ཕྱི་ཚེས་ ༡༧ ཉིན་རྔ་པའི་སྨན་ཁང་དུ་ཡོད་པའི་བོད་མི་རྨས་མ་རྣམས་ཀྱི་གནས་སྟངས་རྒྱུས་ལོན་བྱུང་བར། ཉིན་དེར་ཤེས་རྟོགས་བྱུང་བར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་གིས་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་ཉལ་ཡོད་པའི་རྨས་མ་ཧ་ཅང་མང་པོ་ཡོད་པ་དང་། དེ་སྔོན་སྨན་ཁང་དུ་ཡོད་པའི་ནད་པ་ཚབས་ཆེན་རིགས་མ་གཏོགས་ཚང་མ་གནས་སྐབས་རིང་སོ་སོའི་ནང་ནས་ནད་གསོ་བྱེད་དགོས་ཚུལ་བརྗོད་དེ་བཏང་ཡོད་འདུག་ལ། དེ་ནི་ཉིན་དེར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་པའི་རྨས་མ་མང་དྲག་ནས་ནད་གསོ་ཁང་གིས་མ་འདིང་བ་ཡིན་པའི་འགྲེལ་བརྗོད་གནང་ཡོད། དེའི་ནང་དུ་རྨས་སྐྱོན་ཚབས་ཆེན་ཕོག་པ་སློབ་དཔོན་སྐྱབས་ལ་ཀླད་ཁྲག་བསྲེས་ཡོད་པ་དང་། མཐའ་བའི་རྒྱམ་ཁོ་དང་གཅོང་བའི་རྡོ་རྗེ་གཉིས་ལ་རྐང་ལག་གཉིས་རེ་བཅག་ཡོད་ཅིང་། སྒོ་མང་ཞང་གི་རྡོ་རྗེ་རྨས་སྐྱོན་ཕོག་པ་ཧ་ཅང་ལྕི་བར་བཤད་ཀྱང་ཅི་ཞིག་རྨས་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་། སྨན་ཁང་དུ་ནད་འདྲིར་སོང་བ་རྣམས་ཀྱང་ཐག་ཉེར་གཅར་མི་འཇུག་པར་དམག་མིས་སྲུང་བྱ་དམ་པོའི་འོག་བཞག་ཡོད་འདུག
དེ་མིན་འཛིན་བཟུང་བྱས་པའི་གྲས་ནས་གསར་དུ་ཤེས་རྟོགས་བྱུང་བ། འཕེ་ཥེའི་སྐར་ཁོ་དང་། ཨ་འདུས་མཐའ་བའི་བསོད་པོ། ཨ་འདུས་མཐའ་བའི་སངས་ཆུང་གསུམ་ཉིན་དེར་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད། དེང་སྐབས་ཨ་འདུས་དགོན་གྲོང་ཚང་མར་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དུས་ངེས་མེད་དུ་སྐོར་སྲུང་དམ་པོ་བྱས་ཏེ་མི་མང་གི་འགྲོ་འདུག་ཙམ་ཡང་རང་དབང་མེད་པའི་འཇིགས་སྣང་འོག་གནས་ཡོད།
མི་མང་གིས་བཤད་དོན་དྲང་བདེན་གྱི་བསམ་ཚུལ་ཙམ་བཤད་པར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་དང་ལས་འགུལ་སྤེལ་རྒྱུའི་བསམ་བློ་འདུག་ཚུལ་ལ་ཁ་གཡར་ནས་འཆར་གཞི་ཡོད་པའི་སྒོ་ནས་གཅར་རྡུང་དྲག་པོ་བཏང་བར་ཤིན་ཏུ་བློ་ཕམ་ཆེ་ཞིང་། གནས་སྟངས་འདི་འདྲའི་འོག་མི་ཚེ་འཁྱོལ་དཀའ་ཚུལ་སྡུག་སྨྲེ་འདོན་གྱི་ཡོད་པར་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བའི་འཁོན་སེམས་སློག་ཆེད་ལྟ་བུར་ཁ་གཡར་ས་ཞིག་བཙལ་ནས་མི་མང་གི་མགོ་འཇོག་ས་མེད་པ་ཞིག་བཟོ་སེམས་ཡིན་ཚུལ་བརྗོད་ཀྱིན་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ལ།
