(མདོ་སྨད་ལོ་རྒྱུས་ཆེན་མོ་ཤོག་ལྷེ་ 54-62བར)
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
གཡུ་ལོས་མཛེས་པའི་གཙུག་ལག་ནགས་ཀླུང་ན།།
སྒྱུ་རྩལ་དྲུག་འགྱུར་སྙན་པོའི་འགྱུ་བག་གིས།།
ཀུན་དགའི་དབྱར་གྱི་དུས་སྟོན་འགུགས་པ་ལ།།
དཔྱིད་ཀྱི་ཕོ་ཉའི་རིན་ཐང་གླེང་པ་རིགས།།
བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་སར་རྩོམ་རིག་གི་གྲགས་པའི་མཚན་སྙན་འབར་བ། བོད་རིག་པའི་སྙན་ངག་དང༌། ལོ་རྒྱུས་སྨྲ་བའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས། མི་ལོ་བཅུ་ཕྲག་མ་ཟིན་ཙམ་ལ་དཀའ་བ་ཁྱད་དུ་བསད་དེ། བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་ས་ནས། རྒྱ་བོད་དབྱིན་གསུམ་གྱིས་མཚོན་པའི་སྐད་ཡིག་འདྲ་མིན་གྱི་དཔྱད་གཞི་ཡིག་ཆ་ཧ་ཅང་མང་པོའི་སྙིང་དོན་གཅིག་ཏུ་བསྡེབས་ནས། ༼མདོ་སྨད་ལོ་རྒྱུས་ཆེན་མོ་༽དེབ་དྲུག་གསར་བརྩམས་གནང་འདུག་པར་སྨྲ་བསམ་བརྗོད་ལས་འདས་པའི་དགའ་བ་ཆཻས་ཆེར་འཕེལ།
རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི། བོད་ཀྱི་སྐད་ཡིག་རིག་གཞུང་དང་ལྷག་པར་རྩོམ་རིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཕྱིན་ཆད། གོ་མ་མྱོང་བ་ཧ་ལམ་མི་སྲིད་ཟེར་ན་ཆོག ཡིན་ནའང་དེང་རབས་ཀྱི་འགྲོ་སྲོལ་ལ་དཔེ་དེབ་ཅིག་ཐོན་ན་དེའི་འགོར་རྩོམ་པ་པོའི་ལོ་རྒྱུས་སྙིང་དོན་རེ་འགོད་སྲོལ་ཡོད་པ་དེར་ཀློག་པ་པོ་སྤྲོ་བ་སྐྱེད་པ་དང་རྩོམ་པ་པོའི་བཀའ་དྲིན་དྲན་ཕར་ཉེ་བར་མཁོ་བས་ཅིས་ཀྱང་འགོད་འོས་པར་སེམས།
རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི། སྤྱི་ལོ་ ༡༩༦༧ ལོར་ཡབ་བསོད་ནམས་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་མདོ་སྨད་ཧོར་གཙང་ཆུ་གདོང་གྲོང་དུ་འཁྲུངས། ཁོང་མི་ཡུལ་གྱི་འཇིག་རྟེན་འདིར་འཕོས་ནས་མི་ལོ་བཅུ་དྲུག་གི་རིང་སློབ་གྲྭའི་སྒོ་ཆེན་འགྲིམས་པའི་གོ་སྐབས་མ་བྱུང་བའི་ཁར། ལོ་ན་ཆུང་དུས་ནས་ཡབ་ཆེན་གྲོངས་པ་དང་རིག་གནས་གསར་བརྗེ་ཆེན་པོའི་རླུངས་རླབས་འཚུབ་པ། ཁྱིམ་གཞིས་ཀྱི་འཁོས་ཀ་ཞན་པ། གྲོང་རོགས་ཁྱིམ་འཚེམས་ཀྱི་བྱིས་པ་ཚོས་བརྙས་བཅོས་མྱོང་བ་བཅས་ཀྱི་ཁྲོད་ནས་ཚར་ལངས་བྱུང་བས། སྐབས་དེ་དག་ཏུ་ཀ་བོང་མགོ་ཙམ་མི་ཤེས་པའི་འབྲོག་ཕྲུག་ཉམ་ཆུང་ཞིག་ཡིན་ཡང༌། སྔོན་གྱི་བག་ཆགས་ཀྱི་མཐུས་བློ་རིག་བཀྲ་བ་དང་ཤེས་རབ་མྱུར་བའི་ལྷན་སྐྱེས་ཀྱི་ཆ་རྐྱེན་གཞན་ལ་མེད་པའི་ཁྱད་ཆོས་ལྡན།
ལྕགས་སྤྲེལ་ ༡༩༨༠ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲིས་འཁྱིལ་དུ་ཆོས་ཞུགས་གནང་རྒྱུའི་གོ་སྐབས་ཐོབ། དེ་ནི་ཁོང་གི་མི་ཚེ་ནང་མགོ་ཐོག་ཏུ་བབ་པའི་འོད་ཐིགས་དང་པོ་དེ་ཡིན་ལ། མིག་ཟུང་ལ་འཇིག་རྟེན་གསར་པ་ཞིག་སྣང་བའི་དབང་རྟེན་གསར་པ་ཞིག་ཀྱང་བསྐྲུན་པ་ཡིན། མི་ལོ་ཧྲིལ་པོ་ལྔ་ཡི་རིང་ཆོས་སྡེ་ཆེན་པོ་དེར་བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་གྱི་བར། རྒྱན་དྲུག་མཆོག་གཉིས་ལྟ་བུའི་གཤེས་གཉེར་མཁས་པ་དུ་མའི་དྲུང་ནས་གསན་བསམ་རྒྱ་ཆེར་བྱས། སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཡ་མ་བྲལ་བས། སློབ་གཉེར་བའི་ཁྲོད་ནས་འབུར་དུ་འཐོན་པའི་བློ་གྲོས་ཀྱི་སྣང་བ་རྒྱས། མཁས་པ་རྒན་རབས་པ་ཚོ་ལས་བསྔགས་བརྗོད་ཀྱང་མི་ཉུང་བ་ཐོབ། ཐོས་པ་ཉུང་བ་དང་འགྲན་སེམས་ཅན་ཉུང་ཤས་ཀྱིས་ལྐོག་ཏུ་ངན་སྨྲས་ཀྱང་འདྲ་མིན་བྱས་འདུག་ལ། ས་ཐག་རིང་བ་དང་ཁྱིམ་གྱི་འཁོས་ཀ་ཞན་པ། རྣམ་རིག་བཀྲ་བ། སྤྱོད་པ་གྱོང་བ་བཅས་ལ་བལྟས་ན་དེ་སྔོན་དྷིའ་ཙཱ་སྐམ་པོ་བླ་བྲང་དུ་བཞུགས་སྐབས་དང་འདྲ་སེ་བྱུང་འདུག
མེ་སྟག་སྤྱི་ལོ་༡༩༨༦ ཀན་སུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོར་ཞུགས་རྒྱུའི་གོ་སྐབས་ཐོབ། མཐོ་སློབ་དེའི་ནང་མི་ལོ་ཧྲིལ་པོ་བཞིའི་རིང་ལ་རྒྱ་བོད་ཀྱི་ཡིག་རིགས་དང༌། སུམ་རྟགས་དག་གསུམ། དབུ་ཚད་ཕར་གསུམ། སྙན་མངོན་སྡེབ་གསུམ། རྒྱལ་རབས་དང་ཆོས་འབྱུང༌། དེབ་ཐེར་དང་ལོ་རྒྱུས་ཀྱིས་མཚོན་པའི་རིག་པའི་གནས་དུ་མར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་བསླབས།
སྤྱི་ལོ་ ༡༩༩༠ ལོར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་གསར་འཛུགས་གནང་བའི་པེ་ཅིན་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ། སློབ་གླིང་དེར་ལོ་ངོ་གསུམ་གྱི་རིང་ལ་ས་དགེ་རྙིང་གསུམ་དང༌། ཀ་འབྲུག་བོན་གསུམ་གྱི་ཆོས་འབྱུང་དང་ལྟ་གྲུབ། གཞན་ཡང་རྩིས་དཀར་ནས་དང་རྒྱ་ཡིག་སོགས་ལའང་སྤྱི་འགྲོས་ལྟར་བསླབ་པའི་ཞོར་དུ་༼ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་བ་༽དང༌། ༼སྙན་ངག་མཚོ་བྱུང་དགྱེས་པའི་འཛུམ་ཟེར་༽སོགས་བརྩམས། ༼ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་བ་༽ནི་བོད་ལྗོངས་ནང་བསྟན་དུས་དེབ་ཐོག་བཀོད་པར་བོད་ཕྱི་ནང་གི་ཀློག་པ་པོ་མང་པོས་གདེང་འཇོག་ཆེན་པོ་གནང་འདུག་ལ། ༼སྙན་འགྲེལ་མཚོ་བྱུང་དགྱེས་པའི་འཛུམ་ཟེར་༽ལ་བསེ་ཚངས་བློ་བཟང་དཔལ་ལྡན་གྱིས་བསྔགས་བརྗོད་རྒྱ་ཆེར་གནང་འདུག ད་དུང་སྙན་རྩོམ་ཐོར་བུ་མང་པོ་བྲིས་པར་ཀློག་པ་པོ་མང་པོའི་དགའ་བསུ་རྒྱ་ཆེར་ཐོབ། གཞིས་ལུས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོའི་ཁྲོད་ནས་རྩྭ་ཤིང་རི་བྲག་གི་ཚིག་ལོའི་འདྲ་འབག་ཙམ་མིན་པ། ནང་ཆོས་རིག་པའི་ཞགས་རྩི་བགོས་པའི་སྙན་ངག་སྨྲ་བ་ཆེས་ཕུལ་དུ་བྱུང་བ་ཉག་གཅིག་དེ་ཡིན་ཞེས་བརྗོད་ན་མི་ཆོག་པ་གང་ཡང་མེད། སྐབས་དེ་དུས་ནས་མཁས་པའི་མཚན་སྙན་གྱི་མྱུ་གུ་འབུས་མགོ་ཚུགས། སྦྲང་ཆར་དང་ཟླ་ཟེར་སོགས་སུ་བཀོད་པའི་སྙན་ངག་རྩོམ་ཆོས་མང་པོ་བཀོད་པ་རྣམས་ལ་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་པར་མ་ཟད་སྙན་རྩོམ་ཁ་ཤས་ལ་ཆེས་མཐོའི་བྱ་དགའ་ཡང་ཐོབ་འདུག
ཆུ་སྤྲེལ་ ༡༩༩༢ ལོ་འཇུག་ཏུ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས། ྋགོང་ས་མཆོག་ལ་མཇལ་བཅར་གྱི་སྐལ་བཟང་ཐོབ། ཙན་དན་དང་ལྕང་མའི་རིན་ཐང་མཉམ་པ། རིག་གཞུང་དམངས་གཙོའི་ཐོབ་ཐང་དར་བའི་ཁོར་ཡུག་འདིར་ཡུལ་གོམས་གཤིས་ལུགས་དང༌། སྐད་ཡིག་ངོ་ཤེས་གང་ཡང་མེད་པའི་ཐོག སྲང་ཐག་དང་ལྟག་སྒོའི་རྒྱུད་ལམ་མེད་པས། གསེར་སྲང་སྟོང་ཕྲག་གིས་མི་ཁུག་པའི་བོད་རིག་པའི་མཁྱེན་ཡོན་གྱི་གཅེས་ནོར་དེས་བྱེས་འབྱོར་བོད་ཀྱི་ཤེས་ཡོན་ལ་བསྲི་ཞུ་སྒྲུབ་རྒྱུ་ལྟ་ཞོག ཐ་ན་ཉིན་རེའི་འཚོ་བའི་ཟས་གོས་གནས་མལ་ཡང་ཐག་གཅོད་མི་ནུས་པའི་དཀའ་ངལ་འདྲ་མིན་རང་དབང་མེད་པར་མགོ་ཐོག་ཏུ་ལྷུངས། ཁོང་དང་ཕ་ཡུལ་གཅིག་པ་ཨ་ལགས་ཙཱ་ཡས་རིན་པོ་ཆེ་བསྟན་འཛིན་དཔལ་འབར་གྱིས་ཁོང་གི་མཁྱེན་ཡོན་སྤྱི་དང༌། ལྷག་དོན་སྙན་ངག་རྩོམ་རིག་གི་མཁྱེན་རྒྱ་དང་མཚན་སྙན་ཕ་ཡུལ་ནས་མཁྱེན་པའི་ཐོག ས་མཐར་སེང་གེ་ཐང་ལ་བབས་པའི་སྐྱོ་གར་ལ་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར། ཟས་གོས་གནས་མལ་གང་ཐད་ནས་རོགས་སྐྱོང་གང་ནུས་གནང་བའི་འོག་དུས་ཡུན་གང་འཚམས་ཞིག་ལ་བསྡད་དགོས་བྱུང༌། ཨ་མདོ་པདྨ་འབུམ་གྱི་ངོ་སྤྲོད་བརྒྱུད། སྐབས་དེར་ཤེས་རིག་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཛིན་གྱིས། ཁོང་གི་མཁྱེན་ཡོན་ལ་རྟོག་ཞིབ་རིམ་པར་བྱས་པས། ཀོ་ཤུབས་ནང་གི་གྲི་བཟང་དང༌། རྩག་ཧྲལ་གསེབ་ཀྱི་བུ་བཟང་ངོ་ཐག་ཆོད་དེ། ཁོང་ལ་ཤེས་ལྷན་གྱི་ཕྱག་ལས་ཞིག་གནང་འཆར་བྱས་ཀྱང༌། སྟབས་མ་ལེགས་པར་ཁོ་པ་ཨ་རིར་ཕེབས་ནས་གློ་བུར་དུ་སྐུ་གཤེགས་པ་དང༌། ལས་འཕྲོའི་འཆར་འགོད་སྐོར་སྐབས་དེའི་ཤེས་ལྷན་དྲུང་ཚབ་ལ་མངགས་འདུག་ཀྱང༌། གསེར་ཐག་གོན་པའི་འདོགས་ཁྱིའི་འཁྲིས་སུ་སེང་གེའི་སྤུས་མོ་ས་ལ་བཙུགས་པའི་དོན་འབྲས་སོན་ཐབས་མ་བྱུང༌།
སྤྱི་ལོ་ ༡༩༩༣ ལོར་རྡ་ས་སྨན་རྩིས་ཁང་གི་རིག་གནས་དགེ་རྒན་དུ་གདན་ཞུ་བྱུང་བ་དང༌། ཁོང་གི་དགོངས་པའི་ཀློང་དུ་འཁྱིལ་བའི་རྒྱ་མཚོ་ལས་ཆུ་ཐིགས་འགའ་རེ་ཁ་ནས་གཤོལ་སའི་གོ་སྐབས་རྙེད། ད་དུང་དོན་གཉེར་ཅན་མི་ཉུང་བ་ཞིག་ལ་ཟུར་དུའང་བོད་ཀྱི་ཐ་སྙད་རིགས་གནས་སྐོར་གྱི་སློབ་ཁྲིད་གནང་བས། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཁ་གཡང་གང་སར་སྒྲོག་པའི་ཁོར་ཡུག་ཆུང་ཆུང་འདིར། ཆོས་རིག་རྩ་གཏོར་གཏོང་སའི་མུན་ཁྲོད་ནས་འཚར་བའི་མི་ལྡོམ་ཞིག་གི་ཡིག་ངག་གཉིས་ཐོག་ནས་རིག་པའི་འོད་ཐིག་ལྷམ་མེར་འཕྲོ་བར་ལ་མགོ་འཐོམ་ཞིང༌། འགའ་ཞིག་ཡ་མཚན་མི་སྐྱེས་ཀ་མེད་དུ་གྱུར།
སྤྱི་ལོ་ ༡༩༩༤ ལོར་ནི་ཛི་ལནྡིར་New Zealand་ལོ་གཅིག་རིང་སློབ་སྦྱོང་ལ་ཕེབས་རྒྱུའི་གོ་སྐབས་རག མི་གཞན་གྱི་སློབ་འབྲས་ལས་བལྡབ་དུ་མས་ཤེས་ཚད་ཡག་པ་བྱུང་བས། གསར་འབྱོར་ཚོ་འཚོ་བ་སྐྱོ་བ་ལས་རིག་པ་སྐྱོ་བོ་མིན་པའི་ར་སྤྲོད་བྱས།
སྤྱི་ལོ་ ༡༩༩༥ ལོར་ཁོང་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་འདེམས་འཐོན་བྱུང༌། འགའ་རེས་མདོ་སྨད་ཆོལ་ཁ་མི་རྫོགས་པ་རེད་ཟེར། ལ་ལས་ཧོར་གཙང་འཇིགས་མེད་ཀྱིས་བཙན་བྱོལ་ནང་བྱས་རྗེས་ག་རེ་བཞག་ཡོད་པ་རེད་ཟེར། གང་ལྟར་ཡང་མདོ་སྨད་མི་མང་གི་ཁྲོད་ནས་ཧོར་གཙང་འཇིགས་མེད་ཀྱི་རིན་ཐང་ཤེས་མཁན་མི་ཉུང་བ་ཞིག་བྱུང་ཡོད་པའི་ར་འཕྲོད་གསལ་པོར་བྱས།
སྤྱི་ལོ་ ༡༩༩༦ ལོར་ལུགས་གཉིས་གཟིགས་པའི་སྤྱན་དཀྱུས་མཆོག་ཏུ་ཡངས་པ་མི་རྗེ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ཀྱིས་གདན་ཞུས་ལྟར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གནང༌། རིག་གཞུང་གི་ལྟེ་གནས་དེ་ནས་དཔྱད་རྩོམ་༼ནོར་མཛོད་༽དང༌། སྒྱུུ་རྩོམ་༼ནོར་འོད༽། རྒྱུན་ཤེས་༼ནོར་ལྡེ༽། ད་དུང་༼ཤེས་བྱའི་བང་མཛོད་༽བཅས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གི་འགན་བཞེས་ཏེ། དུས་དེབ་དང་ཚགས་ཤོག་དེ་དག་གི་ཐོག་སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་ཡིག་འདྲ་མིན་མུ་མཐུད་སྤེལ་བས། རྒྱ་ཆེར་ཀློག་པ་པོ་ཚོས་དུས་དེབ་དང་ཚགས་ཤོག་གཞན་དག་ལས་དམིགས་བསལ་གྱིས་དོ་སྣང་དང་སྤྲོ་སྣང་གིས། ཧར་ཐོབ་བརྒྱབ་ནས་ཀློག་མཁན་དང་འབྲི་མཁན་ཤིན་ཏུ་མང་པོ་བྱུང༌། ནོར་གླིང་དུ་བཞུགས་རིང་དུས་དེབ་དང་ཚགས་ཤོག་དེ་ཚོ་སྔ་ན་མ་གྲགས་པའི་འགྲིམས་སྒོ་ཆེས་ཆེར་འཕེལ་བར་མ་ཟད། དུས་དེབ་དང་ཚགས་པར་གང་ཞིག་འཐོན་ནའང་དེའི་ནང་ཧོར་གཙང་གི་རྩོམ་ཡིག་འདུག་མིན་ལྟ་རྒྱུའི་གོམས་སྲོལ་ཞིག་ཀྱང་རང་བཞིན་གྱིས་ཕྱོགས་གང་སར་འཇགས་པ་བྱུང༌།
སྤྱི་ལོ་ ༢༠༠༡ ནས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་་འཐུས་འདེམས་འཐོན་བྱུང་བར་མ་ཟད། ལོ་དེར་མདོ་སྨད་ཆོལ་ཁའི་ཚོགས་གཙོ་ཡང་འདེམས་འཐོན་བྱུང༌། བཙན་བྱོལ་ནང་མདོ་སྨད་ཆོལ་ཁའི་ཁོངས་གཏོགས་ཁང་བརྩེགས་བརྒྱད་དགུ་ཅན་གྱི་ཁྱིམ་བདག་དང༌། ཧིན་སྒོར་འབུམ་ཕྲག་བརྒྱ་ལྷག་གི་འབྱོར་ལྡན་ཡང་མི་ཉུང་བ་ཡོད་མོད། ཧོར་གཙང་འཇིགས་མེད་དབྱངས་ཅན་མའི་འཁོན་གྱིས་ནོར་རྒྱུན་མའི་བཀའ་ཆད་ཕོག་པའི་འབྱོར་མེད་འཁོས་ཞན་ཞིག་གློ་བུར་དུ་མདོ་སྨད་ཆོས་ཁའི་ཚོགས་གཙོར་བདམས་པ་ནི་ཧོར་གཙང་གི་རིན་ཐང་དངོས་གནས་དེ་ཤེས་ནས་ལོས་ཡིན།
ཕྲན་གྱིས་ཧོར་གཙང་འཇིགས་མེད་ཀྱི་རྩོམ་ཡིག་མཐོང་བ་ཐེངས་དང་པོ་དེ། སྙན་རྩོམ་ཕྱོགས་སྒྲིག་དེབ་ནག་རིལ་བཞི་པོ་དེ་ཡིན། སྤྱི་ལོ་ ༡༩༩༤ ལོ་མཇུག་ལྷོ་ཕྱོགས་མོན་གྷོ་དུས་དབང་གནང་ཉེ་སྐབས། ཁྲོམ་ས་ནས་དེབ་འདི་ཚོ་མཐོང་བྱུང༌། སྐབས་དེར་དེབ་ཉོ་བྱེད་ཀྱི་དངུལ་སྐར་མ་གཅིག་ཀྱང་མེད་པས། ཡར་འགྲོ་མར་འགྲོ་སྐབས་ཞར་དང་ཞོར་ལ་ཀློག་གིན་བྱས་པས་གང་འཚམས་ཤིག་ཀློག་རྒྱུ་རགས་སོང༌། རྩོམ་ཡིག་ཁ་ཤས་བཀླགས་པས་རྩོམ་ཆོས་མ་ཟད་རྩོམ་པ་པོ་ཡང་ངང་གིས་མཇལ་འདོད་བྱུང༌། སྤྱི་ལོ་ ༡༩༩༥ ལོར་ཨ་མྱེས་རྨ་ཆེན་གྱིས་གོ་སྒྲིག་འགྲོན་འབོད་བཞིན་བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་ཐོག་བཅར་རྒྱུའི་བགོ་སྐབས་རག། སྐབས་དེར་སྨན་རྩིས་ཁང་དུ་སོང་སྟེ་སློབ་མ་ཞིག་གི་ལག་ནས་དེབ་ནག་རིལ་བཞི་པོ་དེ་དག་ཉོས་པ་ཡིན། སྤྱི་ལོ་ ༡༩༩༦ ཡན་མན་ཞིག་ལ་ཧོར་གཙང་འཇིགས་མེད་བོད་ཀྱི་གདམ་བྱ་བཞིའི་ཟབ་སྦྱོང་བགྲོ་གླེང་གནང་མཁན་འབྲས་སྤུངས་ཚོམས་ཆེན་དུ་སླེབས་སོང་བ་དེ་ནི། ངས་ཧོར་གཙང་འཇིགས་མེད་མཇལ་བ་ཐེངས་དང་པོ་དེ་ཡིན། ཁོང་གི་སྙན་རྩོམ་ཁག་མང་པོ་ཞིག་བཀླགས་པའི་བག་ཆགས་ཀྱི་ཐོག རལ་པ་རྒྱག་ཏུ་འཕྱངས་པ་དང༌། ཐག་མག་ཡང་ཡང་འཐེན་པ། གཏམ་བཤད་ཀྱི་སྤོབས་པ་མཐོ་བའི་སྐུ་དངོས་མཇལ་བའི་རྣམ་འགྱུར་གང་ས་ནས་བལྟས་ན། རེབ་སྐོང་དགེ་འདུན་ཆོས་འཕེལ་ཡང་འདི་འདྲ་ཞིག་ཡོད་སྲིད་སྙམ་པ་ངང་གིས་ཤར། སྤྱི་ལོ་ ༡༩༩༨ ལོར་རྡ་སའི་འབྲོག་པའི་གོས་ཐུང་འདྲ་བའི་ཁྲོམ་གཤམ་དུ་དེབ་ཚོང་ཁང་ཞིག་ནས་གླེང་མོལ་འགའ་ཞིག་བྱས་པས་ཁོང་གཞི་ནས་ངོ་ཤེས་བྱུང༌། འདི་ནི་ཧོར་གཙང་འཇིགས་མེད་དང་དངོས་སུ་ཐུག་འཕྲད་ཀྱིས་གླེང་མོལ་བྱས་པ་ཐེངས་དང་པོ་དེ་ཡིན། དེ་ནས་བཟུང་རིག་པའི་གྲོགས་པོའི་འབྲེལ་མཚམས་མ་ཆད་པར་རྩོམ་དེབ་དུ་མ་ཕན་ཚུན་ལེགས་སྐྱེས་སུ་འབུལ་རེས་ཞུས། བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་ཚོགས་འདུ་དུ་མའི་ནང་མཇལ་འཛོམས་ཀྱིས་སྐབས་འགའ་མཐུན་ཞིང༌། ལན་འགར་རྩོད་པ་སོགས་ཀྱིས་ཤིན་ཏུ་སེམས་ཐག་ཉེ་བའི་གྲོགས་པོ་ཆགས།
ཁོང་གི་རྩོམ་ཆོས་ཐད། གཙན་བྱོལ་དུ་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་ཐེངས་དང་པོ་ནི་སྙན་རྩོམ་དེབ་ཆུང་བཞི་པོ་དེ་རེད། སྙན་རྩོམ་དེ་དག་གི་སྒྱུ་རྩལ་དང་ཉམས་འགྱུར་ཕུལ་དུ་བྱུང་ཞིང༌། དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་བའི་འགྱུར་འགྲོས་འབུར་དུ་འཐོན་པ་སོགས་ཀྱིས། དྲང་པོ་བཤད་ན་བཙན་བྱོལ་ཁྲོད་སྙན་རྩོམ་འདི་ལས་ཚོད་མཐོ་བཞིག་ད་ཕན་བྱུང་མི་འདུག་ལ། ཕྱི་ཆད་ཀྱང་འབྱུང་བ་དཀོན་པ་ཞིག་རེད་སྙམ། སྙན་རྩོམ་འདི་བོད་ནང་དུའང་འགྲིམས་སྒོ་ཆེས་ཆེར་འཕེལ་ཏེ། ཧོར་གཙང་གི་དེབ་ནག་རིལ་ཞེས་གྲགས་པ་ཆེ་ཚུལ་ཐོས་བྱུང་ལ། བོད་ཕྱི་ནང་གཉིས་ཀར་སྙན་རྩོམ་ཕྱོགས་སྒྲིག་གི་དེབ་དཔེ་སྐྲུན་བཟོ་རྒྱུའི་ལུགས་སྲོལ་ཡང་འདི་ནས་མགོ་འཛུགས་བྱས་པ་ཞིག་རེད། འདི་དག་ལ་དཔེ་བལྟས་ནས་དེང་སང་བོད་ཕྱི་ནང་གཉིས་ཀར་རིམ་ཐང་ཡོད་མེད་ལ་མ་ལྟོས་པའི་སྙན་རྩོམ་དེབ་ཕྲེང་འདྲ་མིན་ཤིན་ཏུ་མང་པོ་ཞིག་བཏོན་དང་འདོན་བཞིན་པ་རེད། དེ་རྗེས་༼གདོན་འཕྲུལ་ལྟ་བུའི་གཟི་ཁ་༽ཞེས་པའི་སྙན་རྩོམ་བཏོན་པའི་རྩོམ་གཤིས་ཐད། གནའ་རབས་མཁས་པའི་སྲོལ་རྒྱུན་མ་བརླགས་པའི་ཐོག་ནས། དུས་རབས་སྤྱི་ཚོགས་ཀྱི་བྲོ་བ་འདོན་སྟངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང༌། སྙན་ངག་འགའ་ཞིག་ནི་དགེ་འདུན་ཆོས་འཕེལ་གྱི་སྐྱོ་ཉམས་དང་འདྲེས་པའི་ཁྱད་ཆོས་ཀྱང་རང་བཞིན་གྱིས་འབུར་དུ་ཐོན་འདུག གོ་གསལ་ལྟ་ན་བོད་ནང་དུ་ཧོར་གཙང་གི་རྩོམ་སྲོལ་ཞེས་སྙན་ངག་རྩོམ་སྲོལ་གསར་པ་ཞིག་གི་རིག་པའི་གཞུང་ལུགས་ཀྱང་ཆགས་པ་རེད་ཟེར།
ཁོང་གི་རྩོམ་ཆོས་༼དྲང་བདེན་གྱིས་བསླུས་པའི་སློང་མོ་བ་༽ནི། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་རྒྱུད་རིམ་ལ་དཔྱོད་པའི་ཆེད་རྩོམ་ཞིག་ཡིན་ཞིང༌། རྩོམ་ཡིག་དེ་ཉིད་བཙན་བྱོལ་དུ་མ་ཟད་ལོ་ཤས་སྔོན་ནས་བོད་ནང་དུའང་ལྐོག་ནས་པར་སློག་བརྒྱབ་སྟེ་འཚོང་འགྲེམ་བྱེད་བཞིན་ཡོད་འདུག རྩོམ་ཆོས་དེ་ཉིད་མདོ་དབུས་སྐོར་གསུམ་གྱི་གཞོན་སྐྱེས་མང་པོ་ཞིག་གིས་དོ་སྣང་ཆེན་པོ་གནང་གི་ཡོད་པར་མ་ཟད། དེང་སང་ནི་བོད་ནང་མཆོད་མེ་དྲ་རྒྱ་ཐོག་དུའང་འགོད་སྤེལ་བྱས་པར་དཔྱོད་བརྗོད་ཀྱང་མང་པོ་བྲིས་འདུག
ཁོང་གི་རྩོམ་ཆོས་༼ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུགས་༽ནི། བཙན་བྱོལ་ནང་བོད་ཀྱི་རྩོམ་རིག་གི་བྱུང་རིམ་ལ་དཔྱོད་པའི་རྩོམ་དེབ་ཐེངས་དང་པོ་དེ་ཡིན། དེའི་ནང་བོད་ཕྱི་ནང་གི་རྩོམ་རིག་བྱུང་འཕེལ་གྱི་རྒྱུད་རིམ་ཐད། དུམ་མཚམས་གསུམ་དུ་ཕྱེས་ནས་དབྱེ་ཞིབ་ནན་པོ་བྱས་འདུག དུམ་མཚམས་གསུམ་གྱི་དབྱེ་ཞིབ་འདི་ཡང་བོད་ཀྱི་རྩོམ་རིག་འཕེལ་རིམ་ལ་དཔྱོད་པའི་སྒྲོམ་གཞི་གསར་བཏད་ཀྱི་རང་བཞིན་ལྡན་པ་ཞིག་རེད་ཅེས་བརྗོད་ན་མི་འགྲིགས་པ་གང་ཡང་མེད། ད་དུང་ཁོང་གི་རྩོམ་ཆོས་ཁྲོད་ནས། པ་བའི་གཡུལ་ས་དང༌། ཞེ་སའི་ཁ་དམག ཤམ་བྷ་ལའི་སྡིག་ཉེས། བླ་བྲང་གི་ལྟ་ལོག་སོགས། དེ་སྔོན་དགེ་ཆོས་བཙོན་དུ་ལྷུང་བའི་ནག་ཉེས་དང་འདྲ་བ་མང་པོ་ཞིག་བསགས་པའི་ལོ་རྒྱུས་དགོད་བྲོ་ལ་ངུ་ཡང་བྲོ་བ་དང༌། དཔྱོད་འོས་ལ་བསམ་དགོས་པའི་ལོ་རྒྱུས་ཀྱང་ཐུང་ཐུང་མིན།
སྤྱི་ལོ་ ༢༠༠༥ ཧོར་གཙང་ཨི་རི་ལ་ཕེབས། རྒྱལ་སྲས་ཞི་བ་ལྷའི་སྨོན་ལམ་ལས་ལོག་ནས། མཁས་པ་རྣམས་ནི་བཀུར་བ་མེད་པ་དང༌། བསོད་སྙོམས་དག་ཀྱང་རྙེད་པ་མེད་པའི་གྲུ་ཟུར་འདིར། སེང་ལྤགས་ལས་ར་ལྤགས་འགྲིམས་སྒོ་ཆེ་བས་ཐུགས་ཁག་མེད་མོད། དེ་ལྟ་ན་ཡང་ཁོང་རྒྱ་གར་ནས་ཨ་རིར་ཕེབས་པ་ནི། ནོར་བུ་མི་ལག་ཏུ་ཤོར་བ་རང་རེད་བསམས་ཤིང༌། ཁོང་ལའང་རང་བཞིན་གྱིས་རྒྱངས་རིང་དུ་སོང༌། ཁ་སང་ཉིན་ཤས་སྔོན་ཁ་པར་ཞིག་སླེབས་བྱུང་བར་ཨ་ལན་བྱས་པས། ཁོང་ནི་ཧོར་གཙང་འཇིགས་མེད་རེད། ནོར་གླིང་དུ་ཁ་བརྡ་ཐུག་འཕྲོད་ཞུ་རྒྱུ་བྱས་པ་ལྟར། ཁོང་དང་མཇལ་སྐབས། ལོ་ཁ་ཤས་ཀྱི་རིང་ཁོང་གིས་༼མདོ་སྨད་ལོ་རྒྱུས་ཆེན་མོ་༽པོད་ཆེན་དྲུག་བདུན་པ་ཚར་རྒྱུ་རེདཙམ་བརྩམས་གྲུབ་པ་དང༌། རྩོམ་ཆོས་དེ་དག་མགོ་ྋགོང་ས་མཆོག་གི་ལམ་སྟོན་ནས་མཇུག་རྩོམ་བསྡུ་མ་བྱས་བར་གྱི་རྒྱུད་རིམ་རགས་བསྡུས་དང་འབྲེལ་ནས། ངའི་རེ་བར་རྩོམ་ཡིག་འདི་ཚོ་རྡ་སའི་ཁུལ་གྱི་ལོ་རྒྱུས་སྨྲ་བ་ཚོར་སྤྱན་བསྟར་རེ་ཞུ་རྒྱུའི་རེ་བ་ཆེ་ཡང་ད་རེས་དུས་ཚོད་ཀྱིས་བྱུང་མ་སོང༌། ཡིན་ནའང་ཁྱོད་ཀྱིས་དུས་ཚོད་གང་ཡོད་ཅིག་གཏོང་ནས་ལྟ་རོགས་གསུངས་པ་བཞིན། པོ་ཏི་ཆེནཔོ་དྲུག་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་བལྟ་ཐུབ་ཐབས་བྲལ་ཡང་རགས་བསྡུས་ཤིག་བལྟས་པས། གཞི་ནས་ཧོར་གཙང་ཨ་རིར་ཕེབས་པ་དང༌། B.M ཐོན་མཁན་བོད་པའི་ཕོ་གསར་ཤེས་ཡོན་ཅན་ཚོ་ཨ་རིར་འགྲོ་བ་གཉིས་འདྲ་ས་མེད་པར། བདག་ཉིད་ཆེན་པོ་གང་དུ་གཤེགས་ཀྱང་རུང༌། །གཞན་དོན་སྒྲུབ་ལ་སྐྱོ་ངལ་མེད་པ་དང༌། མཁས་པ་ཆེན་པོ་གང་དུ་ཕེབས་ན་ཡང༌། །འཆད་རྩོད་རྩོམ་པའི་མཛད་པ་དོར་བ་མེད་པ་དེ་གཞི་ནས་ཤེས་བྱུང༌།
ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་འདི་ལ་མཚོན་ན། བྱུང་རིམ་གྱི་བང་འགྲིགས་པ། ས་བཅད་ཀྱི་འགྲོས་དམ་པ། རྒྱས་བཤད་ཀྱི་ཁོག་ཡངས་པ། ཚིག་དོན་གྱི་འབྲེལ་ཆགས་པ། རྒྱབ་ལྗོངས་ཀྱི་ལུང་མང་བ། རྒྱུ་མཚན་གྱི་རིགས་པ་ཟབ་པ། དེ་སྔོན་མདོ་སྨད་དང་འབྲེལ་བའི་ལོ་རྒྱུས་དང་རྣམ་ཐར་དུ་མའི་ནང་གི འཁྲུག་པ་རྣམས་སྡེབ་པ། གབ་པ་རྗེན་གཅེར་དུ་ཕྱུང་པ། བོད་སྤྱིའི་ལོ་རྒྱུས་ཀྱི་གྲ་མ་ཉམས་པ། བྱེ་བྲག་ས་ཁུལ་སོ་སོའི་བྱུང་རིམ་གྱི་གྲུ་མ་ཆགས་པ། གནའ་རབས་ཀྱི་ཁོག་མ་བརླགས་པ། དུསརབས་ཀྱི་འགྲོས་མ་འཆུགས་པ་བཅས་ཀྱི་ཁྱད་ལྡན་པ་མཐོང་ལ། ཀློག་པ་པོ་ལོ་རྒྱུས་ལ་ཆ་རྒྱུས་ངེས་ཅན་རེ་ཡོད་མཁན་དང༌། རྣམ་དཔྱོད་ཀྱི་རྩལ་ཡང་མི་དམན་ཙམ་རེ་ཡོད་མཁན་ཞིག་ཡིན་ཕྱིན་ཆད། དེབ་ཐེར་འདིས་དགའ་བ་མི་བསྐྱེད་པའི་རང་དབང་མེད་ངེས་ཡིན། ད་དུང་ཡང་ངས་ཧོར་གཙང་ལ་ཨུ་ཚུགས་དང་ཕུ་ཚུགས་ནན་པོའི་ལུགས་སུ་བྱས་ནས་ཞུ་གསོལ་འདེབས་རྒྱུ། གང་དུ་ཕེབས་ཀྱང་རུང༌། གང་དུ་བཞུགས་ཀྱང་རུང༌། གང་ཞིག་མཛད་ཀྱང་རུང༌། བོད་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་བོད་ཀྱི་རྩོམ་རིག་གི་བྱ་བཞག་ཐོག ཆུ་བོའི་རྒྱུན་བཞིན་འབབ་རྒྱུན་མི་ཆད་པ་དང༌། ཉི་ཟླའི་འོད་བཞིན་གཟི་འོད་མི་ཉམས་པ་གནང་རྒྱུའི་གསོལ་བ་ལན་བརྒྱར་འདེབས་དེ་རྒྱུ་ཡིན།
མཐའ་དོན་རྩོམ་པ་པོ་ལ་སྙིང་ཐག་པ་ནས་ལེགས་གསོལ་དང༌། བོད་རིགས་གཞོན་སྐྱེས་ཚོར་ཁ་མིག་ཡར་ལྟ་དང༌། གོམ་པ་མདུན་སྤོས་ཀྱིས་མདོ་དབུས་སྐོར་གསུམ་རང་རང་གི་སྣོད་བཅུད་ཆགས་རབས་དང༌། ཡུལ་གོམས་གཞིས་ལུགས། སྡེ་དཔོན་མི་རབས། དགོན་སྡེ་བླ་རབས་ཀྱིས་མཚོན་པའི་དེབ་ཐེར་ལོ་རྒྱུས་གང་ནུས་གསར་རྩོམ་གནང་རྒྱུའི་དྲན་གསོ་ཞུ་རྒྱུ་ཡིན།
དྷིའ་ཚཱ་སྐོམ་པོ་གཤེགས་པའི་ཤུལ་ལམ་ནས།།
ཧོར་གཙང་ས་མཐར་འཁྱམས་པའི་རྐང་རྗེས་འགའ།།
སྤྲིན་དང་ན་བུར་འཐིབས་པའི་སྲིབས་ཀ་ནས།།
མཛུབ་མོས་རྒྱང་བསྟན་བྱས་པ་འདི་ཉིད་ཙམ།།
སྤྱི་ལོ་ ༢༠༠༩ ། ༡། ༢ །བཟང་པོ་བཅུ་འཛོམས་ཀྱི་ཉིན་དྷ་ས་གངས་སྐྱིད་རང་ཤག་ཏུ་བྲིས་པ་དགེ་ལེགས་འཕེལ།
ཡ། ཡང་བེ་རི་ཟེར་བ་ངོ་ཚ་རྒྱུ་མེད་པའི་མི་འདིས་སྐུ་ཞབས་ཧོར་གཙང་གི་འདྲན་ཟླ་མ་ཡོང་པས་ཡང་བསྐྱར་སྤྲེལ་ལད་ཆེན་པོ་ཞིག་འཁྲབ་རྒྱུའི་མགོ་བཙུགས་འདུག མི་མང་པོས་བཤད་ན་བེ་རི་ཟེར་བ་འདི་མི་མངོན་པའི་དཀྲུགས་ཤིང་སློང་མཁན་གྱི་གདོན་འདྲེ་ལྟ་བུ། མཐོན་པོ་ལ་སྤྲེལ་ལད་འཁྲབ་མཁན་གྱི་ཁྱི་ཕྲུག་ཆུང་ཆུང་ལྟ་བུ། ཆོས་གོས་གྱོན་ཡང་དུས་རྒྱུན་རྐུབ་ཁོ་ན་བལྟ་བའི་ཆགས་གླང་ལྟ་བུ་ཞིག་རེད་ཟེར། ཡ་ངས་ཁྱོད་ལ་གཅིག་འདྲི། ཉེ་སྔོན་ཁ་བརྡ་དྲྭ་ཚིགས་ཀྱི་སྟེང་དུ་བཀོད་པའི་འོག་གི་སྒྲུང་ཐུང་འདི་གཉིས་ཀ་ངོ་མ་ཁྱོད་ཀྱིས་བྲིས་པ་ཨེ་ཡིན། དེ་ཡིན་ན་སྤྱི་འཐུས་ཀྱི་མིང་ཡོད་པའི་བེ་རི་ཟེར་བ་ཁྱོད་ངོ་མ་མི་མ་རེད།
མོ་ལུང་།
བེ་རི་འཇིགས་མེད།
བུ་རྡོ་རྗེ་སྔར་ནུབ་ བཞིན་མཚན་ངུ་བྱས་པས། ཕ་དགྲ་ལྷ་དཔལ་ལྡན་རིམ་གྲོ་ཞིག་གི་ཆེད་སྔགས་རྒན་རིག་འཛིན་སར་བཅར་ནས། སྒོར་མོ་ཉི་ཤུ་དང་མར་གྲོད་རིལ་ཞིག་མདུན་ཅོག་ཐོག་ཏུ་བཞག་རྗེས་གནས་ལུགས་རྒྱས་ ཤིང་རྒྱས་པ་ཞུས། སྔགས་རྒན་རིག་འཛིན་གྱིས་ཆེ་ཆུང་ལོ་བརྒྱད་བྱིས་པའི་མཐེ་བོང་ཙམ་ཡོད་པའི་རག་ ཤའི་ཕྲེང་བ་དེ་སྐེ་ནས་ག་ལེར་ཕུད་དེ་འཕུར་འཕུར་འགའ་བྱས་རྗེས། གསུང་སྐད་མི་གསལ་བའི་མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན། ཕྲེང་རྡོག་འགའ་ཞིག་ཕར་འཐེན་ཚུན་འཐེན་གྱིས་ཅི་ཞིག་མཐོང་བ་དང་འདྲ་བར་སྤྱན་ཧར་ གྱིས་ནམ་མཁའ་ལ་གཟིགས་ནས་དལ་ཅིག་བསྡད།
སླར་ཡང་ཨ་ཕ་དགྲ་ལྷ་དཔལ་ལྡན་ལ་སྤྱན་ཞགས་ཐེངས་གཅིག་འཕངས་ནས། “ཡ། དགྲ་ལྷ་ཁོ་རེ། ཁྱོད་ཚོའིནང་དུ་ལྷ་འདྲེ་གདོན་བགེགས་ཀྱི་མཚན་མ་ཞིག་འདུག་གདའ།”
གསུངས། ཨ་ཕ་དགྲ་ལྷས།
“རིན་པོ་ཆེ་ལགས། ཅི་འདུག་གསུང་གནང་དང༌།”
ཞེས་འདར་བཞིན་ཞུས། སྔགས་རྒན་རིག་འཛིན་གྱིས་ཟབ་ལ་འཁྱོག་པའི་དཔྲལ་གཉེར་འགའ་ཞིག་སྨིན་མཚམས་སུ་བསྡུས་ཏེ་གསུང་སྐད་ཅུང་ཟད་ཆུང་དུ་བཏང་ནས།
“ཁྱོད་ཀྱི་ཁྱིམ་ན་ཁྱི་དམར་པོ་དང་གླང་དམར་པོ་འདྲ་ཨེ་ཡོད་”
དྲིས། ཨ་ཕ་དགྲ་ལྷ་དཔལ་ལྡན་གྱིས་ཁྱིམ་གྱི་སྒོ་ཁྱི་དམར་རིལ་དེ་སེམས་ལ་འཁོར་མ་ཐག་རྣམ་རྟོག་གི་རླུང་འཚུབ་གནན་ཐབས་མེད་པ་ཞིག་ལངས་ནས།
“ཨ་་་་་དེ་ལོས་ཡིན། ལྟས་ངན་ཁྱི་རྒན་དམར་རིལ་དེ་སྔ་མ་ནས་ང་ལ་རྨི་ལམ་སྡུག་ཅག་མང་པོ་བཏང་མྱོང༌། ཏག་ཏག་རེད། འདྲེ་ཁྱི་དེ་ཅི་བྱས་ན་དྲག”
“འོ་་ དེ་མིག་གིས་མི་མཐོང་ས་ཞིག་ལ་བསྐྱལ་ན།”
“འོ་ན་ཨ་ཞང་མཆི་བདག་གཤིན་རྗེ་གི་མདུན་དུ་བསྐྱལ་ན།”
“ཏག་ཏག་རེད།”
“་་་ ་་་”
ཨ་ཕ་དགྲ་ལྷ་དཔལ་ལྡན་ཁྱིམ་ དུ་ལོག་མ་ཐག་རྟ་སྒ་བཤུས་ལོང་མེད་པར་སྒོ་ཁྱི་དམར་རིལ་གྱི་སྐེ་ལ་ཐག་པ་བཏགས་ ནས་ཤར་རེར་གཙང་པོའི་ཁར་ཁྲིད་དེ་ཁྱི་ལས་ཆེ་བའི་རྡོ་ཞིག་དང་སྐེ་སྦྲེལ་ནས་རྦ་ རླབས་མཁའ་ལ་ཕྱུར་བའི་རྫ་ཆུ་གཙང་པོའི་གཞུང་དུ་གཏིང་རྡོ་བཏགས་ཏེ་གཡུགས། ཕྱི་ཉིན་དབེན་དགོན་བསམ་གཏན་གླིང་དུ་ཨ་ལགས་མཐོང་གྲོལ་རིན་པོ་ཆེས་ལམ་རིམ་བཀའ་ ཆོས་གནང་གི་ཡོད་པར་ཨ་ཕ་དགྲ་ལྷ་དཔལ་ལྡན་རྟ་ལ་ཞོན་ནས་གསུང་ཆོས་ཞུ་སར་སོང༌། ཨ་ལགས་རིན་པོ་ཆེས།
“ང་ ཚོ་ནང་པ་ཡིན་མིན་ནི་སྐྱབས་འགྲོ་རྒྱུད་ལ་ཡོད་མིན་ལ་རགས་ལས་པ་ཡིན། ་་་་་སྐྱབས་སུ་འགྲོ་ནས་སྐྱབས་འགྲོའི་བསླབ་བྱ་ཚུལ་བཞིན་སྲུང་དགོས། ་་་་་ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤང་དགོས། ་་་་མི་དགེ་བ་བཅུའི་ནང་ནས་སྲོག་བཅད་པའི་ཉེས་པ་ནི་ཉེས་པ་ལྕི་ཤོས་དེ་ཡིན། ་་་་འཇིག་རྟེན་འདིའི་ཐོག་སྐྱིད་སྡུག་ན་ཚ་ཅི་ཞིག་བྱུང་ཡང་སྔ་མའི་ལས་ལ་བརྟེན་ ནས་བྱུང་བ་མ་གཏོགས་རྒྱུ་མེད་རྐྱེན་མེད་དང༌། ལྷ་འདྲེ་གདོན་བགེགས་ཀྱིས་བྱས་པའི་གློ་བུར་ཐོལ་བྱུང་ལྟ་བུ་གཅིག་ཀྱང་ མེད་་་་་༌།”
ལྷོད་ཅིང་དལ་བའི་ཨ་ལགས་ རིན་པོ་ཆེའི་གསུང་སྐད་དེ་ཚོ་ཨ་ཕ་དགྲ་ལྷ་དཔལ་ལྡན་གྱི་རྣ་བ་ཟུང་དུ་མདུང་རྩེ་ ཟུག་པ་ལྟར་འཛུལ། ཁ་རྩངས་རྨི་ལམ་འཁྲུགས་སྟངས། བུ་རྡོ་རྗེ་མཚན་ངུའི་སྒྲ། སྔགས་རྒན་རིག་འཛིན་གྱི་མོ་ལུང༌། མོ་ཡོན་དུ་ཕུལ་བའི་སྒོར་མོ་དང་མར་དོ། ་་་་ད་དུང་སྒོ་ཁྱི་དམར་རིལ་རྫ་ཆུ་གཙང་པོའི་ནང་གཡུགས་སྟངས་ཀུན་སེམས་ཁམས་ཀྱི་ མེ་ལོང་ངོས་སུ་ཤར་ནས། གསུང་ཆོས་རྭ་བའི་མི་ཚོགས་གསེབ་ནས་སྨྱོན་པ་ཞིག་དང་འདྲ་བར་རྟ་གྲ་ནག་གི་གོང་ལ་ བུད་དེ། རླུང་འཚུབ་དང་ཐལ་རྡུལ་འཁྲིགས་པའི་ཀྱག་ཀྱོག་གི་ལམ་ཕྲན་དོག་པོ་དེ་ནས་ཐད་ཀར་ སྔགས་རྒན་རིག་འཛིན་ཚང་གི་སྦྲ་སྒོ་ལ་བཏོད་ནས་བརྒྱུགས།
མ་འོངས་ལུང་བསྟན།
བེ་རི་འཇིགས་མེད།
“ཡང་ཅིག་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སུ༔ ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔ དབུ་རུ་སྟོད་སྨད་ས་མཚམས་འབྲོག་རི་ལ༔ གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔ དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔ སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔ སངས་རྒྱས་སྤྲུལ་པའི་འགྲོ་དོན་བསུབ་ཐབས་བྱེད༔ སངས་རྒྱས་གཙུག་ཏོར་མཐོང་བས་སྙིང་མི་དགའ༔ དམ་སྲི་སྤུན་དགུའི་སྲོག་གི་སྙིང་པོ་དེ༔ པདྨས་ར་སའི་ཐེམ་འོག་མནན་བཞག་པའི༔ སྲོག་སྙིང་བཏོན་ནས་ནད་ཡམས་ཆར་དུ་འབེབས༔ མོས་གུས་སུས་བྱས་དྲག་ཞན་མི་བརྒྱུད་སྟོང་༔ པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔ བསམ་ཡས་མཐོང་དང་པེ་ཧར་མཚན་ཐོས་ན༔ མགོའི་སྤགས་འདུས་ནས་ཕྱིར་བལྟས་མི་བྱེད་འགྲོ༔ དམ་སྲི་སྤུན་དགུའི་སྤྲུལ་པས་གྲུབ་མཐའ་སྐྱོང་༔ ལས་མ་དག་པའི་སེམས་ཅན་དཔག་མེད་དུ༔ རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ ཁྱི་ཡི་ལུད་ལ་སྦྲང་བུ་འདུས་འདྲ་འོང་༔ ” སྔགས་རྒན་རིག་འཛིན་གྱིས་ཅ་ནེ་དངུལ་ཤན་མ་ཞིག་གི་ནང་འོ་དྲི་བྲོ་བའི་གསོལ་ཇ་ཞིམ་པོ་དེ་ལ་ཧུབ་སྐོར་རེ་བྱེད་བཞིན། ཆེས་དཔེ་རྙིང་གི་གླེགས་བམ་རྩ་ཆེན་དེ་མདུན་ཅོག་ཐོག་ཏུ་ཕྱེས་ནས་གསུང་སྐད་མཐོན་པོས་པདྨ་བཀའ་ཐང་ཀློག་བཞིན་པའི་ཀློག་མཚམས་འདིར་སླེབས་སྐབས། མག་པ་པདྨ་རྡོ་རྗེས་ཁར་རྩངས་དགྲ་ལྷ་དཔལ་ལྡན་གྱིས་འཁྱེར་ཡོང་བའི་མར་གྲོད་དེའི་ཤུན་སྐོགས་བཤུ་ཞོར། “ཨ་མྱེ། ཨ་ཁུ་ཆོས་འཕེལ་ཚང་གིས་ཟེར་ན་ལུང་བསྟན་དེ་ཙོང་ཁ་པ་ལ་ཟེར་བ་རེད་ཟེར་མོད། ཨེ། འུ་ཚང་གི་མཆོད་ཁྲིའི་སྟེང་གི་ཙོང་ཁ་པའི་སྐུ་དེ་ཡང་མ་བཤམ་ན་དགའ་རྒྱུ་རེད་ཀོ དེ་མིན་རུང་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། ས་སྐྱ་གོང་མ་རྣམ་ལྔ་སོགས་བཤམ་རྒྱུ་ཅི་འདྲ་མང་པོ་ཡོད་གི” ཟེར་བཞིན་མཆོད་ཁྲིའི་སྟེང་ལ་མིག་ལོག་ཅིག་བལྟས། “དེ་འདྲ་ཟེར་མི་རུང་། ཆོས་སྤང་གི་ལས་བསགས་ན་་་་་་་་” སྔགས་རྒན་རིག་འཛིན་གྱི་ཚིག་རྔ་མ་བུད་གོང་། “ཟེར་མི་རུང་རྒྱུ་ཅི་ཡོད། རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ ཟེར་བ་དེ་བདེན་ཀི་མོ། ཁོང་ཚོའི་ལྟ་གྲུབ་སྤེལ་ཆེད་ཆོས་ལུགས་ཀྱི་དམག་འཁྲུག་བརྒྱབ་ནས་ཅི་འདྲའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་མང་པོ་དམར་གསད་བཏང་འདུག ངོ་མ་ཁ་ཆེ་ལས་ཀྱང་སྡུག་གི་རེད། རྒྱ་མི་མ་སླེབས་གོང་ལ་ཁོང་ཚོས་ཡུན་རིང་པོར་བོད་ནང་དུ་ཁྲག་གི་འཁོར་ལོ་བསྐོར་བ་རེད། དེ་ནས་རྒྱ་མི་སླེབས་ནས་ཁྲག་གི་འཁོར་ལོ་བསྐོར་བ་རེད། ནང་པ་སངས་རྒྱས་པའི་ཞབས་འདྲེན། འདི་འདྲའི་ནང་པ་ཞིག་གང་ན་ཡོད། རང་སྐྱོན་མི་ཤེས་མཁན་གྱི་བཤན་པ་ལག་དམར་ངོ་མི་རིག་རྒྱུ་དེ་ཚོ།” བུ་དོན་གྲུབ་གྱིས་ཀྱང་སྔགས་རྒན་ལ་ལན་ཚ་ཐག་ཆོད་ཅིག་བརྒྱབ་པས། སྔགས་རྒན་ཅུང་ཁྲོས་ནས། “དེ་ཚོ་མི་ཁ་ཤས་ཤིག་གི་ལས་ཀ་རེད། ཚང་མ་དེ་འདྲ་ག་ལ་ཡིན། ལྟོས་དང་། དཔེར་ན་དབེན་དགོན་བསམ་གཏན་གླིང་དུ་ལམ་རིམ་གྱི་གསུང་ཆོས་གནང་བཞིན་པའི་ཨ་ལགས་མཐོང་གྲོལ་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་ཅི་འདྲའི་མང་པོ་འདུག” ཟེར་བར་ཡང་དོན་གྲུབ་ཀྱིས། “སྐྱག་པའི་སྐྱེས་ཆེན་དམ་པ། མཐོང་གྲོལ་རིན་པོ་ཆེ་ཟེར་བའི་དགེ་བཤེས་ཀླད་དམར་དེས་ཁ་ནས་སེམས་ཅན་ལ་གནོད་འཚེ་སྤང་དགོས་ཟེར་ཁུལ་བྱེད་མོད། ཁོའི་ཆོས་གོས་འོག་ན་གྲི་འདོམ་ཕྱེད་ཅིག་བཏགས་ནས་བསྡད་འདུག་པ་དེ་གནོད་འཚེ་གཏོང་བྱེད་མིན་ན་ཅི་རེད། དེའི་མི་ཚད་ད་དུང་དོལ་རྒྱལ་ཟེར་བའི་འདྲེ་ངན་་་” དོན་གྲུབ་ཀྱིས་མུ་མཐུད་དུ་བཤད་འདོད་རུང་། པདྨ་རྡོ་རྗེ་ཁ་བར་དུ་འཚངས་ནས། “ད་དུང་ཁོས་རང་གི་དགེ་ཕྲུག་བློ་བཟང་ལ་གཡབ་ཀྱི་ཡོད་པ་མི་མང་པོས་མཐོང་འདུག འདི་འདྲའི་དགེ་སློང་གཡབ་སྐྱལ་ཤིག་ཨེ་ཡོད་ན”ཟེར་བར་། སྔགས་རྒན་མིག་ཆེན་པོ་གདེངས་བཞིན། “སྐྱག་རྫུན་མ་བཤད། ཁྱོད་ཚོས་ལྟས་ངན་ཞིག་གོ་བ་ཡིན་ཡོང་། སྐྱེས་པས་སྐྱེས་པ་ལ་ཅི་འདྲ་བྱས་ནས་གཡབ་དགོས་པ་རེད།” ཅེས་རང་ཉིད་ཀྱིས་བུད་མེད་མ་གཏོགས་སྐྱེས་པ་ལ་གཡབ་མྱོང་མེད་པས། ད་རེས་ཁོ་ལ་བདེན་ཁ་རག་འདོད་ཀྱིས་སྐད་མགོ་ཇེ་མཐོར་བཏང་ནས་བཤད། པདྨ་རྡོ་རྗེས་དགོད་ཞོར། “འོ་ཨ་མྱེ། སྐྱག་ཁུང་གི་ནང་དང་བརླ་བར་ལ་གཡབ་ཀྱི་ཡོད་པ་རེད་ཟེར་ཡ། ད་དུང་ཁྱོད་ཀྱིས་ལྟོས་དང་། སྐབས་སྐབས་རེ་བློ་བཟང་གི་ཤམས་ཐབ་ཐོག་ལ་ཨ་ལགས་ཚང་གི་ཁུ་བ་འགོས་འདུག་པ་ཐེངས་མང་པོར་མཐོང་ཐུབ།” དོན་གྲུབ་དང་པདྨ་རྡོ་རྗེ་གཉིས་གྱིས་ཆེད་ལས་ཞིབ་འཇུག་པ་ཞིག་དང་འདྲ་བར་ལན་ཐོགས་པ་མེད་པར་བཏབས་པས་སྔགས་རྒན་ཁོང་ཁྲོ་ལངས་རུང་ཅི་ཟེར་འདི་ཟེར་མ་བྱུང་བས། “ཧིན། ཐན་ལྟས།” ཞེས་མིག་ལོག་ཅིག་བལྟས་ཏེ་བཤད་མཚམས་འཇོག་ཐབས་བྱས།
ཤེས་རབ་ཀྱི་མིང་པགས་གོན་པའི་རྨོངས་རྒན་ལགས། འོག་གི་སྒྲུང་ར྄ྩོམ་དེ་སུས་བྲིས་མིན་ཁ་བརྡ་རྩོམ་སྒྲིག་པར་དྲི་རོགས་གྱིས། ང་མི་ལ་མ་གཏོགས་ཁྱི་ལ་མི་སྐད་བསད་འདོད་མེད།
ཤེས་རབ་ཀྱི་མིང་པགས་གོན་པའི་རྨོངས་རྒན་ལགས། འོག་གི་སྒྲུང་ར྄ྩོམ་དེ་སུས་བྲིས་མིན་ཁ་བརྡ་རྩོམ་སྒྲིག་པར་དྲི་རོགས་གྱིས། ང་མི་ལ་མ་གཏོགས་ཁྱི་ལ་མི་སྐད་བཤད་འདོད་མེད།
ཤེས་རབ་ཀྱི་མིང་པགས་གོན་པའི་རྨོངས་རྒན། ཁྱོད་དང་ངས་ཧོར་གཙང་ལ་ཁ་གཏོད་ཆོག་གི་མ་རེད། མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་དྲུག་གི་རྩོམ་པ་པོ་རེད། ངས་ཧོར་གཙང་སངས་རྒྱས་རེད་ཟེར་ལེ་མིན། ཁྱོད་རང་མིག་ཚ་ན་སྡུག་གྱོང་གྱིས། འོག་གི་སྒྲུང་ཐུང་གཉིས་དེ་རྩོམ་པ་པོ་སུ་ཡིན་ཁ་བརྡ་རྩོམ་སྒྲིག་པར་དྲི་སར་རྒྱུགས། ངས་མི་སྐད་མ་གཏོགས་ཁྱི་སྐད་མི་ཤེས། ངས་དེ་སྔོན་ཁྱི་དང་སྐད་ཆ་བཤད་མྱོང་མེད།
བེ་རི་འཇིགས་མེད་ལགས། ཁྱེད་ནས་ཧོར་གཙང་གི་དེབ་དེའི་དཀར་ཆག་གཅིག་པུ་འདིར་བཀོད་ཨེ་ཐུབ། ངེད་ནུབ་ཕྱོགས་ལ་ཡོད་ཅིང་། དེབ་འདི་ཀློག་འདོད་ཡོད། ཡིན་ནའི་ཟླ་ཤས་རིང་དེབ་འདི་ལག་ཏུ་འབྱོར་ས་མ་རེད། ཐུགས་རྗེ་ཆེ།
གྲོས་ཚོགས་ཀྱི་བརྙན་འཕྲིན་ནང་བེ་རི་མིན་འགྲོ་བསམ་པའི་གྲྭ་བ་ཞིག་མཐོང་མྱོང་བ་ལས་ཆ་རྒྱུས་གང་ཡང་མེད། ཉེ་དུས་ཁ་བརྡ་དྲ་ཁང་ནང་བེ་རི་འཇིགས་མེད་ཀྱིས་ཟེར་བའི་རྩོམ་ཡིག་རེ་འགའ་མཐོང་བ་དང་སྤྱི་འཐུས་ཤིག་གིས་སྤྱི་བའི་ཆུ་ཚོད་དེ་ལྟར་འཕྲོ་བརླག་ཏུ་བཏང་ནས་མདོག་མདོག་གིས་ཁ་བརྡུང་རྣོ་ཐག་ཆོད་ཡང་ནས་བསྐྱར་དུ་བཏང་བ་ཡིན། ལན་རྩུབ་མོ་ཞིག་ཀྱང་འབྲི་གི་རེད་བསམ་ནས་ཆང་འཐུང་ཞོར་གློག་ཀླད་ནང་རྒྱང་ལྟ་བྱས་བསྡད་ཡིན། དེ་རིང་མ་བསམ་ས་ནས་ཁོས་ངའི་རྩོམ་ཐུང་ཚོའི་ནང་གི་ཚིག་དོན་རྩུབ་མོའི་ཆ་དེ་ཚོ་ཅི་མི་སྙམ་པར་བཞག་ནས། ངའི་རྩོམ་ཐུང་ཚོའི་ནང་བྲིས་པའི་ན་ཟུག་དང་དྲང་བདེན་གྱིས་བཏུམ་པའི་དངོས་ཡོད་ཀྱི་བདེན་དོན་རྡོག་རྡོག་ཁ་ཤས་ལ་མོས་མཐུན་དང་སེམས་འགུལ་ཕྲན་བུ་ཐེབས་ཡོད་པའི་མཆན་བུ་ཞིག་བྲིས་འདུག ངས་ཡིད་མ་ཆེས་པར་བསྟོད་པའི་སྲོལ་གྱིས་ཟུར་ཟ་ཡིན་སྲིད་དྲན་ནས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན་མོད། ཧ་ལམ་དེ་འདྲ་རང་མིན་ཚོད་འདུག་པས་ངས་ཁྱད་མཚར་ཞིག་དྲན་སོང་། གཅིག་བྱས་ན་མི་འདིས་མི་ཞིག་གི་ཐོག་ན་ཡོན་ཏན་སྣ་རེ་ཡོད་པ་མཐོང་ན་ངོས་ལེན་བྱེད་ཐུབ་མཁན་ཞིག་ཡིན་སྲིད་པ་འདྲ་དྲན་སོང་། དེའི་ཕྱིར་ཁོས་ཧོར་གཙང་ལྟ་བུའི་ཤེས་ཡོན་ཅན་བོད་ཕྱི་ནང་གཉིས་ཀར་སྔ་མོ་ནས་གྲགས་པ་ཆེན་པོ་ཡོད་མཁན་ཞིག་ལ་ཡོན་ཏན་མཐོང་ནས་ཆེ་བསྟོད་བྱས་པ་དེ་ཚོ་ངོ་ནས་ཡིན་ཆོག་པ་མཐོང། ཧོར་གཙང་འཇིགས་མེད་ལ་དགའ་མཁན་དང་སྡང་མཁན་གྲངས་འབོར་མང་ཉུང་མེད་པ་འདྲ་བོ་འདུག ཧོར་གཙང་དང་ཧོར་གཙང་ལ་མོས་པ་བྱེད་མཁན་ཚང་མ་མཉམ་དུ་འབེན་ལ་བཙུགས་ན་ཐལ་དྲགས་མེད་འགྲོ་བསམ་གྱི་འདུག མི་འདི་པེ་ཅིན་ན་ཡོད་དུས་ནས་བོད་ཀྱི་ལ་རྒྱ་གླེང་ཕོད་མཁན་གྱི་དཔའ་པོ་དང་ལ་རྒྱ་ཅན་ཞིག་རེད། མ་ཟད་ཧོར་གཙང་ལ་མཁས་པའི་མཚན་སྙན་ཐོབ་པ་དེ་ཁོས་བཙན་འཕྲོག་དང་ཧབ་ཤ་བརྒྱབ་ནས་བླངས་པ་ཞིག་མ་ཡིན་པར། ཁོང་རང་གི་ཤེས་ཡོན་དང་རྩོམ་རྩལ་ཁོ་ནས་བཀུག་པའི་བོད་ཕྱི་ནང་གི་བོད་མི་ཡོན་ཅན་ཚོས་དང་བླངས་ཀྱིས་ཕུལ་བ་ཞིག་རེད། མ་ཟད་ཁོ་ལ་གདེངས་འཇོག་གནང་མཁན་དེ་བེ་རི་འཇིགས་མེད་དང་པོ་མ་ཡིན་པར། ཁོང་ལ་ལོ་རྒྱུས་འབྲི་དགོས་ཅེས་ཐུགས་རེ་དང་གདེངས་འཇོག་གནང་མཁན་དེ་སུ་ཡིན་གྱི་མཚན་ཉོག་བཤད་འདི་ནང་འབྲི་ཕོད་མ་སོང་ཡང་། ཚང་མས་ཤེས་གསལ་ཡིན་པས་འཇིགས་མེད་ལ་ཆེ་བསྟོད་དང་གདེངས་བྱེད་མཁན་ཚོར་དེ་འདྲ་ངན་པ་བཤད་ཨེ་རུང་ན། ཐལ་དྲགས་ས་མ་རེད་དམ།
སྔོན་མ་ཞིག་ལ་མི་མང་པོ་ཞིག་གིས་ཧོར་གཙང་གིས་ཨ་མ་ལ་ཡག་པོ་མ་བྱས་པའི་སྐོར་མང་པོ་གླེང་ནས་ཁོ་ལ་མཚང་འབྲུ་མངཔོ་བྱས་སོང་། ངས་གསལ་བཤད་ཅིག་འབྲི་དགོས་དྲན་སོང་ཡང་ཆང་འཐུང་ནས་བསྡད་དེ་ད་བར་ལུས་སོང་། དེ་ཚོ་ངོ་ནས་བསམ་བློ་བཏང་ན་སྤྱི་ཚོགས་ལ་ཇུས་གཏོགས་མེད་པའི་ཁྱིམ་ཚང་གི་དཀའ་ངལ་ཞིག་རེད། དེ་ཡང་བོད་ནང་གི་གྲོང་གསེབ་ཀྱི་ཨ་མ་གྱོང་པོ་ཞིག་དང་ཕྱི་རོལ་གྱི་མོ་མགོ་མཐོ་སའི་བཙན་བྱོལ་ནང་སྐྱེས་ཤིང་མཚར་ལོང་བྱུང་བའི་ཆུང་མ་ངར་མ་ཞིག་ཡོད་པ་གཉིས་མ་འཆམ་པ་དེ་རེད། ཆུང་མ་དང་ཨ་མ་ངར་མ་གཉིས་ཀྱིས་གཅིག་གི་འོག་ལ་གཅིག་བསྡུ་མ་ཐུབ་པ་མ་ཟད། ཆུང་མས་ཁྱོ་གའི་ཆེ་མཐོང་ལ་བསམ་ནས་བཟོད་སྒོམ་བྱེད་འོས་ཀྱང་མ་བྱས། ཨ་མས་བུའི་མཚན་སྙན་ལ་བསམ་ནས་སྒུར་དགོས་ཀྱང་མ་སྒུར་བ་རེད། དེ་འདྲ་དཀའ་ངལ་ཁྱིམ་ཚང་མང་པོ་ལ་ཡོད་པ་དང་ཚབས་ཆེན་མ་ཡིན་པའི་འཁོར་བའི་ནང་གི་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། འོན་ཀྱང་མི་འདྲ་ས་དེ་འཇིགས་མེད་མི་སྐད་གྲགས་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་གནས་ཚུལ་ཆུང་ཆུང་དེ་ཁྱབ་བསྒྲགས་ཆེན་པོ་བྱུང་བ་རེད། གཅིག་ནི་བོད་ནས་ཡོང་བའི་ཨ་མ་གྱོང་པོ་དེ་རེད། གཅིག་ནི་མནར་མ་སོན་པའི་ཕྲུ་གུ་གསུམ་པོའི་མ་རྒན་ངར་མ་དེ་ཡིན་པས་ཧོར་འཇིགས་ཀྱིས་དཔའ་ངོམ་མ་ཤེས། ཞུ་བ་བྱས་ནས་རྒྱུ་མཚན་བཤད་ས་མེད་པར་གྱུར་དེ་ཧོར་གཙང་འཇིགས་སྨྱོ་ལ་ཁད་དུ་བཟོས་པའི་མ་ཚད། སྙིང་རྗེ་མེད་པའི་བོད་མིའི་སྤྱི་ཚོགས་ཀྱི་བཤད་ཡམས་ཆེན་པོ་དེས་འཇིགས་མེད་ལ་འགྲེལ་བཤད་བརྒྱག་སྟངས་མི་ཤེས་པའི་ཁོག་ཆེན་པོ་ཞིག་བཟོས་ཡོད་པ་ཚོར་ཐུབ་པ་འདུག འོན་ཀྱང་དེ་དགའ་མཁན་ཞིག་གིས་སེམས་གསོ་དང་སྡང་མཁན་ཞིག་གིས་སྨད་སྤྱད་བྱས་ཆོག་ཀྱང་། དེ་ནི་གླེང་རིན་པའི་གནས་ཚུལ་ཡ་མཚན་གང་ཡང་མ་རེད་བསམ་་་་་་་་་་་་་་་་་་་ད་སུན་གི་འདུག་་་་་་་་་་་་་་་་་་་་་མི་འདང་ན་གཞུག་ནས་མཐུད་ཨེ་ཐུབ་ལྟ།
དྲ་ཁང་འདིའི་ནང་ལ་རྩོམ་བྲིས་ན་གླ་ཆ་འབབ་རྒྱུ་ཡོད་རྒྱུ་ན་ཆང་ཡག་ཤོས་ཉོས་ན་རྩོམ་སྙན་པོ་དེ་འདྲ་འབྲི་ཆོག་མོད་་་་་་་་་་་་་་་་་་་་་་་་
དྲ་གྲོགས་ཚང་མ་ལྷོད་ལ་འབབ་ཀིན་འདུག ངོ་མ་དགའ་ནི་ཞིག་རེད།
སྔོན་ཆད་ཅིག་ལ་སྨྱོན་པའི་མིང་ཡོད་མེད་ཚང་མ་སྨྱོས་དང་ནི་རེད། ད་ཆ་མི་ངོ་ལྷ་ངོ་ཟིན་ནས་ཁ་ཕྱོགས་གཅིག་འདྲ་ཞིག་ལ་འཁོར་གིན་འདུག བུ་རེ་བ་ཅན་ལ་རེ་བཞག་དང་གོས་རི་མོ་ཅན་ལ་རྒྱང་ལྟ་བྱེད་ཡ།
སྙིང་རྗེ་མེད་པའི་བོད་མིའི་སྤྱི་ཚོགས་ཀྱི་བཤད་ཡམས་ཆེན་པོ་དེས་འཇིགས་མེད་ལ་འགྲེལ་བཤད་བརྒྱག་སྟངས་མི་ཤེས་པའི་ཁོག་ནད་ཆེན་པོ་ཞིག་བཟོས་ཡོད་པ་ཚོར་ཐུབ་པ་འདུག འོན་ཀྱང་དེ་དག་དགའ་མཁན་ཞིག་གིས་སེམས་གསོ་དང་སྡང་མཁན་ཞིག་གིས་སྨད་སྤྱད་བྱས་ཆོག་ཀྱང་། དེ་ནི་གླེང་རིན་པའི་གནས་ཚུལ་ཡ་མཚན་གང་ཡང་མ་རེད་་་་་་་་་་་་་་་་་་་་ད་སུན་གི་འདུག་་་་་་་་་་་་་་་་་་་་་མི་འདང་ན་གཞུག་ནས་མཐུད་ཨེ་ཐུབ་ལྟ།
དྲ་ཁང་འདིའི་ནང་ལ་རྩོམ་བྲིས་ན་གླ་ཆ་འབབ་རྒྱུ་ཡོད་ན་ཆང་ཡག་ཤོས་ཉོས་ན་རྩོམ་སྙན་པོ་དེ་འདྲ་འབྲི་ཆོག་མོད་་་་་་་་་་་་་་་་་་་་་་་་
དགེ་བཤེས་འཇིགས་མེད་ལགས། ཁྱེད་ཀྱིས་བྲིས་པའི་ངོ་སྤྲོད་མཚམས་སྦྱོར་སྙིང་བསྡུས་འདི་བྐླགས་པ་ཡིན། སྤྱི་ཡོངས་ནས་ཡག་པོ་བྲིས་འདུག་སྟེ། སྐབས་འགར་འུར་བསྟོད་ཀྱིས་གནམ་ས་འགེངས་པའི་ཚོར་སྣང་བྱུང་། མཚམས་སྦྱོར་འདིའི་ཚན་པ་དང་པོའི་‘‘བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་སར་རྩོམ་རིག་གི་གྲགས་པའི་མཚན་སྙན་འབར་བ་’’ཞེས་པ་འདིར་མཚོན་ནས་བཤད་ནའང་། བོད་ཕྱི་ནང་གཉིས་སུ་སྙན་གྲགས་ཅུང་ཙམ་ཡོད་པ་བྱོས། ནུབ་ཕྱོགས་སུ་ཁོང་གི་མཚན་སྙན་འབར་བཞིན་པའི་སྒྲུབ་བྱེད་ཅིག་ཁྱོད་ལ་སྟོན་རྒྱུ་ཡོད་དམ། ‘‘བོད་རིག་པའི་སྙན་ངག་དང་’’ཞེས་པ་ལས་བོད་ཀྱི་སྙན་ངག་རིག་པ་ཞེས་བཤད་ན་ཁ་གསལ་བོ་བདོག་ལགས། རེ་རེ་བཞིན་བཤད་ན་དུས་ཚོད་གྲོན་པའི་རྒྱུ་ལས་མ་འདས། འདི་དཔེ་མཚོན་ཙམ་ཡིན། རྗེས་ཕྱོགས་ཡིག་ནོར་ལ་གཟབ་གཟབ་གནང་རོགས། དེ་མིན་ཡིག་ནོར་གྱི་ཁ་དར་འདུག འོན་ཀྱང་དགོངས་འགལ་མེད་པ་ཞུ།
ཀྒུ་སྨྱོན་ལགས་སུ། འདིའི་ནང་དྲ་མི་ཚོའི་འབྲེལ་བ་དེ་ཨ་རིའི་སྦྲོ་ལོར་གི་ཛ་ནང་བཞིན་གཏན་པོ་ཡོད་པ་མ་རེད། ཡར་འཕར་མར་ཆགས་མང་པོ་ཡོང་གི་རེད། གང་ལྟར་མདང་དགོང་ཁྱེད་ཀྱིས་ང་ལ་རེ་དོན་ཚང་མ་འགྲུབ་པའི་སྨོན་ལམ་བརྒྱབ་པ་དེར་ཐུགས་རྗེ་ཆེ། རྗེས་མ་ཡང་མི་ཤེས། ཇ་རྐོ་དང་སྒོག་བརྡུང་གིས་གཞུ་རེས་བྱེད་དགོས་ན་ཐང་། ནམ་ཡིན་ན་ལྕགས་ཞྭ་གོན་ནས་ཞོག་མ་མ་གཏོགས། ཆང་འདྲ་མ་འཕྲོད་ལ་ཤི་མ་སོང་ན་ཡང་དང་ཡང་དུ་འདི་ལ་ཡོང་མདོག་ཁ་བོ་རེད། ་་་་་་་་་་་་་་་་་་་་་་་་་་་་་་
ད་རེབ་དངོས་ནས་སྟག་སྨྱོན་ཟེར་བ་ཁྱེད་རང་ལ་ངོ་བསྟོད་བྱས་པ་གཏན་ནས་མིན། སྐད་ཆ་དངོས་ནས་དོན་སྙིང་ཡོད་པ་ཞིག་བཤད་འདུག མི་བསམ་ཡོད་ཟེར་བ་ནི་ཁྱེད་འདྲ་ལོས་ཡིན། གཅིག་བྱས་ན་ཁྱེད་རང་ནི་ཆང་འཐུང་ཞིག་ཡིན་པར་རྒྱུན་དུ་ཁྱེད་རང་གིས་བཤད་ཀྱི་འདུག་སྟབས། ཆང་གི་བཟི་ན་སྐད་ཆ་དྲང་མོ་བཤད་རབས་ཡོད་སྟབས། ད་རབས་ཁྱེད་རང་ཆང་གི་བཟི་ནས་སྐད་ཆ་ཚང་མ་དྲང་མོ་དྲང་རྐྱང་དུ་བཤད་པ་འདྲ། དེ་མིན་ཆང་གི་བཟི་མེད་པ་ཡིན་ན་ནི། དེ་ལས་ཀྱང་ཁྱེད་རང་གི་སྐད་ཆ་ནི་དངོས་ནས་དོན་སྙིང་ལྡན་པ་ཞིག་རེད་འདུག ང་རང་ནི་ནམ་རྒྱུན་མི་ལ་དོན་མེད་དུ་ངོ་བསྟོད་བྱེད་རྒྱུར་དགའ་བ་ཞིག་གཏན་ནས་མིན། དེའི་སྟབས་ཀྱི་དེ་རིང་ཁྱེད་རང་གི་མཆན་པུ་འདི་ཀློག་ནས་དངོས་ནས་ཁྱེད་རང་ལ་ཤེས་ཚད་དངོས་ནས་ཡག་པོ་ཞིག་ཡོད་པ་རྟོགས་སོང་། ཨ་མའི་བུ། ཐག་རིང་ས་མཐའ་ནས་ཆང་འཐུང་ཤེས་རེ་བྱེད་ཐུབ་པ་གནོང་རོགས་ཟེར་ནས་འབོད་སྐུལ་ཞིག་ཞོར་ནས་ཤོར་སོང་། སེམས་ལ་མ་འབབ་པ་ཡིན་ན་ནི་གད་སྙིགས་ཡོད་ས་གང་ས་ན་ཡོད་པ་མ་བརྗེད་ཅིག
བེ་རི་འཇིགས་མེད་ཟེར་བའི་མི་ཁ་ཡག་ཁོག་རྩོག་ཁྱོད་ཀྱིས་ཁྱི་སྐད་བཤད་མི་ཤེས་ཟེར་བ་དེ་གསར་འགྱུར་ཡག་པོ་ཞིག་རེད། གང་ཡིན་ཟེར་ན་མི་མང་པོ་ཞིག་གིས་ཁྱོད་ཀྱིས་རྟག་པར་ཁྱི་སྐད་རྒྱག་གི་འདུག་བསམ་གྱི་ཡོད་པ་རེད།
སྒྲུང་ཐུང་གཉིས་དེའི་རྩོམ་པ་པོ་སུ་ཡིན་ཁ་བརྡ་རྩོམ་སྒྲིག་པར་དྲི་དགོས་དོན་ཅི་ཡོད། དེ་གཉིས་ཀྱི་རྩོམ་པ་པོ་ཁྱོད་བེ་རི་འཇིགས་མེད་ཡིན་པར་མ་ཟད། ད་དུང་མཆན་གྱི་ཐོག་ནས་དགུ་རོང་གྲུབ་ཆེན་ཟེར་བ་ཞིག་དང་རྒྱག་རེས་མང་པོ་བརྒྱབ་འདུག་པ་ཁྱོས་བརྗེད་སོང་ནི་ཆེ་ཡིན། ཨ་རོགས། ཉེ་སྔོན་དྲྭ་གྲོགས་ཤིག་གིས་ཁྱོད་ལ། ཆོས་གོས་དམར་པོ་གྱོན་པ་མ་གཏོགས།། ཆོས་ཀྱི་སྡོམ་ཁྲིམས་ང་ལ་མེད་པས།། ཤ་ཆང་སྟུ་ཡི་ལོངས་སྤྱོད་རག་ཆེད།། ཤ་ཁྱི་བཞིན་ཏུ་འདུར་རྒྱུག་བྱེད་ཀོ། ཞེས་བྲིས་འདུག་པ་བཞིན་ཁྱོད་དེ་རིང་གཟན་གྱི་འོག་ན་ཆང་གིས་བཟི་བསྡད་ཡོད་ནི་མིན་ན། ཡང་མིན་ན་སྔར་དུག་ནད་འཕར་སྟངས་ཤིག་གིས་སྒྲུང་རྩོམ་དེ་གཉིས་བྲིས་རྗེས་ད་དགེ་རྒན་དང་གྲོགས་མཆེད་ཚོས་བཀའ་བཀྱོན་ལ་སྐྲག་ནི་ཨེ་རེད། ཨ་རོགས་བེ་རི། རྗེས་ལ་འགྱོད་པ་སྐྱེ་དགོས་པའི་ལས་ཀ་དང་པོ་ནས་མ་བྱས་ན་ཡག་གི་རེད། རྗེས་སུ་སྐུང་ཨེ་ཐུབ་བལྟ་གི་ཡོད་དུས་དཀའ་ནི་རེད་ཡ། ད་དུང་ང་ལ་རྨོངས་རྒན་དང་ཁྱི་སོགས་ཚིག་ངན་ཡིད་ལ་དྲན་ཚད་ཅིག་བྲིས་འདུག་པ་དང་། ཁོང་ཁྲོ་ལངས་ཆེས་ནས་ཡིག་ནོར་ལ་བལྟ་ལོང་མེད་པར་འཕྲོ་རིམ་འཕྲོར་མཆན་གསུམ་བཏང་འདུག་པ་འདི་ཡང་ཁྱོད་ཀྱི་གདོང་རིས་ངོ་མ་དེ་རེད།
