མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༧ ལོར་ཟི་ལིང་དུ་པར་བཏབ་པའི་ “རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་”ན་འཁོད་པའི་ “བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།”ཞེས་པའི་མཚན་ཅན་གྱི་བོད་ཀྱི་རྒྱལ་རབས་ལས། འདིར་ “ལེའུ་གཉིས་པ། མདོ་སྨད་ཀྱི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ།” ཞེས་པ་ཟུར་བཀོལ་གྱིས་བཏོན་ཡོད། དེར་སྤྱིའི་བཤད་པ་དང་། ཙོང་ཁའི་རྒྱལ་བོའི་སྐོར། གླིང་གེ་སར་གྱིས་དབང་བསྒྱུར་ཚུལ། མགོ་ལོག་སོགས་ཀྱི་སྐོར། རྒྱལ་རོང་གི་སྐོར། ཟུང་ཆུའི་ཕྱོགས་ཀྱི་ལོ་རྒྱུས་བཅས་འཁོད་འདུག་ན་ གཤམ་གྱི་འབྲེལ་ཐག་བརྒྱུད་ནས་ PDF ཐོག་གཟིགས་འཚལ།
mdo smad kyi lo rgyus
ལགས་སོ
བཀའ་དྲིན་ཆཻ།
ཨ་ཁུ་དམུ་དགེ་ཚང་གིས་བརྩམས་པའི་ལོ་རྒྱུས་ཀུན་དགའི་མེ་ལོང་དེ་གསུང་འབུམ་ཁྲོད་ནས་ལོགས་སུ་བཏོན་ནས་དཔར་མཁན་མ་བྱུང་སྟབས། ལོ་རྒྱུས་དེ་ས་དར་རྡོ་དར་ཞིག་བྱུང་མ་ཐུབ་པ་རེད། ད་རེས་ཁ་བརྡ་ཚང་གིས་ལོ་རྒྱུས་དེའི་ནང་གི་གསར་བཤད་གྲས་ཀྱི་གལ་ཆེ་བ་དུམ་བུ་གཅིག་ཟུར་འདོན་གྱིས་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ།