གནས་ཚུལ་མཁོ་འདོན་པཿ ཨ་བཙན་པོ།
དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་ཉེ་ཆར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་ནང་རྒྱུགས་འབྲས་ཨང་དང་པོ་ཐོབ་མཁན་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་ལ་གཟེངས་བསྟོད་རྟིང་སྐུལ་གྱི་རྟགས་མ་ཞིག་འབུལ་ལམ་ཞུས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་མོ་ལ་བསྔགས་བརྗོད་དང་འཚམས་འདྲི་ཞུས་ཡོད་པ་མ་ཟད། གོ་སྐབས་དེ་བརྒྱུད་ནས་ཁ་སང་ཨོ་རྩལ་རྩེད་འགྲན་ནང་ཟངས་ཀྱི་རྟགས་མ་ཐོབ་མཁན་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་ཡང་འཚམས་འདྲི་དང་བསྔགས་བརྗོད་གནང་ཡོད་པ་རེད།
སྐྱ་ཆད་སྔོ་སྡུག་གི་འཚོ་བའི་ཁྲོད་ནས། ཕ་མའི་རེ་བ་ཆུད་ཟོས་མ་བཏང་། དཔེ་མི་སྲིད་པའི་ཡག་པོ་རེད། བུ་མོ་ཆོས་དབྱངས་སྐྱིད་དང་བུ་མོ་བསྟན་འཛིན་དཔལ་སྒྲོན་གཉིས་རྒྱལ་ལོ། །བོད་རྒྱལ་ལོ། མདོ་སྨད་པ་རྒྱལ་ལོ། མཚོ་སྔོན་རྒྱལ་ལོ།
བུ་མོ་དེ་ཚོ་ནམ་ལངས་ཡང་བུ་དེ་ཚོ་ད་དུང་གཉིད་ཁུག་འདུག གཉིད་མ་ཁུག་པ་ཁག་ཅིག་ད་ལྟ་ཐ་མག་ནག་པོ་འཐུང་ཚར་མི་འདུག འཐུང་ཚར་ནའང་ཡང་བསྐྱར་མཚན་ཚོགས་ལ་འགྲོ་དགོས་པས་ཁོམ་པ་མེད། བུ་མོ་དེ་ཚོ་ལ་ལས་འགན་ལྗིད་པོ་དེ་འདྲ་ཐམ་པ་ལྟ་ག་ལ་ཡོད། པད་ཤད་སྟོར་ཡག་གི་ལས་ཀ་ལས་གལ་ཆེ་བ་ཞིག་ཀྱང་མེད་ལྟ་ག་ལ་ཡོད།
དགའ་པོ་བྱུང་། མཐེ་བོང་སྒྲེང་། ༼སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་མོ་ལ་བསྔགས་བརྗོད་དང་འཚམས་འདྲི་༼ཞུས་༽ཡོད་པ་མ་ཟད༽ ཞུས་ཟེར་བའི་ཚབ་ལ་གནང་བྲིས་ན་གོ་རིམ་ཏག་ཏག་རེད་དྲན། ཡིན་ནའང་དེང་དུས་ཀྱི་འགྲོ་སྟངས་གསར་པ་འདྲ་ཡིན་ན་གང་ཤེས།༠
བུ་མོ་འདིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པ་ནས་བོད་སློབ་ནས་ཨང་དང་པོ་རེད་དམ། སྤྱི་ཡོངས་ནས་རེད། བོད་སློབ་ནང་ནས་ཡིན་ནའང་དགའ་བསུ་ལས་འོས་ཅི་ཡོད། གལ་ཏེ་རྒྱ་གར་འཛིན་རིམ་བཅུ་པ་སྤྱི་ཡོངས་ནས་ཡིན་ན་ཆོས་དབྱིངས་སྐྱིད་ཀྱིས་ཨོ་ལོམ་པིག་ནས་ལིའི་རྟགས་མ་ཐོབ་པ་དེ་ལས་འདི་ཆོད་ཆེ་གི་རེད། སྙིང་དབུས་ནས་ཡི་རངས་དང་བསྔགས་བརྗོད་ཡོད། ཡང་མ་བསམ་ས་ནས་ཕྲག་དོགས་ཀྱང་ཏོག་ཙམ་ལང་གི ཧ་ཧ་ཧ་
བོད་རྒྱལ་ལོ་་་་མདོ་སྨད་ཆོལ་ཁ་རྒྱལ་ལོ།
མེ་དཀར་ཁྱོད་ཀྱི་མིང་རྫུ་བྱེད་མཁན་ཞིག་དྲྭ་ལམ་ལ་སླེབ་འདུག་ད།
བསྟན་འཛིན་དཔལ་སྒྲོན་དང་བུ་མོ་ཆོས་དབྱངས་གཉིས་ཀྱིས་རང་གི་མདུན་ལམ་དང་། ཕ་མའི་རེ་བ། མི་རིགས་ཀྱི་མ་འོངས་པའི་ཆེད་དུ་དེང་གི་གཞོན་རབས་རྣམས་ལ་མིག་དཔེ་བླ་ན་མེད་པ་བཞག་སོང་བས་ང་ཚོས་ཁོང་གཉིས་ལ་བསྔགས་བརྗོད་དང་ཡི་རངས་ལོས་ཞུ།
བསྟན་འཛིན་དཔལ་སྒྲོན་རྒྱ་གར་ཡུལ་ན་གྲགས། །
བུ་མོ་ཆོས་དབྱངས་རྒྱ་ནག་ཡུལ་ན་གྲགས། །
ཨ་མའི་བུ་མོར་སྙིང་རུས་ལྡན་གྱུར་ན། །
ཤེས་རབ་ནོར་ལ་རིན་གོང་འདྲ་འདྲ་ཉིད། །
མེད་མེད། ང་རང་ཡིན། ཁྱོད་ཀྱིས་འདོད་པ་ལྟར་སྐད་ཆ་དེ་ཕྱིར་འཐེན་བྱས་ཡོད།
ད་རིང་འདིར་ངས་ཀྱང་མཆན་ཞིག་བཏབ་བསམ་ཡང་། དྲ་གྲོགས་ཁ་ཤས་ཀྱིས་ཨ་མདོ་བག་ལེབ་སྐམ་ཚར་འདུག་ཟེར། ཁ་ཤས་ཨ་མདོ་བག་ལེབ་རྙིང་ཚར་འདུག་ཟེར། ཡང་ཁ་ཤས་ཀྱིས་ཨ་མདོ་བག་ལེབ་རུལ་ཚར་འདུག་ཟེར་གི་འདུག དེས་ན་ངས་ཉི་མ་དེ་རིང་ནས་མཆན་བཏབ་མཚམས་བཞག་གི་ཡིན། དྲ་གྲོགས་ཚང་མ་བདེ་བར་བཞུགས་ཤིག།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།
བོད་རྒྱལ་ཚོང་བ་སོང་ལ་བྱ་དགའ་རེག་འདུག་ག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཨེ། ཧ ཧ ངོ་ཚ་མེད་པའི་ལས་ཀ་རེད།
ཁ་བརྡ་དྲ་བས་ཨ་མདོ་བག་ལེབ་ཟ་མ་ཐུབ་ན་ཁ་ག་འདྲ་ཟེས་གསོ་འམ། བག་ལེབ་བག་ལེབ་ཀྱི་འདུ་ཤེས་མེད་ན་དྲ་གྲོགས་བག་ལེབ་བདེ་བར་བཞུད་ཤོག
དེ་མིན་པའི།
བུ་མོ་དེ་ལ་ཨ་མདོ་བ་གཅིག་པོས་གཟེངས་བསྟོད་ཀྱི་རྟགས་མ་སྤྲོད་དགོས་བའི་རྒྱུ་མཚན་ཅི་རེད། བུ་མོ་འདི་ཚོ་ཚང་མ་བོད་སྤྱི་བར་ཕན་ན། སྐབས་འཚོལ་བ་ཁ་ཤས་ཡིས་གོ་སྐབས་བཟུང་བ་མ་ཡིན་པར་མཁྱེན་མཁྱེན།
བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་པའི་ནང་ཨང་དང་པོ་ཐོབ་པ་ལ་བཀྲིས་བདེ་ལེགས་ཚད་མེད་ཡོད་་ཧཧཧཧཧཧཧ་་་་་འོན་ཀྱང་མོ་ཨ་མདོ་སྔོན་ལ་བོད་མི་ཞིག་ཡིན་པ་སེམས་ནས་ནམ་ཡང་མ་བརྗེད་ཨ་་་་་ཁ་སྔོན་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨོ་རྩལ་འགྲན་བསྡུར་ནང་ཨང་གསུམ་པ་ཐོབ་དུས་ཡང་ཨ་མདོ་མགོ་མཁྲེགས་འགའ་ཡིས་མོ་ཨ་མདོའི་གཟི་བརྗིད་ཡིན་རབས་དང་སྡུག་རུས་ཅན་གྱི་ཨ་མདོ་བ་ཞེས་ཆོལ་ཁ་དབྱེ་འབྱེད་ཀྱི་སྐད་ཆ་ལུང་པ་གང་བཤད་སོང། ཡང་དེ་རིང་ཨ་མདོ་མགོ་སྟོང་ཀླད་མེད་འདི་ཚོས་བུ་མོ་དེ་མདོ་སྨད་ཡིན་རབས་བཤད་ཀྱིས། མ་གཞི་ནས་བོད་སློབ་ཡིག་རྒྱུགས་ནང་ཨང་དང་པོ་ཐོབ་པ་ལ་ཧ་ལས་རྒྱུ་ཅི་ཡོད། ཨ་ཁཁཁཁཁ་་་སྤྱི་འཐུས་ཚོགས་གཙོ་ཁོ་ཡང་ཆོལ་ཁའི་ཆང་གིས་བཟིས་ཡོད་ས་རེད་་་་་
ཁ་བརྡ་ཚང་ལགས་་་་་་ངའི་མཆན་མི་མངོན་པར་བྱས་དགོས་དོན་གང་ཡིན་ནམ་་་་་་མཆན་འདེབས་པ་གནམ་ལགས་ཀྱིས་གསུངས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཆོལ་ཁ་དབྱེ་འབྱེད་ཀྱི་རྒྱལ་པོ་ཨ་མདོ་བ་རྒྱལ་རྒྱུར་ཅིག། ད་ཁ་བརྡ་ཚང་དགའ་ཡོད་ཤག།ཧཧཧཧཧ
ལོ་རྟག་པར་འཛིན་རིམ་བཅུ་པ་དང་བཅུ་གཉིས་ནང་ནས་བོད་རིགས་ཨང་རིམ་དང་པོ་སླེབས་མཁན་རེ་ཐོན་གྱི་ཡོད། ཡིན་ན་ཡང་། ད་ལོ་ཁོ་ན་ལ་མདོ་སྨད་རྒྱུན་ལས་ཀྱིས་གཟེངས་བསྟོད་ཕུལ་བ་འདིས་ཅི་སྟོན་བཞིན་ཡོད་དམ། འོ་ན་ལོ་སྔོན་མ་ལ་ཐོབ་མཁན་དག་ནི་མདོ་སྨད་མིན་པ་ཤ་སྟག་ཏུ་བསྟན་པ་རེད་དམ། བྱ་གཞག་མི་འཚམས་ཀི །