དེ་རིང་ཁ་རྩང་རྒྱ་ལྡོམ་ཚང་གི་སྨན་ཁང་ཁེངས་ནས་ཤོང་གི་མི་འདུག་ཀྱང་རྗེས་མར་ག་རེ་བྱ་མིན་སུས་ཀྱང་བཤད་དཀའ།་་་ངོ་མ་རྔ་པ་འཛམ་ཐང་བོད་མི་ཁྱེད་ཚོ་ནི་གཅིག་ལ་བལྟས་ན་གཅིག་དཔའ་ཞིང་གཅིག་ལས་གཅིག་རྒྱལ་ཞེན་དང་སྙིང་སྟོབས་ཆེ་བས་སྒང་པ་བོད་མིའི་སྙིང་སྟོབས་དང་ལ་རྒྱའི་མིག་དཔེ་ཡིན་པ་མ་ཟད་མཐོ་སྒང་བོད་མི་ས་ཡ་དྲུག་གི་ཆད་ལ་ཁད་ཀྱི་ཚེ་སྲོག་དེ་འཚེ་མེད་དང་སྤོབས་པའི་མཛུབ་གུ་ལྔ་པོ་གཅིག་ཏུ་སྒྲིལ་ནས་འཇིག་རྟེན་འདི་ལ་ལོ་རྒྱུས་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེས་པའི་དྲང་བདེན་གྱི་དཔའ་བོ་སྟེ།་་་ཁྱེད་རྣམ་པ་ཡུན་ནས་ཡུན་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས།་་་འདེབས།
ང་ཚོས་སྲོག་ཀྱང་གཏོང་ཐུབ། ལུས་ཀྱང་གཏོང་ཐུབ། རྒྱལ་ཁབ་དུས་ནམ་ཡང་གཏོང་མི་ཐུབ།
जीवन भी दे सकते हैं,खून भी दे सकते हैं,
हमारे देश में कभी नहीं दे सकता.
རྒྱ་དམར་ཤ་ཟན་དམར་པོའི་གདུག་རྩུབ་ལ།།
གདོང་ལེན་ཞུམ་པ་མེད་པའི་བོད་མིའི་སྙིང་།།
ཆོལ་གསུམ་གཅིག་སྒྲིལ་རུ་དཔུང་མཉམ་དུ་སྐྱོད།།
རེ་བའི་ཕུག་རྒྱང་འགྲུབ་པའི་གཞི་རྟེན་ཉིད།།
ད་དུང་མུ་མཐུད་དུ་དམ་དྲག་ཇེ་ཆེ་རེད་འདུག་ལ། འགའ་ཤས་གསོན་པའི་རེ་བ་མེད་པ་མ་ཟད། འགའ་རེ་གསོན་པ་ལས་འཆི་ན་དགའ་མཁན་ཡང་འདུག་པའི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་དངོས་བདེན་གཡུལ་ས་རང་ནས་སྐྲག་སྣང་དང་ངུ་ངག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་འཛམ་གླིང་མི་མང་ལ་འབོད་སྐུལ་དང་། རྒྱལ་སྤྱིས་་་་་བོད་མདོ་དབུས་ཁམས་གསུམ་རྒྱ་དམར་གྱི་དྲག་པོས་མནར་གཅོད་ལས་འཕྲལ་ཏུ་སྐྱོབས་རོགས་ཞེས་སྨྲེ་ངག་གི་འོ་དོད་འབོད་བཞིན་གདའོ།།
ད་ནི་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་ཨབ་གྷན་གྱི་གནས་སྟངས་བཞིན་མི་ག་ཚད་ཤི་ཡང་ཚགས་པར་གྱི་ཟུར་ནས་ཅུང་ཙམ་ལ་མི་མངོན་པའི་གནས་སུ་གྱུར་འདུག