ངས་ཁྱོད་ལ་སྐད་ཆ་ཞིག་དྲིས་པ་ཙམ་ཡིན་ཡང་ཁྱོད་ངར་ལངས་ནས་སྨྱོ་གྲབས་འདྲ་ཞིག་བྱས་འདུག འདི་ལ་བལྟས་ན་ད་དུང་སྐད་ཆ་མང་པོ་བཤད་འདོད་ཡོད་ས་རེད། གལ་ཏེ་སྐད་ཆ་མང་པོ་བཤད་འདོད་ཡོད་ན་ཁྱོད་ཀྱི་གློག་འཕྲིན་ཁ་བྱང་བསྐུར་དང་ཁྱོད་དང་ང་གཉིས་ཟུར་དུ་སྐད་ཆ་བཤད་ཆོག དྲྭ་གྲོགས་གཞན་པ་ཚོ་དང་། ཁ་བརྡ་དྲྭ་ཁང་ལ་གུས་ཞབས་མེད་པའི་ལས་ཀ་བྱེད་དགོས་དོན་མེད།
བཀུར་འོས་པའི་དྲྭ་གྲོགས་རྙིང་པ་ཀླུ་སྨྱོན་དང་། སྟག་སྨྱོན། གཟུར་གནས། བོད་ལྷ་ཀླུ་གཉན་གསུམ་སོགས་ལ་ཁྱེད་རྣམ་པའི་མཆན་དང་འབྲེལ་བ་མེད་པའི་སྐད་ཆ་འདིར་དགོངས་པ་མ་ཚོམས་རོགས་ཞེས་ཞུ་རྒྱུ་དང་། ད་དུང་ཧོར་འཇིགས་ཀྱི་ཨ་མའི་སྐད་ཆ་དེ་ལོ་བཅུའི་རིང་ལ་གླེང་བ་ཡིན་པས་ད་མཚམས་འཇོག་རོགས་ཞུ་བ་ཡིན། ཧོར་འཇིགས་ལ་ཁག་ཅི་ཡོད། ང་ངོ་མ་ཧོར་འཇིགས་ཀྱི་རྒན་མོའི་ཐོག་ལ་སྙིང་་་་་་་་་་་་་
ཐུགས་རྗེས་གཟིགས། གྲོགས་པོ་བོད་རིགས་ཚོའི་ཐོག་དོན་མེད་ཀྱི་ཚིག་རྩུབ་མ་འཕེན་རོགས། ང་ཚོ་ལ་ངོ་ཚ་ཟེར་བ་ཞིག་དགོས་པ་རེད།
དྲ་གྲོགས་ཤེས་རབ་ལགས། ང་ཚོས་རང་གི་མི་ལ་རང་གི་བརྩི་བཀུར་བྱེད་དགོས་སར་བརྩི་བཀུར་མ་བྱས་པ་ཡིན་ན་ནི་མི་རིགས་གཞན་གྱིས་དེ་ལས་ཀྱང་ང་ཚོ་ལ་བརྩི་བཀུར་བྱེད་རྒྱུ་ཕར་ཞོག དེ་ལས་ཀྱང་མཐོང་ཆུང་གཟེད་ངེས་ཡིན་ན། རྗེས་ཕྱོགས་སྐུ་ཉིད་ནས་སྐད་ཆ་ག་རེ་གསུང་འདོད་ཡོད་ན་ཡང་། བསམ་ཤེས་དང་ཀུ་ཡངས་སྒོ་ནས་གསུང་རོགས་ཞུ་ཟེར་ན་འདོད་སོང་། ཡིན་ཡང་སེམས་ལ་མ་འབབ་ན་དགོངས་དག འདི་ནི་ངེད་ཅག་ཚང་མ་བོད་རིགས་གཅིག་པ་ཡིན་སྟབས་ང་རང་གི་སེམས་གཏིང་ནས་ཤོར་དེ་དྲ་ཐོག་འདིར་འབྲི་དགོས་བྱུང་སོང་།
ཤེས་རབ་དང་བེ་རི་ཁྱེད་གཉིས་ལ་དངོས་ནས་ཆུ་ཆོ༹ད་སྟོང་པ་་ཡོད་པ་འདྲ་གཅིག་གི་གྲོས་ཆོ༹གས་ནས་སྙན་ངག་བྲིས་་ཡང་གཅིག་གིས་དྲ་རྒྱའི་སྐུད་ལམ་ལས་དཔའ་ངར་ངོམས།དེ་འདྲའི་ཁོམས་པ་ཡོད་ན་youtupe ནང་དུ་སོང་དང་དེར་
རྒྱ་རྒན་མང་པོ་ཞིག་གིཁྱེད་གཉིས་ལ་ལྟོས་བསྡད་འདུག
དྲ་གྲོགས་མདའ་སྨྱུག་ལགས། ངེད་ཅག་གི་ཕན་ཚུན་ལ་བསམ་ཤེས་དང་གནས་ལུགས་རྒྱུ་མཚན་ཡོད་མེད་ཀྱི་སྐད་ཆ་རེ་བཤད་དེ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དྲ་ཐོག་ནས་ཀྱང་དྲན་ནས་དེ་ལྟར་བྱེད་རྒྱུར་འབད་པ་ཆེན་པོའི་སྒོ་ནས་བགྲོ་གླེང་རེ་གནང་ཐུབ་ན་ཡག་པོ་རེད། དེ་མིན་ཕན་ཚུན་ལ་རྩོད་རྒྱུ་སྙིང་ནད་ཅིག་ཡོད་པ་ལྟ་བུའི་ཚིག་སྙིང་ལ་འཕོག་པ་དེ་འདྲའི་རིགས་བཤད་མ་དགོས་ན་དངོས་ནས་ཡག་པོ་འདུག་དྲན་སོང་བས་དེ་ལྟར་བཤད་པ་ལ་ནོར་འཁྲུལ་དུ་དགོངས་ན་སྐུ་ཉིད་ཀྱིས་གང་འདོད་ལྟར་གནང་ན་འགྲིག་གི་ཡོད་པ་རེད། ཡིན་ཡང་། ང་རང་གི་ལྟ་ཚུལ་དང་སེམས་ཀྱི་དྲན་པ་དྲང་ཕྱོགས་ཁོ་ནར་བཟུང་དེ་གླེང་བ་ལས་ཁ་བརྡ་སློབ་གསོ་བརྒྱབ་པ་དེ་འདྲ་རྩ་ནས་མ་ཡིན།
དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས། ཁྱོད་ཀྱིས་ང་ལ་སྐད་ཆ་བཤད་ན་བརྩི་བཀུར་དགོས་རབས་དང་། བསམ་ཤེས་དགོས་རབས་ཟེར་བའི་རྒྱུ་མཚན་ཅི་ཡིན་ནམ། བརྩི་བཀུར་བྱེད་དགོས་ས་ཟེར་བ་དེ་སུ་རེད། བེ་རི་ལ་ངས་བརྩི་བཀུར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གྲྭ་ཆས་གྱོན་པས་རེད་དམ། ཡང་ན་སྤྱི་འཐུས་ཡིན་པས་རེད། དེ་མིན་ཁོས་ང་ལ་རྨོངས་རྒན་དང་ཁྱི་སོགས་ཟེར་ནས་མཆན་གསུམ་བཏང་འདུག་པ་ཁྱོས་མ་རིག་ནི་ཆེ་ཡིན། ཁྱོས་བེ་རི་ལ་སློབ་གསོ་གཏོང་མི་དགོས་པའི་དོན་ཅི་ཡིན། དེང་སང་ཁ་བརྡ་དྲྭ་རྒྱ་དང་། དུས་བབས། བོད་ཀྱི་བང་ཆེན་རྣམས་ཀྱི་སྟེང་དུ་ལྟོས་དང་། བེ་རི་ལ་བརྩི་བཀུར་མི་བྱེད་མཁན་ང་ལས་སྡུག་མང་པོ་ཁྱེད་ཀྱིས་རིག་ཐུབ།
གྲོགས་པོ། སྲིད་གཞུང་གི་དཔོན་རིགས་ཚོའི་སྐྱོན་མཚང་བསྔོགས་དུས་བསྔོགས་ས་དེའི་སྟེང་ལ་དཔྱད་པ་མི་བྱེད་པར། རྒྱུ་མཚན་ཡོད་རུང་མེད་རུང་མཁན་བསྔོགས་མཁན་ཀྱི་སྐེ་ནས་འཛིན་པ་དེ་རྒྱ་ནག་སྲིད་གཞུང་ལྟ་བ་མ་རེད་དམ། ཁྱེད་ཀྱི་རང་གི་ལེགས་ཉེས་དཔྱོད་པའི་བློ་གྲོས་སྨྱུག་ཐུར་གྱི་སྦུབས་སུ་མ་འཇུག
ངས་ད་བར་དྲྭ་ཁང་འདིའི་ནང་ནས་ཁྱོད་ཀྱི་མཆན་བརྒྱ་ཕྲག་ལྷག་ཅིག་མཐོང་ཡོད་ས་རེད། སྤྱིར་དྲྭ་ཁང་འདིའི་དགེ་རབ་དང་། ཀླུ་སྨྱོན་དང་། སྟག་སྨྱོན། སྤོབས་པ། མགོན་པོ་ཕྱག་གཉིས་པ། འདོད་ལྷའི་བུ་སོགས་ཚད་མཐོའི་བལྟ་རྒྱ་དང་ཐོས་རྒྱ་ཡོད་པ་མང་པོ་འདུག་མོད། ཁྱོད་དེ་ཙམ་མགོ་ཚོས་མཁན་ཞིག་མ་རེད། ད་དུང་ཁྱོད་མི་ལ་སློབ་གསོ་གཏོང་རྒྱུའི་ཚད་ལ་སླེབས་མི་འདུག ངས་ཀྱང་ཁྱོད་ལ་བསམ་དཀར་གྱི་སྐད་ཆ་ཡིན་པས་ཁྱོད་དགོངས་པ་མ་ཚོམས།
དེ་མིན་མདའ་སྨྱུག་ལགས་ཀྱི་མཆན་༡༦པ་དེར་ང་མོས་མཐུན་ཡོད་པས་ཐུགས་རྗེ་ཆེ་ཞུ། སློབ་གསོ་བཏང་ན་ཡང་རེད། བསམ་འཆར་འདོན་ན་ཡང་རེད། མ་མཐའ་ཕར་བལྟ་ས་ན་ཕྱོགས་སུ་ལྷུང་མེད་པ་ཞིག་དགོས་ཀྱི་རེད། གལ་ཏེ་ཕྱོགས་སུ་ལྷུང་བའི་སློབ་གསོ་ཞིག་ཡིན་ན་དེ་རྙོག་དྲ་བཟོ་བ་རེད་མ་གཏོགས་སློབ་གསོ་མ་རེད།
ད་དུང་སང་ཉིན་བེ་རིས་ང་ལ་མཐོང་ཆུང་དང་ཚིག་རྩུབ་ག་འདྲ་ཞིག་བེད་སྤྱོད་བྱེད་ཡོང་ལྷ་ཀླུ་ཁྱོད་ཀྱིས་ལྟོས་ཨ།
རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལ་གུས་བཀུར་དང་འབྲེལ་བསྔགས་བརྗོད་བྱ་འོས་པ་ཞིག་ཅིས་ཀྱང་རེད། དངོས་གནས་ཁོང་གི་ཤེས་ཡོན་འཇོན་གསུམ་ལ་ང་ཡིས་ཀྱང་ཡིད་སྨོན་དང་བཅས་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ཡིན་ན་ཡང་། བསྟོད་རྩོམ་ཁོ་ནའི་ལུགས་ལྟར་མ་ཡིན་པར་བློ་གཟུ་བོའི་ཚུལ་གྱིས་བརྗོད་ན། ཧོར་གཙང་འཇིགས་མེད་ཀྱི་སྙན་རྩོམ་དག་ལ་ནི་སྒྱུ་རྩལ་གྱི་ཆ་ནས་སམ། ཡང་ན་རྩོམ་རྩལ་གྱི་ཆ་ནས་ཚོར་བ་རྣོ་བོ། འགུག་ཤུགས་ཆེ་བ། གསོན་ཉམས་ལྡན་པ། རྩོམ་འགྲོས་ཡག་པ་སོགས་ཀྱི་ཕུལ་བྱུང་ཁྱད་ཆོས་མང་པོ་འདུག་མོད་ཀྱང་། ཁོང་གི་༼དྲང་བདེན་གྱིས་བསླུས་པའི་སློང་མོ་བ་༽དང་། ༼ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག༽གཉིས་ནི་གཞན་ལ་ཟུར་ཟ་དང་སྐྱོན་བརྗོད། མཚང་འབྲུ་སོགས་ཀྱི་ཚིག་ཚོགས་མང་བ་ཞིག་ལས། བརྟན་རླིང་བབ་ཆགས་དང་གཟུར་གནས་དྲང་འབྲེལ་གྱི་དཔྱད་བརྗོད་རྣལ་མ་ཞིག་ཏུ་མ་མཐོང་། ད་རེབ་བེ་རི་འཇིགས་མེད་ཀྱིས་ཧོར་གཙང་འཇིགས་མེད་ཀྱི་ལོ་རྒྱུས་བརྗོད་པ་དང་ལྷན་དུ་མདོ་སྨད་ལོ་རྒྱུས་ཆེན་མོ་བཀླགས་པའི་མྱོང་ཚོར་རམ་དེ་ལས་འཕྲོས་པའི་དགོངས་འཆར་དཔྱད་བརྗོད་འདྲ་བྲིས་ཡོད་ཤག་ཡིན་བསམ་ཡང་། དེ་འདྲ་ནི་མི་འདུག་པས་མཁྱེན་ཡངས་ཀློག་པ་པོ་ཚོས་མདོ་སྨད་ལོ་རྒྱུས་ཆེན་མོའི་ཐད་ལ་བསམ་ཚུལ་དང་དཔྱད་བརྗོད་རེ་སྤེལ་ན་ལེགས་པར་མཐོང་ངོ་།།
ཨ་ཨ་ཨ། བེ་རི་དགེ་བཤེས་ཀྱི་མཁྱེན་དཔྱོད་ལ་གཅིག་ལྟོས་དང་། ང་སྔ་མོ་ཞིག་ནས་བེ་རི་ཟེར་བ་འདི་ལ་ཞེན་པ་གཏིང་ནས་ལོག་ཚར་བས་ཁོའི་རྩོམ་གང་འདྲ་ཞིག་ཡིན་རུང་ཁ་བྱང་རེ་མ་གཏོགས་ཞིབ་ཏུ་ཀློག་གི་མེད། དེ་རིང་གྲྭ་གྲོགས་སྐམ་པོ་ལགས་ཀྱིས་བེ་རི་ལ་ཡིག་ནོར་མང་ཚུལ་ཞིག་བཤད་འདུག་པས་ཧོར་གཙང་ལ་བསྟོད་པའི་ཆེད་རྩོམ་ཉུང་ཉུང་དེར་རོབ་བལྟས་ཤིག་བྱས་པ་ཡིན། ངས་ཆེད་རྩོམ་ཉུང་ངུ་འདི་ནས་ཡིག་ནོར་ལྔ་བཅུ་ང་བརྒྱད་རྙེད་སོང་བར་མ་ཟད། ད་དུང་ལག་ནོར་ཤོར་བ་ཙམ་མིན་པར་མ་ཤེས་ནས་ནོར་བ་འབའ་ཞིག་ཡིན་པ། དཔེར་ན། འཚར་ལོངས་ལ་ཚར་ལངས། བཤེས་གཉེན་ལ་གཤེས་གཉེར། ཀར་འབྲུག་ལ་ཀ་འབྲུག བརྩམས་ཆོས་ལ་རྩོམ་ཆོས། སྲི་ཞུ་ལ་བསྲི་ཞུ། པུས་མོ་ལ་སྤུས་མོ། དཔྱད་པའི་ལ་དཔྱོད་པའི། དཔྱད་བརྗོད་ལ་དཔྱོད་བརྗོད། དུམ་ཚན་ལ་དུམ་མཚམས། དཔྱད་འོས་ལ་དཔྱོད་འོས། ཐུག་འཕྲད་ལ་ཐུག་འཕྲོད། སྲུབ་ཀ་ལ་སྲིབས་ཀ་ཞེས་བྲིས་པ་སོགས་ནི་དགེ་བཤེས་ཀྱི་མིང་ཁུར་མཁན་ཞིག་ལ་མཚོན་ན་ཕྱིན་ཆད་མི་ལ་གདོང་སྟོན་མི་ཐུབ་པའི་ཞབས་འདྲེན་ཞིག་རེད། ཡིག་ནོར་ཆ་ཚང་ལ་ཚོན་ཁྲས་རྟགས་བརྒྱབ་ཡོད་ཀྱང་དྲྭ་ཐོག་འདིར་ཡི་གེ་ཚོན་ཁྲ་ཅན་གཏོང་ཐབས་མ་བྱུང་། ད་དུང་ངོ་ཚ་རྒྱུ་མེད་པར་ཧོར་གཙང་དང་ཁོང་གཉིས་རིགས་པའི་གྲོགས་པོའི་འབྲེལ་མཚམས་མ་ཆད་པར་རྩོམ་དེབ་དུ་མ་ཕན་ཚུན་ལེགས་སྐྱེས་སུ་འབུལ་རེས་ཞུས་པ་ཡིན་ཟེར། འདི་ནི་ཧོར་གཙང་གི་རིན་ཐང་མར་ཆག་བྱེད་ཅིག་རེད། མི་ཚོགས་མང་པོའི་ནང་སྤྲེའུས་རྐུབ་དམར་རྗེན་དུ་བསྟན་ནས་འགྲོ་བ་བཞིན་མི་འདིས་ཡང་ཧོར་གཙང་གི་མདུན་ནས་ཅི་འདྲའི་ངོ་ཚ་མང་པོ་ཞིག་ཉོས་ཡོད་དམ། ད་དུང་བློ་གསལ་གླིང་ཡིན་ན་སྒོ་མང་ཡིན་ན་ཅིག་གི་རིག་གནས་དགེ་རྒན་རེད་ཟེར། འདིས་གྲྭ་ཆུང་མེ་ཏོག་དང་འདྲ་བ་ཚོ་ལ་ཅི་ཞིག་ཁྲིད་ནས་དུས་ཚོད་འཕྲོ་བརླག་ཏུ་བཏང་བསྡད་པ་ཡིན་ནམ། བུད་མེད་ཀྱི་འདོམས་དང་འཕོང་ཚོས་སོགས་ལ་བལྟས་ནས་མཆིལ་མ་མིད་བཞིན་ཡིད་སྨོན་བྱེད་ཚུལ་འདྲ་ཁྲིད་བསྡད་ཡོད་ཤས་ཆེ།
ཧོར་གཙང་འདི་སེམས་པ་རྣལ་ལ་མི་ཕབ་པའི་མི་ཞིག་ཡིན་པས། ཁོ་པས་གང་བྱུང་འབྲི་ངེས་རེད། དེ་ནི་བོད་མི་བཙན་བྱོལ་བ་ཀུན་གྱིས་མི་ཤེས་པ་སུ་ཡང་མེད། མདོ་སྨད་ལོ་རྒྱུས་འདི་ཇི་འདྲ་ཞིག་བྲིས་ཡོད་མེད་དོགས་པ་ཧ་ཅང་ཆེ།
བེ་འཇིགས་མེད་ལ་དྲི་བ་ཞིག་ཡོད།
ཁྱེད་ཀྱི་ཧོར་གཙང་འཇིགས་མེད་ལོ་རྒྱུས་སྨྲ་བའི་ཞེས་ངོ་བསྟོད་མང་པོ་བྱེད་ཁུལ་བྱས་འདུག་ཀྱང༌། གནས་ཚུལ་མང་པོ་ཞིག་ཁྱེད་ཀྱི་ཤེས་ཀྱི་མེད་ཚོད། ཧོར་གཙང་གིས་དེ་སྔོན། སྲིད་དོན་རྒྱལ་རབས་ཞྭ་སྒ་པས་རྩོམ་མེད་དེ་བརྐུས་པ་རེད། ཅེས་པ་དང༌། དགེ་བཤེས་ཆོས་གྲགས་བརྡ་དག་ཆེན་མོ་ཡང་དགེ་ཆོས་ཀྱི་ཡིན་ཀྱང་ཁོ་པས་བརྐུས་པ་རེད། ཅེས་པ། ཉེ་ཆར་དཔེ་མཛོད་ནས་སྤར་བའི་ལོ་རྒྱུས་འབྲེལ་ཡོད་ཀྱི་དེབ་དེའི་ནང༌། ཧོར་གཙང་གིས། སོག་པོ་དང་བོད་མཆོད་ཡོན་གྱི་འབྲེལ་བ་ཐོག་མ་ནི་ས་སྐྱ་ཀུན་དགའ་སྙིང་པོ་ནས་བྱུང་བ་རེད། ཅེས་ད་བར་རྫུན་གཏམ་ས་སྟེང་དུ་མ་ཤོང་བ་མང་པོ་བཤད་ཡོད་པ་དེ་དག་ལ་ཁྱེད་ཀྱི་བདེན་པར་འཛིན་ནམ། འོ་ན་ཇི་ལྟར་ཡིན།
སླུ་ཞབས་ཧོར་གཙང་ལགས་ཀྱི་ལོ་རྒྱུས་ཆེན་མོ་རྩོམ་གྲུབ་བྱུང་བར་དགའ་བསུ་ཞུ། མགྱོགས་པོར་ང་ཚོའི་མིག་མདུན་དུ་འགྲེམས་ཐུབ་པར་སྨོན།
ཤེས་རབ་ལགས། བདག་གིས་བེ་རུ་བཟང་རབས་ཀྱང་བཤད་མེད་ལ་ངན་རབས་ཀྱང་བཤད་མེད། ཡིན་ཡང་། གོང་ནས་ཁྱེད་རང་གི་ངས་བེ་རུ་ལ་བརྩི་བཀུར་བྱེད་དགོས་པ་འདྲ་ཞིག་བཤད་པ་ལྟ་བུ་ཞིག་གསུང་གི་འདུག དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད་དོ། ངས་གང་ཞིག་བཤད་པ་དེ་དག་ཁྱེད་རང་གི་བསྐོར་ལོག་ལ་འཁྱེར་ནས་གསུང་ལན་ཞིག་སྤྲད་འདུག་པ་མ་ཟད། ངས་ནོར་འཁྲུལ་ཁ་ཤས་ཤིག་འཐེར་འདོན་བྱས་འདུག་པ་དེར་ཐུགས་རྗེ་ཆེ། ང་རང་ནི་དངོས་ནས་ཁྱེད་རང་སྣང་་བཞིན་ཤེས་ཡོན་ཆུ་ཚད་མཐོན་པོར་སོན་པ་ཞིག་མིན་ལ་དེ་བས་ཀྱང་མི་ཞིག་སྐད་ཆ་གོ་མ་ཐག་ནས་ངན་བཤད་རྐྱང་རྐྱང་བྱེད་རྒྱུར་གོམ་པ་ཞིག་དེ་བས་ཀྱང་མིན། ང་རང་དྲ་ཚིགས་འདིར་མཆན་པུ་འདེབས་དུ་ཡོང་དོན་གཙོ་བོ་ཡང་རང་ཉིད་བོད་ལ་སྐྱེ་བའི་བོད་པ་ཞིག་དང་བོད་ཡིག་ནི་རང་གི་སྐད་ཡིག་དང་རང་གི་སྐད་ཡིག་ལ་རང་གིས་བེད་སྤྱོད་བྱེད་པ་དང་བཀོལ་སྤྱོད་བྱེད་ས་ཞིག་ཡོད་པ་དེར་དགའ་ནས་ཡོང་བ་དང་། ད་དུང་བོད་པའི་སྐྱིད་སྡུག་གི་བསྐོར་ལ་དྲ་གྲོགས་མི་ཉུང་བ་ཞིག་གི་གླེང་མོལ་བྱེད་བཞིན་པ་དེ་དག་གི་ཁྲོད་དུ་རང་ཉིད་ལ་བསླབ་བྱ་རེ་རེག་སྲིད་ངེས་སྙམ་ནས་ཡོང་བ་ལས་མི་ལ་བསླབ་བྱ་རྒྱག་རྒྱུའི་ཆུ་ཚད་ཟེར་བ་ཞིག་ང་རང་ལ་གཏན་ནས་མེད། ང་རང་ནི་དངོས་ནས་མི་བློ་དམན་པ་ཞིག་ཡིན། རྗེས་ཕྱོགས་ལམ་སྟོན་མི་དམན་པ་རེ་གནོང་རོགས་ཞུ།
ཤེས་རབ་ཟེར་ལགས།
ཁྱེད་ཀྱི་ཧོར་གཙང་གི་དེབ་འདིའི་སྐོར་གཅིག་གསུངས་དང་། བེ་རི་འཇིགས་མེད་ཀྱི་སྤྱོད་པ་ཕར་གཡུགས་བཞོག ཁོང་གི་རྩོམ་གྱི་སྐོར་ལ་གཅིག་གསུངས་དང་།
ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་ཕྲེང་ལྔ་བྲིས་འདུག མི་མང་པོ་ཞིག་གིས་དེའི་བསྐོར་ལ་རྩོད་པ་དང། ་ཡང་ན་འཚང་འབྱིན་པ། ངན་སྐད་འདྲ་མིན་སྣ་ཚོགས་ཀྱིས་ལབ་གླེང་བྱེད་ཀྱིན་འདུག དེ་འདྲ་རྐྱང་རྐྱང་ལབ་བསྡད་ན་ཡག་པོ་མི་འདུག་སྙམ། གང་ཡིན་ཞེ་ན། དང་པོ་འཇིགས་མེད་ཀྱིས་བྲིས་བའི་ལོ་རྒྱུས་ཆེན་མོའིབརྗོད་བྱ་དང། རྗོད་བྱེད་ཀྱིས་ཚིག ཡང་ན་ཡུལ་ལུང་སོ་སོའི་ལོ་རྒྱུས་དང་བྱུང་རིམ་ཚང་མ་ལ་བལྟས་ཚར་རྗེས། ད་གཟོད་དོགས་འདྲི་དང་གླེང་སློང་འདྲ་མིན་སྣ་ཚོགས་ཀྱིས་སྒོ་ནས་བརྡར་ཤ་བཅད་གལ།
ནོར་བཅོས། ཤེས་རབ་ཟེར་ལགས་ཅེས་པ་འདི་ ཤེས་རབས་ལགས་སུ་བཅོས་རོགས།
ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ལོ་རྒྱུས་བྲིས་པ་ཐོས་པས་དགའ་བོ་བྱུང་ལ། ཞོར་དུ་མདོ་སྨད་གཅིག་བུའི་ལོ་རྒྱུས་ལས་ཀྱང་བོད་ཡོངས་ཀྱི་ལོ་རྒྱུས་ཞིབ་གསལ་ཞིག་བྲིས་ཡོད་ན་ཅི་མ་རུང་དྲན་སོང་། ཁ་སང་ཨ་རི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་དུ་རྩོམ་པ་པོར་དེའི་སྐོར་ལ་དྲི་བ་དྲི་ལན་སྐབས་ཁོང་གིས”དེང་སྐབས་མི་ཚོས་བྱ་བྱིའུ་འབའ་འབུ་སྐོར་ལ་དེབ་དང་གློག་བརྙན་མང་པོ་བཟོས་ཡོང་དུས་ངས་རང་གི་ཡུལ་ལུང་བྱེ་བྲག་པའི་ལོ་རྒྱུས་ཞིག་བྲིས་པ་འདི་དགོས་མེད་ཅིག་ལ་ནམ་ཡང་མཐོང་གི་མེད”གསུངས་སོང་། དེ་རིང་ང་ཉེ་འཁོར་གྱི་དཔེ་ཁང་དུ་སོང་ནས་ཤིག་གི་སྐོར་ལ་དེབ་འདྲ་ཡོད་མེད་བལྟས་པ་ཡིན། ཤིག་གི་སྐོར་ལ་དེབ་བཅུ་གྲངས་ཤིག་འདུག དཔེ་མཛོད་དོ་དམ་པས་ཟེར་ན་འབུ་གྲོག་མའི་སྐོར་ལ་ཞིབ་འཇུག་བྱེད་ན་དེ་ལས་ཀྱང་དེབ་མང་པོ་རེག་གི་རེད་ཟེར། བྱས་ཙང་ང་རྩོམ་པ་པོའི་སྐད་ཆ་དེར་ངོས་ཟིན་འདྲ་ཞིག་ཐོབ་སོང་བ་མ་ཟད་ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ན་འདོད་བྱུང་། གལ་ཏེ་ཁོང་གི་བྱས་རྗེས་ལ་མིག་ཚ་མཁན་གང་ན་སུ་ཡོད་ཚོས་ཀྱང་ཁ་ན་ན་བར་གླེང་འདེབས་པ་ལས་སྒོག་པ་རློན་པ་བརྡུངས་ནས་མིག་ལ་བྱུགས་ན་ཅུང་ཙམ་ཕན་གི་རེད་འདོད་ཀི། ཁ་དྲོ།།
བསྟོད་པར་དགའ་བས་བསྟོད་པ་བྱས་ན་སྲོང་བཙན་སྒམ་པོའི་དབུ་ཡི་ལྷ་དེ་དྲན།།
སྨད་པར་དགའ་རྣམས་སྨད་པ་རིག་ན་འུ་དུམ་བཙན་པོའི་མགོ་ཡི་ར་དེ་དྲན།།