ང་ཚོ་མདོ་སྨད་བུ་མོ་གཉིས་ལ་དུས་གཅིག་ཏུ་དཔའ་དར་ཐོབ་ཡོད་ཀི་ཟེར་ཁི་འདུག ངོ་མ་ཨ་མདོ་ནི་ཨ་མདོ། ད་དུང་ཨུའུ་ཚོས་མི། མེར་བསྲེག་བཏང་ནི་མང་ཁི་ཨི་བདེན་མི་བདེན། བོད་པ་ཚང་གི་བདེ་རྩར་རེད་ཟེར་ཁི་ཡོད་ཀི་ཨུ་འོ།
མེ་དཀར་ངོ་མ་དང་རྫུས་མ་གཉིས་པོ་སུ་དེ་གང་ཡིན་ཧ་གོ་ས་མ་རེད།། ངོ་མ་དེ་ཁྱེད་རང་ཡིན་ན་འདོད་བསྟན་འབྲི་རྒྱུ་ཡོད་ལམ་ཡིན་པ་དེ་བྲིས་ནས་དྲྭ་ལམ་ལ་བཏང་དང་དེ་ནས་ཧ་གོ་ས་རེད།།
མདོ་སྨད་ཚང་གི་གཟེངས་བསྟོད་དེ་བོད་མི་དཔེ་བཟང་ཅན་ཡོང་ནས་འདམ་སྒྲུག་གནང་ན་བཟང་གི དེ་མིན་ཨ་མདོ་བ་གཅིག་པོར་སྤྲད་ན་ཁྱབ་རྒྱ་ཆུང་དྲག་འདུག
ཁོ་རེ་བོད་པ་བདེ་རྩར་ཡིན་མིན་ཅི་མི་ཤེས་ཏེ་དགོན་པ་ག་གེ་མོ་བདེན་རྩར་ངོ་མ་རེད་འདུག། རེད་རེད་ཨ་མདོ་ནི་ཨ་མདོ་་་་ལྐུགས་རྟགས་ནི་ལྐུགས་རྟགས་་ཧཧཧཧཧ་་་མགོ་སྟོང་ཀླད་མེད་ཟེར་ན་ཨ་མདོ་ཚོ་ལ་ཟེར་ནི་རེད་ཡ་།་་་་་མེར་བསྲེགས་ཨ་མདོ་ཀླད་མེད་ཚོས་མང་བ་བཏང་བ་བདེན་ནི་རེད་་་ཧཧཧཧབོད་ལྗོངས་ཡོངས་རྫོགས་རིག་གནས་གསར་བརྗེ་བསྐྱར་སླེབས་འདྲ་བཟོས་མཁན་ལྟེ་བ་མེར་བསྲེགས་ཨ་མདོ་བ་ཚོ་ནི་རེད།་་་ཧཧཧཧཧཧཧ་་ངོ་མ་བོད་ཀྱི་བདེ་རྩར་ཐུག་ཡོད་ན་མེར་བསྲེགས་ནམ་ཡང་བྱེད་མི་སྲིད་་་་་
ཁ་སང་དེ་རིང་གི་གནས་ཚུལ་ལ་བལྟས་ན་ང་ཚོའི་མི་རིགས་འདིས་ཤུགས་རྒྱག་དགོས་པའི་དུས་ཚོད་ལ་ཐོན་ཡོད།
གཅིག ཆབ་སྲིད་ལ་ཤུགས་རྒྱག་དགོས་གི་རེད། རང་སྲོག་ཡན་ཆད་གཏོང་དགོས་པའི་དུས་ལ་བབ་ཡོད།
གཉིས། ཤེས་ཡོན་ལ་ཤུགས་རྒྱག་དགོས་གི་རེད། གཞི་རིམ་ནས་མཐོ་རིམ་དང་། མཐོ་རིམ་ནས་རྩེ་ཕུད་ལ་བློ་གཏད་དགོས་གི་རེད།
