པདྨ་བཟང་པོ་ནས་བྲིས།
མདོ་སྨད་ལོ་རྒྱུས་ཆེན་མོའི་གླེགས་བམ་དང་པོ་ལོ་རྒྱུས་སྤྱིའི་གཞུངས་ཤིང་གི་ཤོག་གྲངས་ ༤༦༨ ནས་རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་བོད། ཅེས་པ་ཞིག་བཤད་ཡོད་པའི་སྐབས་འདིར་དཔྱད་གཞི་ཤིན་ཏུ་ཆེ་ཞིང༌། ལོ་རྒྱུས་སྤྱིའི་གཞུང་ཤིང་འདིའི་ཤོགས་གྲངས་ ༤༧༣ པ་ལས། བོད་སྔ་རབས་པ་དག་གིས་མདོ་སྔགས་ཟུང་འབྲེལ་བྱར་མེད་པར་འདོད་པ་ལ། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང༌། །ནང་དུ་འདུས་པ་ལ་རབ་དགའ། གསུངས་པ་ལྟར་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མར་གནས་བཞིན་དུ་ནང་བདེ་སྟོང་ཡེ་ཤེས་ལ་རོལ་ནུས་པའི་ལམ་སྲོལ་བླ་ན་མེད་པ་གངས་རིའི་ཁྲོད་འདིར་གསར་བཏོད་གནང་བ་ཡིན་ལ། ཞེས་པའི་ཚིག་འདི་ལ་ལྟོས་དང་རྒྱུ་མཚན་མེད་པར་བོད་སྔ་རབས་པ་དག་ལ་སྐུར་འདེབས་མི་བཟད་པ་འདི་ལྟ་བུ་ཁྱོད་ལ་ལོག་པའི་བཤེས་གཉེན་སུ་ཞིག་གིས་བསླབ་པ་རེད། བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་མཁན་སློབ་ཆོས་གསུམ་གྱི་སྐུས་དུས་ནས་བཟུང་ཆོས་ལུགས་རིས་མེད་ཀྱི་མཁས་གྲུབ་རྣམས་མདོ་སྔགས་ཟུང་འབྲེལ་དུ་ཉམས་བཞེས་གནང་མཁན་ཤ་སྟག་མ་གཏོགས་གཅིག་ཀྱང་མེད་ཅེས་བརྗོད་ཀྱང་ལུང་རིག་གིས་སྒྲུབ་པར་བྱེད་ནུས་ལ། དཔེར་ན་གངས་ཅན་བསྟན་པའི་ཉི་མ་མཁན་ཆེན་ཞི་འཚོའི་ཞལ་ནས། སོ་སོར་ཐར་བའི་མདོ་འདི་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །དགེ་འདུན་རྣམས་ཀྱི་སྟོན་པར་གསུངས། །འདི་ལ་ཤིན་ཏུ་གུས་པར་གྱིས། །ཞེས་དང༌། བདག་གིས་བསླབ་པ་དེ་བཞིན་དུ། །ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང༌། །ནང་ལྟར་བྱང་ཆུབ་སེམས་སྦྱང་བ། ། གསང་བ་སྔགས་ཀྱི་རིམ་གཉིས་སྒོམས། །ཞེས་དང༌། སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བྱས། །བདག་གི་རྗེས་སུ་ཞུགས་ནས་ཀྱང༌། །སྟོན་པའི་བསྟན་པ་མཆོག་ཏུ་ཟུངས། །ཞེས་དང༌། དེ་བཞིན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད།།རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། ། བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བར་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་དང༌། ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན། །ནང་གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་པ། །ཞེས་སོགས་གསུངས་པས་མཚོན་བོད་སྔ་རབས་པའི་མཁས་གྲུབ་རྣམས་ཀྱི་གསུང་མང་དུ་དྲངས་རྒྱུ་ཡོད་ཀྱང་འདིར་མི་སྤྲོ་ལ། ཁོ་བོ་རྗེ་ཙོང་ཁ་པ་ལ་མི་གུས་པ་མིན་ན་ཡང་རྗེས་འཇུག་ཁ་ཅིག་ལ་བོད་སྔ་རབས་པའི་སྟེང་དུ་འདི་ལྟ་བུའི་སྙིང་ནད་ཅིག་ཡོད་པ་ཅིའི་ཕྱིར་ཡིན་སྙམ། ཡང་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་ཤོག་གྲངས་ ༤༧༤ དང་ ༤༧༥ པ་ལས། དེར་བརྟེན་བོད་སྔ་རབས་པ་མང་པོ་ཞིག་གིས་སྟོང་ཉིད་ཀྱི་དོན་ཅི་ཡང་མེད་པ་ཞིག་ཏུ་བཟུང་བ་ནི། དགེ་མི་དགེ་དང་ལས་འབྲས་སོགས་ཀྱང་གཏན་མེད་དུ་འདོད་དགོས་པས་ཡང་དག་པའི་ལམ་ལས་གོལ་བ་ཡིན་ལ། ཡང་ལ་ལ་ཞིག་གིས། སྟོང་ཉིད་བདེན་གྲུབ་དང༌། དེ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་བ་སྟོང་ཉིད་དུ་འདོད་ཀྱང༌། དེ་ནི་རྟག་ལྟར་འགྱུར་བས་མ་དག་པ་ཡིན ། ལ་ལས་ཡོད་ཙན་བཟུང་ན་མཚན་འཛིན་དུ་འགྱུར་བས་ཆོས་ཐམས་ཅད་ཡོད་པའང་མིན། མེད་པའང་མིན་པས་འཇོག་སྒོམ་གྱི་སྐབས་སུ་བདག་ཡོད་མེད་དང་སྟོང་མི་སྟོང་སོགས་གང་ཡང་ཡིད་ལ་མི་བྱེད་པ་ཙམ་སྒོམ་དུ་འདོད་མོད། ཅི་ཡང་ཡིད་ལ་མི་བྱེད་སྙམ་པ་དེ་ག་རང་ཡིད་ལ་བྱེད་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས་དེ་ཡང་མ་དག་པ་དང༌། ཡང་ལ་ལས་རིག་པའི་རྗེས་སུ་འབྲངས་བའི་དཔྱད་པ་དང་རྟོག་དཔྱོད་གང་ཡང་
མི་དགོས་པར། སེམས་འདས་པའི་རྗེས་མི་གཅོད། མ་འོངས་པ་སྔོན་མི་བསུ། ད་ལྟ་མངོན་དུ་གྱུར་པའི་ཤེས་པ་སོ་མ་ལ་བཅོས་མི་བྱེད་པར་རྣམ་རྟོག་གི་སྤྲོས་པ་མཐའ་དག་དོར་ནས། སེམས་བདེ་འབོལ་ལེ། ལྷོད་ཤིག་གེར་བཞག་པས་སེམས་ཉིད་ཆོས་སྐུའི་ངོ་བོ་གཅེར་རྗེན་དུ་མཐོང་བར་བཤད་ཀྱང༌། གང་ཡང་ཡིད་ལ་མ་བྱས་པར་བསྡད་པ་ལ་ཅི་ཡང་མཁྱེན་པའི་སངས་རྒྱས་ཀྱི་ཡི་ཤེས་རྩོལ་མེད་དུ་འོང་ན། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་འབྱུང་བར་འགྱུར་བས་རྒྱུ་འབྲས་ཀྱི་རྣམ་གཞག་མཐའ་དག་འཆོལ་བས་དེ་ཡང་མ་དག་པ་སྟེ་མདོར་ན། གོང་སྨོས་དེ་དག་གིས་དོན་དམ་དཔྱོད་བྱེད་ཀྱིས་རིགས་པས་དཔྱད་པ་ན་དགག་བྱ་མ་ལུས་པ་ཁག་ཀྱང༌། དགག་བྱ་དེ་བཀག་པའི་ཤུལ་དུ་ལས་འབྲས་བྱ་བྱེད་སོགས་སྣང་སྟོང་ཉིས་ཚོགས་འཇོག་མ་ཤེས་པས་ནོངས་པ་ཡིན་ནོ། ཞེས་བྲིས་འདུག དེ་ལྟར་བོད་སྔ་ཕྱིའི་ཤིང་རྟ་ཆེན་པོ་དག་གི་བཞེད་པ་ལ་དགག་བཞག་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་ཞིང་དྲྭ་ཐོག་ཏུ་ཡིག་གེ་མང་པོ་འབྲི་བ་ལ་དགོས་པ་མ་མཐོང་བས་རྒྱས་པར་གླེང་བར་མི་བྱ་ཞིང༌། མདོར་བསྡུས་ཏེ་བརྗོད་ན་གོང་དུ་སྨྲོས་པ་དེ་དག་ནི་བོད་སྔ་རབས་པ་འགའ་ཞིག་དང༌། ས་སྐྱ་པ། བཀའ་བརྒྱུད་དང་ཇོ་ནང་གི་གཞན་སྟོང༌། རྙིང་མ་པ་གཙོས་པའི་བོད་སྔ་རབས་པའི་དབུ་མའི་ལྟ་བ། འདོད་པ་ཐ་མ་དེ་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པར་གསལ། དེ་ལྟར་ཁྱོད་ཀྱིས་བརྗོད་པའི་རིག་པ་ལྟར་སྣང་དེ་ཙམ་གྱིས་སྒྲུབ་བརྒྱུད་ཤིང་ལྟ་དག་གི་དགོངས་པ་ལ་ཕྱོགས་ཙམ་ཡང་གནོད་པར་མི་ནུས་ལ་དེའི་ཚུལ་རྒྱས་པར་མཁས་གྲུབ་སྔ་མ་རྣམས་ཀྱིས་ལྟ་གྲུབ་ཀྱི་ཡིག་ཆ་ཁག་ཏུ་ལེགས་པར་བཤད་ཟིན་པས་གངས་ལྗོངས་རིག་པ་སྨྲ་བ་རྣམས་ཀྱིས་མཁྱེན་བཞིན་པ་རེད། དེས་ན་ཁོ་བོས་དེ་རིང་འདིར་མང་པོ་འབྲི་བའི་ངལ་བ་མི་བྱ་རྒྱུ་མིན། ཡང་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་ཤོག་གྲངས་ ༤༩༦ དང་ ༤༩༧ པར་འདི་ལྟར་བཤད་དེ། སྐབས་དེའི་དབུས་གཙང་ཡོངས་རྫོགས་ཧྲིལ་གྱིས་བཟུང་བའི་ས་སྐྱ་བ་དང་བཀའ་བརྒྱུད་པ། རྙིང་མ་བ། ཇོ་ནང་བ།བོ་དོང་བ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དེ་དག་ཕལ་ཆེར་གྱིས་རྗེ་འདིའི་ཞབས་ལ་གཏུགས་ནས་གཞུང་ལུགས་གསན་པ་སྟེ། རང་རང་ཐར་བའི་གོ་འཕང་བགྲོད་བྱེད་ལ་ཡིད་ཆེས་བྱེད་པའི་སྔར་ཡོད་ཀྱི་གྲུབ་མཐའི་ལམ་པོ་ཆེ་དེ་དག་གཏན་དུ་བསྐྱུར་བའམ། དེས་མ་ཚིམ་པར་གསར་དུ་བྱུང་མ་ཐག་པའི་དགེ་ལུགས་པའི་གྲུབ་མཐའ་ངོས་ལེན་ཉམས་བཞེས་གནང་བ་དེས་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན། ཞེས་བཤད་འདུག་པའི་ལུང་ཚིག་དུམ་བུ་འདིས་ནི་རྩོམ་པ་པོ་ཕྱོགས་རིས་ཀྱི་གདོན་ཆེན་པོ་ཞིག་གིས་བཏབ་ཡོད་པ་གསལ་བོར་བསྟན་ཡོད། སྤྱིར་ཧོར་འཇིགས་ལ་སོགས་པ་ཨ་མདོའི་གྲྭ་ལོག་ལ་ལ་ཞིག་གིས་ཧ་ཅང་ཚད་ལས་བརྒལ་བའི་སྐད་ཆ་ཉག་ཉོག་མང་པོ་ཤོད་ཀྱིན་འདུག་པ་འདི་ཚོ་སྔར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་རྒན་ཕྱོགས་རིས་ཅན་རྣམས་ཀྱིས་ཀུན་གཞིའི་ཁམས་ལ་བག་ཆགས་ངན་པ་བགོས་པའི་རྐྱེན་ལས་བྱུང་བ་ཞིག་ཡིན་པར་ཤེས་དགོས། རྗེ་ཙོང་ཁ་པ་ལས་ཆོས་གསན་པ་རྣམས་ཀྱིས་སྔར་ཡོད་ཀྱི་གྲུབ་མཐའ་གཏན་དུ་བསྐྱུར་བར་ཁས་བླངས་པ་དེས་རྗེ་ཙོང་ཁ་པ་ལ་བསྟོད་པར་རློམ་ན་ཡང་དོན་དུ་སྨད་པའི་ཚིག་ཏུ་འགྱུར་ཉེན་ཆེ་བས་ཕྱིན་ཆད་འདི་ལྟ་བུ་མ་སྨྲ་ཞིག བོད་འདིར་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་བ་ནི་བསྟན་འཛིན་གྱི་སྐྱེ་བུ་སྔ་མ་དག་གི་བཀའ་དྲིན་ཉག་གཅིག་ཡིན་པ་སྨྲོས་མ་དགོས་པ་ཡིན་མོད་སྡུག་པའི་ཕྲུ་གུ་མ་ཡི་གཤེད་དུ་ལང་པ་ཁྱོད་ལ་ཕྱོགས་ལྷུང་གི་དུག་ཆུ་ངན་པ་འདི་སུས་བླུད་པ་རེད་ལེགས་པར་སོམས་ཤིག དོན་དངོས་ལ་རྗེའི་བླ་མའི་དགོངས་པ་ནི་བོད་སྔ་རབས་པ་དང་གཅིག་པ་ཡིན་ཚུལ་བཤད་རྒྱུ་ཡོད་ཀྱང་འདིར་ཡི་གེ་མང་པོ་བྲིས་ན་དྲྭ་གྲོགས་ཚོ་ཉོབ་ཀྱི་རེད་བསམ་ནས་མང་པོ་བྲིས་མེད། ད་དུང་སྐབས་འདིར་དཔྱད་དགོས་པ་ཤིན་ཏུ་མང་པོ་འདུག་གོ །
“སྤྱིར་ཧོར་འཇིགས་ལ་སོགས་པ་ཨ་མདོའི་གྲྭ་ལོག་ལ་ལ་ཞིག་གིས་ཧ་ཅང་ཚད་ལས་བརྒལ་བའི་སྐད་ཆ་ཉག་ཉོག་མང་པོ་ཤོད་ཀྱིན་འདུག་པ་འདི་ཚོ་སྔར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་རྒན་ཕྱོགས་རིས་ཅན་རྣམས་ཀྱིས་ཀུན་གཞིའི་ཁམས་ལ་བག་ཆགས་ངན་པ་བགོས་པའི་རྐྱེན་ལས་བྱུང་བ་ཞིག་ཡིན་པར་ཤེས་དགོས།”
ཟེར་བ་འདི་ཧ་ཅང་བདེན་པ་རེད། མགོ་ནས་བཤད་ན་ད་ང་ལ་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ་ཟེར་བ་དེ་ཡོད། ཁོང་ཚོས་སྲོག་ལས་ཀྱང་གཅེས་པར་འཛིན་པའི་དཔེ་དཀོན་བཀའ་རྒྱ་མ་ཞིག་རེད། བསེ་ངག་དབང་གྲགས་པས་བྲིས་པ་རེད། བོད་ལུགས་ཀྱི་ལྡེབ་༢༠༨འདུག ང་ཚོ་མི་མང་པོས་བལྟས་པ་ཡིན། དཀོན་མཆོག་གསུམ། བལྟ་ཚུལ་ཞིག་མེད་ཀི། མིག་གིས་དངོས་སུ་མ་མཐོང་ན་ཡིད་ཆེས་ཐུབ་པ་མི་འདུག ཧོར་འཇིགས་ཀྱིས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགའ་ལྡན་ཕོ་བྲང་གི་དགྲ་ཡིན་ཚུལ་ཞིག་བྲིས་འདུག་པ་ཡང་གནད་འདི་ལ་ཐུག་འདུག ད་དུང་ཁོས་དྲང་བདེན་གྱི་བསླུས་པའི་སློང་མོ་བ་ཟེར་བ་དེའི་ནང་སྐྱབས་རྗེ་འདུད་འཇོམས་རིན་པོ་ཆེ་ནང་པ་ཡིན་མིན་ལ་ཐེ་ཚོམ་ཡོད་ཚུལ་ཡང་བཤད་ཁུལ་བྱས་ཡོད། ཧོར་འཇིགས་ལྟ་བུའི་སློབ་སྦྱོང་མེད་པའི་བླུན་པོ་ཕག་ལྟ་བུ་ཞིག་གིས་བོད་སྔ་རབས་པའི་གྲུབ་མཐའ་རྣམས་ཀྱི་ལྟ་གྲུབ་ལ་དཔྱད་པ་གཏོང་ཁུལ་བྱེད་པ་ནི་དངོས་གནས་དགོད་བྲོ་བ་ཞིག་དང་། ཁོ་རང་གིས་རང་མདོག་ཕྱི་རུ་སྟོན་བྱེད་ཅིག་མ་གཏོགས་ལན་རྒྱག་རིན་ཞིག་ག་ལ་ཡོད། སྔོན་མ་དྲ་གྲོགས་ཤིག་གིས་བཤད་སོང་ང་། ཁོས་དཔེ་ཆ་མི་ཤེས་པའི་རྟགས་སུ་དབུ་མ་རྩ་འཇུག་བཞི་གསུམ་ལ་རྩ་འཇུག་གཞི་གསུམ་ཞེས་དཔེ་ཆའི་ཁ་བྱང་ཙམ་ཡང་མཐོང་མྱོང་མེད་པའི་རང་རྟགས་བརྟན་པ་དང་། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།། ཞེས་པའི་སྐབས་ཀྱི་ཆུ་ཕོར་བ་གང་ལ་འགྲོ་བ་རིགས་བཞིར་མཐོང་སྣང་མི་འདྲ་བ་བཞི་ཡོང་ཚུལ་བཤད་པ་ཡང་། ཁོས་ལྷ་མི་ཡི་དྭགས་སོགས་ཡིན་པར་མ་ཤེས་པར་དེ་དང་འབྲེལ་མེད་དོན་གཞན་དུ་གྱུར་བའི། འདུལ་བའི་དགེ་འདུན་ལྷག་མའི་སྐབས་ཀྱི་ཆགས་པས་འགྲོ་བ་དང་འདུན་པས་འགྲོ་བ་སོགས། འགྲོ་བ་བཞི་ཟེར་བའི་ཚིག་མཛོད་ཅིག་བཙལ་ནས་འགྲེལ་ཡོད་ཚུལ་ལ་ལྟོས་དང་། དེས་ཧོར་འཇིགས་ཀྱི་དཔེ་ཆ་ཅི་ཙམ་ཤེས་ཀྱི་ཡོད་མེད་གཞལ་ཐུབ། འོན་ཀྱང་སེམས་ཕམ་པ་ཞིག་ལ་སྐུ་སྒེར་ཡིག་ཚང་གིས་མིང་ཐོག་ནས་མི་འདི་འདྲའི་རིགས་ལ་ནང་དཀྲུགས་ཀྱི་གོ་སྐབས་སྤྲད་པ་ནི་ཇི་འདྲའི་བློར་མི་ཤོང་བ་ཞིག་རེད། འདི་འདྲ་བྱས་ན་དཀའ་རྒྱུ་རེད་ཡ། དེ་རིང་དེ་ཙམ་ལས་དུས་ཚོད་མེད།
དུས་ཚོད་མེད་རུང་ཡང་གཅིག་བཤད་ན། སྔར་རྗེ་ཙོང་ཁ་པ་མ་བྱོན་གོང་དུ་རྙིང་མ་དང་བཀའ་བརྒྱུད་ས་སྐྱ་ཇོ་ནང་སོགས་སུ་གྲུབ་བརྙེས་ཀྱི་རིག་འཛིན་བྱ་ཁྱུ་འུར་རྡོས་དཀྲོག་པ་ལྟ་བུ་ཞིག་བྱུང་འདུག་པ་དེ་ཚོ་ཆ་ཚང་ཧོར་འཇིགས་ལྟར་ན་ལྟ་སྒོམ་ནོར་བའི་ཐོག་ནས་གྲུབ་པ་བརྙེས་པ་ཨེ་ཡིན་ནམ། དེ་འདྲ་ཡིན་ན་ལྟ་སྒོམ་ནོར་ན་ཡང་ནོར། ནོར་བ་རང་དྲག
ཡང་མཁས་གྲུབ་རྗེས་རྫོགས་ཆེན་ཟེར་བ་འདི་ལྟ་བའི་རྒྱལ་པོ་ཡིན་ཚུལ་གསུང་ཐོར་བུའི་ནང་ན་གསུངས་ཡོད་པ་༧གོང་ས་ཆེན་པོས་ལུང་ཞིབ་མོར་དྲངས་ནས་གསུངས་སོང་ང་། ཧོར་འཇིགས་ལྟར་ན་མཁས་གྲུབ་རྗེས་ཧོར་འཇིགས་ཀྱི་ཤེས་རྒྱུ་ཙམ་ཡང་མ་ཤེས་པ་ཡིན་ནམ།
ཡང་རྗེ་རིན་པོ་ཆེའི་བླ་མ་རྣམས་ས་སྐྱ་དང་རྙིང་མ་སོགས་ཡིན་པར་མ་ཟད། ལས་ཀྱི་རྡོ་རྗེ་བླ་མའི་མཆོག། བློ་བཟང་གྲགས་པ་སློབ་མའི་མཆོག་སོགས་དང་། ད་སྐབས་ང་ཚོས་འདོན་བཞིན་པའི་དམིགས་བརྩེ་མ་འདི་ཡང་དང་པོ་རྗེ་རིན་པོ་ཆེ་རང་གིས་ཡར་རང་གི་བླ་མ་རེད་མདའ་བ་ལ་ཕུལ་བ་ཞིག་ཡིན་མོད། ཧོར་འཇིགས་རྗེ་རིན་པོ་ཆེའི་ཀྱང་ཡན་ཞིག་ཡིན་ནམ།
ངོ་མ་བཤད་ན་ཧོར་འཇིགས་ལྟར་ན་རྗེ་རིན་པོ་ཆེ་མ་བྱོན་གོང་གི་བླ་མ་ཐམས་ཆད་ལྟ་སྒོམ་ནོར་བའི་ལོག་པའི་བཤེས་གཉེན་ཤ་སྟག་ཡིན་སྟབས། རྗེ་རིན་པོ་ཆེ་ལ་མཚན་ལྡན་གྱི་བླ་མ་གཅིག་ཀྱང་མེད་པར་ཁས་ལེན་རྒྱུ་ཡིན་ནམ། དེ་ལྟར་ན་རྗེ་རིན་པོ་ཆེ་ཡང་ཆེ་ཚད་ཅི་ཙམ་ལ་རྒྱག་འགྲོ་གི་རེད་དམ། དགོད་བྲོ། ཡ་ཆ།
རེད་ཡ་ཧོར་འཇིགས་ཟེར་བའི་མི་འདི་ཕྱོགས་རིས་ཅན་རེད་ཅེས་ཡོངས་གྲགས་རེད།
མདོ་སྨད་ལོ་རྒྱུས་ཆེ་མོ་དེབ་དྲུག་པ་ལོ་རྒྱུས་མི་སྣའི་སྐོར་གྱི་ཤོག་གྲངས་ ༢༡༢ པར་སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ལ་ཆོས་
བརྒྱུད་དགེ་རྙིང་རིང་མེད་ཅེས་བྲིས་འདུག འདི་ནི་དགེ་རྙིང་རིས་མེད་ཅེས་པ་ཡིག་ནོར་ཡིན་ནམ་སྙམ་གང་ལྟར་ཡང་སྤྱིར་བཏང་བཤད་ན་
སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ནི་ཡོངས་འཛིན་བླ་མ་བདུན་ཅུ་ཙམ་བསྟེན་ཏེ་ཕུལ་བྱུང་གི་མཁས་གྲུབ་གཉིས་ལྡན་ཞིག་ཡིན་
པས་ཆོས་ལུགས་རིས་མེད་བྲིས་པ་འགལ་བ་མེད་མོད་སྐབས་འདིར་ཆོས་བརྒྱུད་སོ་སོའི་བླ་མའི་རྣམ་ཐར་འཆད་པའི་སྐབས་ཡིན་པས་ངེས་
པར་དུ་ཆོས་བརྒྱུད་རྙིང་མ་འབྲི་དགོས་པ་རེད། དེའི་རྒྱུ་མཚན་ཁོང་ནི་རིག་འཛིན་འཇིགས་མེད་གླིང་པ་དང་རྡོ་གྲུབ་སྐུ་ཕྲེང་དང་པོ་སོགས་ཀྱི་
ཞལ་སློབ་ཐུན་མོང་མ་ཡིན་པ་ཞིག་དང་མདོ་སྨད་རེབ་ཀོང་དུ་ཁོང་གི་སློབ་རྒྱུན་རྒྱ་ཆེར་བསྐྱངས་པས་གོས་དཀར་ལྕང་ལོ་ཅན་སྔགས་པ་ཕུར་
