་མཚམས་དེ་ག་དང་བལ་ཡུལ་ཐང་ཀོ་དྲི་ས་ཚིགས་ནས་སྤྲད་དགོས་པ་རེད།
དེ་ཙམ་མ་ཟད་རྒྱ་གར་དང་བལ་ཡུལ་ཉེན་རྟོག་པས་མིའི་བཟོ་ལྟ་ལ་བལྟས་ཏེ་དངུལ་གང་བྱུང་ཡང་ལེན་གྱི་འདུག།ཡིན་ནའང་དེ་ཚོ་ལེན་ཆོག་ཆོག་ཡིན་པ་རེད།
བོད་མི་མང་པོ་ཅིག་ནས་རྒྱ་བལ་ཉེན་རྟོག་པར་ཚིག་ངན་གང་བྱུང་བཤད་ཀི་འདུག་མོད།དོན་དངོས་སུ་ཁྲིམས་འགལ་ངོ་མ་དེ་ང་ཚོ་ཡིན་པ་ཤེས་ན་དགའ།རྒྱ་བལ་གྱི་བོད་མི་སྐྱབས་བཅོལ་པ་ཚོ་ཕར་བཞག་ནས་བོད་ནས་ཕྱི་བསྐྱོད་ལག་ཁྱེར་ཡོད་མཁན་ཚོར་ཀྱང་བལ་ཡུལ་གྱི་ཐོངས་མཆན་མ་གཏོགས་ཡོད་ས་དཀོན།
དེ་འདྲ་སོང་ཙང་ང་ཚོ་ཁྲིམས་འགལ་སྒོ་ནས་རྒྱལ་མཚམས་བརྒལ་གྱི་ཡོད་པས་འཕྲོག་ན་བཅོམ་ན་ཁོ་རང་ཚོའི་དབང་ཆ་རེད།ལར་རྒྱ་གར་དང་བལ་ཡུལ་ལྟ་བུ་རྒྱལ་ཁབ་འཇམ་དྲག་ནས་བོད་མི་ཚོས་མི་༥༠རིང་ཚོང་འགྲུལ་ཁྲིམས་འགལ་སྒོས་རྒྱལ་མཚམས་སུ་བྱེད་བཅུག་པ་རེད་མ་གཏོགས།རྒྱལ་ཁབ་སུ་ཞིག་གིས་ལག་ན་ལག་ཁྱེེར་དང་ཐོངས་མཆན་གང་ཡང་མེད་མཁན་བརྒྱ་ཚོ་མང་པོ་ལོ་རེ་བཞིན་ཕར་འགྲོ་ཚུར་འོང་དང་རྒྱ་ནག་ཅ་ལག་ཚོད་མེད་ཅིག་རྒྱ་གར་འོར་འདྲེན་དང་ཚོང་བསྒྱུར་བཅུག་གི་རེད།
དེ་ཚོ་ཚང་མ་ཁྲིམས་འགལ་ཡིན་པ།དང་པོ་རང་ལ་ནོར་འཁྲུལ་ག་ཚོད་ཡོད་ཧ་གོ་རྒྱུ་གལ་ཆེ་པོ་རེད།
མཛད་རྗེས་དང་ཁག་ལ་ཡི་རངས་བྱུང་། ཕ་ཡུལ་མདོ་སྨད་ཁུལ་ནས་ཕེབས་མཁན་ཚོས་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་དེ་དངོས་གནས་རང་རེད། དེར་སྔོན་མདོ་སྨད་ཚོགས་ཆེན་སྐབས་གྲོས་ཆོད་ཡོད་པ་བཞིན་ས་གནས་སོ་སོ་ནས་མི་སྣ་ཆེད་གཏོང་གིས་རོགས་རམ་གང་ཡོང་ངེས་པར་གནང་རྒྱུ་དང་ཞེས་པ་ལྟར། སྐབས་ཁེལ་གྱི་བལ་ཡུལ་དང་ལྡི་ལིའི་ས་གནས་མདོ་སྨད་རྒྱུན་ལས་རྣམས་ཀྱིས་གང་ཐུབ་གནང་དགོས་རེད།
དེ་མིན་དུས་དབང་སྐབས་ཨམ་སྐད་གསུང་བསྒྱུར་ལ་འབྲས་སྤུངས་སྒོ་མང་ཀླུ་འབུམ་དགེ་བཤེས་འཇིགས་མེད་བསྟན་འཕེལ་ལགས་གདན་ཞུ་བྱ་བཞིན་པ་དང་། གཞན་ཡང་ཉན་ཆས་ཡང་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྡེབ་ཚོང་གིས་ཉོས་ཏེ་གྲ་སྒྲིག་ཨང་གསར་ཡོད་པ་སོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ།