བསྟོད་པས་ལྷ་དང་སྨད་པས་འདྲེར་གཏོང་བསྟོད་སྨད་གང་གི་ཕྱོགས་སུ་མ་ལྷུང་བར།།
ལྷ་ཡང་མིན་ལ་འདྲེ་ཡང་མ་ཡིན་མི་ཡི་དགེ་སྐྱོན་ཇི་བཞིན་བརྗོད་ན་དགེ།
དྲ་གྲོགས་དཀོན་མཆོག་ཟེར་བ་འདིས་དངོས་ནས་སྐད་ཆ་རྒྱུ་མཚན་ལྡན་པ་ཞིག་བཤད་འདུག་པ་དེར་དངོས་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་དུ་ད་དུང་ཡང་ཡུལ་ལུང་གི་ལོ་རྒྱུས་སོ་སོ་ཡང་ཁ་གསལ་ཞིག་མེད་པ་མ་གཏོགས། ཕྱི་རྒྱལ་འགོ་སེར་དེ་དག་གིས་རང་རང་གི་མི་ཚེའི་ལོ་རྒྱུས་དང་བྱ་བྱེའི་འབའ་འབུ་ཚུན་ཆད་ཀྱི་ལོ་རྒྱུས་ལ་སོགས་བྲིས་མེད་པ་ཞིག་ཕལ་ཆེར་མེད་ལ་ཁོང་ཚོས་མི་སུ་ཞིག་གིས་དེབ་གསར་བ་ཞིག་བཏོན་ཡོད་ན་དེ་ཉོས་དེ་ཀློག་པ་པོ་བྱེད་པ་མ་ཟད། མི་དེའི་དཀའ་ལས་བརྒྱབ་དེ་བསྐྲུན་པའི་དེབ་དེ་ལ་གདེང་འཇོག་བྱེད་མིན་དེ་ནི་བཤད་དཀའ་ན་ཡང་ཁོང་ཚོས་ཐོག་མར་དེབ་དེ་ཀློག་ནས་ད་གཟོད་གླེང་མོལ་བྱེད་ཀྱི་ཡོད་པ་ལས་རྩོམ་པ་དེའི་སྒེར་གྱི་མི་ཚེ་བསྐྱེལ་སྟངས་གང་འདྲ་ཡིན་མིན་སོགས་རྩ་གཅོད་བྱེད་ཀྱི་མེད། ངེད་ཅག་བོད་པ་ཚང་ལ་ནད་ཚ་ཞིག་ཡོད་པ་ནི། མི་ཞིག་གིས་རང་གི་འཚོ་བ་ངན་ངོན་ཙམ་ལ་མགོ་མ་འཁོར་བར་དཀའ་ལས་གང་མང་བརྒྱབ་དེ་གྲུབ་པའི་དེབ་བཟང་ངན་གང་ཡིན་ཡང་དང་བོ་ཉོས་དེ་ཀློག་རྒྱུ་ཕར་ཞོག དེ་འདྲ་ཞིག་དཔར་བསྐྲུན་བྱས་པ་ཐོས་མ་ཐག་ནས་འགག་པ་རྒྱག་བཞིན་ཡོད། དངོས་ནས་བོད་པ་ཚང་གི་ཤེས་ཡོན་ཅན་ཡིན་ཟེར་ནས་དྲ་ཚིགས་གང་སར་ཟིན་བྲིས་འདེབས་པ་དང་རྩོམ་ཡིག་སྤེལ་བཞིན་པ་དེ་དག་གིས་མགོ་བཙུགས་དེ་དོན་མེད་རྙོག་གཏམ་རྐྱང་རྐྱང་བཤད་དེ་བསྡད་པ་ཡིན་ན་ནི། མི་དམངས་ཤེས་ཡོན་གྱི་དབུལ་བ་དེ་དག་ནི་དངོས་ནས་ཅི་ཁག་སྙམ་ཞོར། དྲ་གྲོགས་ཤེས་ཡོན་པ་དག་གིས་བསམ་བློའི་གྲུ་ཁ་ཅུང་ཙམ་འགྱུར་བ་གཏོང་རྒྱུ་ཡོད་པར་ཤོག་ཟེར་ནས་ཤོད་འདོད་བྱུང་། གལ་ཏེ། བློ་ལ་མི་འབབ་པ་མཁན་གང་ན་སུ་ཡོད་པ་དེ་དག་ལ་དགོངས་དག་ཞུ་རྒྱུ་ཡིན། སེམས་ལ་མ་བཟུང་ཀྱང་འགྲིག་ལ། མཆན་པུ་འདི་བཀླགས་རྗེས་སེམས་གཏིང་ནས་སྐད་ཆ་ཆོ་མེད་དུ་བསམ་ནས་འདོར་ན་འགྲིག
གྲྭ་གྲོགས་བསམ་ཤེས་ལགས།
ངས་ཧོར་གཙང་གི་དེབ་དེ་ཚོ་ད་བར་མ་མཐོང་བས་ཅི་ཞིག་བཤད་དགོས་སམ། སྤྱིར་ང་རང་གི་བལྟ་ཚུལ་གྱི་ཐོག་ནས་བཤད་ན་ཧོར་གཙང་ཟེར་བ་འདི་སྐྱེས་ཐོབ་ཀྱི་ཤེས་རབ་མེ་ལྟར་འབར་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་དེ་ཙམ་མེད་པ་ཞིག་རེད་སྙམ། དཔེར་ན་ཆུའི་བསྟན་བཅོས་ལས་ཆུ་ཕོར་བ་གང་ལ་འགྲོ་བ་རིགས་ལྔས་མཐོང་སྣང་མི་འདྲ་བ་ལྔ་ཡོད་པར་བཤད་པ་དེ། འཇུག་པའི་ནང་གི་ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་ཟློ་ཡང་།། སོགས་ཀྱི་འགྲེལ་བ་ལས་བཤད་པ་བཞིན་ལྷ་མི་ཡི་དྭགས་དུད་འགྲོ་སོགས་ཀྱི་མཐོང་ཚུལ་དང་སྦྱར་ནས་འགྲེལ་དགོས་པ་ལ། དེ་དང་ཕྱོགས་ཙམ་ཡང་མི་ཉེ་བ་དགེ་འདུན་ལྷག་མའི་ནང་གི་ཆགས་པས་འགྲོ་བ་དང་འདུན་པས་འགྲོ་བ་སོགས་ལ་སྦྱར་ནས་འགྲེལ་འདུག་པ་དང་། ཡང་དབུ་ཚད་སེངྒེ་མཇིང་བསྣོལ་ཟེར་རྒྱུའི་ཚབ་ལ་དབུ་སེམས་སེངྒེ་མཇིང་བསྣོལ་ཟེར་བ་དང་། དབུ་མ་རྩ་འཇུག་བཞི་གསུམ་ཟེར་རྒྱུའི་ཚབ་ལ་ག་དུས་ཡིན་ཡང་རྩ་འཇུག་གཞི་གསུམ་ཟེར་གྱི་འདུག་པ་ལྟ་བུ་རེད། འདི་ལྟ་བུ་སྦྱངས་ཡོན་གྱིས་མ་འདང་བའི་གླེན་རྟགས་ཆེས་མང་པོ་མཐོང་རྒྱུ་ཡོད། ད་དུང་ཁོང་གི་རྩོམ་གྱི་སྐྱོན་ཆེ་ཤོས་དེ་ནམ་ཡིན་ཡང་ནང་འགལ་རགས་པ་མང་པོ་ཡོང་གི་ཡོད་པ་དེ་རེད། མཁས་པ་འགའ་ཞིག་གིས་བཤད་ན་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་གཅིག་པུའི་ནང་དུ་ནང་འགལ་བཅུ་བཞི་བཅོ་ལྔ་ཞིག་འདུག་ཟེར། ངས་ནང་འགལ་བཞི་ལྔ་ཞིག་ལས་མཐོང་མ་སོང་། ཁྲག་ཐིག་ལས་སྐྱེས་པའི་ལྗང་སྨྱུག་གི་ནང་དུ་རྩོམ་པ་པོ་ཚོས་རང་ལ་སྨྱུག་མིང་འདོག་པ་རྩ་མི་ཚང་བའི་རྟགས་རེད་ཟེར་ནས་བཀྱོན་ཡོད་རུང་ཁོ་རང་གིས་ཨ་མའི་བུ་ཟེར་བའི་སྨྱུག་མིང་དེ་ཐེངས་མང་པོར་བཀོལ་གྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གི་རྩོམ་མང་ཆེ་བའི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་འབུར་དུ་ཐོན་གྱི་ཡོད་པས་རང་གི་ཕྱོགས་ལ་བསྟོད་པ་དང་། གཞན་གྱི་ཕྱོགས་ལ་སྨད་རྒྱུ་མང་དྲགས་བསྡད་ཡོད་པ་རེད། མི་ཧ་ཅང་མང་པོ་ཞིག་དང་པོ་ཧོར་གཙང་ལ་དགའ་ནས་མཐར་མི་དགའ་བར་གྱུར་པའི་རྒྱུ་རྐྱེན་ཡང་འདི་ཡིན། ད་ཐེངས་མདོ་སྨད་ལོ་རྒྱུས་དེ་ལ་མི་ཐམས་ཅད་ཀྱིས་དོགས་པ་དང་གླེང་སློང་བྱེད་བཞིན་པའི་རྒྱུ་རྐྱེན་ཡང་དེ་རེད། ཕྱོགས་ཞེན་དང་ནང་འགལ་གྱིས་བརླག་མེད་ན་ཚིག་སྦྱོར་སྙན་ཐག་ཆོད་ཅིག་ཡོད་སེམས་ཐག་ཡིན། ང་དང་ཧོར་གཙང་གི་བར་ལ་དགྲ་གྲོགས་ཀྱི་འབྲེལ་བ་གང་ཡང་མེད་ཀྱང་། ད་རེས་མདོ་སྨད་ལོ་རྒྱུས་དེ་ཡག་པོ་དང་བདེན་པ་ཞིག་བྲིས་ཡོད་ན་ང་དགའ་ངེས་དང་། སྤྱི་ཚོགས་ཀྱི་ནང་དུ་རྙོག་དྲའི་སྒམ་ཆུང་ཁ་ཕྱེས་པ་ལྟར་དགག་ཡིག་དང་རྒྱག་རེས་ཀྱི་ཆར་བ་འབབ་པ། དེའི་རྐྱེན་གྱིས་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་དེ་འདྲ་ཞིག་ཆགས་ཡོད་ན་ང་ཡང་སེམས་ཕམ་ཆེན་པོ་ཡོང་ངེས་ཡིན། དྲྭ་གྲོགས་གཞན་པ་ཚོ་ཡང་དེ་དང་གཅིག་མཚུངས་ཡིན་རྒྱུ་རེད།
འདིར་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི་མདོ་སྨད་ལོ་རྒྱུས་དེ་དྲངས་བདེན་དང་། ཕྱོགས་ཞེན་མེད་པ། ནང་འགལ་ཆེན་པོའི་རིགས་མེད་པ་ཞིག་བྲིས་ཡོད་ན་ཧོར་གཙང་འདི་བ་ཚང་དེང་སང་གི་བོད་ཕྱི་ནང་གཉིས་ཀའི་རྩོམ་པ་པོ་ཚོའི་དོན་གྱི་རྒྱལ་པོ་རྡོག་རྡོག་ཆགས་ཚར་བ་དང་། དེ་ལས་ལྡོག་སྟེ་ཆོས་ལུགས་ཀྱི་ཞེན་ཁོག་དང་ཆོལ་ཁའི་ཞེན་ཁོག་གིས་ཁོག་རུལ་བརྒྱབ་བསྡད་ཡོད་པ་ཞིག་བྲིས་ཡོད་ན་ཧོར་གཙང་འདི་སྤྱི་ཚོགས་ཀྱི་ནང་གི་གདོན་འདྲེ་གསར་བ་ཞིག་དང་། ༧གོང་ས་མཆོག་གི་ཐུགས་རེ་དང་མཐོང་ཆེན་གནང་བ་ཆུད་ཟོས་སུ་བཏང་བའི་མི་ཆེས་མ་རབས་དང་ཆེས་ཐ་ཤལ་བ་དེ་ཆགས་རྒྱུ་རེད།
འོན་ཀྱང་ཁོང་ཉམས་མྱོང་མང་པོ་དང་འཕྲད་ཡོད་པས་ད་རེས་རྒྱལ་ཁ་ཐོབ་རྒྱུའི་རེ་ཡོད། འོད་དཔག་མེད་ཀྱིས་ཅིག་མཁྱེན།
དྲ་གྲོགས་ཤེས་རབ་ལགས། ཁྱེད་རང་རྒྱ་གར་དུ་ཡོད་མཁན་ཞིག་ཡིན་ན་ནི། འོད་དཔག་མེད་མཁྱེན་ཟེར་ནས་ཧོར་འཇིག་གི་བྲིས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་ཀློག་ནས་ད་གཟོད་འདི་རུ་དྲ་གྲོགས་ཚོ་ལ་བསམ་ཚུལ་རེ་འདེབས་དུ་ཡོང་བ་ཡིན་ན་ཡག་པོ་འདུག དེ་མིན་དེ་འདྲ་ཡིན་ས་རེད། གྲོགས་པོ་དག་གིས་ཀྱང་ཟེར་ནས་རང་ཉིད་ལ་ཧ་ཅང་རྒྱུས་མེད་ཟེར་བ་ནས་དེ་ལས་བརྒལ་ནས་རྒྱུས་ཡོད་འདོག་ཞིག་བཤད་ཀྱི་འདུག་པ་འདི་ནི་ནང་འགལ་རེད་སྙམ། ཡིན་ཡང་། ངས་འདི་ལྟར་བཤད་པ་ནི་ཕྱོགས་གཅིག་ལ་བསྟོད་འདོད་ཀྱི་བསམ་བློ་དང་ཕྱོགས་གཅིག་ལ་སྨད་འདོད་ཀྱི་ཀུན་སློང་དེ་འདྲ་རྩ་ནས་མེད་དོ།
དབུ་ཚད་སེངྒེ་མཇིང་བསྣོལ་ཟེར་ཆོག་སར་དབུ་སེམས་སེངྒེ་མཇིང་བསྣོལ་ཟེར་མ་ཆོག་པ་ག་རེ་ཡིན་ནམ། ཆོས་བཤད་རྒྱག་སྟངས་དང་ཧོར་འཇིགས་དགྲ་ལ་བཟུང་བ་འདིར་བལྟས་ན་ཆོས་ལུགས་ཀྱི་ཞེན་ཁོག་དང་ཆོལ་ཁའི་ཞེན་ཁོག་གིས་ཁོག་རུལ་བརྒྱབ་ནས་གྲོངས་སོང་བའི་གྲྭ་ལོག་ཅིག་གི་རྣམ་ཤེས་ལོས་ཡིན་འདོད་ཐལ། དེ་མིན་ཧོར་འཇིགས་སྒེར་ལ་གཏིང་ནད་འདྲ་ཡོད་ནས་བཤད་ཀིན་ཡོད་ཚེ་དང་པོ་སུམ་རྟགས་དག་གསུམ་ཡག་པོ་སྦྱངས་ནས་ཤོག གོང་གི་མཆན་བུ་ཐུང་ངུ་དེའི་ནང་དུ་ཡིག་ནོར་ཁེངས་བསྡད་འདུག
ཤེས༵་རབ༵་ལེགས་པའི་རྣམ་དཔྱོད་ཅན། །
གཟུར་གནས་གཏམ་ལ་སྣང་བ་སྤྲོ། །
ཕྱོགས་ཞེན་བྲལ་བའི་རྣམ་བཤད་ན། །
མཁས༵་པ༵་དགྱེས་པའི་ལེགས་སྐྱེས་སོ། །
ང་རང་ནི་ཧོར་དེབ་དེ་མ་རིག་གི་བར་དུ་གང་ཡང་བཤད་འདོད་མེད་ཀྱང་ཤེས་རབ་ཁྱོད་ཀྱིས་བྲིས་པ་དེ་ཚོ་ཕྱོགས་རིས་མེད་པར་ཞིག་འདུག་བསམ་བྱུང་། །དེང་དུས་ཕྱི་དེབ་བརྫིག་ལ་ནང་རང་ཕྱོགས་དང་རང་ཉིད་ཉེ་སྐོར་ཁོ་ན་བརྗོད་པ་རེད་འདུག དཔེར་བརྗོད་ན་བོད་དེབ་ནི་རྗོགས་ཆེན་པདྨ་སྐལ་བཟང་གི་ཚ་བོས་བརྩམས་པའི་རྫོགས་ཆེན་ཆོས་འབྱུང་ཆེན་མོ་སོགས་དང་། དབྱིན་དེབ་ལ་ཁྲ་འགུ་མཁན་ཆེན་དང་སི་ཏུའི་བྱམས་ཆོས་སྡེ་ལྔའི་འགྲེལ་བ་དང་དགེ་བཤེས་སྐལ་བཟང་གིས་ལམ་རིམ་སོགས་དང་། རྒྱ་དེབ་ས་སྐྱའི་ཆོས་འབྱུང་སོགས་མཐོང་ཚེ་། ད་ལྟའི་དེབ་དྲུག་པོའང་སྐུར་སྒེར་གྱི་དངུལ་དང་བླ་མའི་མིང་གི་བེད་སྤྱོད་ལས་དོན་སྙིང་ཅན་ཞིག་ཤིན་ཏུ་དཀོན་པོ་རེད་སྙམ་མོ། ཡིན་ན་ཡང་ཧོར་གཙང་རང་སྟོབས་ཀྱིས་གཟུར་གནས་ནོན་སྙིང་ལྡན་པ་ཞིག་བརྩམས་ཡོད་ན་བསྟན་པ་ཞབས་ཞུ་དེས་ལྷག་ཅི་ཡོད། མེད་ན་ཆོས་བརྒྱད་སྒྲུབ་པའི་སྣོན་མ་དང་དམྱལ་ཁམས་འགྲོ་བའི་རྒྱག་ཆས་ལོས་ཡིན་སྙམ་མོ། །
ལེགས་བཤད་ཆོས་ཀྱིས་སྣང་བས་ས་གསུམ་ཁྱབ། །
ལེགས་ཚོགས་དགེ་འདུན་རིག་གྲོལ་ཡོན་ཏན་ཕྱུག །
ལེགས་དགུའི་ཆོས་སྲིད་མི་ནུབ་རྟག་ཏུ་བརྟན། །
ལེགས་སྐྱེས་འཁོར་འདས་དགའ་བདེའི་དཔྱིད་དུ་སྨོན། །
ཤྲྰི་སྨྱོན་པས
ཨ་རོགས་ཟླ་བ། དབུ་ཚད་སེངྒེ་མཇིང་བསྣོལ་ཟེར་བ་མ་གཏོགས་དབུ་སེམས་སེངྒེ་མཇིང་བསྣོལ་ཟེར་མི་ཆོག་པའི་རྒྱུ་མཚན་ངས་ཁྱོད་ལ་བཤད་འདོད་མེད། ཁྱོད་ཀྱིས་དྲི་བ་འདྲི་སྟངས་ལ་བལྟས་ན་འདི་བཤད་རུང་གོ་ས་མ་རེད། དེ་རིང་ངས་ཁྱོད་ལ་འདི་ནས་འཛིན་གྲྭ་ཞིག་འཛུག་དགོས་ན་ངོ་མ་དཀའ་གི གཙོ་བོ་ཧོར་འཇིགས་དགྲ་ལ་བཟུང་བ་འདིར་བལྟས་ན་ཟེར་བ་དེ་ཅི་ཡིན་ནམ། མི་ཞིག་གིས་བསམ་ཚུལ་ཞིག་བཀོད་ན་དེ་དགྲ་ལ་བཟུང་བ་ཨེ་རེད། ཧོར་འཇིགས་ཀྱི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཟེར་བའི་དཔྱད་བརྗོད་ཀྱི་དེབ་དེའི་ནང་དགེ་འདུན་ཆོས་འཕེལ་ལ་ཞན་ཆ་མང་པོ་ཞིག་གླེང་འདུག་པ་དེ་ཡང་དགེ་ཆོས་དགྲ་ལ་བཟུང་བ་ཨེ་རེད། ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག་གི་ནང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་མང་པོ་ཞིག་གི་ཞན་ཆ་བཀོད་འདུག་པ་དེ་ཡང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམས་དགྲ་ལ་བཟུང་བ་ཨེ་རེད། ཐ་ན་ཁྱོད་ཀྱིས་ང་ལ་ཡིག་ནོར་ཡོད་ལུགས་དང་། གྲྭ་ལོག་ཅིག་གི་རྣམ་ཤེས་ཡིན་རབས་བཤད་འདུག་པ་དེ་ཡང་ཁྱོད་ཀྱིས་ང་དགྲ་ལ་བཟུང་བ་ཨེ་ཡིན། ཧ་ཧ། འཛུབ་མོ་ཁ་ནང་དུ་ཆུགས་ཤིག ཡིག་ནོར་གྱི་ཕྱོགས་ནས་བཤད་ན་ངའི་མཆན་གྱི་སུམ་ཆའི་གཅིག་ཀྱང་མེད་པའི་ཁྱོད་ཀྱི་མཆན་ཉུང་ཉུང་དེ་ལ་ཕྱིར་བལྟས་ཤིག་བྱོས་དང་ཧ་གོ་རྒྱུ་ཞིག་ཡོད་ས་རེད། ང་གྲྭ་ལོག་ཅིག་གི་རྣམ་ཤེས་ཡིན་མིན་མི་ཤེས་ཏེ། ཁྱོད་གསིག་རྒྱུ་གཅིག་པོ་མ་གཏོགས་རྒྱུ་མཚན་ལ་བལྟ་མི་ཤེས་མཁན་ཞིག་རེད་འདུག་པས་ཧོར་གཙང་བྱིས་པ་ཡིན་སྐབས་ཀྱི་སྐྱག་པ་མང་པོ་ཟ་མྱོང་བའི་ཧོར་གཙང་སང་གི་སྒོ་ཁྱི་ནག་ཡོག་མའི་རྣམ་ཤེས་ཡིན་ནི་མིན་ན།
ད་ནི་བོད་པ་ཚང་གི་མཁས་འདོག་ཤེས་ཡོན་ཅན་ཡིན་ཟེར་མཁན་འདི་དག་ཡང་དཔྱད་པ་མེད་པར་ཧོལ་རྒྱུགས་བྱེད་རྒྱུར་དགའ་བ་ནི་ལྟས་ངན་ཞིག་ཡོང་གི་ཡོད་པའི་རྟགས་མིན་ན་གང་རེད། ཤེས་རབ་ལགས་ཀྱིས་དེབ་མ་མཐོང་བར་ཧོར་འཇིག་གི་མི་གཤིས་སོགས་ནས་འགྲེལ་ནས་འོང་བ་དེར། དཔལ་དགྱེས་པ་རྡོ་རྗེ་མིང་ཅན་ནས་དེའི་གཞུག་ལ་སྐྱོར་མའི་ཚུལ་དུ་ཧོར་འཇིག་ལ་སླར་ཡང་སྨད་པ་ཞིག་བྱོས་འདུག དངོས་ནས་བོད་པ་ཚང་གི་མི་ཞིག་གི་སྐྱེ་བ་བླངས་དེ་བོད་པ་ཚང་ལ་བོད་ཡིག་གི་སྟེང་ནས་ལོ་རྒྱུས་དང་རྩོམ་ཡིག སྙན་ངག་སོགས་གང་ཞིག་བྲིས་དེ་ཞབས་ཞུ་ཞིག་བྱེད་རྒྱུ་ནི་དངོས་ནས་ལམ་འགྲོ་ཡོང་མི་སྲིད་པ་ནི་འདི་འདྲ་ཞིག་གིས་རྐྱེན་གྱིས་བྱུང་གི་ཡོད་པ་ནི་ལོས་ཡིན་སྙམ། བོད་པ་ཚང་གིས་བཟང་ངན་གྱི་དབྱེ་བ་ཁ་ཁ་མི་ཤེས་པར་ད་དུང་མི་ལོ་ག་ཚོད་ཅིག་འགོར་སྲིད་པ་ཡིན་ནམ། ཡང་ན། བོད་པ་ཚང་ལ་ལོ་རྒྱུས་ཚད་ལྡན་འབྲི་མཁན་དང་། རྩོམ་ཡིག་ཚད་ལྡན་འབྲི་མཁན་ཞིག་བྱུང་མྱོང་མེད་པ་ཡིན་ནམ། ཡང་ན་བོད་པ་ཚང་ལ་མི་ཚད་ལྡན་ཞིག་མེད་སོང་བ་ཡིན་ནམ། ཨོ་རེད། དེ་མིན་བསམ་བློ་ཚད་ལྡན་ཡོད་མཁན་ཞིག་ཀྱང་མེད་སོང་བ་འདྲ།
ཨ་རོགས་ཟླ་བ། ད་རུང་ངས་ཁྱོད་ལ་གཅིག་བཤད། ཧོར་གཙང་ལ་ཅིག་ཟེར་མཁན་ཡོད་ཚད་ཀྱི་སྟེང་དུ་ཁྱོད་གསིག་དགོས་ན། ཨེ། ང་བལྟས་ན་ཁྱོད་ཀྱིས་སྐེ་དང་མིད་པས་བ་རྒྱུ་མ་རེད་གོ
༡། ད་ལྟ་རང་ཀུན་གླེང་ནང་མདོ་སྨད་ལོ་རྒྱུས་ཆེན་མོའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལ་དྲི་བ་དྲིས་པ་དེར་ཉན་པ་ཡིན། ཧ་ལམ་གང་ཐུབ་ཀྱིས་གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་དྲང་བདེན་དང་དངོས་ཡོད་ཅིག་འབྲི་ཐབས་ལ་འབད་བརྩོན་བྱས་མེད་འགྲོ་བསམ་པ་དྲན་སོང་། ཡིན་ཡང་ལོ་རྒྱུས་རིང་མོ་འདིའི་ནང་ཆད་ལྷག་དང་ནོར་སྐྱོན་གཅིག་ཀྱང་ཤོར་མེད་པར་ཡིག་ཚད་ཅིག་ལ་དཔེ་བཞག་ན་གཅིག་ཀྱང་མ་ནོར་བར་སྐར་མ་བརྒྱ་ཆ་བརྒྱ་ཐོབ་རྒྱུ་དེ་འདྲ་ཧ་ལམ་མི་སྲིད་པ་རེད་ཅེས་བཤད་ཆོག་སྙམ། ཧོར་གཙང་རང་ལ་ཞུ་དག་བྱེད་དུ་བཅུག་པ་ཡིན་ནའང་ཁོ་རང་རང་གི་ལག་པས་ནོར་བཅོས་བྱེད་དགོས་ས་ཏན་ཏན་ཡོང་གི་རེད་བསམ་ཡོད། གང་ལྟར་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཚོར་དགོས་མཁོ་ཆེན་པོ་ཞིག་དང་དཔྱད་གཞིའི་བང་མཛོད་རྫོགས་མེད་ཅིག་བསྐྲུན་ཟིན་པ་རེད། ང་ལྟ་བུ་ཞིག་གིས་ལྗིད་ཏིགཏིག་གི་དཔེ་དེབ་སྤུན་བདུན་པོ་ཕྱི་རྒྱལ་ལ་བླངས་ནས་ཞིབ་ཀློག་བྱེད་ཐུབ་རྒྱུ་མིན་པ་ཐག་གིས་ཆོད་འདུག འོན་ཀྱང་རྗེས་མ་རྫུན་མི་བཤད་མཁན་གྱི་ཀློག་པ་པོ་ཚད་ལྡན་དེ་འདྲའི་ཁ་ལ་ཉན་བཞིན་དེབ་དེའི་ནང་དོན་ལ་རྒྱུས་ལོན་རོབས་ཙམ་བྱེད་ཐུབ་པའི་རེ་བ་ཡོད། དེ་རིང་འདིར་མི་ཤེས་ཁུལ་མང་པོ་མི་བཤད།
༢། འདིར་རྩོམ་པ་པོ་མཆོག་ལ་ཞུ་འདོད་པ་ཞིག་ནི་ཁོང་གིས་མཇུག་ཏུ་དྲི་ལན་སྐབས་སུ་ “བོད་སྤྱི་བའི་སྤྱི་སྐད་མ་གཏོགས་ས་གནས་བྱེ་བྲག་པ་གི་ལོག་སྐད་དེ་བེད་སྤྱོད་གཏོང་མ་དགོས་པ་འབད་བརྩོན་བྱས་ཡོད་” ཅེས་གསུངས་སོང་། ས་གནས་སོ་སོའི་ཡུལ་སྐད་ཅེས་བརྗོད་ན་བབ་ཆགས་པ་ལས། ས་གནས་སོ་སོའི་ “ལོག་སྐད” ཅེས་ཁྱད་གསོད་དང་མཐོང་ཆུང་གི་བརྗོད་སྟངས་དེས་ཁོང་བཤད་ཚོད་མི་ཟིན་པའི་མཁས་པ་ཞིག་མིན་འགྲོ་བསམ་པའི་བག་ཆགས་བཞག་སོང་། ཡུལ་ལུང་སོ་སོའི་ཡུལ་སྐད་ལ་ལོག་སྐད་ཅེས་ཁྱད་གསོད་བྱས་པ་དེ་མཁས་ཆེན་མོ་ཞིག་ཞལ་ནས་ཡོང་བ་འདྲ་བོ་མི་འདུག དོན་མེད་ལ་ས་སྟོང་དུ་ངར་ངར་གྱིས་ཚིག་རྩུབ་དེ་འདྲ་བཀོལ་དོན་མི་འདུག་དྲན་སོང་། དོན་དངོས་སུའང་ཡུལ་ལུང་སོ་སོའི་ “ཡུལ་སྐད” ཅེས་ངོས་འཛིན་བྱེད་པ་ལས། ཡུལ་ལུང་ལུང་སོ་སོའི “ལོག་སྐད” ཟེར་སྲོལ་དེ་འདྲ་ཚད་ལྡན་གྱི་གཞུང་ལུགས་གང་དུ་མཐོང་རྒྱུ་མི་འདུག་དྲན་སོང་།
གྲོགས་པོ་ལྷ་ཀླུ་གཉན་གསུམ། ང་ཚོས་ཧོར་གཙང་གི་རྩོམ་གྱི་སྤུས་ཀ་དང་བརྗོད་བྱ་ལེན་སྟངས་ལ་དཔྱད་བརྗོད་བྱས་པ་དེ་སྐབས་སུ་བབས་པ་ཞིག་ཡིན་པས་ཧོར་གཙང་ལ་སྨད་པའི་ཆེད་དུ་མ་རེད། དེ་ལས་ལྡོག་སྟེ་གླེང་དགོས་དོན་མེད་པ་ཧོར་གཙང་གི་ཨ་མའི་སྐོར་མང་པོ་ཞིག་ད་དུང་དྲྭ་ཐོག་ཏུ་གླེང་འདུག་པ་དེ་ཚོ་དངོས་གནས་ཧོར་གཙང་ལ་སྨད་པའི་ཆེད་དུ་ཡིན་པས་ཁོང་ཚོར་ཁྱེད་ཀྱིས་བཀའ་སློབ་ཅིག་གནང་ན་ཁོང་ཚོས་ཉན་ཨེ་ཡོང་། ཟླ་བ་ཁ་ཤས་ཀྱི་སྔོན་ཚེ་རིང་སྐྱིད་ཀྱི་རྩོམ་ཞིག་གི་མཇུག་ཏུ་ཡང་ཧོར་གཙང་གི་ཨ་མའི་སྐོར་རྫོགས་རྒྱུ་མེད་པ་ཞིག་གླེང་སོང་། ཁར་སང་དེ་རིང་ཡང་གླེང་གི་འདུག དུས་བབ་ཐོག་ནས་ཡང་ག་ཚོད་ཅིག་གླེང་སོང་།
ཨ་རོ་་་་་་་་ཤེས་རབ། མི་ལ་ཕྲག་དོག་ལངས་ནས་མི་བཟོད་ན་རྐུབ་ལ་སྒོག་པ་བཅུག་ན་ཕན་གི་རེད།
འོ། ཡ་མཚན། ཁར་སང་སྤྲིན་པ་དཀར་པོ་ཟེར་བ་ཞིག་གིས་ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་ཕྲེང་ལྔ་བྲིས་འདུག་ཟེར། ད་ཡང་དྲ་གྲོགས་རྙིང་པ་སྟག་སྨྱོན་གྱིས་ལྗིད་ཏིག་ཏིག་གི་དཔེ་དེབ་སྤུན་བདུན་བྲིས་འདུག་ཟེར། རྩོམ་པ་ཁོ་རང་གིས་དེབ་དྲུག་བྲིས་ཡོད་ཟེར། ད་གང་ལ་ཉན་དགོས་སམ།
ཨ་རོ་་་་་་ཟླ་བ། མི་ལ་ཞེ་སྡང་ལངས་ནས་མི་བཟོད་ན།། ལྷུ་མགོ་གྱོང་པོ་མུར་དང་ཕན་གི་རེད།།
ཡ། ངས་དྲྭ་གྲོགས་བསམ་ཤེས་དང་གླེང་མོ་བྱེད་སྐབས། སྐལ་མེད་ས་ན་སྐེ་བསྲིང་ཡོང་བའི་ཟླ་བ་ཟེར་བ་དེ་ལ་ཤག་འགྱེད་ཅིག་བྱེད་བསམ་པ་ཡིན་ཡང་ད་ཁོ་སླེབས་མ་སོང་། གཅིག་བྱས་ན་ཁོ་ངའི་ཁ་ལ་ཉན་ནས་ལྷུ་མགོ་འདྲ་ལག་བར་ཏུ་བཅུག་སྟེ་མུར་བསྡད་ཡོད་ཤས་ཆེ། ད་ང་ཡང་ཉལ་བར་འགྲོ་རྒྱུ་ཡིན། སང་ཉིན་འདིར་ཡོང་ཨེ་ཐུབ་མི་ཤེས་པས་ཚིག་སྦྱོར་མི་སྙན་རུང་ཁོང་རྣམས་ཀྱི་ཆེད་དུ་སྨོན་ཚིག་འགའ་ཞིག་འབྲི་ཨེ་ཤེས་བལྟས་ན།
གླེང་བར་འོས་པའི་རྩོམ་གྱི་རིན་ཐང་དང་།།
གླེང་བར་མི་འོས་ཨ་མའི་རྙོག་དྲྭ་སོགས།།
མདོར་ན་ཧོར་གཙང་ཕྱོགས་ལ་མི་སྙན་པའི།།
ཚིག་གཅིག་ཙམ་ཡང་གླེང་མཁན་མེད་པར་ཤོག།
མི་ཡི་སེམས་ལ་གནོད་པའི་ཆོལ་ཁ་དང་།།
ཆོས་ལུགས་སོགས་ཀྱི་རྙོག་དྲྭ་ཅི་བཟོས་ཡང་།།
དུམ་ཚན་དེ་དག་ཀུན་གྱིས་མི་མཐོང་ཞིང་།།
གལ་ཏེ་མཐོང་ཡང་དང་དུ་ལེན་གྱུར་ཅིག།
སྐུ་ཞབས་ཧོར་དང་ཁོང་གི་ཨ་ཕྲུག་ཚོས།།
གཞན་ལ་ཕོག་ཐུག་ཇི་ལྟར་བཏང་ན་ཡང་།།
ད་དུང་རྩམ་པ་རང་གིས་ཟོས་པའི་རྗེས།།
རྩམ་ཁུག་མི་ཡི་མགོ་ལ་བསྐོན་པར་ཤོག།
ཕར་ལ་ཡང་ནས་ཡང་དུ་རྒོལ་ན་ཡང་།།
ཚུར་ལ་རྒོལ་ལན་སྤྲོད་མཁན་མེད་པའི་ཕྱིར།།
ཁོང་དང་ཁོང་གི་ཨ་ཕྲུག་མ་གཏོགས་པ།།
གཞན་རྣམས་ཐམས་ཅད་གླེན་པར་འགྱུར་བར་ཤོག།
འཇམ་དབྱངས་ནོར་བུ་སྐྱེས་སར་ཀླུ་སྒྲུབ་དང་།།
ཀ་རིང་ཐུབ་རྒྱམ་ས་དཀར་འོད་ཟེར་སོགས།།
ཧོར་དང་རྙོག་དྲ་ཐུག་ཚད་ཐམས་ཅད་ཀྱིས།།
ཧོར་གཙང་དཀར་པོ་ཡིན་པར་མཐོང་གྱུར་ཅིག།།
ཧོར་གཙང་ཨ་རིའི་ལུང་པར་ཡོད་ན་ཡང་།།
ཆབ་ཆེན་གསང་སྤྱོད་ནང་དུ་མི་གཏོང་བར།།
ཞིང་ཁ་སྤང་ཁ་སོགས་ལ་གཏོང་བ་དང་།།
བེ་རི་ཟླ་བ་སོགས་ཀྱིས་རག་པར་ཤོག།
རག་ནས་གྲོད་ཁོག་ཤིན་ཏུ་བརྒྱག་པའི་རྗེས།།
སྒྲེགས་པའི་དྲི་ངན་དྲག་ཏུ་འཐུལ་བ་ཡིས།།
སླར་ཡང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི།།
ཁ་སྣ་ལག་པས་བཀབ་དགོས་ཐུག་པར་ཤོག།
དྲ་གྲོགས། མདོ་སྨད་ལོ་རྒྟུས་ཆེན་པོ་མིག་གིས་མ་མཐོང་གོང་ནས་བགྲོ་གླེང་གིས་གནམ་ས་གཡོ་བའི་གྲོགས་པོ་ཚོ། ད་ལྟར་ངར་དུས་ཚོད་མང་པོ་མེད། ང་དུང་སོ་དང་ངོ་བཀྲུ་རྒྱུ་ཡིན། དེའི་སྔོན་ལ་མདོར་བསྡུས་ཤིག་ཞུ་ཆོག ལོ་རྒྱུས་ཆེན་མོ་དངོས་གཞི་ལ་དེབ་དྲུག་ཡོད་པ་རེད། དེ་ཚོ་པར་སྐྲུན་ཞུ་ཚར། དེ་དག་གི་ཁོག་ནས་བྱུང་བའི་འཕ྄ྲོས་དོན་དེབ་གཅིག་ཡོད་པ་རེད། དེ་རྗེས་ནས་ག་ལེར་པར་སྐྲུན་ཞུ་རྒྱུ་རེད། ཕྲན་གྱིས་བྲིས་པ་ནི་རྩོམ་པ་པོ་ངོ་སྤྲོད་གཙོ་བོར་བྱས་ནས་བྲིས་པ་ཡིན། དེའི་རྒྱུ་མཚན་ནི། དེབ་དེ་རྩོམ་པའི་སྔ་ཕྱིའི་རྒྱུད་རིམ་དང༌། བརྗོད་གཞི། བང་རིམ་སྒྲིག་སྟངས་སོགས་ཧ་ཅང་གི་སྒྲ་རྒྱས་པའི་ལུགས་སུ་བྱས་ནས་དེབ་གྱི་མགོ་བརྗོས་ལ་བཀོད་འདུག་པས། དེ་ཚོ་ངས་འབྲི་དགོས་མི་འདུག ངས་འདི་དྲ་རྒྱ་ནང་འཇུག་དོན་ནི། མི་ཁ་ཤས་ཀྱིས་ཧོར་གཙང་འཇིགས་མ་ེད་ཟེར་མཁན་མི་པ་གེ་པི་གེ་དེ་ཚོ་ལ་ཆ་རྒྱུས་མེད་ཅེས། རྫིག་རྫིག་འདྲ་གཏོང་སྡོད་པ་མཐོང་དུས། དེར་རྒ྄ུས་ཡོད་ཅིག་གིས་དོན་གྱིས་ངོ་སྤྲོད་ཞུ་ན་བསམ་ནས་བཀོད་པ་ཡིན། འོད་ཀྱང་ཁ་ཐུག་ཞུས་དག་ཚར་བ་དེ་མ་རགས་པར། ཊི་སི་ཨར་སི་ཐོག་འཇུག་པའི་མ་དཔེ་དེ་རག་བྱུང་བ། ཁ་ཐུག་ཧི་གཟུགས་ ནང་བསྒྱུར་ཏེ། ཁ་བརྡ་ནང་བཏང་པ་ཡིན། དེ་མིན་དཀར་ཆག་སོགས་ངའི་གློག་ཀླད་ནང་མེད། དེབ་འདི་ཚོ་སྒོ་འབྱེད་བཟོ་ལངས་མ་བྱུང་ཧོར་གཙང་ཨ་རི་ཕར་ཕེབས་དགོས་བྱུང་བས། དེབ་དེ་ད་ལྟར་རྒྱ་གར་ལ་འཚོང་རྒྱུ་ལྟ་ཞོག ལྟ་རྒྱུ་ཡང་རག་གི་ཡོད་པ་མ་རེད། ཟླ་ཤས་སྔོན་གྱི་ཞོགས་པ་ཞིག་ལ་ཁོང་གིས་དེབ་ཆེན་པོ་གཅིག་ཁུར་ནས་ངའི་ལས་ཁངནང་རྩེབས་བྱུང༌། དེབ་འདི་མ་གཏོགས་ མེད། རྒྱབ་ཤདང་བཟོ་སྟབས་འདི་འདྲ་ཡིན་ཞེས་བསྟན་རྒྱུ་ཆེད་དུ་ཡིན། འདི་དེ་རིང་ད་ལྟ་རང་ལ་སྐུ་སྒེར་དུ་འབུལ་ལམ་ཞུ་སར་འགྲོ་གི་ཡིན་ཟེར། དརེ་རྗེས་མཉམ་དུ་གཅིག་ཐུག་རྒྱུ་བྱས་པ་ཡིན་ཏེ། ཐུག་ལོངས་མ་བྱུང༌། དེབ་འདི་ངའི་ལག་ཏུ་ཏག་ནས་བདུན་ཕྲག་གཅིག་མ་གཏོགས་མིན། དེ་ཡང་ནོར་གླིང་སྒྲོལ་མ་སྐྱབས་ཀྱི་ལག་ནས་ཁུར་སླེབས་པ་མ་གཏོགས་ངའི་སྐལ་བ་མ་རེད། ཁ་ཤས་ཀྱིས་ད་ལྟར་ནས་དེབ་ཀྱི་བརྗོད་བྱ་ལ་ཚོད་དཔག་གནང་འདུག དེབ་དེ་དཔྱད་པ་གསུམ་གྱིས་དག་པ་མ་རེད་ལ། ཁྱིའི་རྔ་མ་ལ་འདོགས་རྒྱུ་མ་རེད། དཔེར་ན་ང་རང་གིས་ཞུས་དག་ཞུས་པའི་ནང་དུའང༌། རུས་མཛོད་ཀྱི་སྐབས། བེ་རི་ལ་མདོ་གླིང་གཉིས༎ ཞེས་པར་ཡི་གེ་མ་དག་པ་ཞིག་ཏུ། བེ་རི་འ་མདོ་གླིང་གཉིས༎ ཞེས་འཁོད་ཡོད་པ་དེར་རྩ་འཛིན་བྱས་འདུག་པ་ལྟར་བུ་བསམ་ཚུལ་མི་མཐུན་པའང་དུ་མ་འདུག མདོར་བསྡུས་ན་མི་ཚེ་གོང་པོ་རྩོམ་སྒྲིག་ནང་འཛུལ་ནས་སྡོད་མཁན་ཚོས་ཧོར་གཙང་གི་ལོ་ཁ་ཤས་ནང་དཀའ་ལས་རྒྱག་པའི་གྲུབ་འབྲས་ཤིག་གཏོན་ཐུབ་མཁན་བྱུང་མི་འདུག
ངས་ཧོར་གཙང་དང་ཁོང་གི་རྩོམ་ཆོས་ལ་ལྟ་སྟངས་ཐད། (འདི་ཁམས་པ་ཞིག་གིས་ཨ་མདོ་བ་ཞིག་ལ་ལྟ་སྟངས་ཡིན་པས་ཕྱོགས་རེས་རེད་ཟེར་འོང་དྲན་གྱི་མེད)ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་འདི་ལ་མཚོན་ན། བྱུང་རིམ་གྱི་བང་འགྲིགས་པ། ས་བཅད་ཀྱི་འགྲོས་དམ་པ། རྒྱས་བཤད་ཀྱི་ཁོག་ཡངས་པ། ཚིག་དོན་གྱི་འབྲེལ་ཆགས་པ། རྒྱབ་ལྗོངས་ཀྱི་ལུང་མང་བ། རྒྱུ་མཚན་གྱི་རིགས་པ་ཟབ་པ། དེ་སྔོན་མདོ་སྨད་དང་འབྲེལ་བའི་ལོ་རྒྱུས་དང་རྣམ་ཐར་དུ་མའི་ནང་གི འཁྲུག་པ་རྣམས་སྡེབ་པ། གབ་པ་རྗེན་གཅེར་དུ་ཕྱུང་པ། བོད་སྤྱིའི་ལོ་རྒྱུས་ཀྱི་གྲ་མ་ཉམས་པ། བྱེ་བྲག་ས་ཁུལ་སོ་སོའི་བྱུང་རིམ་གྱི་གྲུ་མ་ཆགས་པ། གནའ་རབས་ཀྱི་ཁོག་མ་བརླགས་པ། དུསརབས་ཀྱི་འགྲོས་མ་འཆུགས་པ་བཅས་ཀྱི་ཁྱད་ལྡན་པ་མཐོང་ལ། ཀློག་པ་པོ་ལོ་རྒྱུས་ལ་ཆ་རྒྱུས་ངེས་ཅན་རེ་ཡོད་མཁན་དང༌། རྣམ་དཔྱོད་ཀྱི་རྩལ་ཡང་མི་དམན་ཙམ་རེ་ཡོད་མཁན་ཞིག་ཡིན་ཕྱིན་ཆད། དེབ་ཐེར་འདིས་དགའ་བ་མི་བསྐྱེད་པའི་རང་དབང་མེད་ངེས་ཡིན། ད་དུང་ཡང་ངས་ཧོར་གཙང་ལ་ཨུ་ཚུགས་དང་ཕུ་ཚུགས་ནན་པོའི་ལུགས་སུ་བྱས་ནས་ཞུ་གསོལ་འདེབས་རྒྱུ། གང་དུ་ཕེབས་ཀྱང་རུང༌། གང་དུ་བཞུགས་ཀྱང་རུང༌། གང་ཞིག་མཛད་ཀྱང་རུང༌། བོད་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་བོད་ཀྱི་རྩོམ་རིག་གི་བྱ་བཞག་ཐོག ཆུ་བོའི་རྒྱུན་བཞིན་འབབ་རྒྱུན་མི་ཆད་པ་དང༌། ཉི་ཟླའི་འོད་བཞིན་གཟི་འོད་མི་ཉམས་པ་གནང་རྒྱུའི་གསོལ་བ་ལན་བརྒྱར་འདེབས་དེ་རྒྱུ་ཡིན།
ཨ་མཚར་བོ། ངོ་མ་ཡ་མཚན་རེད། བེ་རི་དགེ་བཤེས་ཟེར་བ་ཁྱོད་རྩོམ་པ་པོ་ཞིག་མ་རེད་དམ། ཁྱོད་ཀྱི་ཡི་གེ་འདི་ཚོར་དངོས་གནས་ཇི་འདྲའི་ཡིག་ནོར་མང་པོ། ཇི་འདྲའི་ཆད་ལྷག་མང་པོ། ཇི་འདྲའི་ཚིག་སྦྱོར་ཐབས་རྡུག་ཅིག་འདུག སྤྱིར་ཡིག་ནོར་གྱི་སྐོར་གླེང་མི་ཆོག་པ་ཁ་བརྡ་དྲྭ་ཁང་གི་ཁྲིམས་ཡིན་ཡང་དགེ་བཤེས་ཀྱི་མིང་ཁུར་མཁན་ཞིག་གིས་རྒྱུན་དུ་འདི་འདྲ་བྲིས་ན་ང་ཚོ་བཙན་བྱོལ་བའི་རྐང་འདྲེན་དུ་འགྲོ་གི་མ་རེད་དམ། ངོ་མ་ཁྱོད་ཀྱིས་བྲིས་པ་འདི་ཚོ་འདོན་རྒྱུ་ལས་གནའ་སྔ་མོའི་རྡོ་རིང་སྟེང་གི་ཡི་གེའི་པར་བཤུས་དེ་ཚོ་འདོན་རྒྱུ་ལས་སླ་བ་འདུག ཕལ་ཆེར་མིག་གིས་མ་བལྟས་པར་རྐང་པས་ཀམ་པུ་ཊར་ལ་བརྒྱབ་བཏང་རུང་འདི་ལས་སྡུག་ཅིག་ཡོང་ས་མ་རེད། ཧ་ལམ་དེང་སང་ཁྱོད་མཐུ་ཁ་བྱད་ཁ་ཞིག་གིས་ཟིན་ཡོད་པའམ་ཡང་ན་བླ་འཁྱམས་ཚར་ཡོད་པ་འདྲ།
ཧེ ་ཐོ ་ཤེས་རབ་ལགས ཁམས་བཟང་ཕྲན་གྱིས་ཁྱེད་ལ་འཕྲིན་ཐུང་འདི་འབྲི་དགོས་པའི་རྒྱུན་མཚན་ནི་ ང་རང་ཁྱེད་ཤ་ཚ་བའི་རྐྱེན་གྱིས་སོ །། ཁྱེད་ཀྱིས་གཟབག་གལ་མི་ཐོག་ལ་ཁ་ཆེ་རྟ་ཐོག་ལ་ཕོང་ཆེ་ཟེར་བའི་གཏམ་དཔེ་ཐོས་སམ་
ཅིག་ཅིག་ལ་བསྟོད་པ་དང་ཉིས་ཉིས་ལ་བསྟོད་པ་ཞེས་གང་ཟག་ཆེ་ཆེ་གཉན་གཉན་རེ་ལ་མཛུབ་མོ་བཙུགས་ནས་བསྟོད་བསྔགས་མང་པོ་ཞིག་འབྲི་དགོས་པ་དེ་བེར་འཇིགས་ཀྱི་གཤིས་ཀ་ཞིག་ཡིན་པ་འདྲ། བསྟོད་པ་བྲིས་བསྡད་ན་ཁེ་བཟང་རེ་མེད་རུང་གྱོང་གུད་འདྲ་མེད་སྟབས་དེ་ཡག་པོ་འདུག་སྙམ་པ་ཡིན་རྒྱུ་རེད། མི་ངན་ངའི་ཁ་ངན་དེས་ནམ་ཡིན་ཡང་མི་ལ་ཕོག་ཐུག་གཏོང་ཤོར་འགྲོ་བས་དྲྭ་གྲོགས་ཚོའི་སྙན་ལ་གཟན་ན་དགོང་དག་ཞུ་རྒྱུ་ཡིན།
ཐེ་བོ་ཤེས་རབ་རྒྱ་མཚོ་ཟེར་བ་འདི་ཡང་རྩ་མི་ཚང་བ་ཞིག་ཡིན་ངེས་རེད། མཆན་མཐོ་གང་མ་གཏོགས་མེད་པ་ལ་ཡིག་ནོར་འདོམ་གང་བྲིས་འདུག ཨ་དྲིན་ཆེན་ཚོ། ཁྱེད་ཚོའི་གློག་ཀླད་ལ་ཚོད་དཔག་བྱས་ནས་ཡི་གེ་རྒྱག་ས་མ་གཏོགས་ཡི་གེ་ཤར་ས་མེད་ནི་ཡིན་རྒྱུ་རེད་པ། སྤྱིར་བཏང་བོད་ཡིག་མི་ཤེས་མཁན་ཚོ་བོད་ཡིག་གི་དྲྭ་ཐོག་ལ་མ་ཡོང་ན་ཡག་པོ་འདུག སོ་སོ་ལ་ངོ་ཚ་ཉོ་སྤྱད་དང་། བོད་ཡིག་ཤེས་མཁན་ཚོ་དྲྭ་ཐོག་ལ་ཡོང་རྒྱུའི་སྤྲོ་སེམས་མེད་པ་བཟོ་གི་རེད།
བོད་པ་ཚང་གི་ཤེས་ཡོན་ཕྲན་པུ་ཡོད་མཁན་དག་ལ་ཤེས་ཡོན་པ་གསོ་སྐྱོང་དང་བསྐྱེད་སྲུང་བྱེད་རྒྱུའི་འདུན་པ་ཞིག་གཏན་ནས་མེད་པ་ཡིན་ནམ། མགོ་བཙུགས་མ་ཐག་ནས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་པ་ལས་སྙུགས་དོར་བཅུད་ལེན་ཟེར་བ་དེ་ནི་མིང་ཚིག་སྐམ་པོ་ཞིག་དུ་གྱུར་འདུག དྲ་གྲོགས་ཚོ་ཤེས་ཡོན་པའི་མི་ཤེས་པའི་གསར་ཞུགས་པ་དག་ལ་སྣེ་ཁྲིད་བྱེད་ཐུབ་པ་ཡིན་ན་ད་གཟོད་ཤེས་ཡོན་པ་ཟེར་བ་དེའི་འགན་ཞིག་བླངས་པའི་ཁུལ་རེད། དེ་མིན་ཁ་ནང་དུ་ཡོང་ཚད་ཅིག་བཤད་དེ་དྲ་ཐོག་ནས་ཕན་ཚུན་ལ་གནད་དོན་ཡོད་མེད་ལ་མ་བལྟས་པར་སྐྱོན་བརྗོད་བྱེད་རྐྱང་བྱས་པ་ཡིན་ན་ནི་དངོས་ནས་དུས་ཚོད་འཕྲོ་བརླག་རང་རེད།
ལྷ་ཀླུ་གཉན་གསུམ་ནས་བཤད་པ་དངོས་གནས་བདེན་པ་རེད། རྩོམ་ཡིག་ཕྲན་བུ་ཞིག་འབྲི་ཤེས་བ་ཙམ་གྱིས་གཅིག་གཅིག་ལ་འཕྱའ་དམོད་དང་སྐྱོན་བརྗོད་རི་ལྟར་སྤུངས་བཞིན་འདུག་པ་ག་རེ་ཡིན་ནམ། དེ་འདྲ་འཚང་འབྱིན་དགོས་བའི་ལུགས་སྲོལ་དེ་བོད་པ་ཚང་གི་ལས་དབང་མིན་ནམ་སྙམ། གང་ལྟར། ད་རུང་མུ་མཐུད་དུ་ལམ་ཁ་དེར་བསྐྱོད་ན་མི་རིགས་འདིའི་སྲོག་ལྟར་གཅེས་བའི་རིག་གཞུངདང། ཤེས་ཡོན་ཡར་རྒྱས་ག་འདྲ་གཏོང་དགོས་སམ། དེང་རབས་སྤྱི་ཚོགས་ཀྱིས་འགྲོས་དང་བསྟེན་ནས་ཡར་ཐོན་རྒྱལ་ཁབ་གྱི་རྗེས་སུ་ཟིན་པ་ཧ་ཅང་ལམ་ཐག་རིང་བའི་མི་རིགས་ཞིག
1. སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ གི་ཆུ་ཚོད་ ༢ སྐར་མ་ ༣༤
ཐེ་བོ་ཤེས་རབ་རྒྱ་མཚོ་ཟེར་བ་འདི་ཡང་རྩ་མི་ཚང་བ་ཞིག་ཡིན་ངེས་རེད། མཆན་མཐོ་གང་མ་གཏོགས་མེད་པ་ལ་ཡིག་ནོར་འདོམ་གང་བྲིས་འདུག ཨ་དྲིན་ཆེན་ཚོ། ཁྱེད་ཚོའི་གློག་ཀླད་ལ་ཚོད་དཔག་བྱས་ནས་ཡི་གེ་རྒྱག་ས་མ་གཏོགས་ཡི་གེ་ཤར་ས་མེད་ནི་ཡིན་རྒྱུ་རེད་པ། སྤྱིར་བཏང་བོད་ཡིག་མི་ཤེས་མཁན་ཚོ་བོད་ཡིག་གི་དྲྭ་ཐོག་ལ་མ་ཡོང་ན་ཡག་པོ་འདུག སོ་སོ་ལ་ངོ་ཚ་ཉོ་སྤྱད་དང་། བོད་ཡིག་ཤེས་མཁན་ཚོ་དྲྭ་ཐོག་ལ་ཡོང་རྒྱུའི་སྤྲོ་སེམས་མེད་པ་བཟོ་གི་རེད།
2. ༤༩༽ བོད། ལྷ་ཀླུ་གཉན་གསུམ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ གི་ཆུ་ཚོད་ ༧ སྐར་མ་ ༤༢
བོད་པ་ཚང་གི་ཤེས་ཡོན་ཕྲན་པུ་ཡོད་མཁན་དག་ལ་ཤེས་ཡོན་པ་གསོ་སྐྱོང་དང་བསྐྱེད་སྲུང་བྱེད་རྒྱུའི་འདུན་པ་ཞིག་གཏན་ནས་མེད་པ་ཡིན་ནམ། མགོ་བཙུགས་མ་ཐག་ནས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་པ་ལས་སྙུགས་དོར་བཅུད་ལེན་ཟེར་བ་དེ་ནི་མིང་ཚིག་སྐམ་པོ་ཞིག་དུ་གྱུར་འདུག དྲ་གྲོགས་ཚོ་ཤེས་ཡོན་པའི་མི་ཤེས་པའི་གསར་ཞུགས་པ་དག་ལ་སྣེ་ཁྲིད་བྱེད་ཐུབ་པ་ཡིན་ན་ད་གཟོད་ཤེས་ཡོན་པ་ཟེར་བ་དེའི་འགན་ཞིག་བླངས་པའི་ཁུལ་རེད། དེ་མིན་ཁ་ནང་དུ་ཡོང་ཚད་ཅིག་བཤད་དེ་དྲ་ཐོག་ནས་ཕན་ཚུན་ལ་གནད་དོན་ཡོད་མེད་ལ་མ་བལྟས་པར་སྐྱོན་བརྗོད་བྱེད་རྐྱང་བྱས་པ་ཡིན་ན་ནི་དངོས་ནས་དུས་ཚོད་འཕྲོ་བརླག་རང་རེད།