ཐོགས་སྟོང་དང་དགུ་བརྒྱ་སོགས་བྱུང་། དེ་བཞིན་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་ཕྱག་བཏབ་པས་མཚོན་རྙིང་མའི་བསྟན་འཛིན་ཁྱད་པར་བ་
ཞིག་ཡིན། བླ་མ་འདི་ནི་རེབ་ཀོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཤོག་གྲངས་ ༡༠ པ་ལས། རེག་ཀོང་སྟོད་སྨད་བར་གསུམ་ནས་འདུས་
པའི་རིག་འཛིན་ལྕང་ལོ་ཅན་དག་ལ་བཀའ་བརྒྱད་བདེར་གཤེགས་འདུས་པའི་དབང་ཉིན་བཅོ་ལྔའི་རིང་གནང་རྗེས་སུ་སྔགས་མང་གི་གྲངས་
བགྲང་བའི་སླད་དུ་བསྙེན་ཕུར་རེ་རྟེན་སྐལ་དུ་གནང་བའི་ཚེ་ཕུར་བུ་སྟོང་དགུ་བརྒྱ་སོང་བས་རེབ་ཀོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་
བརྒྱ་ཞེས་པའི་མཚན་སྙན་ཡང་ཁོང་གི་དུས་སུ་བྱུང་། ཞེས་གསལ་བ་དེ་ཡིན་མོད་ཧོར་འཇིགས་ཀྱིས་རྙིང་མའི་བླ་མ་ཚོའི་ཐུན་མིན་གྱི་མཛད་
རྗེས་ཆེ་བ་རྣམ་སྐུང་ཅི་ཐུབ་དང་ཡང་ན་ལོ་གྲག་ཟེར་གསུམ་གྱི་སྒྲ་རེ་སྦྱར་ཏེ་ཡི་མ་རང་བ་དང་སེམས་མི་དགའ་བའི་རྣམ་འགྱུར་རེ་བསྟན་
འདུག །
བཀུར་འོས་དྲྭ་གྲོགས་ཚོ། ངོ་མ་བཤད་ན། དེང་སང་རང་རང་གི་ལས་བྲེལ་ས་ནས་དོན་མེད་ཀྱི་གླེང་མོལ་ཉག་ཉོག་ཅིག་བཤད་ནས་སྡོད་པ་འདི་ཤིན་ཏུ་གླེན་རྟགས་ཤིག་ལས་མེད་སྟབས། ཕྱིན་ཆད་དགོས་མེད་མཁོ་མེད་ཀྱི་གླེང་མོལ་འདི་རིགས་བཤད་ནས་སྙིང་བོ་ཅི་ཡོད། སྤྱིར་ཁྱེད་རྣམ་པས་མཁེྱན་གསལ་ཡིན་ཚོད། དེ་སྔོན་རྡ་རམ་ས་ལའི་ཤེས་ཡོན་པའི་སྤྱི་ཚོགས་ནང་ཧོར་འཇུག་སྐོར་ངོས་འཛིན་རང་བཞིན་གྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་དེ་ནི། ཧོར་འཇུག་གི་ལྟ་ཚུལ་བྱས་ན། འཛམ་གླིང་ནང་ནས་བོད་བཟང། བོད་ནང་ནས་ཨ་མདོ་བཟང། ཨ་མདོའི་ནང་ནས་བླ་བྲང་བཟང། བླ་བྲང་ནང་ནས་ཧོར་གཙང་བཟང། ཧོར་གཙང་ནང་ནས་ངེད་ཚང་བཟང། ངེད་ཚང་ནང་ནས་ང་རང་བཟང་ཟེར་མཁན་ཞིག་ཡིན་ཞེས་གྲགས་པ་ལྟར་ཡིན་པས། ང་ཚོས་ཧོར་འཇུག་གི་སྐད་ཆར་དགག་བྱ་བྱེད་དགོས་དོན་མེད་པར་ཧོར་འཇུག་གི་དགག་ལན་ཉི་མ་གཅིག་ལ་གནད་འགག་ཡོད་ས་དང། ཛ་དྲག་ས་ཞིག་ནས་ཡོང་ངེས་པས་རང་སོ་སོའི་དུས་ཚོད་ཆུད་ཟོས་སུ་མ་གཏོང་རོགས་ཞུའོ།།
སེང་གེ་རལ་བ་ཅན་ཟེར་བ་ཁྱོད་ཀྱིས་ཁ་ཕོ་ཆེན་པོ་མ་འདོན། ཧོར་འཇིགས་ལ་ཡོན་ཏན་མེད་གི་ཟེར་ན་ཁྱེད་ཕྱོགས་རིས་ཀྱི་དབང་དུ་འགྲོ་ཆེ་བ་རེད། མ་གཞི་ཁྱོད་ཀི་རྟི་དགོན་པའི་གྲྭ་བ་རེ་འདོ་སེང་གེ་ཟེར་བའི་ཕྱོགས་ལྷུང་དང་ང་རྒྱལ་ཨུ་ཚུགས་གསུམ་ལས་ཅི་
ཡང་མེད་རུང་མཁས་དབང་པདྨ་འབུམ་ལ་ཁ་གཏད་བྱེད་ཁུལ་བྱེད་མཁན་ཞིག་ཡོད་པ་དེ་ཡིན་ཤེས་ཆེ།
ཁྱེད་ཚོའི་རིགས་ལ་ཕྱོགས་རིས་མ་གཏོགས་བཤད་རྒྱུ་མེད་ལ། གཞན་ཞིག་གི་སྐྱོན་ཡོན་ཁོ་ན་བརྗོད་པ་ལས་རང་ལུགས་གང་ཡང་བཤད་རྒྱུ་མེད།
འདི་ཁྱེད་ཚོའི་སྙན་གྲགས་དོན་ཏུ་གཉེར་སྟངས་རེད། ཁག་མེད། འོན་ཀྱང་རྒྱལ་བ་རིན་པོ་ཆེས་ཧོར་འཇིགས་ལ་ལས་འགན་དེ་གནང་བ་ཡང་ཁོང་གིས་མ་བརྟག་མ་དཔྱད་པ་གང་ནས་ཡིན་ ཁྱེད་ཚོས་ཧོར་འཇིགས་འདི་གླེན་པ་ཕག་དང་བླུན་པོ་ལུག་རེད་ཟེར་ན་རྒྱལ་བ་རིན་པོ་ཆེས་དེ་ལྟའི་ཕག་དང་ལུག་ལ་རེ་བ་ཆེན་པོ་བརྒྱབ་པ་དེ་ལ་འགྲེལ་བཤད་ཅིག་ཡོད་ལོས་དགོས། ཧོར་འཇིགས་ལ་ཡང་རྒྱབ་ལྟག་རེ་ལོས་ཡོད། ཁྱེད་ཚོས་ཕྱོགས་རིས་ཀྱི་མིག་གིས་སྐད་ཆ་བཤད་རྒྱུ་ལས་གང་ཡང་མི་ཤེས་ལ། ཁྱེད་ཚོ་རྡ་སའི་ལུང་ཁུག་ནས་རྒས་ཀྱིན་ཡོད་པས་ཁྱེད་ཚོའི་མཐོང་རྒྱ་དང་ཐོས་རྒྱ་ཡང་དེ་ཙམ་ལོསཡིན།
རྗེ་བླ་མ་ལ་གསར་བཏོད་ཀྱི་ལྟ་བ་མེད་ཟེར་ན་ཁྱེད་ཚོས་རྗེ་བླ་མའིི་གཞུང་ལུགས་ལས་ལྷག་པའི་བརྩམས་ཆོས་ཤིག་གི་ལམ་ནས་དབང་རྟགས་སྟོན་དགོས། གངས་ཅན་མཁས་པའི་གཙུག་བརྒྱན་རེད་ད།
ད་ཡིན་ན་རེད་
གཡུ་རྩེའི་བུ་ལོ་ལོ། ད་ཕྲུ་གུ་ཆུང་ཆུང་ཞིག་གི་སྐད་ཆ་བཤད་ནས་ཅི་བྱེད། ངས་ཧོར་འཇིགས་ཀྱིས་དཔེ་ཆ་མི་ཤེས་པའི་རྒྱུ་མཚན་ཁ་ཤས་བཤད་པ་ཡིན། ཁྱོད་ཀྱིས་རྒྱུ་མཚན་དེ་ཚོའི་ཐོག་ལ་ལན་ཤིག་གི་སྐྱག་པ་ཙམ་ཞིག་རྒྱག་རྒྱུ་མེད་པར། རེ་མདོ་སེངྒེ་ཕྱོགས་ལྷུང་དང་ང་རྒྱལ་ཨུ་ཚུགས་ཆེ་རབས་ཤིག་བཤད་འདུག འདི་ནི་ཧོར་འཇིགས་རང་ཉིད་ཀྱིས་ས་དཀར་འོད་ཟེར་ལ་ལུང་རིགས་ཀྱིས་ལན་རྒྱག་མ་ཤེས་པར། ས་དཀར་འོད་ཟེར་མི་སྡུག་ཅག་ཅིག་ཡིན་རབས་དང་། ནོར་གླིང་ལ་ལས་ཀ་བཙལ་དུ་ཡོང་རབས་སོགས་ཀྱི་དམོད་ཚིག་ཤོག་ལྷེ་གཉིས་གསུམ་ཞིག་བཀྲམས་ཁུལ་བྱས་པ་དང་གཅིག་པ་ཡིན་པས། འདི་ཀློག་དུས་ང་དགོད་ཤོར་ཐལ། རེ་མདོ་སེངྒེ་ཟེར་བ་དེ་ཧོར་འཇིགས་ལས་ཀྱང་ལྷག་པའི་ཕྱོགས་ལྷུང་དང་ང་རྒྱལ་ཨུ་ཚུགས་ཅན་ཞིག་ཡིན་ནི་ཨེ་རེད། དེ་མི་སྲིད་པ། ད་དུང་ཧོར་འཇིགས་མཁས་པ་མིན་ན་རྒྱལ་བ་རིན་པོ་ཆེས་མུན་ནག་མདའ་འཕེན་གནང་སྟེ་ཧོར་འཇིགས་ལ་རེ་བཅོལ་གནང་བ་ཨེ་རེད་ཟེར་གྱི་འདུག འདི་ལ་ལན་དམིགས་བསལ་རྒྱག་དགོས་ནི་མ་རེད། ཧོར་འཇིགས་རང་གིས་ཀྱང་སྔར་སྤྱི་ཚོགས་འདིའི་ཐོག་ལ་ཁ་ལྕེ་བདེ་བས་ཁེ་བཟང་ཟ་ཐུབ་ཚུལ་བྲིས་ཡོད་རྡ།
ངས་རྗེ་བླ་མ་ལ་གསར་བཏོད་ཀྱི་ལྟ་བ་མེད་ཟེར་གྱི་མེད་ལ། རང་གི་ཚོད་ཀྱིས་དད་དུང་ཡང་གཞན་ལས་ལྷག་པ་ཞིག་ཡོད། འོན་ཀྱང་ཁྱོད་ཀྱིས་ “ཁྱེད་ཚོས་རྗེ་བླ་མའིི་གཞུང་ལུགས་ལས་ལྷག་པའི་བརྩམས་ཆོས་ཤིག་གི་ལམ་ནས་དབང་རྟགས་སྟོན་དགོས།” ཟེར་བ་འདི་ངོ་མས་རང་མཐོང་དང་ང་རྒྱལ་ཞིག་ལས་དོན་ལ་མ་གྲུབ་པ་ཞིག་རེད། གང་ཡིན་ཟེར་ན་ཕྱོགས་གཅིག་ནས་དཔེར་ན་རྙིང་མ་པ་ཞིག་ལ་མཚོན་ན་ཀློང་ཆེན་མཛོད་བདུན་ལྟ་བུ་རྗེའི་གསུང་གི་ཡན་ལ་བརྩི་གི་རེད། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་ཀྱང་རྒྱལ་བ་རྡོ་རྗེ་འཆང་དངོས་སུ་བྱོན་ཀྱང་། ཀློང་ཆེན་མཛོད་བདུན་ལས་ལྷག་པའི་མན་ངག་ཅིག་གནང་རྒྱུ་མེད་ཅེས་ཐེངས་ག་ཚོད་ལ་གསུངས་འདུག འཇུ་མི་ཕམ་ལ་མཚོན་ན་ཡང་། རོང་ཀློང་ཞེས་གྲགས་འཇམ་དཔལ་དགྱེས་པའི་གར།། འཕགས་མཆོག་ཐུགས་ཀྱི་རྒྱ་མཚོ་ཆེན་པོ་ན།། སྣ་ཚོགས་ནོར་བུའི་ཆོས་མཛོད་མང་མངའ་བ།། དེ་སྤངས་གཞན་ལུགས་འཆིང་བུར་རེ་རྣམས་འཁྲུལ།། ཞེས་གསུངས་པ་འདིའི་ཅི་ཞིག་དཔག་ཐུབ། དེ་བཞིན་ས་སྐྱའི་ཕྱོགས་ལ་མཚོན་ལ་འཇུག་འགྲེལ་ལྟ་བ་ངན་སེལ་སོགས་ལ་གཅིག་ལྟོས་དང་། རྗེ་བླ་མའི་གསུང་ལ་གདེངས་འཇོག་ཅི་ཙམ་བྱས་ཡོད་མེད་ཤེས་ཐུབ། བཀའ་བརྒྱུད་དང་ཇོ་ནང་སོགས་ཀྱང་གཅིག་པ་རེད། སོ་སོའི་གྲུབ་མཐའི་སྲོལ་འབྱེད་རྣམས་ཀྱི་གཞུང་ལ་རྒྱུས་མངའ་དང་ཡིད་ཆེས་ངེས་ཤེས་བླ་མེད་བཅས་ཡོད་པས་ཁོང་ཚོ་ལྟར་ན་རང་རང་གི་གཞུང་ཆེན་རྣམས་རྗེ་བླ་མའི་གསུང་ལས་ལྷག་ཅིག་ལ་བརྩི་གི་རེད། ཇོ་ནང་ལ་མཚོན་ན་རི་ཆོས་ངེས་དོན་རྒྱ་མཚོ་གཅིག་པུ་ལ་གདེངས་འཇོག་ཅི་ཙམ་ཡོད་པ་དེ་རྗེ་བླ་མའི་གསུང་འབུམ་ཡོངས་རྫོགས་ལ་ཡོད་རྒྱུ་མ་རེད། ད་དུང་ཡིན་གཅིག་མིན་གཉིས་རྗེའི་གསུང་དང་ཧ་ཅང་འདྲ་བོ་ཞིག་ཁུར་ཡོང་དགོས་ན་ཉ་དབོན་པའི་ཕར་ཕྱིན་ཊྰིཀྐ་དང་རྗེའི་ལེགས་བཤད་གསེར་ཕྲེང་། བོ་དོང་ལམ་རིམ་ཆེན་མོ་དང་རྗེའི་ལམ་རིམ་ཆེན་མོ་སོགས་ཕན་ཚུན་གཅིག་གིས་གཅིག་ལ་ཞུས་དག་གཏོང་ཐུབ་པ་ཡོད་པས་དེར་ལྟོས་ཤིག དེས་ན་ལྟ་བ་སྣ་ཚོགས་དང་གྲུབ་མཐའ་སྣ་ཚོགས་ཀྱིས་ཁེངས་པའི་ཁྲོད་དུ་ངེད་སང་གི་རྗེ་བླ་མའི་གསུང་གི་ཡན་ཞིག་ཁུར་ཤོག་ཟེར་བ་དེ་ངོ་མས་ཁྱེད་རང་རྡ་སའི་ལུང་ཁུག་ནས་རྒས་ཀྱིན་ཡོད་མེད་མི་ཤེས་ཏེ། ནང་གི་རྣམ་དཔྱོད་ཕྱི་རུ་ཤར་བའི་འདྲ་འབག་ཅིག་རེད་འདུག འདིར་བཤད་རྒྱུ་ཞིག་ལ། ཁོ་བོ་སེངྒེ་རལ་པ་ཅན་རེ་མདོ་སེངྒེ་མིན་ལ་ཁོང་གི་མིང་གོ་མྱོང་བ་ལས་ངོ་ཡང་མི་ཤེས་ངོ་མ་ཡིན། འོན་ཀྱང་ཁྱེད་ཚོས་ཨ་ཕྲུག་ཚོ་མངགས་ནས་རྡུང་དུ་འདྲ་བཅུག་ན་མ་གཏོགས། ཧོར་འཇིགས་དང་ཁྱེད་གཉིས་ལྟ་བུའི་ཐོས་ཉུང་བླུན་པོ་ཞིག་གིས་ཤེས་རབ་དང་ཐོས་པའི་ཕྱོགས་ནས་གཏུག་ཐུབ་ས་ཞིག་མིན་པ་ངས་སྐད་གསེངས་མཐོན་པོས་བསྒྲགས་རྒྱུ་ཡིན། བཤད་པར་བྱ་བ་མང་ཡང་དུས་ཚོད་ཀྱི་བྲེལ་བས་འདིར་ཡང་དེ་ཙམ་ལས་འབྲི་ཐུབ་མ་སོང་། ཞུས་དག་ཀྱང་བྱས་མེད། དོ་དགོང་ཐུག་ཡོང་།
རྣམ་དཔྱོད་གདོང་ལྔའི་གཟི་བརྗིད་ཀྱིས་ནི་ལོག་སྨྲའི་གཅན་གཟན་བྱེ་བ་འབུམ་ཕྲག་ཟིལ་གྱིས་མནན།།
མང་ཐོས་རལ་བ་སྟུག་པོའི་ཁུར་ནི་ཕྱོགས་རེའི་མིག་ཅན་ཐོས་ཐུང་སྤྲེའུའི་ཚོགས་ལ་ངོམ།།
ཚར་གཅོད་རིགས་པའི་འཇིགས་རུང་མཆེ་སྡེར་རྒོལ་ངན་གླང་པོའི་སྤྱི་བོ་འགེམས་པའི་མཚོན་དུ་བྱས།།
འདི་ནི་ཁོ་བོའི་སྤྱོད་པ་ལགས་ཏེ་ཅོལ་ཆུང་རྣམས་ལ་ཐོག་མར་གོ་བར་བྱ་བ་ཉིད།།
ཅེས་ཀྱང་བསྒྲགས་སོ།།
ཐོས་ཉུང་སྤྲེའུའི་ཚོགས་
བརྩེ་བའི་དྲ་གྲོགས་ཚོ། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཟེར་བ་འདི་ལོ་རྒྱུས་ཤིག་ཡིན་པ་ལས། དགག་བཞག་གནད་དུ་བསྣུན་པའི་གྲུབ་མཐའ་འམ་ལྟ་བའི་གཞུང་ལུགས་ཤིག་མ་རེད། དེས་ན་དེའི་ནང་དུ་གྲུབ་མཐའི་བར་ལ་དགག་བཞག་དང་། ཆགས་སྡང་གི་གཏམ་མང་པོ་ཡོད་ན་ཧ་ཅང་མི་འོས་པ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡང་དེ་མ་རེད། གྲུབ་མཐའི་བར་གྱི་དགག་བཞག་དགོས་ན། གསར་དུ་རྩོམ་དགོས་ཀྱི་མ་རེད། དཔེར་ན་ཙོང་ཁ་བའི་ལྟ་གྲུབ་དགག་པའི་གཞུང་ལུགས་རྩོམ་མཁན་གོ་་བོ་རབས་འབྱམས་པ། པཎ་ཆེན་ཤཱཀྱ་ཆོག་ལྡན། སྟག་ཚང་ལོ་ཙྭ་སོགས་གྲངས་མེད་པ་ཞིག་བྱུང་ཡོད། དེ་བཞིན་ཆོས་བརྒྱུད་གཞན་པའི་ལྟ་གྲུབ་ཐད་ལ་ཡང་དགག་པ་དེ་བཞིན་ཡོད་པ་རེད། དགག་བཞག་བྱེད་པའི་ལུགས་སྲོལ་དེ་དེའི་དུས་སུ་འོས་འཚམས་ཞིག་ཡིན་སྲིད་མོད། ད་ལྟ་དེའི་དུས་ཚོད་ཡོལ་ཚར་བ་རེད། ད་ལྟའི་ཆར་༧གོང་ས་མཆོག་གིས་ནང་པ་བའི་ནང་ཁུལ་མ་ཟད། འཛམ་གླིང་ཆོས་ལུགས་ཕན་ཚུན་བར་མཐུན་ལམ་གྱི་འབྲེལ་བ་གོང་མཐོར་སྤེལ་བཞིན་པའི་སྐབས་འདིར། ཧོར་འཇིགས་དེའི་ཁ་གཏད་དུ་ལངས་ཏེ་ནང་པ་ནང་ཁུལ་དུ་གཏོར་བཤིག་དང་འགའ་ཟླ་བཟོ་གིན་ཡོད་པ་འདི་དངོས་གནས་བློ་ཕན་གྱི་གནས་ཚུལ་ཞིག་རེད།
ཆོས་བརྒྱུད་སོ་སོའི་གྲུབ་མཐའི་སྲོལ་འབྱེད་དང་མཁས་དབང་ཚོར་དགེ་ལུགས་པ་ཚོས་ཙོང་ཁ་བ་དང་ཁོང་གི་གསུང་ལ་གདེངས་འཇོག་བྱེད་པ་བཞིན། ཆོས་བརྒྱུད་གཞན་པས་ཀྱང་དེ་བཞིན་གནང་གིན་ཡོད། དཔེར་ན་རྣམ་གསལ་གྱི་དཔེར་བརྗོད་གཅིག་བཀོད་ན། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལས། ཟབ་ཅིང་རྒྱ་ཆེའི་ཆོས་འདི་སྐལ་བ་མཆོག །བློ་ལྡན་འགའ་ཡིས་སྤྱོད་ཡུལ་ཁོ་ན་ལས། །གྲུབ་པར་རློམ་དང་མཁས་པ་ཆེར་གྲགས་པ། །མང་བོའི་བསོད་ནམས་སྐལ་བར་འདི་མ་ཤོང༌། །དོན་དམ་རང་སྟོང་ལྟ་བས་ཤེར་ཕྱིན་མདོ། །སྐྱེ་བར་སྦྱངས་པ་བས་ཀྱང་ཚུལ་འདི་ལ། །མོས་པས་ལན་ཅིག་བཀླགས་པའང་ཆེས་མཆོག་ཉིད། །མི་མཐུན་བགེགས་རྣམས་སེལ་བར་ཀུན་ཏུ་མཐོང༌། །རང་སྟོང་མཁས་པའི་གཞུང་ལ་ཐོས་བསམ་སྒོམ། །ལོ་བརྒྱར་འབད་ལས་བྱམས་པའི་གཞུང་ལུགས་ཀྱི། ། གླེགས་བམ་སྤྱི་བོར་བླངས་བའང་བྱང་ཆུབ་ཉེ། །དེར་འབད་ངན་འགྲོའི་ལམ་ཡང་མ་ཁེགས་དང༌། ། འདིར་མོས་བརྩོན་པ་བྲལ་བའང་ལྷར་འགྲོ་བའི། །མཚན་མ་མངོན་གྱུར་གྲགས་ཤིང་གྲུབ་ཕྱིར་ཏེ། ། བདེ་དང་ཕུན་ཚོགས་ཐར་བའང་དེ་དང་མཚུངས། །སྐལ་བཟང་ཡོད་ན་ལམ་འདིར་འབད་པར་རིགས། ། ཞེས་གསུངས་པ་ལྟར། དེ་བཞིན་སྔ་འགྱུར་རྙིང་མ། འགྲོ་མགོན་བཀའ་བརྒྱུད་པ། དཔལ་ལྡན་ས་སྐྱ་བ་སོགས་ཀྱི་མཁས་དབང་རྣམས་ཀྱི་གསུང་ལ་གཟིགས་ཙམ་གནོངས་དང་ལོག་རྟོག་གི་མུན་པ་སངས་བར་འགྱུར་རོ།།
སྤྱིར་བཏང་ཧོར་འཇིགས་ཟེར་བ་འདི་གཏད་སོ་སྤུ་ཙམ་མེད་པའི་མི་ཞིག་རེད། དེ་སྔོན་ཁོས་ཨ་མ་དྲན་པའི་སྙན་རྩོམ་སྙན་པོ་ཞིག་བྲིས་ཡོད། XXXXXXXXXXXX དེ་བཞིན་ཁོས་དགེ་འདུན་ཆོས་འཕེལ་ལ་ལད་ཟློས་བྱས་ཏེ། བླ་བྲང་དགོན་པར་སྨོད་པའི་རྩོམ་ཡིག་ཐན་ཐུན་སྤེལ་མྱོང་མོད། ད་ལྟ་མདོ་སྨད་ལོ་རྒྱུས་ཧྲིལ་བོ་དགེ་ལུགས་པའི་གྲུབ་མཐའ་དང་། བླ་བྲང་ཆོས་འབྱུང་ལྟ་བུ་ཞིག་བྱས་འདུག་པ་འདི། ཕྱོགས་རིེས་དང་། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་འགལ་བ་བཟོ་རྒྱུའི་ཀུན་སློང་ཁོ་ན་ལས་གཞན་གང་ཡང་མིན་པ་གསལ་བོ་རེད།
ད་འགྲོ་རན་སོང་། ནམ་ཁོམ་ལ་མཆན་བུ་འདེབས་ཀྱི་ཡིན། དྲ་གྲོགས་ཚོ་བདེ་མོར་བཞུགས།
བོད་ཁ་བ་གངས་ཅན་ལྗོངས་འདི་ལྟ་བུའི་དཀའ་ངལ་འོག་ཧོར་འཇིགས་འདིས་ལོ་རྒྱུས་ལ་འབག་གོན་ནས་ཆོས་བརྒྱུད་ཕན་ཚུན་ལྟ་གྲུབ་ནང་འགལ་བཟོ་བ་འདི་གནས་ཚུལ་ཆུང་ཆུང་མ་རེད་ཉེན་ཁའི་རང་བཞིན་རེད།
གོང་ས་མཆོག་ནས་ཧོར་འཇིགས་ལ་ལོ་རྒྱུས་ལ་རྩོམ་བསྐུལ་གནང་བ་སོང་ཙང་མིའི་སེམས་ནང་ཧ་ལམ་༧གོང་ས་ཆེན་པོ་ཕ་ཡུལ་ཨ་འདོ་ཡིན་པ་དང་ཆོས་ཕུགས་དགེ་ལུགས་ཡིན་པ་སོང་ཙང་དོགས་པ་རྣམ་རྟོག་སྐྱེ་སྲིད་བ་རེད།
དེར་བརྟེན་ཚང་མས་ཧོར་འཇིགས་འདི་ཕྱོགས་རིས་དང་། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་འགལ་བ་བཟོ་རྒྱུའི་ཀུན་སློང་ཁོ་ན་ལས་གཞན་གང་ཡང་མིན་པ་གསལ་བོ་རེད། ༧གོང་ས་མཆོག་ལ་དབུ་བསྐོར་ཞུས་བ་ཡིན་པ་ཤེས་དགོས།
རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ། དོན་དང་མཐུན་པའི་ས་བཅད་ཞིག་བཞག་འདུག འོན་ཀྱང་གསར་རྙིང་གང་ཞིག་འཐད་ཆེ་ལུགས་དང་རིགས་པས་བརྡར་ཤ་གཅོད་ནས་བལྟ་རྒྱུ་རེད། སྔ་རབ་པ་ཟེར་ཞིང་རིག་པ་ལྟར་སྣང་ཡིན་ནའང་འདྲ་། ཡང་དག་ཡིན་ནའང་འདྲ། ཧོར་འཇིག་གིས་གསར་རྩོམ་དང་གསར་བྱུང་གི་གཏམ་གང་ཡང་མ་རེད། རི་བོ་དགེ་ལྡན་པའི་ཡིག་ཆ་རྣམས་ཀྱི་ནང་དུ་སྔ་མོ་ནས་ཡོད་སྡད་པ་དེ་ལོ་རྒྱུས་དེར་ཚུར་བཀོད་པ་རེད་འདུག རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་ཟེར་བའི་མིང་དེ་འདོག་མཁན་ནི་ཧོར་འཇིག་ཡིན་པར་ངེས།
དེ་རིང་ དྲ་རྒྱའི་མདུན་གྱི་གསར་འགྱུར་གྱི་ཐོ་དེ་དག་གི་ཁྲོད་ནས་ PoliticsDaily.com ཞེས་པར་འཁོད་པའི་རྩོམ་ཡིག་ཅིག་མཐོང་བྱུང་། རྩོམ་ཡིག་དེས་ངེད་ཀྱི་དོ་སྣང་འདྲེན་དོན་ནི་དེའི་མགོ་བརྗོད་དེ་རེད། མགོ་བརྗོད་དུ། རང་དབང་གི་གཏམ་བཤད་དང་ཁོང་ཁྲོའི་གཏམ་བཤད་བསྡུར་བ་ཞེས་བཀོད་འདུག རྩོམ་ཡིག་གི་ནང་དོན་ནི་ཨ་རིའི་ནང་གི་སྲིད་འཛིན་གསར་པ་དེའི་ཆབ་སྲིད་ལ་མི་དགའ་མཁན་དག་གི་ཁ་གཡང་དང་དེ་ལ་སྲིད་འཛིན་གྱི་ཚོགས་པས་ལན་འདེབས་བྱས་པའི་སྐོར་དེ་རེད། དེ་ནི་མཆན་གོང་མ་དག་ལ་འབྲེལ་བ་མེད། འོན་ཀྱང་། བསྟན་བཅོས་ཀྱི་ནང་དོན་མ་ཡིན་པའི་སྒེར་གྱི་མིང་ནས་བོས་ཏེ། བླུན་པོ་དང་ལྐུགས་པ། ཁྲེལ་མེད་སོགས་འཆད་མཁན་རྣམས་ནི་ཧ་ལམ་རང་དབང་གི་གཏམ་བཤད་འདིའི་གོ་སྐབས་བླངས་ནས་ཁོང་ཁྲོའི་གཏམ་བཤད་བྱེད་པ་ཞིག་རེད་དྲན་བྱུང་། དེ་ནས་ བླུན་པོ་དང་ལྐུགས་པ་ཞེས་སྟོང་དང་འབུམ་དུ་བྲིས་ཀྱང་དེས་རང་གི་རང་གཤིས་བསྟན་པ་ལས་བརྗོད་ཡུལ་གྱི་སྐྱེ་བོ་བླུན་པོར་མི་འགྱུར་ལ་བླུན་པོར་སྒྲུབ་ཀྱང་མི་ནུས་པ་རེད། དེ་ནས་བསྟན་བཅོས་ཀྱི་ནང་དོན་ལ་འཐད་དང་མི་འཐད་པའི་ལུང་དང་རིགས་པ་བགྲང་ན་ལེགས་ཀྱང་ལེགས་ལ། རྗེས་སུ་ཡི་རང་བ་ཡང་ཡིན་ནོ་དྲན། ལྟ་གྲུབ་མ་མཐུན་ནས་ལུང་རིགས་ཀྱི་རྩོད་པ་ཇི་དགར་སྤྲོས་ཀྱང་མཉམ་དུ་འཛོམས་ནས་སྤུན་གྲོགས་ཀྱི་འདུ་ཤེས་མི་དོར་བ་ཞིག་བྱས་ན། དེ་ནི་རང་དབང་གི་གཏམ་བརྗོད་འདིའི་རྒྱན་ཞིག་མ་རེད་དམ།
གཡུ་དང་མགོན་དང་རལ་པ་ཅན་དང་གྲུབ་ཐོབ་བཅས་པའི་འཇིག་རྟེན་ཡི་རངས་ཏེ་རབ་གསལ་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ་་་་་་་་་་་་་་་་་་་་་་་
རེད་རེད། གཡུ་དང་མགོན་དང་གྲུབ་ཐོབ་བཅས་པའི་འཇིག་རྟེན་ཡི་རངས་ཏེ་རབ་གསལ་གྱིས་གསུངས་པ་ལ་མངོན་པར་བསྟོད་མི་བསྟོད་མི་ཤེས་ཏེ། ང་རལ་པ་ཅན་གྱིས་རབ་གསལ་གྱིས་གསུངས་པ་ལ་མངོན་པར་བསྟོད་ཆོག དེར་མ་ཟད་ངས་ཧོར་འཇུག་དང་ཧོར་འཇུག་གི་ཨ་མ་སོགས་ཀྱི་སྐོར་ལ་ཚིག་གཅིག་འབྲི་མྱོང་མེད། འོན་ཀྱང་མི་འགའ་རེས་དེའི་སྐོར་མང་པོ་འབྲི་གིན་འདུག་པ་སྤྱིར་མ་འོས་པ་ལྟ་བུ་ཞིག་ཡིན་མོད། ཧོར་འཇུག་ཁོ་རང་རྒྱུ་མཚན་གྱི་ཐོག་ནས་ཕམ་དུས་ཁ་གཏད་ཀྱི་མིའི་གཤིས་ཀའི་ཐོག་ལ་འགྲོ་མཁན་ཞིག་ཡིན་པས། ཧོར་འཇུག་ལ་མཚོན་ན་ཁོའི་གཤིས་ཀར་སྐྱོན་བརྗོད་བྱས་ཀྱང་ཁོ་རང་གིས་ཚུར་བཏོད་པའི་ལྟ་གྲུབ་ཡིན་པས་ཨེ་སྐྱོན་མི་ཤེས། བླུན་པོ་དང་ལྐུག་པ་ཡིན་པར་མཐོང་ནས་བླུན་པོ་དང་ལྐུག་པ་ཞེས་བརྗོད་ན། དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་དགག་སྒྲུབ་སྨྲ་བ་རྣམས་ཀྱི་ཁྲོད་དུ་དར་བ་ཞིག་ཡིན་པས་སྐྱོན་ཡོད་པར་བསམས་གྱི་མེད།
མ་གཞི་ཧོར་འཇུག་འདི་བོད་གཞུང་གི་གྲོས་ཚོགས་འཐུས་མིའི་རྐུབ་ཀྱག་ཐོག་ལ་སྡོད་མྱོང་མཁན་ཞིག་ཡིན་པས། གཞུང་ཞབས་ཟུར་བ་ཞིག་གིས་འདི་ལྟར་གོ་སྐབས་ཡོད་ཚད་ལ་དཀྲུགས་དཀྲུགས་གཏོང་ཅི་ཐུབ་བྱེད་པ་དེ་ངོ་མ་དཔེ་རེད། མི་འདིའི་སེམས་ལ་བཅོས་དཀའ་བའི་རྒྱལ་འགོང་ཆེན་པོ་ཅི་ཞིག་ཞུགས་བཏང་བ་ཡིན་ནམ། ད་ལོ་ཧོར་འཇུག་གི་དཀྲུགས་དེབ་ཚོ་ཐོན་པ་ནས་བཟུང་། བླ་བྲང་གི་ཕྱོགས་དང་། ཁོ་རང་གི་ཨ་ཕྲུག་འགའ་རེ་མི་ཤེས་མ་གཏོགས་གཞན་བོད་ཕྱི་ནང་གི་བོད་མི་ཅི་འདྲའི་མང་པོ་ཞིག་གི་སེམས་ཁོངས་ནག་པོ་བཟོས་ཡོད་པ་ཁྱེད་ཚོས་ཨེ་ཤེས། ཆེ་ས་ནས་བཤད་ན་སྐྱབས་མགོན་རིན་པོ་ཆེའི་ཞབས་རྐང་ནས་མར་འཐེན་བྱེད་ཀྱང་ཆགས་ཀྱི་འདུག་ག བོད་ནང་ལ་ཁ་པར་ཐོག་སྐད་ཆ་བཤད་སྐབས་རྒྱུ་རྐྱེན་དེ་ལ་བརྟེན་ནས་སྐྱབས་མགོན་རིན་པོ་ཆེ་ལ་ཡིད་ཆེས་བརླག་འགྲོ་མཁན་ཡང་ཡོད་ཀི་མི་ཟེར་ན་དཀོན་མཆོག་གསུམ། ཁོང་ཚོར་ཅི་ཁག རྒྱང་རིང་གི་དད་པ་ཙམ་ལས་གནས་ཚུལ་མང་པོ་ཤེས་ཀྱི་མེད། ཧོར་འཇུག་གིས་རང་གི་རྩ་བའི་བླ་མ་ལ་དྲིན་ལན་འཇལ་སྟངས་འདི་འདྲ་ཞིག་ཡིན་ནམ། ཨ་ཧ་བོ།
གྲུབ་ཐོབ་ཨུ་རྒྱན་པས། དེ་སྔོན་རྡ་རམ་ས་ལའི་ཤེས་ཡོན་པའི་སྤྱི་ཚོགས་ནང་ཧོར་འཇུག་སྐོར་ངོས་འཛིན་རང་བཞིན་གྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་དེ་ནི། ཧོར་འཇུག་གི་ལྟ་ཚུལ་བྱས་ན། འཛམ་གླིང་ནང་ནས་བོད་བཟང། བོད་ནང་ནས་ཨ་མདོ་བཟང། ཨ་མདོའི་ནང་ནས་བླ་བྲང་བཟང། བླ་བྲང་ནང་ནས་ཧོར་གཙང་བཟང། ཧོར་གཙང་ནང་ནས་ངེད་ཚང་བཟང། ངེད་ཚང་ནང་ནས་ང་རང་བཟང་ཟེར་མཁན་ཞིག་ཡིན་ཞེས་གྲགས་པ་ལྟར་ཡིན་ཟེར་འདུག་མོད།
ཡང་ཕྱོགས་གཞན་ཞིག་ནས་ཧོར་འཇུག་གིས་བལྟ་ཚུལ་ལྟར་ན། འཛམ་གླིང་ནང་ནས་བོད་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད། བོད་ཀྱི་ནང་ནས་ཨ་མདོ་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད། ཨ་མདོའི་ནང་ནས་བླ་བྲང་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད། བླ་བྲང་ནང་ནས་ཧོར་གཙང་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད། ཧོར་གཙང་ནང་ནས་ངེད་ཚང་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད། ངེད་ཚང་ནང་ནས་ང་རང་ལ་སྡུག་པོ་བཏང་ཡོད་པས་བརྗེད་ཐབས་མེད་ཟེར་བ་དེ་ཧོར་འཇུག་གི་རྩོམ་ཡོངས་རྫོགས་ཀྱི་སྙིང་དོན་རེད་ཅེས་བསྡོམས་ཚིག་བརྒྱབ་ཡོད་པ་ཡང་གོ་མྱོང་།
དྲ་གྲོགས་རེ་ཟུང་གིས་ཧོར་འཇུག་དང་ཧོར་འཇིག་ཅེས་བྲིས་འདུག་ཀྱང་དོན་ལ་ཧོར་འཇིགས་ལོས་ཡིན། ཡིན་ན་ཡང་ཧོར་འཇུག་དང་ཧོར་འཇིག་གི་རྒྱབ་ལོགས་ན་དོན་དག་གཞན་པ་རེ་ཡོད་ན་མི་ཤེས། གང་ལྟར་དྲ་གྲོགས་ཚོར་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ལས་འཕྲོས་ནས་རང་རང་གི་བསམ་ཚུལ་སྤེལ་བ་ནི་དྲ་རྒྱ་འདིའི་རྒྱན་ཞིག་རེད། དེ་ལས་ལྡོག་སྟེ་ལོ་ངོ་དེ་སྙེད་ཅིག་ལ་མདོ་སྨད་ལོ་རྒྱུས་རྩོམ་སྒྲིག་བྱས་ཀྱང་ལས་ཀ་དེ་གྲུབ་ཙམ་ཉིད་ནས་བཟུང་སྟེ་རྩོམ་སྒྲིག་པ་དང་རྩོམ་དེབ་གཉིས་ཀ་གྲགས་འགུལ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཤིན་ཏུ་ཕངས། ང་རང་གིས་ད་ལྟ་བར་དུ་མདོ་སྨད་ལ་ལྟ་རྒྱུ་མ་བྱུང་། བལྟས་ཚར་རྗེས་རང་གི་ལྟ་ཚུལ་གང་ཡོད་སྤེལ་ཨེ་ཐུབ་བལྟ་གི་ཡིན།
ཧོར་འཇུག་གི་མདོ་སྨད་ལོ་རྒྱུས་དང་། འཇམ་བཞད་ཀྱི་རྣམ་ཐར་བཙན་པོ་མ་གཉིས་མཉམ་དུ་བསྡུར་ན་དགོད་ཁ་ཤོར་སྤྱད་ངོ་མ་མང་གི འོན་ཀྱང་ནང་དཀྲུགས་དང་ཆགས་སྡང་གི་རྒྱུ་ཆེན་པོར་འགྱུར་ངེས་སུ་འདུག་པས་རྣམ་ཐར་བཙན་པོ་མ་ནི་བུམ་ནང་གི་མར་མེ་ལྟར་རང་ཉིད་གཅིག་པུས་བལྟ་བ་ལས་འདིར་འགོད་ཕོད་ཀྱི་མི་འདུག གང་ཡིན་ཟེར་ན་དེའི་མཇུག་འབྲས་ཀྱི་འགན་ངས་ཁུར་མི་ཐུབ་པས་ཡིན། ཧོར་འཇིགས་ཀྱི་དཀྲུགས་དེབ་ལ་ངས་ཀྱང་མཚང་བརྟོལ་ཞིག་འབྲི་གི་ཡོད་མོད། ད་དུང་བྲིས་ཚར་མེད། གྱོད་བཙན་པོ་བྱས་ནས་མགོ་ལ་བཞག་ན་སྡོད་ཐབས་མེད་སོང་བ་རེད།
ཨ་རོ་ཚོ། ཁྱེད་ཚོས་ཧོར་གཙང་འཇིགས་མེད་ཀྱི་ལོ་རྒྱུས་ཤེས་མི་གདའ།
འོ་ད་ཡིན་ན། སློབ་དཔོན་དབྱིག་གཉེན་གྱིས། རྩོད་པའི་རྩ་བར་གྱུར་བ་དང་། ། འཁོར་བའི་རྒྱུ་ཕྱིར་རིམ་རྒྱུ་ཕྱིར། ། སེམས་བྱུང་རྣམས་ལས་ཚོར་བ་དང་། ། འདུ་ཤེས་ལོག་ཤིག་ཕུང་བོར་བཞག ། དེས་ནི་སེམས་བྱུང་ལྔ་གཅིག་གམ་ཞེ་བརྒྱད་ཡོད་ན་ཡང་། དོན་ཅིའི་ཕྱིར་ཚོར་བ་དང་འདུ་ཤེས་གཉིས་ལོག་ཤིག་ཏུ་ཕུང་བོ་ལྔའི་ནང་དུ་བགྲང་ཅེས་བའི་དྲི་བ་ལ། ལན་བསྟན་དོན། རབ་བྱུང་རྣམས་འདུ་ཤེས་རྩོད་ཅིང་། ཁྱིམ་པ་རྣམས་ཚོར་བ་རྩོད་པའི་རྩ་བར་གྱུར་བའི་ཕྱིར་ན་། དེ་གཉིས་ལོག་ཤིག་ཏུ་ཕུང་བོར་བཞག་ཅེས་གསུངས་བའི་དཔེར་བརྗོད་འདི་ན་སྟོན་གྱི་འདུག་ག
རྩོད་པ་འདི་ཡང་འགལ་བ་ཅིག་རེད། ཡང་ན་འགལ་བ་བཟོ་བཞིན་པ་རེད། མ་འོངས་པ་ན་འགལ་བ་དེ་ལྷག་བསྡད་པ་ཅེས་ཡིན་ན། དེས་ནི་འགལ་བ་དེ་གཅིག་གྱུར་ལ་གནོད་ཀྱི་རེད། འགལ་བ་དེས་གཅིག་བྱས་ན་གཞན་དག་གི་ལག་ཆར་འགྱུར་རྒྱུ་རེད། རྒྱ་ནག་གིས་ག་དུས་ཡིན་ན་ཡང་མདུན་ལ་མ་ཐོན་པར་རྒྱབ་ལོག་ནས་སྐུལ་མ་བྱེད་ཀྱི་རེད། བོད་པ་ཚོ་མདུན་ལ་རྒྱུགས་ནང་ནང་དམེ་བྱེད་ཀྱི་རེད། གནའ་སྔ་བོ་རྒྱ་ནག་སྲིད་གཞུང་རྙིང་པ་ཅིག་གིས་བོད་ལ་སྲིད་དབང་བསྒྱུར་ན། དམག་མི་ཁྲི་སྡེ་ཅིག་འཇོག་པ་ལས་བླ་མ་ནུས་ཅན་ཅིག་གསོ་སྐྱོང་བྱས་ན་ལེགས་ཟེར་མྱོང་ནི་རེད། དེ་ཡང་འདི་འདྲ་ལ་ཟེར་གི་ལོས་ཡོད་སྙམ། ཡ་ད་དྲ་གྲོགས་ཚོ། རིག་པའི་བརྡར་ཤ་གཅོད་ཀྱི་མེད་ན། དོན་མེད་ཀྱི་རྩོད་པ་དེ་བཞག་ཞོག།
སེང་གེ་རལ་བ་ཅན་ལགས། ཁྱེད་ཀྱིས་བླ་བྲང་གི་འཇམ་བཞད་རྣམ་ཐར་བཙན་པོ་མ་ཀློག་ཡོད་ན། དྲ་རྒྱའི་ནང་བླུགས་དང༌། མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་ག་འདྲ་ཞིག་ལ་དམིགས་ནས་བྲིས་མིན་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ག་འདྲ་ཅིག་གྲོངས་མིན་སོགས་གསལ་བོ་འཁོད་ཡོད་པ་གོ་ཐོས་བྱུས་བ་ན། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་པ་དང་དམིགས་བསལ་གྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་ཞིབ་འཇུག་བྱེད་མཁན་ལ་ཕན་ཐོག་གལ་འགངས་ཆེ་བ་ཡིན། གོ་ཐོས་ལ། རྣམ་ཐར་དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་རྒན་མགོ་གྱོང་ཚོས་གསང་བ་ཆེན་པོ་བྱེད་ཀྱི་འདུག་ཟེར། ཡིན་ནའང་པར་ལོག་བོད་ནང་གི་ཞིབ་འཇུག་པ་ཁ་ཤས་ལ་རེག་ཡོད་པ་འདྲ། དེ་སྔོན་མཚོ་སྔོན་བརྙན་འཕྲིན་ཁང་གི་འཆད་ཁྲིད་སྐབས་དེའི་སྐོར་ཅུང་ཙམ་ཐོས་སོང་ལ། རྒྱས་པ་ཐོས་མ་སོང༌།
གཞོན་ནུ་ལགས་བློ་རྟགས་ལ་སྦྱང་ནས་ཡིན་པ་མིན་པར་སྒྲུབ་མིན་པ་ཡིན་པར་སྒྲུབ་ན་འགྲིག་པ་རེད་དགོངས་ན་ནོར་བ་རེད་དངོས་ཡོད་དང་དྲང་བདེན་གལ་ཆེན་རེད།
ཧོར་བདུད་དང་འཇམ་བཞེད་ཀྱི་ཞེ་འཁོན་ངོ་མ་དེ། རྙིང་མ་སྤྱི་དང་ཁྱད་པར་པདྨ་གླིང་པས། ཡང་ཅིག་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སུ༔ ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔ དབུ་རུ་སྟོད་སྨད་ས་མཚམས་འབྲོག་རི་ལ༔ གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔ དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔ སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔ སངས་རྒྱས་སྤྲུལ་པའི་འགྲོ་དོན་བསུབ་ཐབས་བྱེད༔ སངས་རྒྱས་གཙུག་ཏོར་མཐོང་བས་སྙིང་མི་དགའ༔ དམ་སྲི་སྤུན་དགུའི་སྲོག་གི་སྙིང་པོ་དེ༔ པདྨས་ར་སའི་ཐེམ་འོག་མནན་བཞག་པའི༔ སྲོག་སྙིང་བཏོན་ནས་ནད་ཡམས་ཆར་དུ་འབེབས༔ མོས་གུས་སུས་བྱས་དྲག་ཞན་མི་བརྒྱུད་སྟོང་༔ པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔ བསམ་ཡས་མཐོང་དང་པེ་ཧར་མཚན་ཐོས་ན༔ མགོའི་སྤགས་འདུས་ནས་ཕྱིར་བལྟས་མི་བྱེད་འགྲོ༔ དམ་སྲི་སྤུན་དགུའི་སྤྲུལ་པས་གྲུབ་མཐའ་སྐྱོང་༔ ལས་མ་དག་པའི་སེམས་ཅན་དཔག་མེད་དུ༔ རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ འབྲུག་གི་བཀའ་རྒྱ་ལས་བཏུས། ད་དུང་དཔྱད་དགོས་པ་མང་དུ་སྣང་མུ་འགོད་བྱ་ཆོག །
དེ་ལ་རྗེ་ཙོང་ཁ་པས་རིག་གནས་གསར་བ྆྆རྗེ་བྱས་པ་རེད་ཟེར་བ་དེ་ཧོར་འཇིགས་གཅིག་པུའི་དྲན་པ་ཞིག་
མིན་པར་བཤདན་པ་བདེན་སྲིིད། གང་ལྟར་ཡང་ཧོར་འཇིགས་ཁོས་གང་འདོད་ཅིག་བཤད་ཚར་བས་མི་ཚད་
སྤྱིན་བདག་ཀྱང་བྱས། ངོ་ཚོས་གནས་ལུགས་རེ་བཤད་དུས་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད་
ཟེར་བའི་འཇིགས་སྐུལ་དེ་ལ་ཉན་འདོད་མེད་གང་ཡིན་ཟེར་ན་ཁོང་ཚོའི་འདོད་དོན་འགྲུབ་ཚར་དུས་ང་ཚོ་ལ
ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་མ་བཟོ་ཟེར་ན་དྲང་པོ་རྩ་བ་ནས་མ་རེད་བསམ་མནོ་གཏོང་དགོས་ཀྱི་འདུག
དེ་ནས་གླེང་འདོད་པ་ནི་རྗེ་ཙོང་ཁ་པའི་ཡིག་ཆ་དེ་་ཧ་ལས་མདོག་བཤད་ན་མཐའ་གཅིག་ངོས་ལེན་མེད།
ཀླུ་གྲུབ་ཀྱིས་རྗེས་ལ་ཙོང་ཁ་པ་འདྲ་ཞིག་མ་བྱུང་མདོག་བཤད་ན་དྲང་པོ་ག་ལ་ཡིན། གྲུབ་མཐའི་བཤད་
ལུགས་
ུཅུང་ཟད་མི་འདྲ་བ་རེ་ཡོད་ཚད་གསར་བརྗེ་བ་ཡིན་ན་བསྟན་བཅོས་རྩོམ་པ་པོ་ཡིན་ན་གསར་བརྗེ་བ་ཡིན་པས་ཁྱབ་པར་ཐལ། འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཅུང་རེ་ཡོད་པའི་ཁྱབ་པའི་ཕྱིར། སྤྱིར་ཙོང་ཁ་པའི་
གསུང་ལྟ་བུ་གསར་བ་ཞིག་གང་ཡང་མ་རེད་རྒྱ་བོད་ཀྱི་ཡིག་ཆ་སྔ་མ་རྣམས་ལས་བཏུས་ཏེ་བསྟན་བཅོས་
རྩོམ་སྟངས་ཞིག་རེད།ཐུན་མོངས་མ་ཡི་པའི་བཤད་ལུགས་འགའ༷་རེ་ཡོད་པ་དེ་ཚཽམ་ཡངན་བདེ་བར་གཤེགས་
པའི་དགོངས་ཡིན་མིན་ཐེ་ཚོམ་གྱི་གཞི་ཡིན་པས་ཐར་པ་དོན་གཉེར་ཅན་ཡོད་ན་བརྟག་བར་པར་བྱ་བའི་
གཞིའོ། །
སེང་གེ་རལ་པ་ཅན་གྱི་མགོ་ལ་སྟ་རེས་རྒྱོབ།
དེ་ཡི་ཁ་ལ་མེ་ཡིས་རྒྱོབ།
དེ་ཡི་སྙིང་ལ་གདོན་གྱིས་རློབས།
མིག་དང་རྣ་ཚ་ན་མུན་ནག་མདའ་འཕེན་བྱས་ནས་མི་ཕན་པ་ཁྱི་རྒན་ཁྱོད་ཀྱིས་ཀྱང་ཤེས།
ཁྱི་རྒན་ཁྱོད་ལྟ་བུ་ཤེས་འཇོན་གཉིས་ལྡན་གྱི་ཧོར་འཇིགས་ལ་མི་དོ་བ་ནི་ཤེས་ལྡན་ཀུན་ལ་གསལ་ནི་རེད།
རླུང་ལངས་ན་ཁྱི་རྒན་ཁྱོད་ལའང་གསང་སྤྱོད་ཡོད་སྲིད་པས། ངུ་བཤུམ་བྱས་དང་དགའ་སྙམ།
ད་དུང་འགྲིག་མ་སོང་ན། ཕ་རོ་དེ་ཟོ། མ་རོ་དེའང་ཆོ་དང༌། ཕལ་ཆེར་རླུང་ལ་ཕན་སྲིད།
སེང་གེ་རལ་པ་ཅན་ཡིན་མིན་ད་མི་ཤེས་ཀྱང༌། ཁྱི་རྒན་རྣ་ལེབ་ཅིག་མིག་ལམ་དུ་ཤར་ནས་འདུག་ལེ་རེད།
ལོ་རྒྱུས་ལ་ཞུ་དག་མཛད་རྒྱུ་ནི་སྨྱུག་འཛིན་པ་རྣམས་ཀྱི་ལས་འགན་རེད་ཀྱང་གྲོང་ཚིག་དེ་དོར་ནས་བགྲོ་གླེང་དོན་ལྡན་ཞིག་ལ་འཇུག་ཐུབ་པའི་རེ་བསྐུལ་ཞུ་བགྱི་ཡིན།
ད་ལྟ་དྲ་གྲོགས་ཚོས་གླེང་བཞིན་པ༼རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད༽ཅེས་པ་དེ་མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དང་པོ་༼ལོ་རྒྱུས་སྤྱིའི་གཞུང་ཤིང༽་ཞེས་པའི་དེབ་ཀྱི་ཤོག་ངོས་ ༤༦༨ ནས་ ༥༠༣ བར་གསལ་བ་དེ་གླེང་གི་འདུག་ནའང༌། དྲ་གྲོགས་མང་པོ་ཞིག་གིས་འོལ་ཚོད་བྱེད་ཀྱི་འདུག ད་ལྟ་འདིར་ཚན་པ་དེའི་ནང་གི་ལེ་ཚན་གཅིག་མ་གཏོགས་གཞན་དག་ཇི་ལྟར་ཡོད་པ་དེབ་འདི་མ་མཐོང་ནས་གླེང་མཁན་ཚོར་རོབ་ཙམ་ངོ་སྤྲོད་ཀྱི་ཆེད་དུ་བཀོད་པ་གཤམ་གསལ་ལྟར་ཡིན། དགོས་མཁོ་ལ་བལྟས་ཏེ། རྗེས་ཕྱོགས་ཀྱང་འདི་ལྟར་མཚམས་སྦྱོར་ཞུ་རྒྱུ་ཡིན། ༼གཤམ་གསལ་འདིའི་ནང་ཆད་ལྷག་དང་ཡིག་ནོར་ཡོད་སྲིད། མ་གཞི་དེབ་རང་ནའང་ཡིག་ནོར་འདུག འདིའི་ནང་ཆད་ལྷག་སོགས་ཡོད་ན། དེ་ནི་ང་ཚོས་ཡིག་འཇུག་སྐབས་ཤོར་བ་ལ་རྩིས་ཞོག༽
༼རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད༽ཅེས་པ་དེ་མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དང་པོ་༼ལོ་རྒྱུས་སྤྱིའི་གཞུང་ཤིང༽་ཞེས་པའི་དེབ་ཀྱི་ཤོག་ངོས་ ༤༦༨ ནས་ ༥༠༣ བར་གསལ་བ་མཚམས་སྦྱོར།
༡
རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད།
རབ་བྱུང་གསུམ་པའི་ས་ཕག་སྟེ་སྤྱི་ལོ་ ༡༡༧༩ ལོར་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་ཐེལ་བྱང་ཆུབ་གླིང་གསར་འདེབས་མཛད་ནས་ལོ་ངོ་བརྒྱ་དང་སུམ་ཅུ་བ། རབ་བྱུང་ལྔ་བའི་ས་བྱ་སྤྱི་ལོ་ ༡༣༠༩ ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་མདོ་སྨད་དུ་སྐུ་འཁྲུངས་ཤིང༌། ཕྱིས་དབུས་སུ་བྱོན་ནས་སྙེ་ཐང་བཀྲ་ཤིས་སེང་གེ་སོགས་ལས་ཕར་ཕྱིན་དང༌། བཅོམ་ལྡན་རིག་རལ་གྱི་བུ་ཆེན་སྡོང་སྟོན་རིགས་པའི་སེངྒེ་ལས་རྣམ་འགྲེལ། སྐབས་དེར་ཀུན་མཁྱེན་དུ་འབོད་པ་བུ་སྟོན་རིན་གྲུབ་དང་ལྷན་དུ་ཚོགས་དབུས་སུ་གཞུང་ལུགས་བགྲོ་གླེང་མཛད་ནས་དམ་བཅའ་ལེགས་པར་ཟིན་སྟབས། ཤར་ཕྱོགས་རིགས་པའི་དཔའ་བོ་ཞེས་པའི་སྙན་པ་འབར། བླ་མ་ཡེ་ཤེས་དཔལ་བ་ཞེས་པ་ལས་འཇིགས་བྱེད་སོགས་སྔགས་ཕྱོགས་ལ་སྦྱངས་ཤིང༌། མཆིམས་བློ་བཟང་གྲགས་པའི་མདུན་དུ་མདོ་སྔགས་ཀྱི་ཆོས་མང་བོ་གསན་སྐབས་ཤིག་ལ། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད་ཅེས་པའི་ལུང་བསྟན་ཕེབས་པ་ལ་བརྟེན་ནས་ཕྱིར་མདོ་སྨད་དུ་ཕེབས་ནས་ཤིང་ཀུན་སྡེ་གསར་དགོན་གྱི་མཁན་པོ་མཛད་སྐབས། དབུས་ནས་སྙེ་ཐང་བདེ་བ་ཅན་གྱི་མཁན་པོར་ཕེབས་དགོས་པའི་གསོལ་བ་བཏབ་པ་ལྟར་སླར་ཡང་དགོས་དབང་གིས་དབུས་སུ་བྱོན།་ དངོས་ཆས་འབོར་ཆེན་བསྣམས་པ་ལས་སྙེ་ཐང་བདེ་བ་ཅན་དང་སྣར་ཐང་སོགས་ཀྱི་དགེ་འདུན་གྱི་ཚོགས་ལ་བསྙེན་བཀུར་རྒྱ་ཆེན་པོ་དང་གཙུག་ལག་ཁང་བཞེངས། ཡབ་ཆོས་སྡིངས་སུ་རྟོགས་ལྡན་བསམ་གཏན་དཔལ་བ་ཞེས་པ་ལས་ཞི་བྱེད་གཅོད་ཀྱི་སྐོར་གསན་ཅིང༌། སྒྲུབ་པ་ལ་རྩེ་གཅིག་ཏུ་བསྒྲིལ་བས་ཞི་ལྷག་ལ་དབང་ཐོབ་སྟེ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས་པར་གྲགས།
རིམ་གྱིས་མདོ་སྨད་དུ་ཕེབས་ནས་ཤ་སྦྲང་དུ་༼རེབ་གོང་ཤ་སྦྲང་ཡིན་ནམ༽དགོན་པ་ཞིག་བཏབ་སྟེ་དབོན་པོ་ཤཱཀྱ་བཟང་བོ་གདན་སར་བསྐོས། རབ་བྱུང་དྲུག་པའི་ས་མོ་གླང་སྟེ་སྤྱི་ལོ་ ༡༣༤༩ ལོར་ཞྭ་སེར་བསྟན་པའི་ཆུ་མགོར་གྲགས་པ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་བཏབ། རྗེ་ཙོང་ཁ་བ་ཆེན་པོའི་ཡབ་ཡུམ་གཉིས་ཀྱིས་གདན་འདྲེན་ཞུས་པ་བཞིན་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཕེབས་སྐབས་འཁྲུངས་ནས་རིང་བོར་མ་སོང་བའི་རྗེ་ཙོང་ཁ་བ་དེ་ཉིད་ཡབ་ཡུམ་གཉིས་ལ་བསླངས་པ་ལྟར་འབུལ་བར་ཁས་བླངས་པ་བཞིན། རྗེ་དགུང་ལོ་བཞི་བར་ཕེབས་སྐབས་སྔར་གྱི་ཁས་ལེན་ལྟར་ཆོས་རྗེ་དོན་རིན་པར་ཕུལ་བ་ནས་བཅུ་དྲུག་པར་དབུས་སུ་མ་བྱོན་བར་ཡིན་དམ་གྱི་རྗེས་གནང་སོགས་ཆོས་སྐོར་ཆ་ཚང་བསླབས་ཤིང༌། དབུས་སུ་ཕེབས་ཁར་རྫོང་བརྡའ་དང་འགྲོ་འདུག་སྤྱོད་ལམ། སློབ་གཉེར་གནང་ལུགས་སོགས་ཞལ་གདམས་གནང་བས་རྗེ་རིན་པོ་ཆེས་བཀའ་དྲིན་ཆེ་བའི་བླ་མར་བཟུང་བ་ཡིན།
འདི་བ་འཁྲུངས་ཡུལ་སྐོར་མདོ་སྨད་ཆོས་འབྱུང་དུ། ༼མདོ་སྨད་བསྟན་པའི་མེས་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡུལ་བྱང་ཕྱོགས་ཀྱི་རྒྱུད་འདིརསྐུ་འཁྲུངས། འཁྲུངས་ཡུལ་ཡི་གེ་རྣམས་སུ་མི་གསལ་ཡང་རེབ་གོང་དོན་རིན་ཉིན་ཡིན་ཟེར་མཁན་སྣང༽ཞེས་པ་ཙམ་ལས་མ་བྱུང་ཞིང༌། ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བ་ཚེ་ཏན་ཞབས་དྲུང་བས་རེབ་གོང་ཤ་སྦྲང་ཡིན་པར་གསུངས་པ་དང༌། གཞོན་སྐྱེས་ལ་ལས་རེབ་གོང་དོན་རིན་ཉིན། ཡང་ལ་ལས་གཅན་ཚའི་སྣང་ར་ཡིན་པར་འདོད་པ་བཅས་ཚིག་ཐག་གཅོད་དཀའ་ཡང༌། མདོ་སྨད་ཆོས་འབྱུང་དུ་༼བོན་བྱ་ཚང༽་དུ་གཉེན་ཚན་བུད་མེད་ཅིག་ཡོད་པས་གསོལ་ཚིགས་དྲངས་པར་གསུངས་པ་ལ་བརྟགས་ན་སྣང་ར་ཡིན་ཤས་ཆེ་ཙམ་ཡོད་པས་བརྟག་པར་བྱའོ།།
བྱ་ཁྱུང་དགོན་པ་བཏབ་ནས་ལོ་བདུན་པ་རབ་བྱུང་དྲུག་པའི་མེ་སྤྲེལ་ཏེ་སྤྱི་ལོ་ ༡༣༥༦ ལོར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་མདོ་སྨད་ཙོང་ཁ་ནས་སྐུ་འཁྲུངས་ཤིང༌། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས། བླ་མ་ཞོ་ལུང་ཚོ་ཁ་བ་དང༌། སྟག་ལུང་ལོ་ཙཱ་བ། སློབ་དཔོན་དཀོན་མཆོག་སེངྒེ་སོགས་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པར་མ་ཟད། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་བླ་མའི་གཙོ་བོར་བཟུང་སྟེ་གཞུང་ལུགས་སྤྱི་དང༌། ཁྱད་པར་མདོ་སྔགས་གཉིས་ཀྱི་གནད་བསྡུས་པའི་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན་བཞེས་ཆིག་བརྒྱུད་མཛད་དེ། རྒྱལ་བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་རྒྱས་པ་ལ་འཕྲིན་ལས་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ནོ།།
རྟོགས་ལྡན་པ་འཁྲུངས་པའི་ཕྱི་ལོ་སྟེ་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ་ ༡༣༥༧ ལོར་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་མདོ་སྨད་ཙོང་ཁའི་ཡུལ་ཆ་སྐུ་འབུམ་དུ་འཁྲུངས་ཤིང༌། དགུང་ལོ་གསུམ་པ་སྤྱི་ལོ་ ༡༣༦༠ ལོར་ནགས་ཡོན་ཤ་བ་རྫོང་ཞེས་པར་ཀརྨ་སྐུ་ཕྲེང་བཞི་བ་རོལ་བའི་རྡོ་རྗེ་ཧོར་གོང་མ་ཐོ་གན་ཐེ་མུར་གྱིས་གདན་དྲངས་པ་ལྟར་ཕོ་བྲང་དུ་ཕེབས་ལམ་ནས་དགེ་བསྙེན་གྱི་སྡོམ་པ་འབུལ་བཞེས་ཀྱིས། ཀུན་དགའ་སྙིང་བོ་ཞེས་པའི་མཚན་གསོལ་དང་འབྲེལ་སྐྱེས་བུ་དམ་པ་ཡིན་པར་ལུང་བསྟན། དགུང་ལོ་བཞི་བར་ཡབ་ཡུམ་གཉིས་ཀྱིས་སྔར་གྱི་ཁས་ལེན་ལྟར་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ཕུལ། བདེ་མཆོག་དང་ཀྱཻ་རྡོར་སོགས་རྒྱུད་སྡེ་གོང་འོག་དུ་མའི་དབང་གནང་ནས་གསང་མཚན་དོན་ཡོན་རྡོ་རྗེ་གསོལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང༌། ཀོའུ་བ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་འབུལ་བཞེས་དང༌། མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་དྲུག་པར་དབུས་སུ་བྱོན་སྐབས་ཆབ་མདོ་ནས་འབྲི་གུང་བའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་བྱ་བས་གདན་དྲངས་ཏེ་དགུང་ལོ་བཅུ་བདུན་སྟེང་འབྲི་གུང་ཐེལ་དུ་ཕེབས།༼རྣམ་ཐར་ལ་ལར་བཅུ་བདུན་སྟེང་དབུས་སུ་ཕེབས་པར་བཤད་པ་ནི་ལམ་བར་ནས་ལོ་སར་བར་སྙམ༽སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་མཇལ་ནས་ཐེག་ཆེན་སེམས་བསྐྱེད་མཆོད་པ་དང་ཕྱག་ཆེན་ལྔ་ལྡན་སོགས་གསན་རིམ་བཞིན་ཚལ་གུང་ཐང་དུ་སྨན་པ་དཀོན་མཆོག་སྐྱབས་ལས་གསོ་དཔྱད་དང༌། སྙེ་ཐང་བདེ་བ་ཅན་དུ་སྙེ་ཐང་བ་བཀྲ་ཤིས་སེངྒེ༌། གདན་ས་བ་དགེ་བསྐོངས་པ། སློབ་དཔོན་ཨུ་རྒྱན་པ། བདེ་བ་འཇམ་རིན་པ་སོགས་ལས་མངོན་རྟོགས་རྒྱན་རྩ་འགྲེལ་དང་བྱམས་ཆོས་ཕྱི་མ་རྣམས་ལ་གསན་བསམ་མཛད། ཞ་ལུར་མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་དུ་ས་བཟང་པཎ་ཆེན་མ་ཏི། ཇོ་མོ་ནང་དུ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་སོགས་ལས་ཆོས་བཀའ་མང་དུ་གསན་ཅིང༌། རྩེ་ཆེན་དུ་ཇོ་ནང་གི་མཁས་དབང་ཉ་དབོན་ཀུན་དགའ་དཔལ་བ་ལས་ཕར་ཕྱིན་དང༌། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ལས་མཛོད། སྐྱོར་མོ་ལུང་བའི་མཁན་པོ་བློ་གསལ་ལས་འདུལ་མཛོད། ཡང་རྗེ་བཙུན་རེད་མདའ་བ་དང་ལོ་ཙཱ་བ་དོན་བཟང་སོགས་ལས་ཚད་མའི་སྐོར། རེད་མདའ་བ་དང་འཇམ་རིན་པ་སོགས་ལས་དབུ་མ། ཁྱུང་བོ་ལྷས་པ་ལས་ཡོ་ག་སོགས་རྒྱུད་སྡེ་འོག་མ་དང༌། རེད་མདའ་བ་དང་གོང་གསུམ་བདེ་ཆེན་པ་སོགས་ལས་གསང་འདུས་སོགས་བླ་མེད་ཀྱི་རྒྱུད། བླ་མ་ཆོས་ཀྱི་དཔལ་བ་ལས་དུས་ཀྱི་འཁོར་ལོའི་སྐོར། ལོ་ཆེན་ནམ་བཟང་བ་དང་ས་བཟང་མ་ཏི་པཎ་ཆེན་སོགས་ལས་སྙན་ངག་དང་སྡེབ་སྦྱོར་སོགས། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ལས་རྩིས་ཀྱི་སྐོར་གསན་བཞེས་མཛད་པ་སོགས། དང་བོར་དམན་པའི་བརྟུལ་ཞུགས་ཁོ་ན་ལྷུར་བླངས་ཏེ་མཁས་པའི་བཤེས་གཉེན་ཤིན་ཏུ་མང་བོ་བསྟེན་ནས་གཞུང་ལུགས་ལ་ཐོས་པ་གཤིས་ཕྱིན་པ་བཙལ་བ་དང༌། བར་དུ་ཐོས་པའི་དོན་ལ་སྒྲོ་འདོགས་དང་ཐེ་ཚོམ་ཡོངས་སུ་བསལ་ནས་མདོ་དང་བསྟན་བཅོས་ནས་ཇི་ལྟར་བསྟན་པའི་དོན་རྣམས་གདམས་ངག་ཏུ་ཤར་བ་དང༌། མཐའ་མར་རང་གི་རྒྱུད་སྟེང་དུ་སྦྱར་ནས་ཉམས་སུ་བླངས་སྟོབས་ཀྱིས་ས་ལམ་གྱི་མངོན་རྟོགས་ཐུགས་རྒྱུད་ལ་འཁྲུངས་པ་ན། རང་གིས་ཇི་ལྟར་ཉམས་སུ་མྱངས་པའི་ཉམས་རྟོགས་རྣམས་ཕྱི་རབས་གདུལ་བྱའི་ཆེད་དུ་གཞག་ཕྱིར་རྩོམ་པ་ལེགས་བཤད་ཀྱི་དགའ་སྟོན་བསྩལ་བ་སྟེ་མདོར་ན། སྐབས་དེའི་དབུས་གཙང་གི་ཆོས་རྒྱུད་གྲུབ་མཐའ་ཁག་གི་མཁས་པའི་དབང་བོ་ཡོད་ཚད་བསྟེན་ཏེ་གཞུང་ལུགས་ཀྱི་བཤད་སྲོལ་མི་འདྲ་བ་རྣམས་ལ་ཕུ་ཐག་ཆོད་པའི་ཐོས་པ་བཙལ་ཀྱང༌། ཐོས་ཚད་ཐམས་ཅད་ཚད་མར་བཟུང་བའང་མ་ཡིན་པར་མདོ་དང་ཤིང་རྟ་ཆེན་པོ་དག་གི་བཀའ་སྲོལ་དང་མཐུན་མིན། རང་གི་རྒྱུད་སྟེང་དུ་སྦྱར་ནས་ཉམས་བཞེས་མཛད་ཚེ་མངོན་པར་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་སྐྱེ་བའི་ནུས་པ་ཚང་མིན་སོགས་ཕུ་ཐག་ཆོད་པའི་དཔྱད་ཐབས་ལ་བརྟེན་ནས། རྗེ་བླ་མའི་ལྕགས་མདའ་ལྕགས་གཞུར་གྲགས་པ་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རྣམ་གཞག་ཚང་ལ་མ་ནོར་སྟོན་པ་ལེགས་བཤད་གསེར་གྱི་ཕྲེང་བ། གསུང་རབ་དགོངས་འགྲེལ་དང་བཅས་པ་གདན་ཐོག་གཅིག་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་པའི་རིམ་པར་བསྡུས་པ་བྱང་ཆུབ་ལམ་གྱི་རིམ་པའི་སྐོར། གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ལམ་གྱི་ལུས་ཡོངས་སུ་འཚང་རྒྱ་བའི་ཆ་རྐྱེན་དུ་ཁྱེར་ཤེས་པའི་བསྟན་བཅོས་སྔགས་རིམ་ཆེན་མོ་སོགས་མཛད་ཅིང༌། བོད་སྔ་རབས་པ་དག་གིས་མདོ་སྔགས་ཟུང་འབྲེལ་བྱར་མེད་པར་འདོད་པ་ལ། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང༌། །ནང་དུ་འདུས་པ་ལ་རབ་དགའ། །གསུངས་པ་ལྟར་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མར་གནས་བཞིན་དུ་ནང་བདེ་སྟོང་གི་ཡེ་ཤེས་ལ་རོལ་ནུས་པའི་ལམ་སྲོལ་བླ་ན་མེད་པ་གངས་རིའི་ཁྲོད་འདིར་གསར་བཏོད་གནང་བ་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པ་ཟབ་མོ་དབུ་མའི་ལྟ་བ་ཐུན་མོང་མ་ཡིན་པ་གཏན་ལ་འབེབས་པ་ལ་རྩ་ཤེས་ཊིཀ་ཆེན་དང་རྣམ་བཤད་དགོངས་པ་རབ་གསལ། རྒྱུད་སྡེ་སྤྱི་དང་དེའི་ནང་ནས་ཀྱང་བླ་མེད་ཀྱི་རྒྱུད། བླ་མེད་ཀྱི་ནང་ནས་ཀྱང་དཔལ་གསང་བ་འདུས་པའི་རིམ་ལྔ་དང༌། དེའི་ནང་ཀྱང་རིམ་པ་གསུམ་པ་སྒྱུ་ལུས་སྒྲུབ་ཚུལ་ཕྲ་ཞིང་ཕྲ་བ་སྔོན་ཆད་སུས་ཀྱང་མ་ནུས་པ་གསར་བཏོད་མཛད་དེ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་སྐོར་སོགས་གསང་འདུས་ཀྱི་ཆོས་སྐོར་རྒྱས་ཤིང་རྒྱས་པ་གསར་རྩོམ་མཛད་པ་ཡིན་ནོ།།
འོ་ན་རྗེ་ཙོང་ཁ་བ་ཆེན་པོས་སྲོལ་བཏོད་པ་འདི་ལ་རི་བོ་དགེ་ལུགས་པའི་བསྟན་པའམ་གྲུབ་མཐའ་ཞེས་ཇི་ལྟར་བྱུང་ངམ་སྙམ་ན། མང་བོ་ཞིག་གིས་རྒྱལ་བའི་བསྟན་པ་ལ་བྱི་དོར་ཆེན་པོ་བྱས་པ་ཉིད་རྗེ་འདི་བའི་མཛད་རྗེས་མཐར་ཐུག་ཏུ་བཤད་མོད། དེ་ཙམ་གྱིས་གྲུབ་མཐའ་གསར་བ་ཞིག་ཏུ་འཇོག་ཐབས་ག་ལ་ཡོད་ཀྱང༌། ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས། ¿ལྟ་བའི་རྣམ་གཞག་ཕལ་ཆེར་རེད་མདའ་བ་དང་རྗེ་བླ་མའི་བཞེད་པ་གཅིག་ཀྱང༌། སྣང་བས་ཡོད་མཐའ་དང༌། སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད་རྒྱུ་འབྲས་སུ་འཆར་ཚུལ་རྗེ་བླ་མའི་ཐུན་མོང་མ་ཡིན་པ་ཡིན།༥¿ ཞེས་གསུངས་པ་ལྟར་ཡིན་པས། རྗེ་བླ་མའི་སྔ་རྩོམ་དུ་གཏོགས་པ་ལེགས་བཤད་གསེར་ཕྲེང་དུའང་བོད་སྔ་རབས་པའི་ལྟ་བའི་འདོད་ཚུལ་ཅུང་ཟད་རེ་ལུས་སྟབས། ཁོང་གི་ཕ་རོལ་ཏུ་ཕྱིན་པའི་སྐོར་གྱི་རང་ལུགས་མཐར་ཐུག་ལ་ཕྱིས་མདོ་དང་བསྟན་བཅོས་ཡོངས་རྫོགས་ལ་དཔྱད་པ་རྫོགས་ནས་བཀའ་ཁྲིད་གནང་བ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཏབ་པ་རྣམ་བཤད་སྙིང་བོའི་རྒྱན་ཉིད་འཇོག་པ་སོགས་ལྟ་ཤེས་པ་ཞིག་གིས་བལྟས་ན་གོ་རྒྱུ་ཧ་ཅང་ཟབ་པར་སྣང༌།