གཞན་དུ་གལ་ཆེན་ཞིག་ལ་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་༣ ཚེས་༡༡ ནས་ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་འཚོགས་གཏན་འཁེལ་བ་དེ་ཡག་པོ་ཞེ་དྲག་རེད། དེ་ལ་གོང་དུ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བཀའ་གསུངས་བཞིན་ཁོ་བོས་ཀྱང་དེ་བཞིན་བསམ་བཞིན་ཡོད། ད་ལོའི་ཚོགས་ཆེན་སྐབས་སུ་མདོ་སྨད་དབུས་རྒྱུན་བརྗེ་སྤོར་གསར་འདེམས་བྱེད་དགོས་པ་ལྟར། མདོ་སྨད་དབུས་རྒྱུན་དེ་མདོ་སྨད་མི་མང་ཡོངས་ནས་མང་གཙོ་རང་བཞིན་གྱི་ལམ་ལུགས་ལག་བསྟར་བྱས་ཏེ། ས་གནས་ཁག་སོ་སོ་ནས་འོས་འདེམས་བྱས་ཏེ་བསྣམ་ཕེབས་ན་དགེ་མཚན་དང་འགྲོ་ལུགས་ལྡན་པ་ཞིག་ཏུ་མཐོང་བས་དེ་ལུགས་ཅིས་ཀྱང་དགོངས་བཞེས་གནང་བའི་རེ་སྐུལ་ཞུ།
ད་རུང་དགོས་གལ་ཆེ་བ་ཞིག་ལ་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་ཁག་ཀྱང་གཏན་འབེབ་གནང་ཟིན་པ་ཡིན་ན་མདོ་སྨད་དྲ་བ་དང་མདོ་སྨད་ས་གནས་ཁག་ཏུ་སྔ་ས་ནས་བསྒྲག་འབུལ་ཞུས་ན་ཡག་པོ་འདུག
ཐུགས་རྗེ་ཆེ།
ཤར་ཁུག་གམ་བློ་ཆོས་ཁྱོད་ཀྱིས་བོད་མིའི་བདེ་སྡུག་ནམ་ཡང་ཐེག་གིན་མ་རེད། དེ་ལས་རང་ཉིད་ལྟོ་རྒྱབ་དྲོ་ན་དེ་དགའ།
ས་གནས་ཁག་ལ་འབོད་སྐུལ་འདྲ་གནང་བ་ཙམ་གྱི་རྒྱུན་ལས་ཚོ་ལྷོད་ལྷོད་ཡིན་ས་རེད། ས་གནས་དེ་གཉིས་ན་བོད་ནས་ཕེབས་མཁན་ཚོར་དཀའ་ལས་མང་པོ་མྱང་གི་འདུག ལམ་སྟོན་བྱེད་མཁན་མེད་ནས་སྡུག་རིག་གི་ཡོད་ནོ་ཁ་ཐོག་མྱིག་ཐོག་རེད། ད་འབོད་སྐུལ་འདྲ་གནང་བ་ལས་དབུས་རྒྱུན་རང་ནས་འགན་ཞིག་འཁྱེར་ནས་གོ་སྒྲིག་དང་ལག་བསྟར་ཞིག་ཡོད་པ་ཡིན་ན། བོད་ནས་ཆོས་ཞུ་བར་སླེབས་པ་འདི་ཚོའི་དཀའ་ངལ་སེལ་བར་ཕན་གི་རེད། གསལ་བསྒྲགས་དང་འབོད་སྐུལ་འདིས་དེ་ཙམ་ཕན་མདོག་ཁ་པོ་མ་རེད། གསལ་བསྒྲགས་དང་འབོད་སྐུལ་འདི་ནི། མང་ཚོགས་ཁྲོད་ནས་མདོ་སྨད་དབུས་རྒྱུན་ལས་ཚོར་ངན་བཤད་འགོག་ཆེད་ཁོ་ན་རེད། གནང་སྟངས་འདི་ཡག་པོ་མ་རེད། སྐད་སྒྱུར་གྲ་སྒྲིག་བྱས་ཡོད་པ་བཟང་གི། ཉས་ཆས་གྲ་སྒྲིག་ཡོད་ན་དེ་ཡང་བཟང་ཐོག་ལ་རྒྱན་རེད། ཡིན་ན་ར། བོད་ནས་ཕེབས་མཁན་ཚོར་གནས་སྐོར་ཆ་ཚང་གི་ལམ་སྟོན་སྣེ་ཁྲིད་མི་ཐུབ་ནའང་། དགོས་ངོ་མ་དེ་བལ་ཡུལ་རྒྱལ་ས་དང་། བལ་བོ་དང་རྒྱ་གར་ས་མཚམས་བརྒལ་ས། རྒྱལ་ས་རྡི་ལི་དང་རྡོར་གདན་བཅས་ཀྱི་འགྲུལ་བཞུད་ས་ཚིགས་སོགས་ནས་རོགས་པ་མཁོ་བ་རེད་རེད། མདོ་སྨད་རྒྱུན་ལས་ཀྱིས་འབོད་སྐུལ་གྱི་ལན་ལ། གསལ་བསྒྲགས་ཤིག་སྤེལ་སླེབས་པ་ཡག་པོ་རེད། རེད་དེ། དཀའ་ངལ་སེལ་ཐབས་ལ་འདི་ཙམ་གྱིས་ཕན་ནི་མ་རེད། བྱ་བཙོག་གི ད་རེས་ད། དབུས་རྒྱུན་ལས་ཁང་གིས་སྣེ་ཁྲིད་ཅིག་གནང་རྒྱུ་གལ་ཆེ་བ་རེད། བོད་ཕྱི་ནང་གི་བོད་མི་སུས་བལྟས་ནའང་། དེ་གལ་ཆེ་ནིའི་མི་ཚད། ཕྱི་ལ་ངོམ་རྒྱུ་དང་ནང་ལ་སྟོན་རྒྱུ་གཉིས་ཀ་ཡིན་ནི་རེད། དབུས་རྒྱུན་ལས་ཁང་དང་རྒྱུན་ལས་ཚོས་ད་རེས་ཅིག་བྱེད་ཀི་རེད་བསམ་པའི་ཡིད་ཆེས་ཆེན་པོ་བྱས་པ་ཡིན། ད་འདི་འདྲ་ཡིན་ན། ཡིད་ཆེས་འདི་ཡང་སྟོང་བའི་ཡིད་ཆེས་ཞིག་ཆགས་སོང་།
སྐབས་སྔོན་མའི་མདོ་སྨད་རྒྱུན་ལས་ཚོ་ལས་ད་ཐེངས་ཀི་རྒྱུན་ལས་ཚོ་ཅུང་ཙམ་ཡག་གི ཁ་ཡོད་ལག་ཡོད་ཀྱི་ལས་དོན་མང་པོ་སྒྲུབས་ཡོད་པར་རྗེས་སུ་ཡི་རངས་ཡོད། ད་ཐེངས་འདི་ནས་འབོད་སྐུལ་ཙམ་མིན་པར་དངོས་སུ་རོགས་ཕན་གནང་རྒྱུ་ཡིད་ཆེས་ཡོད།
ཏག་ཏག་རེད། དགེ་བཤེས་བསྟན་འཕེལ་ཁོང་མོན་གྷོ་ཊིའི་མདོ་སྨད་ས་རྒྱུན་གྱི་ལས་ཁུར་བྱས་མྱོང་བ་དང་ལས་རིགས་མང་པོ་ཐོག་ལ་ཞུགས་མྱོང་བའི་ཉམས་མྱོང་ཡོད་པར་མ་ཟད། སྲོང་བཙན་དཔེ་མཛོད་བཀའ་བརྒྱུད་དགོན་དང་བཙུན་དགོན་སོགས་སུ་དཔེ་ཁྲིད་རྒན་བྱས་མྱོང་བ་དང་སྐད་ཡིག་རིག་གནས་ལ་མཁྱེན་རྒྱ་ཟབ་པ། སྨྲ་སྒོ་ཡངས་ཤིང་སྨྲ་ལྕེ་བདེ་བ་སོགས་སྐབས་བསྟུན་གསུང་བསྒྱུར་ཡག་པོ་ཞིག་ཡོང་རྒྱུར་གདོན་མི་ཟ། མདོ་སྨད་དབུས་རྒྱུན་ལས་རྣམ་པའི་ལས་འཆར་དེ་ལ་བསྔགས་བརྗོད་ཞུ་འོས།
ཀ་དག་ཆོས་དབྱིངས་སྙིང་རྗེའི་ཡུལ།། ཕྱོགས་ཞེན་ནག་པོས་གཅིག་ལ་ཕྱོགས།།
མདོ་སྨད་དབུས་རྒྱུན་རྣམས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བཞིན་མཆིས།།
མདོ’སྨད’རྒྱུན’ལས’ནས’བོད’ནས’གསར’དུ’འབྱོར’བའི’ཆོས’ཞུ’བ’རྣམས’ལ’
གསུངས’བསྒྱུར’གྲ’སྒྲིག’དང’ཐུགས’ཁུར’གནང’བ’རྗེས’སུ’ཡི’རང’ཡོད།
དགེ’བཤེས’བསྟན’འཕེལ’གྱི’གསུང’བསྒྱུར’མདོ’སྨད’ཡོངས’ཀྱིས’མི’གོ’བ’ལ’
སེམས’ཁུར’བྱེད’མི’དགོས’བསམ’གྱིན’འདུག གང’ཡིན’ཟེར’ན’དགེ’བཤེས’ཁོང’གི’གསུང’སྐད’མཚོ’སྔོན’རླུང’འཕྲིན’གིྱ’སྐད’རང’རེད།
བོད’ནས’གསར’དུ’འབྱོར’བ’རྣམས’ལ’དཀའ’ངལ’ཅི’ཞིག’འཕྲད’ཚེ’
རོགས’རན’དང’བག’ཆགས’བཟང’བོ’ཞིག’འཇོག’རྒྱུ’གལ’ཆེའོ།
ཧཧཧ། མདོ་སྨད་དྲ་རྒྱའི་ནང་དུ་མེད་པ་ཁྱད་མཚར་རེད། དེར་ངེས་པར་དུ་འགོད་རོགས་རྒྱུན་ལས་ཚོ། རེ་བ་ཡིན།
ད་ཐེངས་ཀྱི་མདོ་སྨད་ཚང་གི་ལས་འཆར་ལ་རྒྱབ་སྐྱོར་དང་དགའ་བསུ་ཡོད་མོད། ཁྱབ་བསྒྲགས་བྱེད་སྟངས་ཐད་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གཅིག་མདོ་སྨད་དབུས་རྒྱུན་ལ་དངུལ་ག་ཚོད་ཅིག་ཡོད་པ་ཁོ་བོའི་སེམས་སུ་གསལ་བོ་ཡིན་པས། གསལ་བསྒྲགས་ཤིག་སྤེལ་བྱེད་ཀྱི་དངུལ་ཕྲན་ཙམ་གཏོང་རྒྱུ་ཡོད་ངེས་ཡིན།
གཉིས་མདོ་སྨད་དབུས་རྒྱུན་ལ་ལས་ཤོག་དང་ཐམ་ག་སོགས་ཡོད་བཞིན་དུ་འདི་ལྟར་མགོ་གཞུག་མེད་པར་མི་སྒེར་ཞིག་གི་ཟིན་བྲིས་སུ་འབྲོག་པ་ཞིག་གིས་འཕྲིན་བསྐུར་བསྐུར་བྱེད་དོན་ཅིག
གཅིག་ཚོགས་གཙོ་ཡོད་བཞིན་དུ་ཚོགས་གཞོན་གྱིས་མིང་བེད་སྤྱོད་བཏང་བ་སྒེར་གཅོད་ཀྱི་ལས་ཀ་རེད་ལ། ད་དུང་མདོ་སྨད་རྒྱུན་ལས་ཁང་གིས་ལབ་ན་ཅི་མི་ཆོག རང་མིང་བཙན་གྱིས་སྦྱོར་དགོས་པ་ཅི་བྱུང་སོང་། མ་གཞི་འདི་ནི་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་ཟིན་བྲིས་སུ་སྤེལ་འདུག་པ་དེ་རང་རེད། མདོ་སྨད་ལ་མཐོང་ཆུང་དང་ཁྱད་གསོད་རང་རེད། གསལ་བསྒྲགས་ཙམ་གྱི་དངུལ་མདོ་སྨད་ལ་ཡོད་ལ། ལས་ཤོག་དང་ལས་ཐམ་ཡོད་པ་གསལ་བོ་ཡིན།