ལྷ་ཀླུ། ངའི་སྐད་ཆ་འདི་ངོ་མ་ཡིན་ཡ། སྔོན་མ་ཞིག་ལ་ཧོར་གཙང་འཇིགས་མེད་དང་། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ། གནམ་ལྷ་བ་བསྟན་འཛིན་ཤེས་རབ་སོགས་ཀྱིས་སྣེ་ཁྲིད་ནས་ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ནང་སྙན་ངག་ཕྱོགས་བསྒྲིགས་སོགས་ཀྱི་དེབ་མང་པོ་འདོན་པའི་མགོ་ཚུགས་པ་རེད། མི་ཐམས་ཅད་དོ་སྣང་ཡོད་པས་མ་ཚད་དགའ་མོས་ཆེན་པོ་བྱུང་ཡོད། འོན་ཀྱང་དེ་རྗེས་དོལ་ཤུལ་ཡིན་ན་དོལ་རྒྱལ་ཡིན་ན་དེས་དེབ་ཁྱི་རྔ་མ་བཏོན་པ་རེད། ད་དུང་འབྲུག་སྨྱོན་ཀླུ་གདོང་ཟེར་བས་གཙང་གསུམ་འཕྱོ་བའི་རྦ་རླབས་ཟེར་བ་དང་། ཀཿབྲག་བསོད་ནམས་དངོས་གྲུབ་ཟེར་བས་གངས་ལྗོངས་གསེར་རི་ཕོ་བྲང་པོ་ཏ་ལ་ཟེར་བ་ཞིག་སོགས་བཏོན་པ་རེད། དེབ་དེ་གཉིས་ལས་ལྟས་དབང་ཞིག་གིས་ཁྱིའི་རྔ་མ་ལ་འདོག་མཁན་མ་བྱུང་བ་ལས་དོན་ལ་དོལ་ཤུལ་གྱི་དེབ་ལས་ཀྱང་ཞན་པོ་ཡོད་པ་རེད། དེ་རྗེས་ཤེས་ཡོན་མཁན་མང་པོ་ཞིག་གིས། ཡ་ད་ཆོ་མི་འདུག་ཟེར་ནས་དེབ་འདོན་རྒྱུ་དང་སྙན་ངག་འབྲི་རྒྱུ་སོགས་མཚམས་བཞག་པ་རེད། ངས་ངོ་ཤེས་པའི་མི་བཙན་བྱོལ་ནང་ན་མིང་ཡོད་པའི་རྩོམ་པ་པོ་གཉིས་ཀྱིས། སྲོལ་རྒྱུན་གྱི་སྙན་ངག་ཕྱོགས་བསྒྲིགས་འདོན་རྩིས་ཀྱིས་གློག་ཀླད་ལ་བརྒྱབ་ནས་ཞུས་དག་བྱེད་ཚར་ཡོད་ཀྱང་ད་བྲོ་བ་མི་འདུག་ཟེར་ནས་མཚམས་བཞག་སོང་། གྲོགས་པོ། མིག་གིས་མངོན་སུམ་དུ་མཐོང་བ་ལ་ཉམས་མྱོང་མི་ལེན་ཐབས་མེད་རེད་ཡ། དེར་བརྟེན་ངས་བོད་ཡིག་མི་ཤེས་མཁན་ཚོ་བོད་ཡིག་གི་དྲྭ་ཐོག་ལ་ཡོང་ན་བོད་ཡིག་ཤེས་མཁན་ཚོ་དྲྭ་ཐོག་ལ་ཡོང་རྒྱུའི་སྤྲོ་སེམས་མེད་པ་བཟོ་གི་རེད་ཟེར་བའི་དོན་དེ་ཡིན། བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཁེ་དང་གྱོང་གི་ཆེ་ཆུང་ལ་བལྟས་ནས་སྐད་ཆ་བཤད་དགོས་ཡ།
དྲ་གྲོགས་ཉི་མ་རྒྱལ་བོ་ལགས། ད་དེ་འདྲ་ཙམ་ཞིག་ལ་ཁག་བཞག་ནས་ཕྱི་ནུར་རྒྱག་མཁན་གྱི་རྩོམ་པ་པོ་ཞིག་ཡིན་ཟེར་ཁུལ་དག་ནི་དངོས་ནས་དགོད་བྲོ་བའི་རང་བཞིན་ལས་རྒྱུ་མཚན་དུ་འགྲོ་བ་ཞིག་གཏན་ནས་རེད་མི་འདུག དངོས་ནས་གནས་ལུགས་རྒྱུ་མཚན་ཡོད་མེད་དེ་ནི་མི་མང་ཀློག་མཁན་དག་གི་འདེམས་ངེས་ཡིན་སྟབས། ཁྱི་་རྔ་འདོག་མཁན་དང་རྡོག་རྩིས་གཏོང་མཁན་འདུག ང་རང་གི་དེབ་ཞིག་བཀྲམ་པ་ཡིན་ན་མི་མང་གི་གདེང་འཇོག་ཐོབ་ས་མ་རེད་བསམ་ནས་ཕྱི་ནུར་བྱེད་མཁན་དེ་དག་ནི་བསམ་བློ་ཡར་ཐོན་དང་བོད་པ་ཚང་གི་རིག་གཞུང་ལ་སེམས་བསམ་པའི་ཞབས་ཞུ་རྣམ་དག་བྱེད་འདོད་ཡོད་མཁན་ཡིན་པར་གཏན་ནས་ཐག་མི་གཅོད་པ་མ་ཟད། དེའི་རིགས་ནི་ནམ་ཡང་མཁས་མིང་དང་སྙན་གྲགས་ཁོ་ན་འདོད་མཁན་ལས་མི་རིགས་ལ་བསམ་བློ་གཏོང་མཁན་ནི་མིན་པར་བཤད་ཆོག་པ་ཞིག་མ་རེད་དམ།
རེད། ཁར་ཉིན་དྲྭ་གྲོགས་ཤིག་གིས་ལྷ་ཀླུ་གཉན་གསུམ་ཟེར་བ་ཁྱོད་དེ་ཙམ་མགོ་ཚོས་མཁན་ཞིག་མ་རེད་ཟེར་བ་དེ་ཅི་མ་བདེན། ད་དུང་གོང་གིས་སྤྲིན་པ་དཀར་པོ་ཟེར་བ་དེ་ལ་གཅིག་ལྟོས་དང་། སྤྲིན་པ་དཀར་པོ་ཀྱིས་ཟེར་བ་པ་ཡི་མཇུག་ལ་བྱེད་སྒྲ་ཀྱིས་ཐོབ་པ་དེ་བོད་རྒྱལ་ཁབ་གཅིག་གི་བརྡ་སྤྲོད་ཀྱི་འགྲོས་མ་རེད། ད་དུང་ཁ་ཏ་འདྲ་ཞིག་བྱེད་ཁ་བྱས། ངོ་མ་ངོ་ཚ་རྒྱུ་ཟེར་བ་ཞིག་མི་འདུག རྡོ་སྦིས་ཤེས་རབ་ཀྱིས། ལེགས་ཉེས་མི་ཤེས་བླུན་པོ་རྣམས།། སྙིང་ཁམས་ཆེ་བ་གཤིས་སུ་སྣང་།། ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། ཁྱོད་ཚོས་འདི་འདྲ་རྐྱང་རྐྱང་བྲིས་ནས་ཤོག་དང་དེང་ཀླད་པའི་ནང་དུ་སྐྱག་པ་བླུགས་ཡོད་པའི་མི་འགའ་ཞིག་གིས། ཉི་མའི་ཟ་ཁང་ཞེས་འབྲི་རྒྱུའི་ཚབ་ལ་ནུ་མས་ཟ་ཁང་ཟེར་བ་དང་། བོད་ཟས་ཟ་ཁང་ཞེས་པར་བོང་ཟད་ཟིས་ཁང་ཞེས་སོགས་འབྲི་གིན་འདུག་པ་དང་གཅིག་པ་ཆགས་རྒྱུ་རེད། ཨ་ཧ་བོ་ཞི་ལི། ཁྱོད་བོད་ཡིག་ཤེས་མཁན་ཞིག་ཡིན་རུང་དོན་ཆེན་པོ་གོ་མཁན་ཞིག་ཡིན་ས་མ་རེད། དེ་བས་ཁྱོད་ལ་བསམ་པ་དཀར་པོ་འདྲ་ཡོད་ན། ཐེ་བོ་ཤེས་རབ་དང་སྲིན་པ་དཀར་པོ་སོགས་མི་ཤེས་རུང་འཚངས་ཀ་རྒྱག་རྒྱུར་དགའ་བའི་མི་རྣམས་དྲྭ་ཁང་དུ་ཡོང་འདོད་ཡོད་དུས་ཁྱོད་ཀྱིས་བོད་ཡིག་གི་ལོ་ཙྰ་བ་བྱེད་རོགས་བྱོས་དང་དེ་ཡག་པོ་ཡོད་ས་རེད།
དེ་རིང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་འོད་སྡེར་ཞིག་བཀྲམས་འདུག དོན་དག་རྒྱ་མིས་བོད་པར་བཙན་མནོན་གཏོང་སྟངས་ཀྱི་དངོས་ཡོད་དཔར་རིས་ཁག་ཅིག་རེད། ཡ་ང་བའི་བཙན་མནོན་གཏོང་སྟངས་དེས་ངའི་སེམས་ཁམས་ཡོངས་སུ་དཀྲུགས་སོང་། བྱས་ཙང་དེ་རིང་ཟ་མའང་ཟོས་ན་མ་འདོད་ཐལ། སེམས་པ་ཁྱོན་ནས་བདེ་བོ་མི་འདུག དེ་རིང་ཡིན་ན་ཉེ་འཁོར་འདིར་ཨ་ལགས་ཀླུ་སྨྱོན་ཚང་ལྟ་བུ་ལས་འབྲས་ཀྱི་ཆོས་གསུང་མཁན་ཞིག་ཡོད་རྒྱུ་ནའང་དྲན་གི
ཉི་མ་རྒྱལ་པོ་ལགས། ཁྱེད་ཀྱིས་བཤད་པ་བདེན་པ་རེད། པ་ཡི་འཇུག་ལ་བྱེད་སྒྲ་ཀྱིས་མི་ཐོབ་པ་ངའི་ཤེས་ཡོད། ཡིན་ཡང། ངའི་གློག་ཀླད་ལ་སྐྱོན་ཞིག་འདུག གང་ཡིན་ཟེར་ན། ལན་རེ་གློག་ཀླད་ནང་དུ་ཡི་གེ་ཉིས་རྩེག་རེ་ཡོང་གི་འདུག དཔེར་ན། དཀར་པོ་ནསནས་འདྲ་་བོ་དང། ཡང་ན་ཀྱིས་ནས་ནས། པས་ནས་ཟེར་བ་རེ་ཟུང་ཡོང་གི་འདུག དེ་ལ་ཧ་ཅང་གི་སྐྱོན་ཆེན་པོ་འདུག་སྙམ། ཁྱོད་འདྲ་ཞིག་གིས་ཁྱི་ཁ་གཡུག་ནས་ཡོང་བསམ་ནས་བསྡད་ཡོད།
ha ha ha ah
ཉི་མ་རྒྱལ་བོ་ལགས། ཁ་གྲགས་པ་ནས་མི་ལ་སྡང་ཚིག་ལས་བཀོད་མི་ཤེས་པ་འདི་ནི་ཁྱེད་རང་གི་རང་གཤིས་ཡིན་པ་འདྲ། ཡིན་ཡང་། ང་རང་ལ་ཁྱེད་ཀྱིས་མཐོང་ཆུང་བྱོས་ཀྱང་མ་འགྲིག་པ་མེད། གོང་ནས་དྲ་གྲོགས་ཤེས་ཡོན་ཅན་ཡིན་ཟེར་མཁན་ཁྱེད་རང་དང་འདྲ་བའི་ཤེས་རབ་མིང་ཅན་གྱིས་ཀྱང་ང་རང་ལ་མཐོང་ཆུང་དང་འཕྱ་དམོད་བྱས་ཚར་མ་ཐག་ཁྱེད་རང་ཡང་དེའི་ཁ་རྗེས་སུ་འགྲེང་ནས་ང་རང་ལ་འཕྱ་དམོད་བྱེད་ཀྱི་ཡོད་པ་འདིས་ང་རང་ལ་ནོར་འཁྲུལ་ཞིག་ཡོད་པ་ལོས་ཡིན། འོན་ཀྱང་། ཁྱེད་ཅག་ཤེས་ཡོན་ཡོད་མཁན་གྱི་གྲལ་དུ་ཡོད་མཁན་དག་གིས་དྲ་གྲོགས་དག་ལ་སྐད་ཆ་བཤད་སྟངས་འདི་འདྲ་ཞིག་ལས་མེད་དུས། ད་ནི་བོད་པ་ཚང་གི་ཤེས་ཡོན་པར་རློམ་མཁན་གྱི་ཤེས་རབ་མིང་ཅན་དང་ཁྱེད་གཉིས་ལྟ་བུ་གྲངས་ཀྱི་མི་ལོངས་པ་ཞིག་དྲ་ཐོག་འདིར་སླེབས་དུས་སུ། བོད་པ་ཚང་ལ་ཡིག་ནོར་འབྲི་མཁན་དང་ནོར་འཁྲུལ་བྱེད་མཁན་མེད་པ་ཆགས་སྲིད་པར་འདོད་ཀྱི་ཡོད་པ་འདྲ། རེད་དེ་ཁྱེད་ཅག་གཉིས་ཀྱི་མཆན་པུའི་ནང་དུ་ཡིག་ནོར་དང་ནོར་འཁྲུལ་ཡོད་མེད་ལ་བསམ་བློ་ཞིབ་མོ་ཞིག་བཏང་ནས་ད་གཟོད་ཤེས་དམན་པ་ང་ལྟ་བུ་ལ་གསུང་བཤད་གནོང་རོགས་ཞུ། ངས་ནམ་ཡང་མི་ཁྱེད་རང་དང་འདྲ་བ་ལ་ཁ་བརྡ་སློབ་གསོ་བྱེད་པའི་ཤེས་ཡོན་མེད་པ་མ་ཟད་བྱེད་འདོད་ཀྱི་སྤོབས་པ་དེ་འདྲ་ཡང་མེད། ཡིན་ཡང་། བོད་ལུས་ཤིག་ཐོབ་པ་འདི་དང་བོད་སྐད་ཞིག་བཤད་ཤེས་པ། བོད་ཡིག་ཙམ་ཞིག་འབྲི་བཀོད་ཤེས་པ་ཙམ་དང་། བོད་པ་ཚང་ལ་བོད་ཡིག་བེད་སྤྱོད་བྱེད་་སའི་དྲ་ཚིགས་ཉུང་ཉུང་ཞིག་བྱུང་ཡོད་པ་འདི་དག་ལ་བརྟེན་ནས་ང་རང་འདིར་ཡོང་ནས་རང་གི་བསམ་ཚུལ་་ཕྲན་པུ་རེ་བཤད་ཀྱི་ཡོད་པ་ལས་ཁྱེད་རང་སྣང་བཞིན་ཧམ་བཤད་བྱེད་རྒྱུར་དགའ་བོ་མེད་དོ།
ཉི་མ་རྒྱལ་པོས་བཤད་པ་བདེན་པ་རེད། ཡིག་ནོར་ལ་བདག་པོ་མི་ཐུབ་ན་སྐད་ཆ་ཉུང་ཉུང་བཤད་ན་ཅི་མི་ཆོག ད་དུང་རེ་བ་ལ་ལྷ་ཀླུ་ཁྱོད་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་བཤད་དུས་ཆོས་མ་གསུང་ན་ཡག་པོ་འདུག དེ་རིང་ཧི་གཟུགས་ཟིན་བྲིས་སྒང་ལ་ཁྱོད་ཀྱིས་གཞིས་ལུས་བོད་མིར་བསླབ་བྱ་དང་ཆོས་གསུང་བའི་ཞོར་དུ་བཙན་བྱོལ་བོད་མིར་ཧ་ལམ་རེ་བ་ཡོད་པ་མ་རེད་མདོག་མདོག་བཤད་ཡོད་ཀི སྐད་ཆ་དེ་འདྲ་ཕན་ལས་གནོད་ཆེ་བ་འདུག བོད་ནང་གི་མི་ཚོས་ཕྱི་ལ་མིག་ལྡིར་ནས་ཡོད་རེད། རེ་བ་རྒྱག་ས་མེད་ན་རྩ་དོན་བརླག་འགྲོ་གི་རེད། རྩ་དོན་བརླགས་སོང་ན་ང་ཚོ་ཚར་སོང་བ་རེད། བྱས་ཙང་སྲིད་དོན་བཤད་དུས་དྲང་བོ་དྲང་བཞག་ཟེར་བ་དང་ལས་འབྲས་ཟེར་བ་དེ་ཚོ་གཡུགས་བཏང་ན་དགའ་གི་རེད་ལ། འགག་ལ་ཐུག་དུས་སྡིག་པ་མིག་བཙུམས་ཡང་བྱེད་ཐུབ་དགོས་རེད། བོད་ཕྱི་ནང་གཉིས་ན་སྐྱག་གཟན་རེ་གཉིས་ལོས་ཀྱང་ཡོད་དེ། མང་ཆེ་བ་སེམས་ཤུགས་མེ་ནང་བཞིན་འབར་གིན་འདུག་པ་མཐོང་གི་མི་འདུག་གམ། ང་ཚོ་ས་མཐའ་ནས་བསུས་པ་རྒྱག་རུང་ཕ་ཡུལ་དྲན་པ་འདི་ཡང་རེ་བ་ཞིག་ཡོད་པ་མཚོན་པ་མིན་ནམ།
མགྲོན་ཐང་སྐར་མ་ལྔ་ཅན་ཞིག་ཡིན་ན་མི་ཆེན་དང་ཕྱུག་པོ་རྐྱང་ལས་ཡོང་གི་འཇུག་མདོག་ཁ་བོ་མ་རེད། སྐར་མའི་གྲངས་ཚད་དང་ཤེས་ཡོན་གྱི་གྲལ་རིམ་དབྱེ་མེད་པའི་དྲ་ཁང་འདིར་སུ་ཞིག་ཡོང་དང་སུ་ཞིག་ཡོང་མི་ཆོག་པའི་ཁྲིམས་མ་བཟོས་ན་མི་འགྲིག་གམ། དྲ་ཁང་འདིར་འཛུལ་རྒྱུར་ཆ་རྐྱེན་གསུམ་ནི། རིན་ཐང་ཆེ་ཆུང་ལ་མ་ལྟོས་པར་བཤད་རྒྱུ་ཡོད་མཁན་དང་བཤད་འདོད་ཡོད་པ། བཤད་སྤྱད་ཀྱི་བོད་ཡིག་བརྡ་འཕྲོད་ཙམ་ཡོད་ན་འགྲིག་གི་རེད་བསམ། ཡག་པོ་མེད་ན་མི་ཀློག་རྒྱུའི་རང་དབང་ཡོད་པ་ལས་གཞན་གྱི་ཁ་འགོག་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ལྷ་ཀླུ་ནི་དྲ་ཁང་འདིའི་ནང་དྲ་མི་གཞན་པ་ཚོ་དང་མི་འདྲ་བའི་སེམས་གཤིས་འཇམ་པོ་དང་བཟོ་སྒོམ་ཆེན་པོས་རང་ཉིད་ལ་ངན་པ་ག་ཚོད་བཤད་ནའང་ད་དུང་དག་འབུལ་ལས་རྩོད་པ་མི་བརྒྱག་མཁན་གྱི་མི་གཤིས་ཧ་ཅང་ཡག་པོ་ཞིག་རེད་འདུག་པས། ཁོ་ལ་དགའ་བསུ་ཡོད།
དྲ་གྲོགས་དཀོན་མཆོག་ལགས། ངས་བཤད་བཞིན་པའི་དེ་ནི་བཙན་བྱོལ་ནང་གི་རང་གི་ལྟོ་ལས་བོད་དོན་མི་དྲན་མཁན་དེ་དག་མང་ཤོས་བཤད་པ་ལས། བོད་ནང་གི་བོད་མིས་སེམས་ཤུགས་ཆགས་པར་འབད་བརྩོན་བྱོས་པའི་སྐད་ཆ་གང་ཡང་མེད། བོད་ནང་གི་བོད་མིའི་སེམས་ཤུགས་གཙོ་བོ་ཡོངས་ས་དེ་ནི་རྒྱ་ནག་གི་བཙན་གནོན་མ་ཐེགས་པར་ཡོང་གི་ཡོད་པ་ལས། བོད་ཕྱི་ལོག་གི་བོད་མི་སྐྱིད་ཉལ་བ་དང་ཁ་རྒྱག་པ་བཤད་དེ་རང་རང་གར་བདེ་གར་སྐྱིད་སར་སྙེགས་མཁན་དག་ལ་རེ་ནས་བོད་དོན་རྩོད་ཀྱི་མེད་པ་དེ་ནི་ཁྱེད་རང་གི་ཤེས་ཀྱི་མེད་པ་འདྲ། ཡིན་ཡང་། བཙན་བྱོལ་ནང་དུ་ཡང་བོད་མི་ཁྱེད་རང་དང་འདྲ་བ་བོད་ཡུལ་རང་གི་ལུང་བ་དྲན་ནས་གཉིད་ཀྱང་ཡག་པོ་ཁུག་མི་ཐུབ་པ་མི་ཉུང་བ་ཞིག་ཡོད་པ་དེ་ང་རང་གིས་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་། བཙན་བྱོལ་ནང་ནས་ཁ་རྒྱག་པ་བཤད་དེ་བོད་ནང་གི་བོད་མི་དག་གི་ཚེ་སྲོག་ལ་འགན་ཡོད་པ་ཞིག་མ་བྱས་པ་དེ་ནི་ནོར་འཁྲུལ་རེད། ངས་ནམ་ཡང་རྒྱུ་འབྲས་དང་ཆོས་ལུགས་ཟེར་ནས་མི་ལ་བསླབ་བྱ་རྒྱག་པའི་ཤེས་ཡོན་དེ་འདྲ་རྩ་ནས་མེད་ལ། ཡོད་འདོག་ཀྱང་སྟོན་མ་མྱོང་། གཙོ་བོ་བོད་ནང་གི་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་རྒྱ་ནག་སྲིད་གཞུང་ངན་པའི་མེ་མདའི་འོག་གི་འབེན་དུ་གྱུར་མ་དགོས་ན་སྙམ་གྱི་ཡོད། བདེན་དོན་རྩོན་པ་དམག་འཁྲུག་བརྒྱབ་དེ་འབྲས་པུ་མི་ལོན་མ་ཟད། དེ་ནི་མི་རབས་ནས་མི་རབས་བར་དུ་ཤ་འཁོན་རྐྱང་རྐྱང་གི་གནད་དོན་དུ་གྱུར་སོང་བ་ཡིན་ན། བདེན་དོན་ཟེར་བ་ནི་ཁ་གཡང་ཞིག་དུ་འགྱུར་འགྲོ་བ་ལས། ལག་ལེན་ཐོག་བདེ་ཐབས་ཤིག་མེད་པ་དྲ་གྲོགས་དཀོན་མཆོག་ལགས་ཁྱེད་རང་ཡང་གནས་ལུགས་ཤེས་མཁན་ཞིག་གིས་ཀྱང་ལོས་ཤེས། དེ་མིན་ང་རང་སྒེར་གྱི་སྐད་ཆ་བཤད་ཕྱོགས་ལ་ནོར་འཁྲུལ་རེ་ཟུང་ཡོད་པར་བསླབ་བྱ་གནང་བ་དེར་ང་རང་་གི་སེམས་ལ་བཟུང་དེ་བཅོས་ས་ཡོད་ན་བཅོས་བསྒྱུར་གང་ཐུབ་བྱེད་ཆོག
སྟག་སྨྱོན།
ཁྱོད་དང་ང་གཉིས་ཀྱིས་ཟེར་རྒྱུ་དེ་མཐར་གཏུགས་ན་གཅིག་པ་རེད་མོད། ཁྱོད་ཀྱིས་དྲྭ་ཁང་འདིར་འཛུལ་རྒྱུའི་ཆ་རྐྱེན་གསུམ་བཤད་འདུག་པའི་ཕྱི་མ། བཤད་སྤྱད་ཀྱི་བོད་ཡིག་བརྡ་འཕྲོད་ཙམ་ཡོད་ན་འགྲིག་གི་རེད་བསམ། ཟེར་བ་དེ་ངས་ཟེར་རྒྱུ་དང་གཅིག་པ་རེད། ངས་ཀྱང་བོད་ཡིག་མི་ཤེས་ན་འདིར་མ་ཡོང་ཟེར་གྱི་ཡོད། གལ་དེ་མི་ཤེས་རུང་ཡིན་གཅིག་མིན་གཉིས་ཡོང་དགོས་ན་ལྷ་ཀླུ་གཉན་གསུམ་ལྟ་བུ་བོད་ཡིག་ཤེས་མཁན་གྱི་ལོ་ཙྰ་བ་སེམས་བཟང་རེ་ཁྲིད་ཤོག་ཟེར་གྱི་ཡོད།
དེ་མིན། ཀེངས་རུག་ར་བིས་རྐོར་བའི་ཞུངས་ཁམ་ན།། ཕན་དིང་རྡེ་བ་མ་ལོས་འབྱོང་བས་ནས།། ཟེར་བ་ལྟ་བུ་ཞིག་འབྲི་བསྡད་མཁན་ཚོ་ངོ་མ་མིག་གིས་མཐོང་ན་མི་འདོད་གི་ཡ། ལྷ་ཀླུ། ད་རེས་ཁྱོད་ཀྱིས་ཀྱང་གཤིས་ཀ་འཇམ་མདོག་དང་ཁོག་རྒྱ་ཆེ་མདོག་སྟོན་འདུག་པ་ལས་ངོ་མ་དྲང་བདེན་གྱི་སྐད་ཆ་ཚིག་གཅིག་ཤོད་དང་། དེ་འདྲ་ཨེ་རེད།
མཐོང་ན་མི་འདོད་ན་ཁྱེད་རང་མ་ཡོང་ན་འགྲིགས། བོད་ཡིག་ཡག་པོ་མི་ཤེས་ཀྱང་ཨུ་ཚུགས་རྒྱབ་ནས་འབྲི་མཁན་ཚོར་ང་ལྷག་ཏུ་དགའ། དག་ཆ་ཡར་རྒྱས་གཏོང་འདོད་ན་མང་པོ་ཞིག་བྲིས་ནས་ཡར་རྒྱས་གཏོང་དགོས་པ་ལས་མང་པོ་ཞིག་ཀློག་ནས་ཕན་མི་ཐོགས། ང་ཚོའི་སྤྱི་ཚོགས་ནང་ངའི་དག་ཆ་ཡག་པོ་མེད་ཟེར་ནས་འབྲི་རྒྱུར་འཚེར་སྣང་སྐྱེས་སྡོད་མཁན་ཡང་ཉུང་ཉུང་མིན། གཅིག་བྱས་ན་ཁོང་ཚར་ཁག་མེད། རང་གིས་ཀ་ངོ་ཡིག་ངོ་ཐེབས་ཆག་ཅིག་ཆོད་ཙམ་གྱིས་གཞན་ལ་འཕྱ་ལས་བྱེད་མཁན་གྱིས་ཁེངས་བསྡད་ན་ཁོང་ཚོ་འདིར་ཡོང་ཁག་པོ་ཡིན་རྒྱུ་རེད། རྟ་ཁྲིད་ཤོག་ཟེར་ནས་ས་སྟ་བྲིས་ན་འདྲ། ལ་ལྟ་བྲིས་ན་འདྲ། གང་བྲིས་ཀྱང་རྟ་ཁྲིད་ནས་ཡོང་བ་མ་གཏོགས་སྟག་ཁྲིད་ནས་ཡོང་གི་མ་རེད་ཟེར་བའི་སྒྲོས་ལྟར་རོ།
དྲ་གྲོགས་ཉི་མ་རྒྱལ་བོ་ལགས། ཁྱེད་རང་གིས་རྟག་ཏུ་ང་རང་གཅིག་བུར་ཁེར་འདེད་བྱེད་དོན་གང་ཡིན། ད་དུང་ཡང་ངས་སྐད་ཆ་གང་ཞིག་བཤད་ནོར་བྱས་འདུག ཡོད་ན་ཁྱེད་རང་གི་སྐད་ཆ་འདི་བཤད་ནོར་ཤོར་བ་རེད་ཟེར་ནས་སྐུ་འཛུབ་སྟོན་དང་། དེ་ནས་ངས་འགྱུར་བ་གཏོང་དགོས་པ་རེ་ཡིན་ཚེ་གང་ཐུབ་བྱེད་ཆོག དེ་མིན་ང་རང་གིས་ཁོག་རྒྱ་ཆེ་འདོག་བྱེད་པ་ལས་སྐད་ཆ་དྲང་བདེན་ཞིག་བཤད་ཀྱི་མི་འདུག་གསུང་དོན་གང་ལ་ཐུག་པ་ཡིན། གསལ་བཤད་བསྡོར་བསྡུས་ཤིག་དུས་ཚོད་བྱུང་ན་གསུང་རོགས་ཞུ།