དེར་བརྟེན་བོད་སྔ་རབས་མང་བོ་ཞིག་གིས་སྟོང་ཉིད་ཀྱི་དོན་ཅི་ཡང་མེད་པ་ཞིག་ཏུ་བཟུང་བ་ནི། དགེ་མི་དགེ་དང་ལས་འབྲས་སོགས་ཀྱང་གཏན་མེད་དུ་འདོད་དགོས་པས་ཡང་དག་པའི་ལམ་ལས་གོལ་བ་ཡིན་ལ། ཡང་ལ་ལ་ཞིག་གིས། སྟོང་ཉིད་བདེན་གྲུབ་དང༌། དེ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་བ་སྟོང་ཉིད་དུ་འདོད་ཀྱང༌། དེ་ནི་རྟག་ལྟར་འགྱུར་བས་མ་དག་པ་ཡིན། ལ་ལས་ཡོད་ཙམ་བཟུང་ན་མཚན་འཛིན་དུ་འགྱུར་བས་ཆོས་ཐམས་ཅད་ཡོད་པའང་མིན། མེད་པའང་མིན་པས་འཇོག་སྒོམ་གྱི་སྐབས་སུ་བདག་ཡོད་མེད་དང་སྟོང་མི་སྟོང་སོགས་གང་ཡང་ཡིད་ལ་མི་བྱེད་པ་ཙམ་སྒོམ་དུ་འདོད་མོད། ཅི་ཡང་ཡིད་ལ་མི་བྱེད་སྙམ་པ་དེ་ག་རང་ཡིད་ལ་བྱེད་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས་དེ་ཡང་མ་དག་པ་དང༌། ཡང་ལ་ལས་རིགས་པའི་རྗེས་སུ་འབྲངས་པའི་དཔྱད་པ་དང་རྟོག་དཔྱོད་གང་ཡང་མི་དགོས་པར། སེམས་འདས་པའི་རྗེས་མི་གཅོད། མ་འོངས་པ་སྔོན་མི་བསུ། ད་ལྟ་མངོན་དུ་གྱུར་པའི་ཤེས་པ་སོ་མ་ལ་བཅོས་མི་བྱེད་པར་རྣམ་རྟོག་གི་སྤྲོས་པ་མཐའ་དག་དོར་ནས། སེམས་བདེ་འབོལ་ལེ། ལྷོད་ཤིག་གེར་བཞག་པས་སེམས་ཉིད་ཆོས་སྐུའི་རང་ངོ་བོ་གཅེར་རྗེན་དུ་མཐོང་བར་བཤད་ཀྱང༌། གང་ཡང་ཡིད་ལ་མ་བྱས་པར་བསྡད་པ་ལ་ཅི་ཡང་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་རྩོལ་མེད་དུ་འོང་ན། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་འབྱུང་བར་འགྱུར་བས་རྒྱུ་འབྲས་ཀྱི་རྣམ་གཞག་མཐའ་དག་འཆོལ་བས་དེ་ཡང་མ་དག་པ་སྟེ་མདོར་ན། གོང་སྨོས་དེ་དག་གིས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་ན་དགག་བྱ་མ་ལུས་པ་ཁེགས་ཀྱང༌། དགག་བྱ་དེ་བཀག་པའི་ཤུལ་དུ་ལས་འབྲས་བྱ་བྱེད་སོགས་སྣང་སྟོང་ཉིས་ཚོགས་འཇོག་མ་ཤེས་པས་ནོངས་པ་ཡིན་ནོ།།
འོ་ན་རྗེ་བླ་མ་ཙོང་ཁ་ཆེན་པོས་དེ་དག་ཐམས་ཅད་ལས་ཁྱད་དུ་འཕགས་པའི་ལེགས་བཤད་ཅི་ཞིག་གསར་བཏོད་གནང་ཡོད་དམ་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ངོས་ནས་དོན་དམ་པར་གྲུབ་པ་གཏན་མེད་ཀྱང༌། གདགས་གཞི་དེ་དག་གི་སྟེང་དུ་མིང་དང་རྟོག་པས་ཕར་བཞག་ཙམ་དེ་ཐ་སྙད་དུ་ཚད་མས་གྲུབ་པར་འདོད་པའི་ལྟ་བ་འདི་གསར་བཏོད་གནང་བ་ཡིན་ལ། ལུགས་འདིར་མིང་བརྡས་ཕར་བཞག་ཙམ་གྱི་རྟེན་འབྲེལ་ལ་ངེས་པ་ཅི་ཙམ་རྙེད་པ་དེ་ཙམ་གྱིས། ཆོས་ཐམས་ཅད་རང་བཞིན་དུ་མེད་པ་ལ་ངེས་པ་བླ་ལྷག་ཏུ་བསྐྱེད་པས། སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་བར་གཅིག་ཕན་གཅིག་གྲོགས་སུ་ཁྱེར་ཤེས་པའི་ལྟ་བ་ཕུལ་དུ་བྱུང་བ་འདི་ཉིད་གསར་བཏོད་མཛད་པ་ལགས་སོ།།
རྗེ་བླ་མ་མ་བྱོན་པའི་ཡར་སྔོན་དུ་བོད་འདིར་ཚད་མ་ནི་རིགས་ལམ་བྱང་བའི་ཐབས་ཙམ་ལས། སངས་རྒྱས་ཀྱི་སར་བགྲོད་པའི་ལམ་གྱི་ཉམས་ལེན་ལ་ཕན་པའི་ཆ་ཅུང་ཟད་ཀྱང་མེད་པར་འདོད་པ་ལ། རྗེ་བླ་མས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཉམས་ལེན་ལ་དཀྲི་བའི་གདམས་ངག་གསར་བཏོད་ཇི་ལྟར་གནང་ཚུལ་རྗེ་རང་གི་རྟོགས་བརྗོད་འདུན་ལེགས་མར་གསལ་བ་ལྟར་ཡིན་པས། ལྟ་ཤེས་ན་འདི་ཙམ་ཡང་རིགས་ལམ་གྱི་སྒོ་མོ་ཆེ་གསར་དུ་བཏོད་པ་ཡིན་ནོ།།
ད་ནི་རང་ཅག་གི་ན་མཉམ་བློ་གྲོས་ཅན་འགའ་རེས། གཞུང་ལུགས་ཀྱི་གསར་བཏོད་ཅེས་པ་ཇི་འདྲ་ཞིག་ལ་འཇོག་གམ་ཞེས་འདྲི་ན། སྐབས་འདིའི་གཞུང་ལུགས་ཀྱི་གསར་བཏོད་ཅེས་པ་ནི། སྙན་ངག་དང་སྒྲུང་གཏམ་གསར་བ་ཐན་ཐུན་རེ་བྲིས་པ་ལྟ་བུ་ལ་གོ་རྒྱུ་མིན་ལ། ཚིག་འཁྲིའི་རིགས་པ་ཉི་ཚེ་བ་ཐན་ཐུན་ཤར་བ་ཙམ་དང་སྟོང་སང་སང་གི་རྣམ་པ་འཆར་བའི་སྒོམ་ཉི་ཚེ་བ་དེ་འདྲ་ལ་གོ་རྒྱུའང་མ་ཡིན་པར། གཞུང་ཆེན་མོའི་དཀའ་གནད་ལ་བག་འབྱིན་ནུས་པའི་ལྟ་བ་གསར་བ་བཏོད་བྱས་པ་ལ་ཟེར་དགོས་ཏེ། དཔེར་ན། རྒྱ་གར་ཚད་མའི་ཤིང་རྟ་བ་ཆེན་པོ་ཕྱོགས་ཀྱི་གླང་བོ་ལ་དབྱིག་གཉེན་གྱིས་རང་ལས་མཁས་པའི་སློབ་མའི་མཚན་བསྟོད་གནང་བའི་རང་ལས་མཁས་ཚུལ་ཡང༌། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་པའི་ཚིག་རྐང་འདིས་ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་རང་རིག་ཏུ་གྲགས་པ་ཞིག་གསར་རྙེད་བྱུང་བ་ཙམ་གྱིས་ཡིན་ལ། སློབ་དཔོན་དབྱིག་གཉེན་ལ་ཀུན་མཁྱེན་ཞེས་པའི་སྙན་གྲགས་ཁྱབ་དགོས་པའང༌། ཉི་ཤུ་བ་ན་རྡུལ་ཕྲ་རབ་ཆ་བཅས་ཆ་མེད་གང་ཡིན་གྱི་རིགས་པ་ཕྲ་མོ་ཞིག་གསར་བཏོད་གནང་བ་ཙམ་གྱིས་ཡིན་པའི་གནད་ཤེས་ན། ཤར་ཙོང་ཁ་བ་ཆེན་པོའི་མདོ་སྔགས་ཀྱི་ལྟ་བ་མང་བོ་ཞིག་སྔོན་ཆད་སུས་ཀྱང་བྱ་མ་ནུས་པའི་གསར་བཏོད་ཡིན་པ་ཤེས་པར་འགྱུར་རོ།།
ད་ནི་རྗེ་ཙོང་ཁ་བའི་གཞུང་ལུགས་ཀྱི་དཀའ་གནད་ཁག་ཅིག་གསར་བཏོད་མཛད་པ་ལ་རིས་མེད་མཁས་དབང་མང་བོས་ཚད་མཐོའི་གདེང་འཇོག་གནང་སྐོར་གྱི་དཔེ་མཚོན་འགའ་ཞིག་དྲངས་ན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། ཕྱོགས་འདིར་སྔོན་ཆད་གཞན་གྱིས་མ་མྱོང་བའི། ། ཇི་བཞིན་གཟིགས་ནས། ཞེས་དང༌། སྟག་ཚང་ལོ་ཙཱ་བ་ཆེན་པོས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག། རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།། རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།། ཅེས་དང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། དེས་ན་གངས་རིའི་ཁྲོད་འདིར་རྗེ་ཐམས་ཅད་མཁྱེན་པ་དང་མཛད་པ་མཚུངས་པ་སུ་ཡང་མ་བྱོན་ཏེ་ ་་་ ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་སྤྲུལ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང༌། སད་མི་མི་བདུན་སོགས་བསྟན་པ་སྔ་དར་ལ་བྱོན་པ་དེ་རྣམས་དང༌། བསྟན་པ་ཕྱི་དར་ལ་ལྷོ་བྲག་མར་བ་ལོ་ཙཱ་དང༌། འབྲོག་མི་ལོ་ཙཱ་དང༌། རྗེ་འགོས་དང༌། རྭ་ལོ་ཆེན་པོ་སོགས་ལོ་ཙཱ་བ་བཀའ་དྲིན་ཅན་མང་བོ་དང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སོགས་གྲུབ་པའི་གོ་འཕང་མཐོན་པོར་བྱོན་པའི་སྐྱེས་བུ་དམ་པ་མང་དུ་བྱོན་མོད་ཀྱང་རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་སྤེལ་བ་ལ་རྗེ་བླ་མ་འདི་དང་མཚུངས་པ་སུ་ཡང་མེད་དེ། ཅེས་དང༌། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་རྗེའི་དྲང་ངེས་ལེགས་བཤད་སྙིང་བོའི་དབུའི་ཚིགས་བཅད། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང༌།། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི།། ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང༌།། འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི།། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས།། ཞེས་པ་འདི་དྲངས་ནས་ཚིགས་བཅད་འདིའི་བསྟན་དོན་གྱི་གཞུང་ལུགས་མང་ཐོས་ལ། རྔོག་ལོ་བློ་ལྡན་ཤེས་རབ་དང༌། ས་སྐྱ་པཎ་ཆེན། བུ་སྟོན་རིན་ཆེན་གྲུབ་པ་སོགས་དང༌། རིགས་ལམ་ལ་ངལ་བ་མང་དུ་བསྟེན་མཁན་ལ། ཕྱཱ་བ་ཆོས་སེང་སོགས་རིགས་པའི་སེང་ཆེན་བརྒྱད་དུ་གྲགས་པ་དང༌། མངོན་རྟོགས་ཀྱི་ཡོན་ཏན་མི་དམན་པ་ལ། ཀུན་མཁྱེན་དོལ་བུ་བ་དང་ཉ་དཔོན་ཀུན་དགའ་དཔལ་བ་སོགས་བཞག་ནས། དེ་དག་གིས་ངལ་བ་བརྒྱ་ཕྲག་བསྟེན་ཀྱང་མ་རྙེད་པའི་ལྟ་གྲུབ་གསར་བ་རྗེ་འདི་ཉིད་ཀྱིས་རྙེད་པར་བཤད་འདུག་པ་སོགས་བསམ་ཤེས་ན་བསམ་རྒྱུ་ཟབ་པར་སྣང༌།
རྗེ་རང་གིས་ཀྱང་གསར་བཏོད་མང་བོ་གནང་བ་ཞལ་བཞེས་མཛད་པ་ནི། སྒྲོན་གསལ་གྱི་མཆན་བུར། སྔོན་ཆད་ཕྱོགས་འདིར་མངོན་དུ་མ་གྱུར་པའི།།ཚིག་དོན་བདུད་རྩིས་གང་བའི་བུམ་པ་རྙེད།། ཅེས་དང༌། བདེ་མཆོག་གི་རྫོགས་རིམ་དངོས་གྲུབ་སྙེ་མར་ཡང༌། སྔོན་ཆད་ཕྱོགས་འདིར་རྩ་བཤད་ཀྱི།། རྒྱུད་སྡེ་ལེགས་པར་མ་བཀྲལ་བ།། བདག་གིས་བརྩོན་པ་ཆེན་པོ་ཡིས།། རིང་དུ་འབད་ལས་རྙེད་གྱུར་པ།། ཞེས་སོགས་གསུངས་འདུག་པ་ལྟར་ཡིན་ལ། རྒྱས་པར་ནི་རིས་མེད་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་རྗེའི་རྣམ་ཐར་ཁག་དང༌། རྗེ་རང་གི་ལེགས་བཤད་དག་ལས་ཤེས་པར་བྱའོ།།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ལ་སྔོན་ཆད་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་རྙིང་མ་དང་ས་སྐྱ། བཀའ་བརྒྱུད། ཇོ་མོ་ནང་བ་དང་བུ་ལུགས་སོགས་ཆོས་རྒྱུད་གྲུབ་མཐའ་ཇི་སྙེད་ཅིག་ཡོད་བཞིན་དུ་རྗེ་འདིའི་རང་ལུགས་དེ་ཉིད་སྣུམ་མཛོད་དང་འཕྲད་པའི་མེ་རླབས་ཇི་བཞིན་མདོ་དབུས་ཁམས་གསུམ་སོག་ཡུལ་དང་བཅས་པར་ཁྱབ་པར་གྱུར་པ་ཡིན་ནོ།།
ང་ཚོས་ཤར་ཙོང་ཁ་བ་ཆེན་པོའི་སྐུ་ཚེ་ཡོངས་རྫོགས་ཀྱི་མཛད་པ་དང་དེས་བོད་ཆོལ་ག་གསུམ་ཙམ་དུ་མ་ཟད། བྱང་ཕྱོགས་ཧོར་གྱི་ཡུལ་དང༌། ཆེན་པོ་རྒྱ་ཡི་ཡུལ། དེང་དུས་ས་སྒང་ཧྲིལ་བོར་ཕྱོགས་མེད་དུ་ཁྱབ་པའི་སྟོབས་ཤུགས་ལ་བསམ་སྐབས། རྗེ་ཙོང་ཁ་བ་ཞལ་བཞུགས་པའི་སྐབས་དེ་ལ་ལོ་རྒྱུས་ཐོག་གི་གསེར་བཟང་གི་དུས་རབས་ཞེས་བཏགས་ཀྱང་མི་རུང་བ་མེད་པར་སྣང་སྟེ། འདི་བས་བོད་གངས་ཅན་པའི་ཆོས་སྲིད་རིག་གནས་དང་བཅས་པར་བསུབ་ཏུ་མེད་པའི་བྱས་རྗེས་རླབས་པོ་བཞག་པ་ལྟ་བུ་ནི་ལོ་རྒྱུས་སྟེང་ཤིན་ཏུ་མཐོང་དཀོན་པའི་ཕྱིར་རོ།།
ཕྱོགས་གཞན་ཞིག་ནས་བལྟས་ན་ལོ་ན་བཅུ་དྲུག་སོན་པའི་ཨ་མདོ་བ་སྣ་བོ་ཆེ་དེ་ཉིད་རྡོག་ཁྲེས་ཀྱིས་གནོན་བཞིན་དབུས་ཕྱོགས་རྐང་འགྲོས་བརྒྱབ་ཅིང༌། གཞིས་ཀ་དང་གདུང་རྒྱུད་ཀྱིས་མི་སེར་གནོན་པའི་རྒྱབ་ལྗོངས་ནི་མེད། རྒྱ་ཧོར་གྱི་ཐོབ་དང་ཐམ་ག་འཕྱར་ཏེ་མི་དམངས་ཉམ་ཆུང་ལ་འཇིགས་སྣང་སྐུལ་བྱེད་ཀྱི་ལུང་ལས་ནི་བྲལ། ཟས་གོས་དང་ལོངས་སྤྱོད་ཀྱིས་འཁོར་ཚོགས་བསླུ་འགུག་བྱེད་པའི་འབྱོར་བ་ནི་མེད། དྲག་པོའི་དཔུང་ཤུགས་བསྐྱེད་དེ་ཡུལ་ཁམས་ལ་བཙན་འཛུལ་བྱེད་པའི་སྟོབས་ཤུགས་སོགས་ཅི་ཡང་མེད་པར། སྐྱེ་བོ་སུས་མཐོང་ན་མི་མཐུན་པ་མེད་པའི་རང་གི་སྒོ་གསུམ་གྱི་སྤྱོད་པ་ཚུལ་བཞིན་བསྡམས་ནས་མི་ཚོགས་ཀྱི་སེམས་པ་རང་དབང་མེད་པར་བཀུག་ཅིང༌། རིས་མེད་སྐྱེས་ཆེན་རྣམས་ཕར་ཟད་རང་དང་ལྟ་གྲུབ་མི་གཅིག་པའི་མཁས་པར་གྲགས་པ་དག་ལའང་མིང་དངོས་དམར་རྗེན་དུ་བཏོན་ནས་དགག་པ་རྩུབ་མོ་ནམ་ཡང་མ་མཛད་པར། ལུང་རིགས་རྒྱུ་མཚན་ཉག་ཅིག་དྲངས་ཏེ་ཕ་རོལ་བོའི་ལྟ་གྲུབ་སུན་ཕྱུངས་པ་དང༌། ལྷག་པར་དུ་ཕ་རོལ་དགག་ཡུལ་གྱིས་གཞུང་དོན་ཇི་བཞིན་མ་རྟོགས་པ་ལ་སྙིང་རྗེ་དང༌། རྨོངས་པའི་གཡང་ས་དེ་ལས་སྐྱོབ་འདོད་ཀྱི་བརྩེ་བས་ཀུན་ནས་བསླངས་ཏེ་གཞན་ལ་གུས་བཀུར་ཁོ་ན་གཉེར་བས། སྐབས་དེའི་མཁས་པའི་གདན་ཁྲི་ལ་དབང་བའི་ཕྱོགས་སྔ་འགའ་ཞིག་གིས་ཀྱང་༼རྗེ་ཙོང་ཁ་བ་ལ་བྱང་ཆུབ་ཀྱི་སེམས་མངའ་བས་རྩོད་རྒྱུ་མིན་༽ཞེས་སོགས་གསུངས་ནས་ཁོང་གི་སྐུ་ཚེ་ཧྲིལ་བོར་ཀླན་ཀ་བྱེད་མཁན་སུ་ཡང་མ་བྱུང་བ་སྟེ་མདོར་ན། ལྟ་སྒོམ་སྤྱོད་གསུམ་བརྩམས་ཆོས་དང་བཅས་པས་བོད་ཁམས་ཡོངས་རྫོགས་ཀྱི་མི་དམངས་ཕལ་མོ་ཆེའི་སེམས་ཁམས་ལ་སྦྲང་ཆང་གི་མངར་ཁ་དང་མཚུངས་པའི་རིག་གཞུང་གསར་བ་དེས་དབང་བོ་རྣམས་ཁྱབ་པར་བྱས་པ་ཡིན་ནོ།།
༼རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད༽ཅེས་པ་དེ་མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དང་པོ་༼ལོ་རྒྱུས་སྤྱིའི་གཞུང་ཤིང༽་ཞེས་པའི་དེབ་ཀྱི་ཤོག་ངོས་ ༤༦༨ ནས་ ༥༠༣ བར་གསལ་བ་མཚམས་སྦྱོར།
༢
རྗེ་ཙོང་ཁ་བ་དང་བོད་ཀྱི་སྲིད་དོན་གནས་བབ།
ཤར་ཙོང་ཁ་བ་བློ་བཟང་གྲགས་པ་དུས་གཏན་དུ་བོད་མི་ཡོངས་ཀྱིས་དམིགས་དཔེར་ལྟ་འོས་པའི་ཆེས་ཕུལ་བྱུང་གི་ནང་བ་སངས་རྒྱས་པའི་ཆོས་ལུགས་པ་ཞིག་དང༌། རྩོམ་རིག་པ། མཚན་ཉིད་པ། ལྟ་གྲུབ་སྨྲ་བ་ཞིག་ཡིན་པར་མ་ཟད། སྲིད་དོན་ཐོག་ཕུགས་རྒྱང་རིང་བོར་གཟིགས་ཐུབ་པས། སྐྱེས་ཆེན་དམ་པའི་ཞལ་འབག་གི་ཕག་ནས་ལོ་རྒྱུས་ནག་རྫོབ་གཏོང་མཁན་ཉུང་ཤས་དེ་དག་དང་ཡང་འདྲ་བ་མ་ཡིན་ཏེ། སྐབས་དེའི་རྒྱ་ནག་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་བྱ་བས་རྗེ་ཙོང་ཁ་བའི་སྙན་གྲགས་ཐོས་ཏེ། མི་དྲག་བཞིས་སྣེ་དྲངས་པའི་མི་གྲངས་བརྒྱ་ཕྲག་དུ་མ་ཆེད་མངགས་ཀྱིས་རྒྱའི་ཕོ་བྲང་དུ་གདན་ཞུ་ཞུས་ཀྱང༌། རྒྱའི་རྒྱལ་བོ་ལ་བོད་ཀྱི་བླ་མས་བཀའ་ཆོས་གནང་བའི་ཞལ་བཞེས་ཕར་ཟད། ཐ་ན་གདན་ཞུ་བ་རྣམས་ལ་ཐུག་འདོད་ཙམ་ཡང་མ་གནང་སྟབས། གདན་ཞུ་རྒྱ་མི་རྣམས་ཀྱིས་རྗེའི་ཞལ་རས་ཙམ་ཡང་མ་མཐོང་ན་ལས་དོན་གྱི་ཆ་ཤས་ཙམ་ཡང་མ་གྲུབ་པས་གོང་མས་ཉེས་ཆད་ཕོག་དོགས་ཀྱིས་ངུ་ངག་དང་བཅས་རྗེ་བླ་མའི་སྦྱིན་བདག་གཙོ་བོ་དང༌། སྐབས་དེའི་བོད་ཀྱི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་དང༌། དཔོན་ཆེན་ནམ་མཁའ་བཟང་བོ་གཉིས་ལ་ངོ་ཆེན་ཞུས་པ་བརྒྱུད་ནས་ཨུ་ཚུགས་མཐའ་ནན་བྱས་མཐར་མཇལ་ཁ་ཙམ་གནང་ཡང༌། ཆུང་ས་ནས་བོད་ཀྱི་དགེ་སློང་བླ་གོས་དམར་སེར་གྱིས་སྤུད་པ་ཞིག་རྒྱའི་རྒྱལ་བློན་དང་བཙུན་མོ། དམག་དཔུང་དང་གཡོག་འཁོར་གྱི་དབུས་སུ་ཞུགས་ནས། མེ་ཏོག་ཡོངས་འཛིན་གྱི་གསོལ་ཇ་དང༌། འབུ་སྲིན་དང་སྤྲེའུ་ཀླད་ཀྱི་ཞལ་ཟས། རྒྱ་མོ་ན་ཆུང་མའི་བྲོ་གར་ལ་རོལ་རྒྱུ་འོས་བབ་ཡེ་ནས་མེད་ཁར། དེ་སྔོན་ནས་རྒྱ་སོག་གི་རྒྱལ་བོ་ཚོས་བོད་ཀྱི་བླ་མ་བསླུ་འགུག་གིས་བོད་ཁམས་ཟ་ཧམ་གྱི་དམིགས་ཡུལ་ཡོད་པ་མཁྱེན་ནས་རྒྱ་ཡུལ་དུ་ཕེབས་རྒྱུ་ཞལ་བཞེས་གནང་མེད། འདིའི་སྐོར༼གསེར་ཡིག་པ་ཏཱ་ཞིང་བཞིས་མགོ་བྱས་བརྒྱ་ཕྲག་མང་བོ་མངགས་བྱུང་བ་ལ། དང་བོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་བར་བཞུགས་ཏེ། གསེར་ཡིག་པ་རྣམས་ལ་མཇལ་དུ་མ་གནང༌། རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་པས་གཙོ་མཛད། དཔོན་ནམ་མཁའ་བཟང་བོ་དང་བཅས་པ་ངོ་ཆེན་ལ་སྦྲན་ནས། གསེར་ཡིག་པ་མཆི་མ་བྱུང་ཞིང༌། ཞུ་བ་ནན་གྱིས་ཕུལ་བས་སེ་རར་ཕེབས། མཇལ་ཁ་གནང༌། འབུལ་བ་རྣམས་བཞེས། རྒྱ་ཡུལ་དུ་འབྱོན་པ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་རྒྱུ་མཚན་དང་བཅས་པའི་ཞལ་ཏ་ནན་ཅན་ཞིབ་པར་བྱོན་ནས། སྤྱན་མ་དྲོངས་པར་གསེར་ཡིག་པ་རྣམས་ཕྱིར་ལ་ཐེགས།༽ཞེས་གསལ་ཞིང༌། སྲིད་དོན་རྒྱལ་རབས་སུའང༼རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་རྒྱའི་ཕོ་བྲང་དུ་གདན་ཞུའི་མི་སྣ་གསེར་ཡིག་པ་སྔ་རྗེས་བཏང་ཡང༌། རྗེ་རིན་པོ་ཆེ་དབེན་པ་ཁོ་ན་ལས་བསྙེན་བཀུར་སྙན་གྲགས་ལ་མི་དགྱེས་ཤིང༌། ལྷག་པར་ཆེན་ངོ་འཛིན་མཛད་རྒྱུར་གཏིང་ནས་མི་དགྱེས་པས་ཐོག་མར་མི་སྣ་རྣམས་ལ་མཇལ་ཁ་མ་གནང་ཡང༌།༽ཞེས་གསལ་བའི་དཔེ་མཚོན་འདིའི་ཐོག་ནས་གསལ་བོར་མཐོང་ཐུབ་པ་ནི། སྐབས་དེ་དག་ཏུ་བོད་ལ་རྒྱས་ནུས་ཤུགས་ཅི་ཙམ་ཐེབས་ཀྱིན་ཡོད་མེད་དེ་ཡིན། གལ་སྲིད་དེ་སྐབས་བོད་ལ་རྒྱས་སྟངས་འཛིན་བྱེད་ཀྱིན་ཡོད་ན། རྒྱ་ནག་མིང་རྒྱལ་བློན་དམག་དཔུང་དང་བཅས་པས་བོད་ཀྱི་བླ་རྒན་ཞིག་ལ་བཀའ་རྒྱ་གཏོང་མི་ཐུབ་པ་ག་ལ་སྲིད་སྙམ་མོ།།