གསུམ། རྩེད་རིགས་ལུས་རྩལ་ལ་ཤུགས་རྒྱག་དགོས་གི་རེད། མི་རིགས་ནས་རྒྱལ་ཁབ་དང་། རྒྱལ་ཁབ་ནས་རྒྱལ་སྤྱི་ལ་ཁ་ཕྱོགས་དགོས་གི་རེད།
དོན་དག་འདི་གསུམ་པོའི་ཆེད་སློབ་གསོ་དང་འཆར་གཞི་འདང་དགོས་གི་རེད། ད་དུང་སྐུལ་ལྩགས་དང་ལམ་སྟོན་གཙོ་བོ་ཡིན། འགན་དེ་སྐབས་བབ་ཀྱི་འགོ་ཁྲིད་དང་རྒན་རབས་པ་ཚོར་རགནད་ཆེན་པོའི་ལུས་ཡོད། ན་ཆུང་གཞོན་ནུ་རྣམས་ལ་གང་ལ་གང་འཚམ་གིས་ངར་ཤུགས་བསྐྱེད་པའི་ཐབས་ལམ་ཡོད་རྒུ་རྩལ་སྤྲུགས་གནང་དགོས། ཁོང་ཚོའི་ཆེད་དུ་མེད་ན་མ་གཏོགས་གང་ཡོད་པ་དེ་བྱེད་དགོས་གི་རེད།
རྒན་རབས་པས་གསོ་སྐྱོང་ལ་འཐུས་ཤོར་མེད་པ་ཡིན་ན་ང་ཚོའི་མི་རིགས་ཀྱི་གཞོན་ནུ་རྣམས་ལ་རེ་བ་ཧ་ཅང་ཆེན་པོ་རེད། ད་ལོ་ལོན་ཊོན་ཨོ་ལིན་ཕེ་ཁིག་རྩེད་འགྲན་ལ་ཆ་བཞག་ན་རྒྱལ་ཁབ་ཉིས་བརྒྱ་ནས་ཕེབས་པའི་རྩེད་འགྲན་པ་ཁྲི་བརྒྱད་ལྷག་ཕེབས་ཡོད་པའི་ནང་ལྟས་དབང་གིས་རང་རེའི་མི་རིགས་ཀྱི་རྩེད་མོ་བ་ཉག་མ་རྐང་གཅིག་རང་གཅིག་རྩེད་འགྲན་ཁོངས་སུ་ཞུགས་ཐུབ་པ་བྱུང་བ་རེད།
ལྟོས་དང་། འཛམ་གླིང་གི་རྩེད་འགྲན་པ་ཁྲི་བརྒྱད་ལྷག་གི་ཁྲོད་ནས་བོད་ཀྱི་བུ་མོ་རྐང་གཅིག་པུས་རྒྱུགས་འགྲན་ཨང་གསུམ་པ་ལེན་ཐུབ་པ་བྱུང་བ་དེས་ག་རེ་མཚོན་པ་རེད་དམ། རྒན་རབས་པས་ལམ་སྟོན་དང་གསོ་སྐྱོང་ཐུབ་ན་གཞོན་རབས་པར་ངར་ཤུགས་དང་ཟུངས་ཁྲག་ལ་ཉམས་པ་མེད་ཟེར་བསྟན་པ་རེད།
དེ་ཤེས་དགོས་གི་རེད། རྒན་རབས་པ་ཟེར་ན་ལོ་རྒན་བཞི་བཅུ་ཡན་ཆད་ཟིན་པ་ཚང་མ་རྒན་རབས་པའི་ཁོངས་སུ་འདུ་བ་ཡིན། རྒན་རབས་པ་ཚང་མས་གཞོན་ནུ་རྣམས་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས་གི་རེད།
ཆོལ་ཁའི་སྐད་ཆ་དེ་ཅུང་ཉུང་ཙམ་གནང་རོགས་་་་་་ཁ་ནས་ཉུང་ན་ཁོག་ནས་ཇེ་ཉུང་འགྲོ་བ་ཕན་ན་སྙམ་ འཐེན་ཁྱེར་གྱི་སྐད་ཆས་གནོད་པ་ལས་ཕན་པ་མེད་པས་འབོད་བསྐུལ་ཞུས་པ་ཡིན་་་་་་་