ཨ་རོ་མགོན་པོ། རྟ་ཁྲིད་ཤོག་ཟེར་ནས་ས་སྟ་བྲིས་ན་འདྲ། ལ་ལྟ་བྲིས་ན་འདྲ། གང་བྲིས་ཀྱང་རྟ་ཁྲིད་ནས་ཡོང་བ་མ་གཏོགས་སྟག་ཁྲིད་ནས་ཡོང་གི་མ་རེད་ཟེར་བ་འདི་ག་རེ་ཟེར་གིན་ཡོད་རེད། མུ་མཐུད་དུ་ཡིག་ནོར་བྲི་མདོག་མདོག་ཨེ་རེད། མིན་ན་ཁ་ཉིན་རྣམ་དབྱེའི་འགྲོ་སྟངས་གཏོར་བ་བཞིན་འདིར་ཡང་ར་ཏ་བཏགས་རྟ་དང་ལ་ཏ་བཏགས་ལྟ། ས་ཏ་བཏགས་སྟ་གསུམ་ཡང་རྣམ་དབྱེ་གི་ནང་བཞིན་བཟོ་འདོད་པ་མིན་ནམ། ཁ་ཉིན་མི་ཞིག་གིས་ཁྱོད་ལ་དྲི་བ་འདི་འདྲ་ཞིག་དྲིས་སོང”ཁྱོད་ཀྱི་ཐོད་པའི་མིག་གཉིས་ལས་གཅིག་བཀོག་བཏང་ན་ག་འདྲ་འདུག་གམ།”ཟེར་དུས་ཁྱོད་ལ་ལན་གསལ་བོ་ཞིག་འདེབས་རྒྱུ་མེད་ཐལ། གཉིས་ཀྱི་ཚབ་གཅིག་གིས་འཐུས་ཚེ་གཞན་དེ་གཡུག་དགོས་པ་དང་། ཡོད་ཚད་སྟབས་བདེ་ཅན་དུ་གཏོང་འདོད་ན་ཐོག་དང་པོ་རང་ཉིད་ཀྱི་རྣ་ཅོག་གཅིག་བཞར་ནས་གཡུག་སྟེ་མིག་དཔེ་སྟོན་དང་། དེ་ནས་ག་ལེར་གཞན་དག་བཅོས་བསྒྱུར་གཏོང་ཆོག་གི་རེད། མ་རེད་དམ། མ་གཞི་ལྷ་ཀླུ་དང་སྟག་སྨྱོན་སོགས་ཀྱིས་བསམ་བཞིན་དུའམ་སྣང་མེད་སྒོས་ཡིག་ནོར་བླུགས་ཡོང་བ་ལས་མ་ཤེས་ནས་བྲིས་པ་ག་ལ་ཡིན། ཁ་ཉིན་སྟག་སྨྱོན་གྱིས་བོད་ཡིག་མ་ཟད་ད་དུང་གཞན་པའི་ཡིག་རིགས་གཉིས་གསུམ་སྒང་ནས་ཁ་ལ་རེག་གི་ཡོད་ཟེར་མ་སོང་ངམ། དེས་ན་དབྱིན་ཡིག་སོགས་ཀྱི་དྲྭ་བར་སོང་ནས་ལྟོས་དང་ང་ཚོའི་དྲྭ་ངོས་ནང་བཞིན་ཡིག་ནོར་མང་ཐག་ཆོད་ནས་རྒྱ་བོད་ལ་བླུགས་པ་ནང་བཞིན་ཡོད་མེད་ཤེས་ཡོང་གི་རེད། ཁ་དྲོ།།
དཀོན་ཅོག་ཁ་བྲོ། དང་པོ་རང་གི་ཡིག་ནོར་གཙང་མ་བཟོས་རྗེས་གཞི་ནས་མི་ལ་ཞུ་དག་བཏང་ན་རན་པོ་མེད་འགྲོ། རང་གི་རྐུབ་འཕྱིས་ནས་གཙང་མ་བཟོས་ཚར་ན་གཞི་ནས་མིའི་རྐུབ་འཕྱིས་འདུག་མི་འདུག་ལྟོས་ལོ། མ་གཞི་ཁྱེད་རང་གིས་ད་བར་བསམ་ཚུལ་སྣ་གཅིག་སྤེལ་རྒྱུ་མེད་པར་མི་ཞིག་ལ་སྐྱོན་འདོན་རྒྱུར་སྒུག་བསྡོད་མཁན་ཡིན་པ་དང་། ཡང་ན་ཁྱེད་རང་གཅིག་པོ་མ་གཏོགས་བོད་གཞུང་ལ་དང་བོད་དོན་ལ་ཤ་ཚ་ཡོད་མཁན་མི་འདུག་མདོག་གི་དྲ་མི་ཁྲམ་པ་ཞིག་རེད་འདུག མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་ལྟར་ཁྱེད་རང་གི་འདོད་པ་དང་གཅིག་པ་རྐྱང་རྐྱང་ལས་ཡོད་མི་ཆོག་པའི་ཨུ་ཚུགས་མ་བརྒྱག་ཨ། གོང་གི་ཁྱེད་ཀྱི་མཆན་ཐུང་དེའི་ནང་ཡིག་ནོར་གཙང་མ་བཟོ་རོགས། ཁྱེད་རང་འདྲ་བོ་མཐོང་ན་ངོ་ནས་དྲ་ཐོག་ལ་ཡོང་འདོད་མི་འདུག ཁྱེད་འདྲ་བོ་ལ་གཤེ་རེས་བྱས་བསྡད་ན་རྩ་ཆེའི་ཆུ་ཚོད་འཕྲོ་བརླག་རེད་བསམ་གྱི་འདུག འདི་ནི་ཁྱེད་ལ་མཆན་ལན་དང་ཁ་བརྡ་མཐའ་མ་དེ་ཡིན་སྲིད། ཡིན་ཡང་བོད་ཡིག་འདི་ལ་འཐེན་ཤུགས་ཆེ་བས་ལན་རེ་ལག་པ་ཤོར་ན་དགོངས་འགལ་མེད་པ་ཞུ། བཞུགས་རོགས་གནང་གོ།
དཀོན་ཅོག་ཁ་བྲོ། དང་པོ་རང་གི་ཡིག་ནོར་གཙང་མ་བཟོས་རྗེས་གཞི་ནས་མི་ལ་ཞུ་དག་བཏང་ན་རན་པོ་མེད་འགྲོ། རང་གི་རྐུབ་འཕྱིས་ནས་གཙང་མ་བཟོས་ཚར་ན་གཞི་ནས་མིའི་རྐུབ་འཕྱིས་འདུག་མི་འདུག་ལྟོས་ལོ། མ་གཞི་ཁྱེད་རང་གིས་ད་བར་བསམ་ཚུལ་སྣ་གཅིག་སྤེལ་རྒྱུ་མེད་པར་མི་ཞིག་ལ་སྐྱོན་འདོན་རྒྱུར་སྒུག་བསྡོད་མཁན་ཡིན་པ་དང་། ཡང་ན་ཁྱེད་རང་གཅིག་པོ་མ་གཏོགས་བོད་གཞུང་ལ་དང་བོད་དོན་ལ་ཤ་ཚ་ཡོད་མཁན་མི་འདུག་མདོག་གི་དྲ་མི་ཁྲམ་པ་ཞིག་རེད་འདུག མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་ལྟར་ཁྱེད་རང་གི་འདོད་པ་དང་གཅིག་པ་རྐྱང་རྐྱང་ལས་ཡོད་མི་ཆོག་པའི་ཨུ་ཚུགས་མ་བརྒྱག་ཨ། གོང་གི་ཁྱེད་ཀྱི་མཆན་ཐུང་དེའི་ནང་ཡིག་ནོར་གཙང་མ་བཟོ་རོགས། ཁྱེད་རང་འདྲ་བོ་མཐོང་ན་ངོ་ནས་དྲ་ཐོག་ལ་ཡོང་འདོད་མི་འདུག ཁྱེད་འདྲ་བོ་ལ་གཤེ་རེས་བྱས་བསྡད་ན་རྩ་ཆེའི་ཆུ་ཚོད་འཕྲོ་བརླག་རེད་བསམ་གྱི་འདུག འདི་ནི་ཁྱེད་ལ་མཆན་ལན་དང་ཁ་བརྡ་མཐའ་མ་དེ་ཡིན་སྲིད། ཡིན་ཡང་བོད་ཡིག་འདི་ལ་འཐེན་ཤུགས་ཆེ་བས་ལན་རེ་ལག་པ་ཤོར་ན་དགོངས་འགལ་མེད་པ་ཞུ། བཞུགས་རོགས་གནང་གོ།
དགོངས་དག་དེ་རིང་ནས་དྲ་ཁང་འདིར་ཞུགས་ཐུབ་མིན་མི་ཤེས་པས། མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོའི་རྩོམ་པ་པོ་ཧོར་གཙང་ལ་དགའ་བསུ་དང་སྦྲགས་ཡུལ་ལུང་སོ་སོའི་ཡུལ་སྐད་ལ་ལོག་སྐད་ཅེས་སྡང་པོ་མ་བྱེད་མ་གཏོགས་སྐད་ཡིག་གི་རིན་ཐང་ལ་མཐོང་ཆུང་བྱས་པའི་སྡུག་ཉེས་འབྱུང་གི་རེད་ཞུ་ན་འདོད་ན་སོང་། ས་གནས་སོ་སོའི་ཡུལ་སྐད་བྱེ་བྲག་པ་ཞིག་ཡིན་ནའང་ཉུང་མཐར་མི་འབུམ་ཁ་ཤས་ཤིག་གི་བར་དུ་བརྡ་འཕྲོད་ཀི་ཡོད་པ་བཤད་མ་དགོས་སྙམ། དེའི་ཕྱིར་མི་འབུམ་ཁ་ཤས་ཀྱིས་སྤྱོད་བཞིན་པའི་ཡུལ་སྐད་ལ་ལོག་སྐད་ཅེས་དོན་མེད་ལ་སྡང་པོ་བྱས་པ་དེས་ཚད་མེད་ཀྱི་བློ་ཕམ་ཞིག་སྤྲད་སོང་། ཆེ་ས་ནས་བོད་ལ་ཡུལ་སྐད་གསུམ་ཡོད་པ་རེད། ཁམས་སྐད་དང་ཨམ་སྐད། དབུས་སྐད་གསུམ་རེད། གཙང་སྐད་སོགས་དབུས་སྐད་ནང་འདུས་ཆོག དེ་གསུམ་ནས་ཁམས་དང་ཨ་མདོའི་འབྲོག་པའི་སྐད་ཧ་ཅང་བར་ཐག་ཉེ་བོ་ཡོད་པ་རེད། དེ་ལྟར་བསམ་བློ་བཏང་ན་དབུས་སྐད་ལས་ཀྱང་མདོ་སྟོད་སྨད་ཀྱི་ཡུལ་སྐད་སྤྱོད་མཁན་གྱི་མི་འབོར་མང་བ་ཡོད་བཟོ་འདུག བསམ་བློ་བཏང་ནས་བཀའ་མོལ་གནང་རོགས་ཞུ་རོགས།
དེ་རིང་སྟག་སྨྱོན་ཡིན་ན་འདིས་ཀྱང་མི་གཞི་ལ་དམའ་འབབ་བཏང་ཆོག་མི་ཆོག་གི་སྐད་བརྒྱག་གིན་འདུག ངོ་མ་ཡ་མཚན་རེད། མི་ཁྱོད་ལག་ཏུ་དབང་ཆ་རག་ན་བོད་མི་མང་འཐུས་མི་དང་བཀའ་བློན་ཡོད་ཚད་གསོད་ཀི་ཡིན་ཟེར་མཁན་དེ་མ་རེད་པས། མི་ཁྱོད་རྒྱ་མིའི་མདུན་ནས་བོད་གཞུང་སྐྱག་དུང་ལ་དྲུད་ནས་བོད་མིའི་ཁ་ནང་དུ་གཅིན་གཏོང་མཁན་དེ་མ་རེད་པས། མི་ཁྱོད་ཁ་ནས་རང་བཙན་ཟེར་རུང་དོན་དུ་བོད་མིའི་ནུས་ཤུགས་ཀྱི་ཡོང་ཁུངས་གཏོར་ཨེ་ཐུབ་བལྟས་ནས་རྒྱ་མིར་ཁེ་ཕན་བཟོ་མཁན་ཨང་དང་བོ་གྲངས་དེ་མ་རེད་པས། ད་རུང་སེམས་ཤུགས་ཆེ་མདོག་དང་གློའུ་རྟགས་ལ་ལྟོས། ཧ་ལམ་མ་སོང་ན་མ་འོངས་པར་བོད་ནང་ལ་སོང་ནས་ཅིག་ཡེད་རྒྱུ་ཡིན་མདོག་མདོག ངོ་མ་སེམས་ཤུགས་ཡོད་ན་རྒྱ་མིའི་གཞུང་ཚབ་མདུན་དུ་སོང་ནས་གཟུགས་པོ་མེ་ལ་བསྲེག་ཤོག་དང་། དེས་བོད་དོན་དང་བོད་མིའི་ཐུགས་ཕན་གསོ་རྒྱུར་ཕན་གི་རེད། ད་དེ་བྱོས། ངོ་མི་རིག་རྒྱུ། ཨོ་་་་་་ཞོར་དུ་དྲྭ་གྲོགས་ཚོར་གསལ་འདེབས་ཞིག་ལ། སྟག་སྨྱོན་ནང་བཞིན་ཡིག་ནོར་མང་པོ་མ་བྲིས་ན་སྐད་མ་བརྒྱག་རོགས་ཞུ་ཡ་ཡིན།
དྲ་གྲོགས་ཟླ་བ་མིང་ཅན་ལགས། ཁྱེད་རང་གི་སྐད་ཆ་བཤད་སྟངས་འདི་ནི་དངོས་ནས་བཤད་སྟངས་ཡག་པོ་ཞིག་རེད་མི་འདུག་ལ། ཁོག་རྒྱ་ནང་ལ་ཆེ་དགོས་པ་མ་ཟད། བློ་སེམས་ནང་ལ་དཀར་དགོས་པའི་སྐད་ཆ་བཤད་ལུགས་ཤིག་ཀྱང་གཏན་ནས་རེད་མི་འདུག མི་སུ་ཡིན་ཡང་སྐད་ཆ་རེ་ཟུང་བཤད་ནོར་བྱེད་སྲིད་པ་ཡིན་ན་ཡང་། དེ་ལ་བོད་པ་ཚང་གི་བོད་པ་རང་གི་ནང་གི་སྐད་ཆ་དང་ཕྱི་རུ་བཤད་པའི་སྐད་ཆ་ཞིག་ཡོད་དགོས་པ་ཡང་ཁྱེད་ཀྱིས་ཤེས་གསལ་ལོས་ཡིན། མཚམས་རེར་ཁྱེད་རང་ལྟ་བུ་ཤེས་ལྡན་མི་སྣ་ཡིན་པར་གླེང་ཆོག་པ་རེ་ཟུང་གིས་སྐད་ཆ་འདི་འདྲའི་སྐྱུག་རྫོགས་ཤིག་བཤད་དེ་འོང་དུས། དངོས་ནས་བོད་པ་ཚང་གི་མི་ཤེས་ཡོན་ཅན་དུ་རྩིས་ཆོག་པ་དག་གིས་བྱེད་སྟངས་འདི་འདྲར་སོང་བ་ཡིན་ན། མི་དམངས་སྤྱི་ལ་ཇི་ལྟར་སྣེ་ཁྲིད་བྱེད་དགོས་པ་ཡིན་ནམ། གྲོགས་པོ་ལགས། ང་ཚོ་ཚང་མ་བོད་སེམས་ཡོད་པ་ནས་བོད་མི་ཤ་སྟག་ཡིན་སྟབས། སྐད་ཆ་ག་རེ་ཡིན་ཡང་ཕན་ཚུན་ལ་གཏམ་གླེང་ཡག་པོ་རེ་བྱེད་ཐུབ་ན་མ་རེད་དམ།
ལོག་སྐད་ཅེས་བ་དམའ་འབེབ་ཀྱི་ཚིག་ཞིག་གོ་བར་མི་འདུག ཡུལ་ལུང་ཞེ་བྲག་པ་ལ་ས་ཆ་ལོག་བ་ལོག་བ་ཟེར་མཁན་ཡང་ཡོད
རེད་རེད། ངའི་གྲོགས་པོ་འགས་མི་ཉག་ལོགས་སྐད་ཅེས་པ་དེ་རྒྱག་གི་རེད། འདིའི་སྐབས་ཀྱི་ལོགས་འདི་ནི་ས་མཐའ་ཡོད་པའི་ལོགས་ཏེ་བྱེ་བྲག་ཏུ་དགར་བའི་དོན་ལ་འཇུག ཁོ་ཚོས་དེ་བཤད་དུས་སྒྲ་དོན་གཉིས་ཀ་ལོགས་ཀ་ཞིག་ཏུ་འགྱུར་འགྲོ་བས་ཁོ་རང་ཚོས་ཀྱང་དེ་ལ་ལོགས་སྐད་ཟེར་བཞིན་འདུག འདིའི་ལོགས་དེ་ལོག་སྤྱོད་པའི་ལོག་དེ་མ་རེད། གལ་སྲིད་ང་ཚོས་ཕ་ཡུལ་གྱི་གསང་འཕྲིན་ཕྱི་རྒྱལ་དུ་ཡོད་པ་ཚོར་རྗོད་དུས་ལོགས་སྐད་འདི་བེད་སྤྱོད་གཏོང་ཐུབ་ན་དགྲ་བོས་མི་གོ་བའི་དགེ་མཚན་ཆེན་པོ་ཞིག་ལྡན་ལ། དགྲ་བོར་མཚོན་ན་དེ་དུས་གཞི་ནས་ལོགས་སྐད་འདི་ལོག་སྤྱོད་པའི་གསང་སྐད་ཆགས་ནས་ལོག་སྐད་དུ་འགྱུར་གྱི་རེད། མ་རེད་དམ། རེབ་ཀོང་ན་ཡང་ལོགས་སྐད་དམ་དོར་སྐད་ཅིག་ཡོད།
ཁྱེད་ཚོས་བཤད་བཞིན་པའི་ལོགས་སྐད་ཟེར་བ་མྱོང་མོད། དེ་དང་ཕྱོགས་མཚུངས་ལྡེའུ་དང་གབ་ཚིག་ཟེར་བ་ཞིག་བོད་ལ་ཡོད་ཡོད་པ་རེད། སྐད་ཆ་དེ་ལོགས་སྐད་ཅེས་མིང་གསར་འདོགས་མི་དགོས་པར་སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ལ་ཟེར་བ་མིན་ནམ། དེ་འདྲ་ཡིན་ན་ལྡེའུ་འམ་གབ་ཚིག་ལ་བརྟེན་ནས་ལོ་རྒྱུས་མི་འབྲི་བ་མ་བཤད་ན་ཤེས་ཤག་རེད། གཅིག་བྱས་ན་དེབ་རང་གི་ནང་ལ་བྲིས་ཡོད་སྲིད། དེ་རིང་བོད་ཡིག་གི་འཐེན་ཤུགས་ལ་བརྟེན་ནས་སྦྲུལ་དང་སྦལ་བའི་ཚང་འདིའི་ནང་ཡང་བསྐྱར་རྐང་བ་ཐེངས་གཅིག་ཤོར་འགྲོ་གི་འདུག
དྲ་གྲོགས་སྟག་སྨྱོན་ལགས། ཡང་ཡང་ཡོང་གི་བསྡོད། དྲ་ཐོག་ནས་མི་སུམ་བཅུ་བསམ་པ་སུམ་བཅུའི་དཔེ་བཞིན། སྐད་ཆ་བཟང་ངན་གཉིས་ཀ་ཡོང་གི་རེད། དེ་དག་ལ་ལན་གང་ཞིག་དགོས་འཁོ་ཡོད་མེད་ཁྱེད་རང་གིས་རང་གི་གང་འདོད་བཞིན་ལན་འདེབས་སྲིད་པ་རེད་ལ། དྲ་གྲོགས་ཚོས་ཀྱང་དེ་ལྟར་བྱེད་ངེས་རེད། ཡིན་ཡང་། བོད་པ་ཞིག་གི་བོད་ཡིག་ལ་བཅིངས་པའི་སྙིང་སྟོབས་ཟེར་ན་འདྲ། དུངས་པ་ཟེར་ན་འདྲ། རིགས་ཞེན་ཟེར་ན་ཆོག དེ་དོར་མི་རུང་བ་ཉིད་ཀྱིས་ཤེས་གསལ་རེད། དེའི་སྟབས་ཀྱི་གང་ཁོམ་ལ་ཡོང་གི་བསྡོད། ཁ་རྒྱག་པ་བཤད་མཁན་རེ་ཟུང་ཡོད་ཀྱང་དེ་དག་གི་བཤད་ཚུལ་ལ་ཁས་ལེན་བྱེད་དགོས་པ་དང་བརྩི་བཀུར་བྱེད་དགོས་པའི་ངེས་པ་ཡོད་ནི་མ་རེད།
ཁ་སང་ངས་ཧོར་གཙང་གིས་དབྱིན་ཇིའི་བུ་མོ་ཞིག་ལ་ཕྲུ་གུ་བཟོས་པ་འདིའི་སྐོར་ལ་ཤོད་སྐབས་ལམ་གསེང་བསུབ་འདུག ཡིན་ནའི་གནས་ཚུལ་འདི་བདེན་པ་རེད། བུ་མོ་འདིའི་མིང་ལ་ཉི་མ་ཟེར་ཞིང་། ད་ལྟ་དབྱིན་ཇིའི་ལུང་པའི་ནང་སློབ་འབྲིང་ལ་འགྲོ་མུས་ཡིན།
འཇིགས་མེད་ཀྱི་མོའི་སྐོར་ལ་ཏོག་ཙམ་ཡང་མ་བྲིས་པ་དེས། ང་ལ་ཁོང་གི་གཤིས་རྒྱུད་ལེགས་པོ་ཨེ་ཡིན་ྙམ་བྱུང་། ང་བུ་མོ་འདིར་ྙིང་རྗེས་སྐྱེས་ནས་བཤད་པ་མ་གཏོགས་ཧོར་འཇིགས་ལེགས་ཉེས་ཤོད་ཀྱི་མེད།
ངའི་གྲོགས་མོའི་ཕ་དེ་ཡང་བོད་ཀྱི་མི་ཆེན་ཞིག་རེད། ཡིན་ནའི་གྲོགས་མོའི་མ་དྲིན་ཅན་དེར་དངུལ་དང་ཡོན་ཏན་སོགས་གང་ཡང་མེད་སྟབས། ཕ་དེས་ཁོ་མོ་བསྐྱུར་ནས། སྐུ་དྲག་གི་གནའ་མ་ཞིག་ལེན་འདུག ལོ་གསུམ་གྱི་གོང་ཨ་ཕ་དེ་ཐེངས་གཅིག་ཐུག་བྱུང་། ངས་ཁོ་པར། ཚེ་ལྷ་ངོ་མ་ཁྱེད་ཀྱི་བུ་མོ་རེད་འདུག ཡིན་ནའི་ཁྱེད་ཀྱིས་མོ་ལ་ཁ་ཡ་མི་བྱེད་པ་འདི་ཅི་ཤོད་སྐབས།
ད་ལས་རེད། ལས་ཀྱིས་ང་གཉིས་ཁ་བྲལ་བ་རེད་ཟེར་བ་མ་གཏོགས་ྙིང་རྗེ་དང་། ཕ་ཞིག་གི་ལས་འགན་མི་ཤོད། རྗེས་མ་ཕ་དེར་དངུལ་ཏོག་ཙམ་དགོས་གཅིག་ཡི་གེ་གཏོང་སྐབས། ངས། ཁྱོད་ཀྱིས་ལས་བཤད་ཀྱི་འདུག དེར་རྟེན་ང་ཚོས་ཁྱེད་ལ་ཡང་དངུལ་མ་སྦྱིན་པ་དེ་ལས་ལ་བཞག་དགོས་ཅེས་ལན་བརྒྱབ་པ་ཡིན། ཧོར་འཇིགས་ཡང་དེ་ལྟ་བུའི་གཤིས་རྒྱུད་ངན་པའི་མི་གཅིག་ཨེ་ཡིན།
ཁྱོད་ཚོ་ཚང་མ་ཁྱི་དང་ར་རེད་འདུག།
ཧོར་འཇིགས་ལ་དབྱིན་ཡུལ་དུ་བུ་མོ་ཞིག་ཡོད་པ་ནི་བདེན་པ་རེད། ཡིན་ཡང་། དེ་ཙམ་གྱིས་ཧོར་འཇིགས་ཀྱིས་བུ་མོ་དེའི་མ་རྒན་ལ་ཁྲེལ་མེད་བྱས་པ་ཡིན་མིན་གྱི་སྐད་ཆ་དེ་ནི་ང་ཚོས་བཤད་མི་ཤེས་པ་མ་ཟད། དེ་བས་ཀྱང་ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་རྩོམ་པ་དང་ཧོར་འཇིགས་ཀྱིས་མི་ཚེའི་ནང་གི་དགའ་རོགས་ཅི་ཙམ་ཡོད་མེད་དང་བཟའ་ཚང་དང་འཁོན་འཛིངས་ཅི་ཙམ་ཤོར་མིན་བཅས་ལ་འབྲེལ་བ་ག་རེ་འདུག དྲ་གྲོགས་ལགས། ངེད་ཅག་གིས་འདི་ནས་གླེང་བཞིན་པ་ནི་ཁོང་གི་བྲིས་པའི་མདོ་སྨད་ལོ་རྒྱུས་ཀྱི་བསྐོར་ཡིན་པ་ལས་ཁོ་རང་གི་མི་ཚེའི་ནང་གི་བྱུང་བའི་བསྐོར་མ་ཡིན་ནོ།
སྤུན་ཟླ་ཚོ། རྩོད་མི་དགོས་པ་ཞིག་རྩོད་དོན་མི་འདུག་སྙམ། ང་རྒྱལ་དང་ཕྲག་དོག། འཁང་ར་སོགས་ལ་རྒྱལ་ཁ་ནམ་ཡང་ཐོབ་མི་སྲིད།
བོད་ཡུལ་ན་ལོག་སྐད་ཡོད་ས་མང་གི། མདོ་སྨད་ཕྱོགས་ན་རེབ་གོང་དང་རྒྱལ་རོང༌། ཅོ་ནེ་སོགས་དང༌། ཁམས་ཕྱོགས་ན་རྟའུ་དང༌། མི་ཉག་ལ་སོགས་པ་རེད།
ང་ཆེས་སྐྲག་ས་ནི་ཧོར་འཇིགས་ལགས་ཀྱིས་བརྩམས་གནང་བའི་མདོ་སྨད་ལོ་རྒྱུས་བརྒྱུད་ནས་ང་ཚོས་ཁོང་གིས་ལོ་རྒྱུས་མི་ཤེས་པ་གསལ་བོ་ཆགས་རྒྱུ་འདི་རེད།
དྲང་མོར་བཤད་ན། ཧོར་འཇིགས་འདི་སྙན་ངག་པ་དག་མོ་ཞིག་རེད་མ་གཏོགས་གཞན་ལ་མཁས་ཟེར་ན་ཧ་ཧ་ ཧེ་ཧེ
ཧོར་འཇིགས་ལགས་ཀྱིས་དགའ་བོ་ག་ཙམ་བཙལ་དང་ཨ་མ་ཅི་ལྟར་གཡུག་སོགས་ཀྱི་སྐོར་ལ་རྗེས་མ་ཞིག་ལ་གང་གི་གྲོགས་མཆོག་བེ་རི་ལགས་ཀྱིས་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ལྟ་བུའི་དེབ་ཅིག་བྲིས་ན་ལྟད་མོ་ཡོད་ནི་རེད། ང་ཚོ་ཚང་མས་ད་ལྟ་ནས་བེ་རི་ཁྱི་རྒན་ལ་རྩོམ་སྐུལ་བཏང་མ་ཅི་འདྲ་རེད།
འདི་མ་གཏོགས་ཅང་བཤད་རྒྱུ་མེད།
བློས་ཐུབ་ལགས། གཟིགས་དང་།
“དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད།”
“བློས་ཐུབ་ཟེར་བ་དེ་ད་ནངས་ཐོན་ནི་ཡིན་རུང་། ཐོན་པ་དང་མཉམ་དུ་རྫས་དུག་མ་རུང་བ་ཞིག་དང་འདྲ་བར་སྐད་ཅིག་གཅིག་ལ་བོད་གཞུང་དང་སྒེར་བ་མི་ཉི་ཤུ་ནང་ཞིག་ནག་པོ་བཟོས་འདུག་པས་ང་ངོ་མ་ཧ་ལས་སོང་། ཨེ། འདི་རྡ་ཡང་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་རེད་ཀོ་བསམ་བྱུང་། ངས་ད་རུང་བརྟག་དཔྱད་བྱེད་ཀྱི་ཡིན།”
གོང་གི་ལུང་ཚིག་དུམ་བུ་དེ་གཉིས་ཀ་དྲ་གྲོགས་གཞན་ཞིག་གིས་ཁར་སང་ཁྱོད་ཀྱི་སྐོར་ལ་བྲིས་པའི་མཆན་བུ་རེད། ང་དོ་སྣང་ཆེན་པོ་བྱུང་སོང་། དེ་རིང་ཡང་ཧོར་གཙང་དང་བེ་རི་གཉིས་ལ་སོ་བརྒྱབ་ཚར་འདུག དྲིན་ཆེན་པོ་ད་དེ་འདྲ་མ་བྱེད། དྲ་ཐོག་ཏུ་ཡོང་བ་དེ་མི་ཐམས་ཅད་ལ་སོ་རྒྱག་རྒྱུའི་ཆེད་དུ་མ་རེད། ཆོ་མི་འདུག དྲ་ཁང་དང་དྲ་གྲོགས་གཞན་པ་ཚོ་ལ་བར་ཆད་མ་གཏོང་། འདི་འདྲ་རྐྱང་བྱས་བསྡད་ན་ཁོང་ཚོ་ལ་ཡང་སེམས་པ་སྐྱིད་པོ་ཡོད་མ་རེད། ཨ་པ་ལེ་ལེ། ངས་ཁྱོད་ལ་ཞུ་བ་འཐེན་ནི་ཡིན། ང་ཚོའི་མི་རིགས་ངོ་མ་གཅིག་བརྩོག་གི གཞན་ལ་ཁ་གཏོང་རྒྱུ་ཁོ་ན་མ་གཏོགས་མེད་ཀི ད་ཞབས་འདྲེན་ཞུ་མཚམས་འཇོག་རོགས་ཀྱིས། ཨ་པ་ལེ་ལེ། ཁ་དྲོ་བཀྲ་ཤིས།
བློས་ཐུབ་ཡིན་ན་ཁྱི་རྒན་འདི་དེ་རིང་གང་ཟིག་ནས་ཐོན་ཐལ། ཁྱི་སྨྱོན་བྱུང་བ་ནང་བཞིན་རིག་རིག་ཐུག་ཐུག་ལ་སོ་རྒྱག་གིན་འདུག