མཐའ་དོན་གདན་ཞུ་བ་ཐའི་ཀྱེན་དང་ཧོའུ་ཁྱེན་སོགས་ཀྱིས་རྗེ་བླ་མ་ཉིད་མ་ཕེབས་ཀྱང་ཆོས་གསུང་མཁན་གྱི་བླ་མ་གཞན་ཞིག་མངག་གཏོང་གནང་བའི་རེ་བ་ཡང་ཡང་ཞུས་པས། སྤྱིར་རྗེ་བླ་མ་འདི་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་མངའ་སྟབས། སེམས་ཅན་གྱི་དོན་ཕྲ་མོ་ཙམ་ཡང་ཁྱད་དུ་མི་གསོད་པས་ན་རང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ཡུལ་དུ་ཆོས་གསུང་མཁན་ལ་མངག་གཏོང་གནང་བ་ཡིན། རྒྱུ་མཚན་འདིའི་ཐོག་ནས་ཤར་ཙོང་ཁ་བ་ཆེན་པོའི་སྲིད་དོན་གྱི་གཟིགས་རྒྱང་ཅི་ཙམ་རིང་མིན་ཤེས་ཐུབ་ཅིང༌། སྐབས་དེར་ཁོང་གིས་རྒྱའི་གོང་མ་ལ་གནང་བའི་ཡི་གེ་དེར་བལྟས་པས་ཀྱང་ཆོས་ཕྱོགས་ཀྱི་བསམ་འདུན་གཅིག་པུ་ལ་ཞལ་འཕང་མཛད་པ་ལས་སྲིད་དོན་གྱི་མདོ་ཅི་ཡང་ཤོར་དུ་བཅུག་མེད་པ་ཤིན་ཏུ་གསལ་བ་ཡིན་ནོ།།
༼རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད༽ཅེས་པ་དེ་མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དང་པོ་༼ལོ་རྒྱུས་སྤྱིའི་གཞུང་ཤིང༽་ཞེས་པའི་དེབ་ཀྱི་ཤོག་ངོས་ ༤༦༨ ནས་ ༥༠༣ བར་གསལ་བ་མཚམས་སྦྱོར།
༣
གསོན་ཤུགས་ལྡན་པའི་རྗེ་ཙོང་ཁ་བའི་བསྟན་པ།
གཅིག དབུས་གཙང་དུ་རྗེ་དང་ཁོང་གི་དངོས་སློབ་བུ་ཆེན་དག་གིས་བཏབ་པའི་དགོན་སྡེ་ཁག
༼ལེ་ཚན་འདིའི་ནང་དུ། མདོ་སྨད་ཕྱོགས་སུ་དགོན་སྡེ་ ༥༨ ཡོད་པ་དང༌། ཁམས་ཕྱོགས་སུ་དགོན་སྡེ་ ༢༦ དང༌། རྗེ་ཙོང་ཁ་བའི་དངོས་སློབ་མདོ་སྨད་ཀྱི་སྐྱེས་ཆེན་ལྔ་ལྷག་ཅིག་གི་མཚན་བཅས་འདུག་པ་འདིར་ཡིག་འཇུག་བྱས་མེད༽
རྗེ་ཙོང་ཁ་བའི་ལྟ་གྲུབ་ཀྱིས་བོད་ཡོངས་ལ་བཞག་པའི་ཤུགས་རྐྱེན།
སྤྱིར་བཏང་རྗེ་ཙོང་ཁ་བས་ཆོས་ཀྱི་གསན་བསམ་མཐར་ཕྱིན་ནས་མཛད་འཕྲིན་རྒྱས་ས་དབུས་གཙང་རང་ཡིན་སྟབས་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དབུས་གཙང་མངའ་རིས་དྭགས་ཀོང་དང་བཅས་པ་ནས་བྱོན་པའི་རྗེའི་དངོས་སློབ་སྐྱེས་ཆེན་ཆེས་ཤིན་ཏུ་མང་བ་དང༌། ས་བབ་སྟབས་འབྲེལ་གྱི་དབང་གིས་གུང་རི་རྒྱལ་མཚན་བཟང་བོ་དང༌། འདན་མ་བ་ཡོན་ཏན་དཔལ་སོགས་མདོ་སྟོད་པའང་མང་བོ་བྱོན་པ་དང་བསྡུར་ན། དབུས་གཙང་དང་ས་ཁད་ཧ་ཅང་འགྱང་ཞིང༌། དབུས་གཙང་དུ་འགྲོ་བ་ལ་ཟླ་ངོ་མང་བོའི་རིང་རྐང་འགྲོས་རྒྱག་དགོས་པར་མ་ཟད། གཅན་གཟན་གཏུམ་པོ་དང༌། རྐུན་ཇག རྨ་ཆུ་དང་འབྲི་ཆུ་སོགས་ཆུ་ཀླུང་ཤིན་ཏུ་ཆེན་པོ་མང་དག་ཅིག་ཀྱང་གཅོད་དགོས་པས་འགྲིམས་འགྲུལ་གྱི་དཀའ་ངལ་འོག དབུས་གཙང་དུ་འབྱོར་བའི་མདོ་སྨད་པ་རང་བཞིན་གྱིས་ཉུངས་སྟབས། རྗེའི་དངོས་སློབ་ཏུ་གྱུར་པའི་མདོ་སྨད་པ་དེ་ཙམ་མང་བོ་བྱུང་མ་ཐུབ་པ་གསལ་བོ་ཡིན་མོད། ང་ཚོས་ལོ་རྒྱུས་ལ་གདེང་འཇོག་བྱེད་སྐབས་ངེས་དགོས་པའི་དོན་གནད་འགངས་ཆེན་ཞིག་ཡོད་པ་ནི། རྗེ་ཙོང་ཁ་བའི་བསྟན་པ་འཇིག་རྟེན་དུ་བྱུང་བ་དེས། བོད་ཁྱོན་ཡོངས་ལ་ལོ་རྒྱུས་རང་བཞིན་གྱི་ཤུགས་རྐྱེན་དང་སྒུལ་ཤུགས་ཇི་ཙམ་ཐེབས་ཡོད་མེད་བརྟག་རྒྱུ་འདི་ཡིན་པར་སྣང༌།
རྗེ་ཙོང་ཁ་བ་དང་སྐུ་ཐོག་ཕལ་ཆེར་མཉམ་པའི་དབུས་གཙང་ཕྱོགས་ཡོངས་ཀྱི་གྲུབ་མཐའ་འཛིན་པའི་སྐྱེས་ཆེན་འགའ་རེ་དཔེ་མཚོན་དུ་དྲངས་ན། རྗེའི་དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང༌། རྒྱལ་ཚབ་དར་མ་རིན་ཆེན། རྗེའི་བླ་སློབ་གཉིས་ཀར་གྱུར་པ་རྗེ་བཙུན་རེད་མདའ་བ་ཆེན་པོ། རྗེ་བཙུན་མཁྱེན་རབ་དབང་ཕྱུག་གམ་སྨར་ཁམས་པ་གྲགས་པ་བཟང་བོ་སོགས་ས་ལུགས་འཛིན་པའི་སྐྱེས་ཆེན་གསེར་གྱི་རི་རབ་ལྟ་བུ་དེ་དག་དང༌། འབྲི་གུང་རིན་པོ་ཆེ་དོན་གྲུབ་རྒྱལ་བོ་དང༌། འབྲི་གུང་ཆོས་སྒོ་བ་བཀྲ་ཤིས་རིན་ཆེན། ཕག་གྲུ་སྤྱ་སྔ་བསོད་ནམས་གྲགས་པ། ཕག་གྲུ་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ༼འགོས་ལོ་ཙ་བ་གཞོན་ནུ་དཔལ་བ།༽ འདུལ་འཛིན་ཆོས་རྗེ་ངག་གི་དབང་བོ་སོགས་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པ་སོགས་མདོར་ན། ས་རྙིང་ཀར་འབྲུག ཇོ་ནང༌། བོ་དོང་བ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་གྲུབ་ཚད་ལྡན་ཀུན་ཀྱང་གང་གི་གསང་བ་གསུམ་གྱི་རྣམ་ཐར་ལ་སྙིང་ནས་དད་པ་འཁྲུངས་པས། ཞེས་གསུངས་པ་ལྟར། སྐབས་དེའི་དབུས་གཙང་ཡོངས་རྫོགས་ཧྲིལ་གྱིས་བཟུང་བའི་ས་སྐྱ་བ་དང་བཀའ་བརྒྱུད་པ། རྙིང་མ་བ། ཇོ་ནང་བ། བོ་དོང་བ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབཀྱི་སྐྱེས་ཆེན་དེ་དག་ཕལ་ཆེར་གྱིས་རྗེ་འདི་བའི་ཞབས་ལ་གཏུགས་ནས་གཞུང་ལུགས་གསན་པ་སྟེ། རང་རང་ཐར་བའི་གོ་འཕང་དུ་བགྲོད་བྱེད་ལ་ཡིད་ཆེས་བྱེད་པའི་སྔར་ཡོད་ཀྱི་གྲུབ་མཐའི་ལམ་པོ་ཆེ་དེ་དག་གཏན་དུ་བསྐྱུར་བའམ། དེས་མ་ཚིམས་པར་གསར་དུ་བྱུང་མ་ཐག་པའི་དགེ་ལུགས་པའི་གྲུབ་མཐའ་ངོས་ལེན་ཉམས་བཞེས་གནང་བ་དེས་ཅི་ཞིག་མཚོན་གྱིན་ཡོད་དམ་ཞེ་ན། རྗེ་ཙོང་ཁ་བའི་ཆོས་ལུགས་འདིས་གྲུབ་མཐའ་དང་སྐྱ་སེར་མཐོ་དམན་གྱི་དབྱེ་བ་མེད་པར་དབུས་གཙང་མངའ་རིས་དྭགས་ཀོང་དང་བཅས་པ་བསམ་བློའི་སྟོབས་ཤུགས་གསར་བ་ཞིག་གིས་ཧྲིལ་གྱིས་ཁ་ལོ་བསྒྱུར་བ་དེ་མཚོན་ཐུབ་པ་ཡིན།
ལྷག་པར་དུ་གཤམ་གསལ་བ་ལྟར་རྗེ་རང་ཉིད་དང་རྗེའི་དངོས་སློབ་ཁོ་ནས་ཕྱག་འདེབས་མཛད་པའི་དགོན་སྡེ་ ༩༠ རྩ་གྲངས་ཤིག་བོད་ཁྱོན་ཡོངས་ལ་ཁྱབ་པ་དེ་དོན་དག་ཆུང་ཞིག་མ་ཡིན་པར། རྗེ་ཀརྨ་བ་མི་བསྐྱོད་རྡོ་རྗེས། ཁྱོད་ཀྱིས་ལོ་ཤས་ཅུང་ཟད་ཙམ་ཞིག་ལ།།རྒྱ་ནག་ནས་བཟུང་རྒྱ་གར་ཁ་ཆེའི་བར།། ངུར་སྨྲིག་འཆང་བས་ཁྱབ་མཛད་ཙོང་ཁ་བ།། རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།། ཞེས་དངོས་ཡོད་གནས་ཚུལ་ལ་ཧ་ལས་ཏེ་བསྔགས་བརྗོད་གནང་བ་ལྟར། དུས་ཡུན་ཧ་ཅང་ཐུང་ངུ་དེ་ལྟ་བུ་ཞིག་གི་ནང༌། སྨད་རྒྱ་ནག་ནས་སྟོད་ལ་དྭགས་ཀྱི་བར་རི་བོ་དགེ་ལུགས་པའི་དགོན་སྡེས་མ་ཁྱབ་པ་མེད་པར་བྱས་པ་འདི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ཏེ། དེང་སང་དམག་ཤུགས་དང་ཁྲིམས་ལུགས་བཙན་པོ་ཟུང་འབྲེལ་གྱིས་འཛུགས་སྐྲུན་ཤུགས་ཆེན་བྱས་ཀྱང་འགྲན་མི་ཐུབ་པའི་ཚོད་དུ་སྣང་ལ། དེ་དག་བཟོ་སྐྲུན་བྱེད་པོ་དག་གི་རྒྱབ་ལོགས་ན་སྐུལ་གསོད་གཅོད་འདེད་མེད་པར་དང་བླང་ཤུགས་ཆེ་བ་དང༌། ཁང་བ་སྟོང་བ་ཙམ་ཞིག་བསླངས་པའང་མ་ཡིན་པར་སྐུ་གསུང་ཐུགས་སོགས་ནང་རྟེན་ཧ་ཅང་འབོར་ཆེན་མཉམ་བཞེངས་བྱེད་དགོས་པ་དང༌། ད་དུང་འདི་ལ་ཁྱད་ཆོས་གལ་ཆེན་གཞན་ཞིག་ཡོད་པ་ནི། ལྷ་ཁང་བརྩིག་རྒྱུ་དེ་མ་ཡིན་པར། བརྩིགས་ཟིན་པའི་ལྷ་ཁང་དེ་དག་ཏུ་དགེ་འདུན་པ་མ་བསྡུས་རང་ཤུགས་ཀྱིས་འདུས་པ་དང༌། ལྷ་ཁང་བརྩིག་མཁན་མི་དམངས་ཀྱི་བསམ་བློ་ཧྲིལ་གྱིས་བཀུག་ཐུབ་པ་དེ་ཡིན།
ང་ཚོས་ཕྱོགས་དུ་མ་ནས་བལྟས་ཚེ་རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་བྱས་པའི་དབྱེ་མཚམས་གསལ་བོ་ཞིག་ནི། སྔར་བོད་ཀྱི་ལུང་ཕྲན་ཁག་ན་ལུགས་སྲོལ་དང་མན་ངག་ཆིག་བརྒྱུད་ཤུགས་ཆེན་གནང་བཞིན་པ་དེ། གཞུང་ལུགས་ཅན་དང་ལྟ་གྲུབ་ཅན་དུ་བསྒྱུར་བ་དང༌། དག་སྣང་གྲུབ་སྤྱོད་ཀྱིས་གུ་ཡངས་བག་མེད་ཤས་ཆེར་སྤྱོད་པའི་ཁྱིམ་ཐབ་རིང་ལུགས་ཀྱི་སྤྱོད་ལམ་དེ། འདུལ་ཁྲིམས་རིང་ལུགས་ཅན་དུ་བསྒྱུར་བ་འདི་ཡིན་ལ། འདིས་ཡུལ་དབུས་ཙམ་མ་ཡིན་པར་བོད་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་དེས་བོད་ཀྱི་ལོ་རྒྱུས་ཐོག་གི་མཁས་གྲུབ་ཧ་ཅང་མང་བོ་བསྐྱེད་བསྲིང་བྱེད་པའི་མཐུན་རྐྱེན་བླ་ལྷག་ཏུ་བསྐྲུན་པར་མ་ཟད། གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་འཇིག་རྟེན་དུ་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བསགས་པ་ཞིག་ཀྱང་ཡིན།
གོང་དུ་བཀོད་པ་དེ་དག་ལྟ་ཤེས་མཁན་ཞིག་གིས་བལྟས་ན་བརྗོད་གཞི་ཧ་ཅང་རྒྱ་ཆེན་པོ་ཡིན་པས། ཤོག་ངོས་གཉིས་གསུམ་ཙམ་སྤྱད་པས་ཡོང་བ་ཞིག་མ་ཡིན་པར་ཆེད་ལས་ཉམས་ཞིབ་པ་ཞིག་གིས་ཞིབ་ཅིང་ཕྲ་བའི་ལུགས་སུ་དབྱེ་སྟེ། བོད་ཀྱི་ལོ་རྒྱུས་དང༌། ཆབ་སྲིད། དམག་དོན། དཔལ་འབྱོར། རིག་གནས། མི་དམངས་ཀྱི་བསམ་པའི་ཁྱེར་སོ་ཚུན་ཆད་ལ་འགྱུར་བ་དང་ཤུགས་རྐྱེན་ཅི་འདྲ་ཐེབས་ཡོད་མེད་ཀྱི་ཚད་གཞལ་ཐུབ་ཚེ། གོ་བ་ཅན་ལ་གོ་རྒྱུ་ཡོད་པའི་ལེ་ཚན་ཧ་ལས་པ་སྐོར་ཞིག་འབྱུང་རྒྱུ་གདོན་མི་ཟ་ཡང༌། ཁོ་བོར་ནི་དེང་རབས་ཕྱི་གླིང་ལོ་རྒྱུས་ཚད་ལྡན་སྨྲ་མཁན་དེ་དག་ལ་མངའ་བའི་སྤྱི་ཚོགས་དབྱེ་ཞིབ་ཕྲ་མོ་འབྱེད་པའི་སྤྱང་གྲུང་མ་འཛོམས་ཤིང༌། གནའ་ལུགས་རྐྱང་འདེད་ཁོ་ན་གཉེར་པའི་སྲོག་མེད་ཀྱི་ལོ་རྒྱུས་དེ་འདྲས་ཀྱང་མ་ཚིམས་པས་རང་བློར་འཆར་ཚུལ་ཅུང་ཟད་ཅིག་སྤྲོས་ན།
གཅིག རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་གྲུབ་མཐའ་གསར་བ་སྤེལ་བ་དེས་བོད་ཀྱི་ཡུལ་ཁམས་ཕལ་མོ་ཆེར་རང་བཞིན་གྱིས་གྲུབ་མཐའ་གཅིག་མཐུན་བྱུང་བ།
གཉིས། བོད་མི་མང་ཤོས་ཀྱི་ཆོས་ལུགས་གྲུབ་མཐའ་གཅིག་གྱུར་བྱུང་བ་དེས་མི་དམངས་ཀྱི་བསམ་བློ་གཅིག་གྱུར་བྱུང་བ།
གསུམ། མི་དམངས་ཀྱི་བསམ་བློ་གཅིག་གྱུར་བྱུང་བ་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཧྲིལ་བོར་གཅིག་གྱུར་གྱི་རྨང་གཞི་བསྐྲུན་པ།
བཞི། དགེ་ལུགས་ཀྱི་དགོན་སྡེ་ཁག་གི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ཅན་དང༌། སྒྲིག་གཞི་ཅན། འདུལ་ཁྲིམས་དམ་པོ་ཅན། ཆོས་བྱེད་ཕྱོགས་སྤྱི་ཡོངས་ནས་གཞུང་ལུགས་ཅན། སྐྱ་སེར་བར་ཁྱད་གསལ་བོ་ཅན་བཅས་ཆོས་བྱེད་དགེ་འདུན་པའི་སྤུས་ཀ་གོང་མཐོར་བཏང་བ་བཅས་ཀྱིས། མི་དམངས་ཀྱིས་རང་རང་གི་དད་ཡུལ་ལ་ཡིད་ཆེས་ལྷག་པོ་བྱུང་ནས་རྒྱབ་སྐྱོར་ཐོབ་པ་བཅས་ཡིན་པར་སྙམ།
རྗེ་ཙོང་ཁ་བས་དགེ་འདུན་པ་རྣམས་ཀྱིས་ཆོས་སྤྱོད་སྦྱོང་སྟངས་དང༌། སྦྱངས་དོན་ཉམས་ལེན་ལ་སྦྱར་སྟངས་སོགས་ཁྱོན་ཡོངས་ནས་གཞུང་ལུགས་ཅན་དུ་བསྒྱུར་བ་དེས། རྒྱལ་ཚབ་མཁས་གྲུབ་རྣམ་གཉིས་དང༌། རྗེ་དགེ་འདུན་གྲུབ་པ་སོགས་གཞུང་ལུགས་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་བྲལ་བའི་སྐྱེས་ཆེན་མང་བོ་བྱུང་ནས། མདོ་སྔགས་གཉིས་དང༌། ཐུན་མོང་རིག་གནས་སོགས་བསྟན་བཅོས་སྤུས་ཚད་ལྡན་པ་འབོར་ཆེན་ལྗགས་རྩོམ་གནང་ཡོད།
འོ་ན་དེའི་ཡར་སྔོན་དུ་བོད་ལ་བསྟན་བཅོས་སྤུས་ཚད་ཅན་བྱུང་མེད་དམ་ཞེ་ན་ལོས་ཀྱང་ཡོད་དེ། རྔོག་ལོ་ཡབ་སྲས་དང༌། ས་པཎ་ཡབ་སྲས། ཀུན་མཁྱེན་བུ་སོགས་རིག་པའི་གནས་དུ་མ་ལ་རྩོད་མེད་ཀྱི་མཁས་གྲུབ་མང་བོ་བྱུང་ཡོད་ཅིང༌། ཁོང་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཡ་མཚན་པ་མང་བོ་བྱུང་ཡང༌། རྗེ་ཙོང་ཁ་བ་ཡབ་སྲས་ཀྱིས་མཛད་པའི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མ་ཚང་བ་མེད་པ་འདི་འདྲ་ནི་མ་བྱུང་བ་ཧ་ཅང་གསལ་བོ་ཡིན།
རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་མཚན་ཉིད་དང་སྔགས་ཕྱོགས་ཀྱི་བརྩམས་ཆོས་གཅིག་པུ་མ་ཡིན་པར། རྗེ་རང་གིས་མཛད་པའི་བསྟོད་ཆེན་བཞི་དང༌། སྤྱན་སྔ་གྲགས་པ་རྒྱལ་མཚན་གྱི་རྟོགས་བརྗོད་སྙན་ངག་ལྷུན་པོ་དང༌། རྟག་ཏུ་ངུའི་རྟོགས་བརྗོད་སོགས་མ་ཟད། གསུང་ཐོར་བུར་གསལ་བའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་སོགས་སྙན་ངག་ཕུན་སུམ་ཚོགས་པའི་ལམ་ནས་བརྩམས་པའི་བརྩམས་ཆོས་མང་བོ་དང༌། གཤིན་རྗེའི་བསྟོད་པ་རྐྱང་སྐུམ་མར་གྲགས་པ་སོགས་རྩོམ་རྩལ་ཤིན་ཏུ་ངོ་མཚར་བའི་བསྟན་བཅོས་མང་བོ་ལྗགས་རྩོམ་གནང་བའི་སྤྱན་ལྟོས་ལྟ་བུས། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྗེའི་བསྟོད་པ་ས་གསུམ་མར་གྲགས་པ་དང༌། རྒྱལ་ཚབ་ཆོས་རྗེ་ལ་བསྟོད་པ་དཔལ་ལྡན་ཡོན་ཚོགས་མ་སོགས་མ་ཟད། རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་སོགས་སྔ་རབས་མཁས་པས་དཔེ་མཚོན་དུ་བྱེད་པའི་སྙན་ངག་གི་རོ་ཉམས་ཟད་དུ་མེད་པ་དང༌། ཞང་ཞུང་བ་ཆོས་དབང་གྲགས་པའི་ར་མ་ཎའི་རྟོགས་བརྗོད་ལས་བརྩམས་པའི་སྙན་ངག་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས། རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་ལེགས་བྲིས་མར་གྲགས་པ་དང༌། རྗེ་ཙོང་ཁ་བ་དྲན་པའི་མགུར་དབྱངས་ཤར་གངས་རི་མ་སོགས་གྲུབ་མཐའ་གསར་བ་འདི་འཛིན་མཁན་ཡབ་སྲས་རྣམས་ཀྱིས་བརྩམས་ཆོས་རླབས་ཆེན་ཤིན་ཏུ་མང་བོ་མཛད་པ་ལ་བརྟེན་ནས། བོད་གངས་ཅན་གྱི་ལྗོངས་སུ་ཆོས་རིག་དབྱར་མཚོ་ལྟར་འཕེལ་རྒྱས་སུ་སོང་བ་ཡིན་ལ། གོང་སྨོས་བསྟན་བཅོས་དེ་དག་གི་བརྗོད་བྱ་ཟབ་བརླིང་ལྡན་པ་གཅིག་པུའང་མ་ཡིན་པར་ཡིག་སྤུས་ཆེས་ཤིན་ཏུ་དག་ཅིང༌། རྗེ་ཙོང་ཁ་བའི་སྐབས་ཙམ་ནས་བོད་དུ་ཤིང་དཔར་གྱི་ལག་རྩལ་ཡང་དར་ཁྱབ་བྱུང་ནས་མཁས་པའི་བརྩམས་ཆོས་ཁག་ཤིང་དཔར་དུ་བཏབ་པ་དེས། བོད་ཀྱི་རིག་གཞུང་དང་དེའི་རྒྱུན་ཐག་ཡི་གེ་ལ་ཆད་ལྷག་གི་སྐྱོན་མི་འབྱུང་བར་བརྟན་པོར་གནས་པ་དང༌། དཔེ་རྒྱུན་འབོར་ཆེན་སྤེལ་བ་ལ་དཀའ་ངལ་ཆུང་བ་སོགས་རིག་གནས་ཀྱི་ཕྱོགས་སྒོར་མོ་ནས་ཡར་རྒྱས་ཀྱི་ལམ་དུ་སྐྱོད་པ་དེ་དངོས་ཡོད་ཀྱི་ལོ་རྒྱུས་རང་ཡིན།
ད་དུང་རྗེ་ཙོང་ཁ་བ་ཡབ་སྲས་ཀྱིས་བྱས་རྗེས་གལ་ཆེན་ཞིག་བཞག་པ་ནི། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་བོད་ཀྱི་ལོ་རྒྱུས་ཚབ་མཚོན་གྱི་དགོན་སྡེ་ཚད་ལྡན་དེ་དག་འཛུགས་སྐྲུན་བྱས་པ་འདི་ཡིན་ཏེ། དེའི་ཡར་སྔོན་བོད་དུ་གངས་ཅན་རིག་པའི་འབྱུང་གནས་སུ་གྲགས་པའི་གསང་ཕུ་དང་སྙེ་ཐང་བདེ་བ་ཅན་སོགས་སློབ་གཉེར་བྱེད་སའི་ཆོས་སྡེ་མང་ཙམ་ཡོད་ཀྱང༌། བོད་ཁྱོན་ཡོངས་ཀྱིས་གཅིག་མཐུན་དུ་ཁས་ལེན་བྱེད་པའི་དགོན་སྡེ་འདི་འདྲ་མ་བྱུང་བས་དགོན་སྡེ་ཁག་ཐོར་སིལ་གྱི་རྣམ་པར་ཡོད་སྟབས། མདོ་སྟོད་སྨད་དང༌། མངའ་རིས་དྭགས་ཀོང་སོགས་བོད་ཀྱི་ཡུལ་མཐའི་གྲྭ་བཙུན་ཁ་ཐོར་ཉུང་ཤས་ཤིག་ལས། གྲྭ་བཙུན་འབོར་ཧ་ཅང་ཆེན་པོ་དབུས་གཙང་དུ་འཛོམས་ནས་སློབ་གཉེར་བྱས་པའི་ལོ་རྒྱུས་མེད་ཀྱང༌། གོང་དུ་སྨོས་པའི་གདན་ས་ཆེན་པོ་དེ་དག་ཚུགས་ཕྱིན་ནས་ཕྱོགས་མཐའི་སློབ་གཉེར་བ་ཅི་ཙམ་དབུས་སུ་བྱོན་ཡོད་མེད་དང༌། དེ་དག་གི་ནང་ནས་དགའ་ལྡན་ཁྲི་བར་བྱོན་པ་སོགས་གཞུང་ལུགས་སྨྲ་བའི་སྐྱེས་བུ་ཅི་ཙམ་ཞིག་བསྐྱེད་བསྲིང་བྱས་ཡོད་པ་ལོ་རྒྱུས་ཡིག་ཚང་ལ་བལྟས་ན་ཧ་ཅང་གསལ་བོ་ཡིན།
ད་དུང་རྗེ་ཙོང་ཁ་བ་སྐུ་དངོས་ཀྱིས་དགའ་ལྡན་དུ་ཀླུ་འབུམ་ཁམས་ཚན་བཙུགས་ནས། བོད་ཀྱི་ལོ་རྒྱུས་ཐོག་གི་ཁམས་ཚན་ལམ་ལུགས་གསར་བཏོད་གནང་བ་དེས། ཕྱོགས་གཅིག་ནས་བོད་མཐའ་དབུས་ཀྱི་སློབ་གཉེར་བ་རྣམས་སྡོད་གནས་མགོ་འདྲེན་སོགས་སྟབས་བདེར་གྱུར་ཅིང༌། ཕྱོགས་གཞན་ཞིག་ནས་བོད་ཁྱོན་ཡོངས་ཀྱི་མི་དམངས་ཀྱིས་དབུས་ཀྱི་གདན་ས་ཁག་ལ་སེམས་ཐག་ཉེ་བོ་དང༌། བརྩི་སྲུང་མཐུན་རྐྱེན་སྒྲུབ་པའི་ཐབས་ལམ་ཞིག་སྟེ་འདི་ལ་སྲིད་དོན་གྱི་ནུས་པའང་ཐོན་བཞིན་ཡོད་པ་དེ་ཡིན།
མདོར་བསྡུས་ནས་བཤད་ན། རྗེ་ཙོང་ཁ་བ་མེད་ན་བོད་ཀྱི་ཚབ་མཚོན་ཆོས་རྒྱུད་གྲུབ་མཐའ་ཆེ་ཤོས་རི་བོ་དགེལུགས་པ་མེད་ཅིང༌། རི་བོ་དགེ་ལུགས་པ་མེད་པ་ཡིན་ན། རང་ཅག་གི་གཞུང་ས་དགའ་ལྡན་ཕོ་བྲང་བ་འདི་ཡང་ཡོད་མི་སྲིད་པ་དེ་ཡིན།
བོད་ཁམས་སིལ་བུར་ཐོར་བའི་རྗེས་ནས་ཆོས་ལུགས་གྲུབ་མཐའ་ཁག་གིས་བོད་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། ས་སྐྱ་བ་སྤྱི་ལོ་༡༢༥༣།༡༣༤༩ལོ་ངོ་ ༩༦། སྡེ་སྲིད་ཕག་མོ་གྲུ་བ་སྤྱི་ལོ་༡༣༥༤།༡༥༠༤ ལོ་ངོ་ ༡༥༠། གཙང་བ་སྡེ་སྲིད་སྤྱི་ལོ་༡༦༡༨།༡༦༤༢ བར་ལོ་ངོ་ ༢༤། གཞུང་ས་དགའ་ལྡན་ཕོ་བྲང་བས་སྤྱི་ལོ་༡༦༤༢།༢༠༠༣བར་ལོ་ངོ་ ༣༦༡ སོང་ཞིང༌། ད་དུང་མུ་མཐུད་ནས་སྲིད་དབང་འདིའི་འཁོར་རྒྱུན་གནས་བཞིན་པའི་ཐོག་ནས་བསམ་བློ་བཏང་ཚེ། ཆོས་རྒྱུད་གྲུབ་མཐའ་ཁག་གིས་བོད་ལ་དབང་སྒྱུར་བྱས་པའི་ལོ་གྲངས་རིང་ཤོས་དང་བརྟན་ཤོས་ཤིག་བྱུང་བ་ནི། རྗེ་ཙོང་ཁ་བས་གསར་བཏོད་བྱས་པའི་དགེ་ལུགས་པ་གཙོ་བོར་གྱུར་པའི་གཞུང་འདི་ཉིད་ལས་གཞན་མ་བྱུང་ཁར། རྗེ་ཙོང་ཁ་བའི་གྲུབ་མཐའ་གསར་བཏོད་བྱས་པ་ནས་ད་ལྟ་བར་འདིའི་ཁ་གཏད་དུ་ལངས་ནས་ཕམ་ཉེས་བྱེད་པའི་གྲུབ་མཐའི་སྟོབས་ཤུགས་གཞན་གཅིག་ཀྱང་བྱུང་མྱོང་མེད་ལ། འདི་དང་འབྲེལ་བའི་སྲིད་དབང་འདིའི་ཁ་གཏད་དུ་ལངས་ནས། སྲིད་དབང་འདིའི་འཁོར་རྒྱུན་གཏོར་ནུས་པའི་ནང་ཁུལ་གྱི་སྲིད་དོན་སྟོབས་ཤུགས་གཞན་གང་ཡང་བྱུང་མ་ཐུབ་པ་འདི་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཏེ་བསམས་ན། རྗེའི་བསྟན་པ་འདིས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་ཅི་ཙམ་བསྐྲུན་ཡོད་པ་ཤེས་ཐུབ་པ་ཡིན་ནོ།།
ངའི་རེ་བ་ལ་ཧོར་འཇིགས་ལ་དགག་པ་རྒྱག་རྒྱུ་དེ་ཧ་ལས་པ་ཞིག་མིན་ཀྱང་། གང་ཟག་སུ་ཡིན་ཀྱང་རང་ཉིད་ཤེས་ཡོན་པ་ཞིག་ཡིན་པའི་བདེན་དོན་གྱི་རྒྱ་ལས་མ་བརྒལ་བ་འདི་རྩ་བའི་དམ་ཚིག་ཡིན་སྙམ།
ཧོར་འཇིགས་ཟེར་ནི་རེད། ཧོར་འཇུག་མ་རེད་ལ། ཧོར་མཇུག་ཀྱང་མ་རེད། ཁྱོད་ཚོས་ཧོར་འཇིགས་ཀྱི་མིང་གི་དག་ཆ་ཙམ་ཡང་ཤེས་ཀྱི་མེད་ན། ཧོར་འཇིགས་དགག་ཐུབ་ཀྱི་མ་རེད་པ།
སེངྒེ་རལ་བ་ཅན་གྱིས་གསུངས་པ་ཚོ་བདེན་པ་རེད། གང་ཟག་མི་གཙོ་ཆོས་གཙོ་ཡང་། རྩོམ་ཆོས་འུག་པའི་རྫུན་དྲུག་ལྟ་བུའི་དེབ་དེ་ཆ་ཚང་བལྟས་ཟིན་ཀྱང། དངོས་ནས་ཧ་ལས་དགོས་པ་ཞིག་ལ་དམ་པའི་གསུང་ལ་བཅོས་བསྒྱུར། དམན་པའི་ཚིག་གིས་ཁ་སྣོན། ཆགས་སྡང་ཁོ་ན་བཤད་གདའ། ངོ་ཚ་རྒྱུ་མེད་པའི་ཧོར་འཇུག་འདི་ནི་རང་ཡུལ་ནས་རང་ས་མ་ཟིན་པར་རྒྱ་གར་བོད་ཀྱི་རྒྱལ་ས་གཉིས་པ་དྷ་སྰ་ལ་ཡོང་ནས། ཡང་བསྐྱར་སྤྲེལ་ལད་ཆེན་པོ་ཞིག་འཁྲབ་རྒྱུའི་མགོ་བཙུགས། མི་མང་པོས་བཤད་ན་ཧོར་འཇུག་ཟེར་བ་འདི་མི་མངོན་པའི་དཀྲུགས་ཤིང་སློང་མཁན་གྱི་གདོན་འདྲེ་ལྟ་བུ། ཆགས་པ་མཚན་མའི་རབ་དབྱེ། སྡང་བ་གྲུབ་མཐའི་དཀྲུགས་ཤིང། རྨོངས་པ་རང་མགོ་བོད་པ་རང་གིས་གཡོག་ནས་མཐོན་པོ་ལ་སྤྲེལ་ལད་འཁྲབ་མཁན་གྱི་ཁྱི་ཕྲུག་ངོ་མེད་ལྟ་བུ། མཐོ་༧གོང་ས་དང་དམའ་ཁོ་རང་གི་ཆུང་མ་ཡན་ཆོད་ལ་མགོ་སྐོར་གཏོང་ནས་སྐུ་སྒེར་དངུལ་ལ་ཕོངས་མེད་བྱས། རྩོམ་རྐུ་དང་རྫུན་གཏམ་གྱིས་ལོག་ཆོས་པོད་དྲུག་བརྩམས་ཟེར་ཀྱང་། འདི་དག་ཆུ་ལ་གཡུགས། མེ་ལ་གཏོང་། ཁྱི་རྔ་ལ་བཏགས་ནས་མེད་པར་མ་བཟོས་ན་མདོ་དབུས་ཁམས་གསུམ་དེ་ཐལ་བ་རླུང་གིས་གཏོར་ལྟ་བུ་ཞིག་བཟོ་ས་རེད་ཡྰ། ཝ་ཁ་ཁ། ཧོར་འཇུག་ལ་ཉན་ན་བོན་གྱིས་མ་གོ། རྙིང་མས་མ་ཤེས། བཀའ་རྒྱུད་ཀྱིས་མ་རྟོགས། ས་སྐྱས་མ་མཁྱེན། དགེ་ལུགས་ཁོ་ནས་ཧ་གོ་ཞེས་བཤད་ན་དེ་སྡིག་ལུགས་ལས་དགེ་ལུགས་ཡིན་པ་ཡ་ཆ་ཡྰ། དེ་ལ་རྟེན་ནས་ཆོལ་གསུམ་བོད་ཀྱི་ལོ་རྒྱུས་མཚམས་འཇོག་བྱས། གསེར་རྟའི་མཁན་པོ་འཇུ་བསྟན་སྐྱོང་འབྲུག་ཡུལ་དུ་བྲོས། དམ་ཆོས་ལ་སེམས་ནད་ཕོག གོང་ས་བཙོང་བའི་སྐུ་སྒེར་གྱི་དངུལ་ཁང་ཟད་ནས་སྡུག་སྐད་འདོན་པ་འདི་ཚོ་བལྟས་ན་བོད་རིགས་སྤྲང་ཕྲུག་ཚོ་ལ་ཨ་ཁ་ཁ། ཕྱུགས་ཕྲུག་ཚོ་ལ་ཝ་ལ་ལ། ཧོར་འཇུག་ཁོ་རང་དུས་རྒྱུན་དུ་མོ་རྐུབ་ཁོ་ན་བལྟ་བའི་ཆགས་ཅན་ཡང་གསང་ཆོས་ལ་བླུན་པའི་ཐན་བྱ་འུག་རྒན་ལྟ་བུ་ཞིག་རེད་ཡྰ།
ཧ་ཧ་འཆི་བདག་སྐྱབས་ལགས། མི་ལ་ལས་ཧོར་མཇུག་ཁྱི་རེད་ཟེར་གྱི་འདུག ཙོང་ཁ་པ་བདུད་རེད་ཟེར་གྱི་འདུག གོང་གི་མཆན་ཚོ་ལ་ལྟོས་དང་། ཁྱོད་དེ་ཚོའི་ཐོག་ལ་རླུང་མ་ལངས་པར་སེངྒེ་རལ་པ་ཅན་གྱི་ཐོག་ལ་དེ་འདྲའི་རླུང་ཞིག་ལངས་དགོས་པ་ངོ་མ་ཡ་མཚན་རེད། ཅི་རེད། ངས་འཇམ་བཞད་ཀྱི་རྣམ་ཐར་བཙན་པོ་མའི་སྐོར་གླེང་བས་ཁྱེད་རླུང་ལངས་པ་ཨེ་རེད། དེ་ཡིན་ན་ཁྱོད་བསེ་ངག་དབང་བཀྲ་ཤིས་ཀྱི་ཐོག་ལ་རླུང་ལངས་ན་ཡག་ས་རེད། གང་ཡིན་ཟེར་ན་འབྲི་མཁན་དེ་ཁོ་རེད།
ད་དུང་ཁྱི་རྒན། གསང་སྤྱོད། ངུ་བཤུམ། ཕ་རོ། མ་རོ་སོགས་ཟེར་བསྡད་རྒྱུ་དེ་ཁྱོད་ཀྱིས་ཧོར་མཇུག་གི་ཚབ་བྱས་ནས་ང་ཚོ་ལ་བརྒྱབ་པའི་ལན་ཨེ་རེད། ལན་འདི་འདྲ་ཞིག་དང་པོ་ས་དཀར་འོད་ཟེར་ཟེར་བའི་རིགས་པ་རྣོན་པོ་ཅན་དེ་ལ་ཡང་རྒྱག་མྱོང་ཡོད་པ་རེད། འཇམ་ནོར་ལ་ཡང་ལན་འདི་དང་ཕྱོགས་འདྲ་རེ་བརྒྱབ་སོང་། ད་ཁྱོད་ཀྱིས་དམོད་ཚིག་གི་ཚིག་མཛོད་ཡིད་ལ་གང་དྲན་དང་ཁ་ནས་ཅི་ཐོན་ཞིག་བཟོས་ཏེ་གྲ་སྒྲིག་བྱས་ནས་སྒུག་སྡོད་མ་གཏོགས། ངས་ཧོར་མཇུག་གི་ཞེ་སྡང་དང་དེའི་གྲུབ་འབྲས་ལ་བརྟགས་པའི་ཚོམས་ཟེར་བ་ཞིག་འབྲི་གིན་ཡོད། དེ་འབྲི་ཚར་དུས་ཁྱེད་ལ་སྙིང་ནད་ཕོག་ནས་སྐུ་གཤེགས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བྱུང་སོང་།
ཡང་གཅིག་བཤད་ན་ཤིང་གི་ཕུང་པོ་ལྟ་བུའི་མདོ་ལས། བཅོམ་ལྡན་འདས་ལ་བྲམ་ཟེ་ཞིག་གིས་རྣམ་པ་དུ་མས་གཤེ་བར་བྱས་པ་ལ། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེར། མི་ཞིག་གིས་མི་གཞན་ཞིག་ལ་དངོས་པོ་ཞིག་ནན་གྱིས་བྱིན་ཡང་ཕ་རོལ་པོས་མ་བླངས་ན་ད་དངོས་པོ་དེ་སུའི་ཡིན་ཞེས་དྲིས་པར། བྲམ་ཟེས་སྨྲས་པ། ཕ་རོལ་པོས་མ་བླངས་ན་བདག་པོ་རང་གི་ཡིན་པ་སྨྲོས་ཅི་དགོས། ཁྱོད་ཀྱིས་དེ་ཙམ་ཡང་མི་ཤེས་སམ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས། འོ་ན་ཁྱེད་ཀྱིས་ང་ལ་རྣམ་པ་དུ་མས་སྤྱོས་ཀྱང་ངས་བདག་གིར་མ་བྱས་པས་ད་ཁྱེད་ཀྱི་གཤེ་དམོད་རྣམས་ཁྱེད་རང་གིས་ཕྱིར་ཁྱེར་ཅིག ཞེས་གསུངས་པ་བཞིན་ངས་ཀྱང་གོང་གི་ཁྱེད་ཀྱི་ཕ་རོ་མ་རོ་དང་སྐྱག་པ་གསང་སྤྱོད་ཁྱི་རྒན་རྣ་ལེབ་སོགས་བདག་གིར་བྱས་མེད་པས། ད་ཁྱེད་ཀྱིས་ཕྱིར་ཁྱེར་ཅིག
ཅི་ཞིག་ལ་མུན་ནག་མདའ་འཕེན་ཟེར། ངས་རྣམ་ཐར་བཙན་པོ་མ་ཀློག་རྒྱུ་མ་བྱུང་བར་འོལ་ཚོད་ཀྱིས་བཙན་པོ་མ་ཡག་པོ་མེད་ཚུལ་བཤད་པ་རེད་སྙམ་ན་དེ་ནོར་བ་ཡིན། ད་ལྟ་ང་ལ་བཙན་པོ་མའི་པར་སློག་ཡོད། མིང་ལ། རྗེ་བཙུན་བླ་མ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་ཏུ་བྱ་བ་དད་པའི་སྒོ་འབྱེད་ཀེ་༼ཀེ་འདི་ལ་འགྲེང་བུ་ཉིས་བརྩེགས་འདུག་ཀྱང་ངས་གློག་ཀླད་ལས་བཏགས་ཐུབ་ཀྱི་མི་འདུག༽ཏ་ཀའི་འཕྲེང་བ་ཞུས་བྱ་བ་བཞུགས་སོ།། ཞེས་བྲིས་འདུག བོད་ལུགས་ཀྱི་ལྡེབ་༢༠༨འདུག འོ་ཡ། ད་ཡང་ལས་ཀར་འགྲོ་རན་སོང་བས་འདིར་མཚམས་འཇོག་གི་ཡིན། ངས་ཁྱེད་ལ་ཕ་རོ་མ་རོ་ཟོས་ཟེར་གྱི་མེད། ཁྱེད་ཀྱི་ཕ་མ་གཉིས་ཀ་སྐུ་ཚེ་རིང་ཞིང་ནད་མེད་པར་ཤོག ངའི་རེ་བ་གཅིག་ལ། ཁྱེད་ཀྱི་ཉེ་འཁོར་ན་སྙིང་གི་སྨན་ཁང་འདྲ་ཡོད་ན་ལན་གཅིག་ཅིས་ཀྱང་ཕེབས་རོགས་ཞུ།
རྣམ་དཔྱོད་གདོང་ལྔའི་གཟི་བརྗིད་ཀྱིས་ནི་ལོག་སྨྲའི་གཅན་གཟན་བྱེ་བ་འབུམ་ཕྲག་ཟིལ་གྱིས་མནན།།
མང་ཐོས་རལ་བ་སྟུག་པོའི་ཁུར་ནི་ཕྱོགས་རེའི་མིག་ཅན་ཐོས་ཉུང་སྤྲེའུའི་ཚོགས་ལ་ངོམ།།
ཚར་གཅོད་རིགས་པའི་འཇིགས་རུང་མཆེ་སྡེར་རྒོལ་ངན་གླང་པོའི་སྤྱི་བོ་འགེམས་པའི་མཚོན་དུ་བྱས།།
འདི་ནི་ཁོ་བོའི་སྤྱོད་པ་ལགས་ཏེ་ཅོལ་ཆུང་རྣམས་ལ་ཐོག་མར་གོ་བར་བྱ་བ་ཉིད།།
ཅེས་ཀྱང་འཇིག་རྟེན་དུ་སླར་ཡང་བསྒྲགས་སོ།།
ད྆ྲ་པོ་ཚོ།
ང་ཨ་མདོ་ཕྱོགས་ནས་མེད་དེ་ཨ་མདོ་ཕོགས་ནས་བྱོན་པའི་བོད་ཀྱི་མཁས་པ་ཚོར་དུས་རྒུྱན་ཆེ་བསྟེད་ཀྱི་མ་ཏོག་འབུལ་མཁན་ཞིག་ཡིན། བདེན་པ་རེད། མཁས་པའི་མིང་རག་པར་མཐའ་ཡལ་བའི་རྒྱ་མཚོའི་ནང་གནས་པའི་ཌྷའཇིགས་སུ་རུང་ཞིང་ས྇ྟོོབས་པོ་ཅན་གྱི་ཉ་ཆེ་དང་ཉ་ཆུང་སོཊ་མང་དག་ཅིག་བརྒྱུད་ནས་སྐྱེད་དགོས་ཙམ། རྒྱ་མཚོ་ཕར་ཕོྱགས་མ་འབྱོར་སྔོན་ལ་དམའ་འབེབ་དང་ཚིག་མདའི་རིགས་འཕེན་ནས་གསོད་སྲིད་པས། འགྲོ་མཁས་པ་བྱ་རྒྱུ་གལ་ཆེ།
གཅིག་བཤང་རྒྱུ་ལ། གོང་གི་གླེང་གཞི་ཌྷའདིའི་ཐོག་ཤེས་རྟོགས་ཞན་པས་སྔེན་ལ་ལས་གཅིག་ཀློག་འདོད་བྱུང་བས་གང་ནས་སླུ་དགོས་སོ། རོགས་གཅིག་གནང་བ་ཞུ། ཚོང་ལ་དཌྷམིགས་པའི་ཐོག་འཚོང་ནས་སྒོར་མོ་ཆེ་པོ་སྦྱིན་དགོས་ན་རོགས་མི་དགོས། གནས་སྐབས་རིང་སྒོར་མོ་རག་ཐོབས་བྱ་རྒྱུ་ཡིན། ད་བདེ་མོ།
ཧོཪ་འཇིགས་དེབ་གང་ནས་ཐོབ་ཐུབ
ཨ་ཙི། འཆི་བདག་སྐྱབས་ཁྱོད་ཅི་འདྲའི་མི་མཚར་བོ་ཞིག་རེད། རྒྱུ་མཚན་གཅིག་ཀྱང་བཤད་རྒྱུ་མེད་པར་ཕ་རོ་ཟོས་མ་རོ་ཆོས་ཟེར་དགོས་ན་དཀའ་ནི་རེད་ཡ། དེ་ཀ་རང་གིས་སེང་གེ་རལ་བ་ཅན་རྒྱལ་ཚར་འདུག སེང་གེ་རལ་པ་ཅན་ནི་སེང་གེ་རལ་བ་ཅན་རང་རེད།
དཔྱོད་ལྡན་གྱི་དྲྭ་གྲོགས་རྣམས། མཚམས་མེད་ཀྱི་ལས་ཀྱང་ཆོས་ཉིད་ངེས་པར་སེམས་ན་འདག་པར་ནུས་ཀྱང་། ཡིད་ཀྱིས་ཆོས་ལ་སྡང་ལ་ཐར་བ་མེད་པར་གསུངས་ཡོད་པ་ལོས་མཁྱེན། གངས་ཅན་མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་ནི། འཇམ་དབྱངས་མིའི་གཟུགས་སུ་བྱོན་པ་ཡོངས་གྲགས་དོན་མཐུན་ཡིན་ངེས་པས། དེའི་གྲུབ་མཐའ་ལ་ཁ་ངན་དང་སྨད་ར་གཏོང་པ་ནི་རང་གི་མཁྱེན་ཡོན་དང་ཀུན་སློང་གིའི་བྱད་གཟུགས་ཕྱི་རུ་མངོན་པར་འདོད། འོ་ན་ཀུན་མཁྱེན་རོང་སྟོན་ཆེན་པོ་དང་། གོ་ཤཀ་སྟག་གསུམ། ཀརྨ་པ་མི་སྐྱོད་རྡོ་རྗེ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱང་དེར་འགྱུར་སྙམས་ན། དེ་དག་གིས་རྣམ་པར་དག་པའི་ལུང་དང་རིག་པས་བརྟག་ཅིང་དཔྱད་ནས་མཐར་ཐུག་ཀུན་གྱི་དགོང་པ་བབ་སོ་གཅིག་ཏུ་གཏན་ལ་ཕབ་ཀྱི་ཡོད་ལ། གནས་སྐབས་སོ་སོའི་གྲུབ་མཐའ་ཟིན་ནས་དགའ་སྒྲུབ་ཟློག་མེད་ཀྱི་ཐལ་འགྱུར་འཕེན་མཛད་པ་རྣམས་ནི། ཇི་ལྟར་སྤྲུལ་བས་སྤྲུལ་བ་ལ། །དགག་པ་ཅི་འདྲ་དེ་འདྲ་བ། །དགག་པ་དེ་འདྲ་ཁོ་བོས་འདོད་ཅེས་པ་ལྟར་ལགསཔས་ལུང་དང་རིག་པ་གསར་བ་གང་ཡང་མེད་པར་གྲུབ་མཐའ་ཆགས་སྡང་གིས་རྩོད་པ་དང་མི་འདྲ་ལགས། འོ་ན་ཟློག་མེད་ཀྱི་ཐལ་འགྱུར་འཕེན་ཚུལ་ཅི་འདྲ་ཡིན་ཟེར་ན། དཔེར་ན་ཧོར་འཇིགས་ན་རེ། གང་ཡང་ཡིད་ལ་མ་བྱས་པར་བསྡད་པ་ལ་ཅི་ཡང་མཁྱེན་པའི་སངས་རྒྱས་ཀྱི་ཡི་ཤེས་རྩོལ་མེད་དུ་འོང་ན། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་འབྱུང་བར་འགྱུར་བས་རྒྱུ་འབྲས་ཀྱི་རྣམ་གཞག་མཐའ་དག་འཆོལ་བས་དེ་ཡང་མ་དག་པ་སྟེ་ཟེར་རོ། འོ་ན་བདེན་གྲུབ་ཀྱིས་སྟོང་པའི་སྟོང་རྐྱང་མེད་དགག་ཡིད་ལ་བྱེད་པ་ལས་སྟོང་པ་ཡིན་མིན་ཅི་ཡང་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་བ་ནི། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བ་འབྱུང་བར་འགྱུར་རོ་ཞེས་པ་ལྟ་བུ་འཕེན་ནས་དགག་སྒྲུབ་བྱེད་ན་གཉིས་ཕན་བློ་བསྐྱེད་ཡོངས་སྲིད་དོ།