བོད་ནང་གི་སྤུན་ཟླ་ཚོའི་སྙིང་སྟོབས་ལ་ཞུམ་པ་མེད་རུང་། བཙན་བྱོལ་ནང་གི་ཁྱབ་བསྒྲགས་ལ་ཤུགས་མེད་པའི་ཚོར་སྣང་བྱུང་། བོད་ནང་དུ་ཉིན་རེ་ཟུང་དབར་དུ་མི་རེ་ཤི་བཞིན་ཡོད་མོད། ཕྱི་ཡི་དྲ་ལམ་ཁག་སོགས་རྒྱུད་ལམ་ཁག་ཏུ་དེ་ཙམ་གྱིས་འགོད་པར་མ་མཐོང་། ངོ་མ་རྒྱ་ནག་གཞུང་གི་བོད་ཐོག་ཏུ་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་འགྱུར་བ་མི་འདུག་ལ། འཛམ་གླིང་ཁྱོན་ཡོངས་ལ་རྒྱ་རིགས་མང་བ་དང་རྒྱ་ནག་གི་དཔའ་འབྱོར་གྱི་དབང་ཚད་ཇེ་མཐོ་རུ་སོང་སྟབས། བོད་མི་གཅིག་གིས་བདེན་པ་གཅིག་ལ་རྒྱ་མི་སྟོང་གིས་རྫུན་ཁ་གཅིག་ཏུ་མཐུན་པས་ང་ཚོའི་བདེན་པ་དེ་རྫུན་དུ་འགྱུར་ཁོ་ཚོའི་རྫུན་དེ་བདེན་པའི་ལམ་དུ་འགྲོ་བའི་དུས་ལ་སླེབས་འདུག མ་གཞི་མའོ་ཡིས་རྫུན་གཅིག་དེ་ཐེངས་བརྒྱ་ཐམ་པ་བསྐྱར་ཟློས་བྱས་པ་ཡིན་ན་བདེན་པར་ཆགས་ངེས་ཟེར་བའི་ལབ་སྲོལ་ཡོད་པ་བཞིན་རྒྱ་ནག་གཞུང་དང་མི་མང་སུ་ཡིན་རུང་བོད་ཀྱི་གནད་དོན་ཐོག་རྫུན་བཤད་པར་ཐོགས་པར་མི་འདུག དཔེར་ན་སྤྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་དུ་མི་མང་པོ་ཤི་བའི་སྐོར་རྒྱ་ནག་མི་མང་གིས་ཁས་མི་ལན་ལ་གལ་ཏེ་ཧ་གོ་རུང་འཛམ་གླིང་གི་མི་མང་མདུན་དུ་རྫུན་ཁ་གཅིག་ཏུ་མཐུན་ནས་འགྲོ་བཞིན་ཡོད། ང་ཚོ་བཙན་བྱོལ་བ་ཞིག་གིས་ངོས་ནི་གཞི་བཞུགས་བོད་མི་ཚོའི་ཆེད་དུ་གང་ཡང་བྱེད་མི་ཐུབ་ལ། ང་ཚོའི་ཕྲག་ཏུ་བབ་པའི་འགན་ནི་སྤྱི་སྒེར་གཉིས་ཀྱི་ངོས་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་དེ་ཏོག་ཙམ་ཡང་དུ་འགྲོ་ཆེད་ཚང་མས་རྒྱུད་ལམ་ཁག་ཏུ་གནས་ཚུལ་གང་མང་སྤེལ་རོགས་ཞུ་རྒྱུ་ཡིན།
༤༽ རྔ་བའི་དཔའ་རྒོད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ གི་ཆུ་ཚོད་ ༦ སྐར་མ་ ༢༢
ད་དུང་མུ་མཐུད་དུ་དམ་དྲག་ཇེ་ཆེ་རེད་འདུག་ལ། འགའ་ཤས་གསོན་པའི་རེ་བ་མེད་པ་མ་ཟད། འགའ་རེ་གསོན་པ་ལས་འཆི་ན་དགའ་མཁན་ཡང་འདུག་པའི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་དངོས་བདེན་གཡུལ་ས་རང་ནས་སྐྲག་སྣང་དང་ངུ་ངག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་འཛམ་གླིང་མི་མང་ལ་འབོད་སྐུལ་དང་། རྒྱལ་སྤྱིས་་་་་བོད་མདོ་དབུས་ཁམས་གསུམ་རྒྱ་དམར་གྱི་དྲག་པོས་མནར་གཅོད་ལས་འཕྲལ་ཏུ་སྐྱོབས་རོགས་ཞེས་སྨྲེ་ངག་གི་འོ་དོད་འབོད་བཞིན་གདའོ།།
ཞེས་པ་འདིའི་གནས་ཚུལ་ཁུང་མེད་རྫུན་མ་རེད།
ད་ནི་ང་ཚོའི་ལག་ཏུ་མེ་མདའ་མི་འཛིན་ཐུ་མེད་བྱུང་བ་རེད། ཤི་རེ་ཁོ།