གཞན། ད་སྔ་ཡན་སྦེལ་ཀོབ་དང་མོན་གྷོ་འདོད་རྒུ་གླིང་སོགས་ཀྱིས་ལས་དོན་གང་ཐུབ་ཐུབ་དང་ཡག་ཡག་བྱས་ཡོད་མོད། ལྡི་ལི་དང་བལ་ཡུལ་མ་གཏོགས་མིག་ལམ་དུ་མི་འཆར་དོན་ཅི།
མདོ་སྨད་ཚོགས་ཆེན་གྱི་གསལ་བརྡ་ནི་ལས་ཤོག་དང་ཐམ་ག་ཡོད་པའི་སྒོ་ནས་ས་གནས་ཁག་ཏུ་མ་གོ་མ་ཐོས་མེད་པ་བཟོ་རྒྱུ་ལས། རྒྱུན་ལས་ཤིག་གིས་སྒེར་གཅོད་བྱས་ན་གཏན་ནས་མི་འོས་ལ། སྐད་ཆ་གང་མང་ཞིག་ཡོད་ཀྱང་ལས་བྲེལ་གྱིས་དེ་རིང་དེ་ཙམ་བྱོས།
མདོ་སྨད་དབུས་རྒྱུན་ནས་གསལ་བསྒྲགས་གནང་བ་ཡག་པོ་རེད། ཡིན་ན་ཡང་གསལ་བསྒྲགས་གནང་སྟངས་ཀྱི་ཐད་ནས་ངོ་མ་ངོ་ཚ་དགོས་པ་འདྲ་ཞིག་འདུག གང་ཡིན་ཟེར་ན་གཅིག་ནས་ལས་རྟགས་མེད་པ་དང་། གཉིས་ནས་ལས་ཐམ་མེད་པ། གསུམ་ནས་ཚོགས་མི་བྱེ་བྲག་པ་མགོན་པོ་དོན་འགྲུབ་ཟེར་བས་རང་གིས་མིང་བྲིས་འདུག་པ་སོགས་ནི་ནོར་འཁྲུལ་ཚབས་ཆེན་རེད།
དབུས་རྒྱུན་གྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་རྣམས་ནས་འདི་འདྲའི་སྐོར་ལ་འགན་འཁུར་དགོས་རེད། འདི་ཙམ་གྱི་འགྲོ་ལུགས་འགྲོ་སྟངས་མ་ཤེས་ན་ཤེས་མདོག་གིས་ཕྱག་ལས་མཛད་པ་ནི་ཡག་པོ་མ་རེད།
གཞན་གོང་གསལ་དྲ་རོགས་ཨ་རིག་དགེ་མཐོང་དང་ཁྲི་གཡུང་དྲུང་། ཤར་ཁུག་རྟ་བཅས་ཀྱིས་དབུས་རྒྱུན་གསར་འདེམས་ཀྱི་ས་བོན་སྐོར་ལ་དགོངས་འཆར་དང་ཐུགས་འཁུར་གནང་བ་དེ་ལ་ཕྲན་གྱིས་ཀྱང་རྒྱབ་སྐྱོར་བྱ་ངེས།
ཕྲན་རང་ཉིད་ཡང་མདོ་སྨད་ཚོགས་ཆེན་ཐེངས་རེ་ཟུང་ལ་བཅར་མྱོང་མོད། དབུས་རྒྱུན་འདེམས་སྟངས་དེ་རྩ་ནས་བློ་ལ་འབེབ་པོ་བྱུང་མེད། འདིའི་ཐད་ལ་ད་ལན་དབུས་རྒྱུན་ལས་ཐོགས་པ་རྣམས་ཀྱིས་དགོངས་བཞེས་ནན་དུ་གནང་རྒྱུ་ནི་རེ་བ་ཤིན་ཏུ་ཆེ།
ད་དུང་བོད་ཡིག་གི་ཚགས་ཤོག་ཁག་དང་བོད་སྐད་རླུང་འཕྲིན་ཁང་ནས་ཀྱང་རྒྱང་བསྲིང་གནང་ཐུབ་ན་ཕན་ཐོགས་ཆེའོ།