ཧོར་གཙང་འཇིགས་མེད་སྙན་ངག་དང་ལོ་རྒྱུས་ལ་མཁས་པ་རེད། དེབ་དེ་བལྟ་འདོད་ཆེ་ཡང་། ས་བཅད་དེ་མཚར་པོ་འདྲ་ཞིག་འདུག དགྱ་ནག་གི་ཤན་ཞུགས་འདུག་སྙམ། དཔེར་ན། རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་བོད་ཞེས་རིག་གནས་གསར་བརྗེ་ཆེན་པོ་དང་དམངས་གཙོ་བཅོས་བསྒྱུར་ཟེར་བ་དང་འདྲ་བོ་འདུག གང་ལྟར་གོང་ས་མཆོག་གི་གསུང་བསྐུལ་བྱས་པ་ཞིག་དངོས་ནས་ཡིན་ན་དོན་ལྡན་ཞིག་ཡོད་ངེས་སྙམ་མོ།
ལྷག་བསམ་ཚེ་རིང་གིས་བཤད་ཕོད་པའི་ཁ་ཕོ་དང་་་་་་་་་ ཧོར་འཇིགས་ཀྱིས་རྩོམ་ཕོད་པའི་སྙན་ངག་་་་་་་ གཉིས་ལ་རྡ་རམ་ས་ལར་རྒན་གཞོན་སུ་རུང་སྐུ་སྒེར་ཡིག་ཚང་ཕུད་རྣམ་དཔྱོད་ཀྱི་གཉོད་ལག་རྒྱས་པ་ཀུན་གྱིས་ཆ་འཛིན་མི་བྱེད་པ་ཡོངས་གྲགས་རེད་་་་་་་་་་་་་་་་་་
ཧོར་འཇིགས་ཁོས་མ་ཤེས་པ་ནི་ཁོས་འཁྱོག་བཤད་ཅི་དང་ཅི་བྱེད་པ་ཆ་ཚང་རྫུན་རྐུབ་གཏོལ་མཁན་ས་དཀར་འོད་ཟེར་ལས་ཀྱང་ལྷག་པའི་འོད་ཟེར་གཞན་མང་པོ་ཡོད་པ་མ་ཤེས་པ་དེས་རེད་ཨ་་་་་་་་་་་་་་་་་་་་ཅི་ཁག་རྨོངས་པའི་འཁྲུལ་སྣང་ཡང་རྨོངས་པ་ལ་བདེ་སྐྱིད་ཅིག་ཡིན་སྲིད་་་་་་་་་་་་་་་
ཨ་ལེ། དྲ་གྲོགས་སེང་གེ་རལ་བ་ཅན། ཁྱེད་ལ་འཇམ་བཞད་ལོ་རྒྱུས་བཙན་པོ་མ་ཡོད་ན། ང་ལ་མཁོ་སྤྲོད་གནང་ན་ཆོག་གམ། ངས་དུས་ཡུན་རིང་བརྩད་གཅོད་བྱས་ཀྱང་རག་མ་བྱུང་། བླ་བྲང་གི་བླ་རྒན་མགོ་རིལ་བརླ་དགའ་རྣམས་ཀྱིས་དེ་གཉན་པོ་གསང་བ་བྱས་ནས་ཤི་སྐོང་རོ་སྐོང་བྱས་འདུག ཁྱེད་ལ་ཡོད་ན་སྟབས་ལེགས། གལ་ཏེ་ང་ལ་མཁོ་སྤྲོད་གནང་ཆོག་ན་དེ་ལུགས་ཀྱིས་ལན་ཞིག་གནང་རོགས། དེ་ནས་ང་སུ་ཡིན་དང་ངའི་ཁ་བྱང་སོགས་ཕུལ་ཆོག
གོ་ཐོས་ལྟར་ན། དེའི་ནང་དུ་དེ་དུས་དགེ་ལུགས་པས་ཆོས་བརྒྱུད་གཞན་པར་བརྙས་བཅོས་ཇི་ལྟར་བྱས་ཚུལ་དང་། ལྷག་པར་༧གོང་ས་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབས་ཚུལ། སྡེ་སྲིད་སངས་རྒྱམ་ངན་གསོད་བྱས་ཚུལ། སྨིན་གླིང་གཏེར་ཆེན་ལ་མཐུ་གཏད་བྱས་ཚུལ། དགེ་ལུགས་པའི་བསྟན་པ་དར་སྤེལ་ཆེད་སོག་པོ་ལྷ་བཟང་དང་ངན་འབྲེལ་བྱས་ཏེ། རྙིང་མ། བཀའ་བརྒྱུད། ཇོ་ནང་སོགས་ལ་བཙན་འཛུལ་ཇི་ལྟར་བྱས་ཚུལ་སོགས་ཡོད་རབས་འདུག
ཧོར་མཇུག་གི་མདོ་སྨད་ལོ་རྒྱུས་ཀྱི་སྐོར་བོད་ནང་ནས་ཀྱང་ཞེ་དྲག་གླེང་གིན་འདུག ཡིན་ཡང་བོད་ནང་དུ་ད་དུང་ཧོར་དེབ་སླེབས་ཡོད་མི་འདུག ངས་བལྟས་ན་ཧོར་དེབ་བོད་ནང་དུ་སླེབས་རྗེས། རྙོག་དྲ་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་སྨྲོས་མེད་རེད། ད་དུང་བོད་ནང་ནས་སྐུ་སྒེར་ཡིག་ཚང་དང་། ཧོར་མཇུག་ངན་འབྲེལ་བྱས་ཏེ། བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་དགེ་ལུགས་པར་བཙན་སྒྱུར་བྱེད་འདོད་རེད་ཅེས་བཤད་མཁན་མང་པོ་ཡོང་གི་འདུག རྒྱུ་མཚན་ཡག་པོ་མ་ཤེས་ན་ཁག་ཡོད་རྒྱུ་མ་རེད། དེ་རིང་གྲོགས་པོ་ཞིག་དང་མཉམ་དུ་དྲོས་ཇ་འཐུང་དུ་ཕྱིན་པ་ཡིན། ཁོང་གིས་འདི་འདྲ་གསུང་གིན་འདུག ད་བལྟས་ཡོང་དུས་ད་ལོ་སྐུ་སྒེར་ཡིག་ཚང་ནས་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་རེད། སྤྱིར་བཏང་ཨ་ཁུ་དམ་ཆོས་ལ་ཆོལ་གསུམ་ལོ་རྒྱུས་འབྲི་བའི་ཤེས་ཚད་མེད་པ་ཡིན་རྒྱུ་རེད། གཙོ་བོ་ཆོལ་གསུམ་ལོ་རྒྱུས་ཀྱི་ལག་བསྟར་རྩོམ་སྒྲིག་པ་མཁན་པོ་བསྟན་སྐྱོང་ཟེར་བ་དེ་རེད། ཁོང་རྙིང་མ་པ་རེད་འདུག དེར་བརྟེན་ཁོང་གིས་ཀྱང་ཡག་པོ་དང་བཟང་པོ་ཡོད་ཚད་རྙིང་མ་རེད་ཅེས་བཤད་མི་ཡོང་ངམ་སྙམ་ནས་སྐུ་ཡིག་ནས་ལས་མཚམས་བཞག་པ་རེད་ཟེར། ད་དུང་ཧོར་མཇུག་གིས་མདོ་སྨད་ལོ་རྒྱུས་ནང་ཡོད་ཚད་དགེ་ལུགས་པའི་ཁྱབ་ཁོངས་དང་། བཟང་ཚད་དགེ་ལུགས་པ་ཡིན་ཚུལ་བྲིས་ཡོད་པས། སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་དུང་ཕྱིར་མང་པོ་བཏང་ནས་དཔར་བསྐྲུན་བྱས་པ་རེད། དེ་སྔོན་དོར་ཤུལ་རྒྱ་མཚོ་ཟེར་བའི་དེབ་ཁྱི་རྔར་བཏག་པའི་ལོ་རྒྱུས་ཡོད། དེ་ཁྱི་རྔར་འདོགས་དགོས་དོན་མི་འདུག སྙན་རྩོམ་ཙམ་ཞིག་རེད། ཁྱི་རྔར་བཏག་དགོས་ན་འདི་ངོ་མ་འདོགས་དགོས་ཀྱི་འདུག་ཅེས་གསུང་བྱུང་།
དེ་བདེན་མདོག་ཁ་བོ་འདུག གལ་ཏེ་རྙིང་མའམ་ཆོས་བརྒྱུད་གཞན་པའི་མཁས་པ་ཞིག་གིས་མདོ་སྨད་ལོ་རྒྱུས་དེ་འདྲ་ཞིག་དང་། དེའི་ནང་དུ་རྙིང་མ་ཡག་རབས། རྙིང་མ་བཟང་རབས། དགེ་ལུགས་སོགས་ཆོས་བརྒྱུད་གཞན་པ་རྣམས་ཆོས་ལོག་ཡིན་ཚུལ་བྲིས་ཡོད་ན། སྐུ་སྒེར་ཡིག་ཚང་ནས་འགྲོ་སོང་བཏང་ཏེ་དཔར་སྐྲུན་བྱེད་རྒྱུ་ལྟ་ཅི། ཐ་ན་རྩོམ་པ་པོ་འཇིག་རྟེན་འདིར་འཚོ་རྒྱུ་ཡང་ཁག་པོ་ཡིན་རྒྱུ་རེད།
དེ་འདྲ་ཡིན་དུས། ངས་བལྟས་ན་ཆེས་གཡོན་ཐལ་ཆེ་བའི་ལས་ཀ་འདིའི་འབྱུང་ཁུངས་གཙོ་བོ་སྐུ་སྒེར་ཡིག་ཚང་དང་། བོད་ཀྱི་དཔེ་མཛོད་ཁང་གཉིས་ཡིན་པས། དེ་གཉིས་ཀའི་མཚན་ཐོག་ནས་བོད་གཞིས་བྱེས་གཉིས་ལ་དགོངས་དག་ཞུ་དགོས། ཧོར་མཇུག་གི་དེབ་ངན་བཀྲམ་ཟིམ་པ་རྣམས་ཀྱང་ཕྱིར་བསྡུ་བྱེད་དགོས། ཧོར་མཇུག་གིས་༧གོང་ས་མཆོག་ལ་དབུ་སྐོར་བཏང་བའི་ནག་ཉེས་བསྐལ་བའི་བར་དུ་འདག་ཐབས་མེད་མོད། བོད་གཞིས་བྱེས་གཉིས་ཀྱི་མཐོང་ས་དང་ཐོས་ས་ནས། གོང་མཆོག་ལ་དགོངས་དག་དང་། འགྱོད་བཤགས་ངེས་པར་དུ་བྱེད་དགོས། ད་དུང་ཧིན་སྒོར་དུང་ཕྱིར་མང་པོ་འཕྲོ་བླག་བཏང་ཡོད་པས་དེའི་སྐྱིན་ཚབ་ཀྱང་ལུས་ཀྱི་ཤ་ཁྲག་ཚུན་ཆད་ནས་ངེས་པར་དུ་སྐྱིན་དགོས། དེ་ལྟར་མ་བྱས་ན་ད་ལྟའི་བོད་རྒྱའི་རྙོག་འཛིང་ལས་ཆེ་བའི་དཀའ་རྙོག་གསར་བ་ཞིག་སླེབས་རྒྱུ་ཡིན་པ་བཤད་མི་དགོས་སོ།། འདི་ངས་ལུང་བསྟན་བཤད་པ་མིན། མོ་རྩིས་བྱས་པ་ཡང་མིན། དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་དཔྱོད་བྱས་ཏེ་བཤད་པ་ཡིན།
དེ་རིང་དེ་ཙམ་ཡིན།
ཡང་ཁ་ནས་ཚིག་འགའ་ཐལ་འགྲོ་གི་འདུག ཧོར་གཙང་འཇིགས་མེད་མ་འགྲིག་པ་རེད་དམ་ ཡང་ན་ལོ་རྒྱུས་ཀྱི་དེབ་དེ་མ་འགྲིག་པ་རེད། ཧོར་གཙང་འཇིགས་མེད་མ་འགྲིག་པ་ཡིན་ན་ཁོང་ལ་ཐད་ཀར་འབྲེལ་བ་བྱེད་པའི་ལམ་ཁ་འཚོལ་དང་། དེ་ནས་ཁོང་དང་བཀའ་མོལ་གནང་ཆོག་གི་རེད། ལོ་རྒྱུས་ཀྱི་དེབ་དེ་མ་འགྲིག་པ་ཡིན་ན། དེ་ལ་བསྐྱར་ཞིབ་བྱེད་ཆོག་གི་རེད། བཅོས་སྒྲིག་བྱས་ཆོག་གི་རེད། བསྐྱར་འབྲི་བྱས་ཆོག་གི་རེད། ལོ་རྒྱུས་ཀྱི་དེབ་སྔོན་མ་སྔོན་མ་ལ་ཕྱི་མ་ཕྱི་མས་དག་བཅོས་མང་པོ་བྱས་ཡོད་པ་རེད། དེ་ལམ་སྲོལ་ཞིག་རེད། ཧ་ལམ་ཧོར་གཙང་འཇིགས་མེད་ཀྱིས་དེབ་བྲིས་པ་ལ་བརྟེན་ནས། བོད་ཀྱི་ཁམས་འདི་མགོ་རྟིང་སློག་པ་ལྟ་བུའི་དངངས་འཚབ་དང་འཁོན་འཛིན་ཞིག་ཡོང་དགོས་དོན་གང་ཡིན་ནམ། དེའི་རྒྱུ་མཚན་ཧ་ལམ་ངས་ཚོད་དཔག་ཐུབ་ཀྱི་འདུག དེ་ནི་ང་ཚོ་ལ་མཐོང་རྒྱ་དང་ཐོས་རྒྱ་ཆུང་དྲགས་པས་ཡིན་པ་རེད། འཛམ་གླིང་ལ་མིག་གིས་བསྐོར་ནས་གཟིགས་དང་། རྩོད་གཞི་ཅན་གྱི་དེབ་ག་ཚོད་ཐོན་ཡོང་གི་འདུག
དེ་ནས་དངུལ་གྱི་སྐོར་དེ་ལ་ཚིག་གཅིག་ཞུས་ཆོག ཧ་ལམ་བཙན་བྱོལ་བོད་གཞུང་ཡོངས་དང་། དེ་ནས་བཙན་བྱོལ་དུ་ཡོད་པའི་ཚོགས་སྡེ་འདི་དག་ཚང་མའི་དཔལ་འབྱོར་དེ་དངོས་བརྒྱུད་གང་རུང་ནས་༧གོང་ས་མཆོག་ལ་འབྲེལ་བ་ཞིག་མ་རེད་དམ། ༧གོང་ས་མཆོག་དང་བོད་མི་མང་གི་མཚན་གནས་རྗེས་འབྲེལ་ལ་བརྟེན་ནས་ང་ཚོ་ལ་རོགས་དངུལ་འབོར་ཆེན་དེ་འདྲ་ཞིག་བྱུང་བ་མ་ཡིན་ནམ། དེས་ན་ཧོར་འཇིགས་ཀྱི་དེབ་ཀྱི་འགྲོ་སོང་དེ་དག་དམིགས་བསལ་ཆགས་དགོས་པའི་རྒྱུ་མཚན་ཞིག་འདུག་གམ། དོན་ཚན་གཞན་ཞིག་ལ། སྐུ་སྒེར་གྱིས་མཐུན་རྐྱེན་གནང་བའི་ལས་འཆར་ཡོངས་རྫོགས་དང་དམིགས་བསལ་གྱིས་ལོ་རྒྱུས་སོགས་རྩོམ་པའི་ལས་འཆར་འདི་དག་ལ་སྐུ་སྒེར་གྱི་དགོངས་པ་དང་མཐུན་པ་ཞིག་དགོས་པ་ཡིན་ན། ང་ཚོ་ལ་དམངས་གཙོ་ཞིག་མེད་སོང་བ་རེད། སྐུ་སྒེར་གྱི་དགོངས་པ་མི་མཐུན་པ་ཞིག་བྱུང་ཡོད་ན། རྩོམ་པ་པོའི་བསམ་བློ་ལ་རང་དབང་བྱུང་ཡོད་པའི་རྟགས་རེད།
ཟུང་འཇུག་སྒྲུབ་པའི་རྒྱུ་ཚོགས་མ་ཚང་བར་འབྲས་བུ་ཟུང་འཇུག་ཐོབ་མི་སྲིད་ཅིང་བོད་སྔ་རབས་པའི་ལྟ་སྒོམ་སྤྱོད་གསུམ་ལ་ནོར་འཁྲུལ་ཡོད་ན་ཟུང་འཇུག་གི་གོ་འཕང་ཐོབ་མཁན་རྗེ་རིན་པོ་ཆེའི་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་གོང་མས་མཚོན་པའི་བླ་མའི་ཡང་བླ་མ་གོང་མའི་ཡང་གོང་མ་ཐམས་ཅད་ལ་སྐུར་འདེབས་སུ་འགྱུར་རོ།
ལར་ནས་ད་ལྟའི་ཆར་ཡང་ཕ་བོང་བདེ་སྙིང་དང་་ཁྲི་བྱང་བཅས་པའི་ལམ་རིམ་གྱི་སློབ་རྒྱུད་ལ་གཟིགས་དང་བཤད་མི་དགོས་པར་གསར་གཏོད་མཁན་པོའི་བྱིན་རླབས་ཁོ་ནར་ངེས་ལ། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་ཀྱང་ཁུ་ནུ་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེ་བདུད་འཇོམ་རིན་པོ་ཆེ་སོགས་བཀའ་སྙིང་ས་གསུམ་ཀྱིས་མཚོན་རིས་མེད་དམ་པའི་གདམས་ངག་ལས་འཕྲིན་ལས་དར་ཞིང་རྒྱས་པ་ཤེས་དགོས། ཁོང་གི་ཡོང་འཛིན་དམ་པ་དེ་རྣམས་ཀྱི་ལྟ་བ་ཡང་བོད་སྡ་རབས་པའི་ལྟ་ཡིན་པ་ལས་ཞྭ་སེར་མཁན་པོས་གསར་གཏོད་གནང་བའི་ལྟ་བ་ག་ལ་ཡིན། བོད་གངས་ཅན་ལྗོངས་གི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་འཇུག་ནས་བོད་སྔ་རབས་པའི་རྗེས་སུ་འབྲང་དགོས་སོ།
གལ་སྟེ་གོང་ས་མཆོག་ཡོངས་འཛིན་ཁྲི་ལྗང་པའི་རྗེས་སུ་འབྲང་འཇམ་མགོན་རྒྱལ་བའི་བསྟན་སྲུང་བསྟེན་གསོལ་གནང་ན་འཕྲིན་ལས་ག་འདྲ་ཡོང་བློ་གཟུ་བོར་གནས་པ་ཀུན་གྱིས་ཤེས་གསལ་རེད། སྐབས་དེ་དུས་ལམ་རིམ་ཉེ་བརྒྱུད་ཀྱི་བླ་མ་སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་དང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ལས་མཁས་པའི་རི་བོ་དགེ་ལུགས་པའི་བླ་མ་སུ་ཡོད་ཁོང་རྣམ་པས་བྱིན་གྱི་བརླབས་པའི་མཛེ་མེདདང་དགེ་བཤེས་སྐལ་བཟང་སོགས་རེད་། དེར་རྟེན་ད་ལྟ་རི་བོ་དགེ་ལུགས་ལྟ་གྲུབ་སྲེ་སླད་མེད་མ་ཞིག་དགོས་ན་ཁོང་རྣམས་པའི་རྗེས་སུ་འབྲང་བ་ལས་ཐབས་གཞན་ཡོད་པ་མ་ཡིན་ཏེ་གོང་ས་མཆོག་གི་རྗེས་འབྲང་བ་ལ་ནི་བོད་སྔ་རབས་པའི་ཤན་ཞུགས་ཚར་པ་སོང་ཙང་ཁྱོད་ཚོའི་དགོས་པའི་ནོར་འཁྲུལ་མེད་པའི་ལྟ་བ་ཞིག་མི་ཐོབ་པའི་ཕྱིར་རོ།
ཤེས་རབ་འོད་ཟེར་ལགས།
མི་མང་པོ་ཞིག་གིས་ཤེས་རབ་འོད་ཟེར་གྱི་མཆན་༢༣པའི་ནང་དོན་མ་ཤེས་པའམ་ཤེས་ཀྱང་སྙིང་རྗེར་དགོངས་ནས་ལན་འདེབས་བྱས་མི་འདུག
ཁོ་པས་༼པདྨ་གླིང་པས། ཡང་ཅིག་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སུ༔ ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔ དབུ་རུ་སྟོད་སྨད་ས་མཚམས་འབྲོག་རི་ལ༔ གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔ དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔ སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔ སངས་རྒྱས་སྤྲུལ་པའི་འགྲོ་དོན་བསུབ་ཐབས་བྱེད༔ སངས་རྒྱས་གཙུག་ཏོར་མཐོང་བས་སྙིང་མི་དགའ༔ དམ་སྲི་སྤུན་དགུའི་སྲོག་གི་སྙིང་པོ་དེ༔ པདྨས་ར་སའི་ཐེམ་འོག་མནན་བཞག་པའི༔ སྲོག་སྙིང་བཏོན་ནས་ནད་ཡམས་ཆར་དུ་འབེབས༔ མོས་གུས་སུས་བྱས་དྲག་ཞན་མི་བརྒྱུད་སྟོང་༔ པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔ བསམ་ཡས་མཐོང་དང་པེ་ཧར་མཚན་ཐོས་ན༔ མགོའི་སྤགས་འདུས་ནས་ཕྱིར་བལྟས་མི་བྱེད་འགྲོ༔ དམ་སྲི་སྤུན་དགུའི་སྤྲུལ་པས་གྲུབ་མཐའ་སྐྱོང་༔ ལས་མ་དག་པའི་སེམས་ཅན་དཔག་མེད་དུ༔ རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ འབྲུག་གི་བཀའ་རྒྱ་ལས་བཏུས༽
ཞེས་ཁོ་པས་གོང་དུ་དྲངས་པའི་པདྨ་གླིང་པའི་གཏེར་ཡིག་རྫུན་མ་དེའི་རྫུན་རྐུབ་ལུང་རིགས་ཀྱི་རལ་གྲིས་ཅིས་ཀྱང་བརྟོལ་བར་བྱའོ། །
གོང་གི་གཏེར་ཡིག་རྫུན་མ་དེའི་སྙིང་དོན་ནི།
༡༽༼ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔༽
ཚིག་རྐང་འདིས་རྗེ་ཙོང་ཁ་པ་ཆེན་པོ་དེ་ཉིད་ལེགས་སྐར་གྱི་སྐྱེ་བ་རེད་ཅེས་སྐུར་འདེབས་ཞུས་པ་དང་གཅིག
༢༽༼གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔༽
སྐྱེ་འགྲོ་རྣམས་ལོག་པའི་ལམ་དུ་འཁྲིད་པར་བྱེད་པའི་ལམ་མཁན་ཡིན་པར་སྐུར་བ་འདེབས་པ་དང་གཉིས།
༣༽༼དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔༽
རྗེ་ཙོང་ཁ་པ་ཆེན་པ་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་ཞིག་ཡིན་ཚུལ་སྒྲོ་སྐུར་བྱེད་པ་དང་གསུམ།
༤༽
༼སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔༽
རྗེ་རིན་པོ་ཆེས་ལྷ་སའི་ཇོ་བོ་ལ་དབུ་རྒྱན་ཕུལ་བ་དེ་བསྟན་འགྲོ་ལ་གནོད་པ་བྱས་ཚུལ་གྱི་ལོག་བཤད་བྱེད་པ་དང་བཞི།
༥༽༼པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔༽རྗེ་ཙོང་ཁ་པ་ཆེན་པོ་དེ་ཉིད་སློབ་དཔོན་པདྨ་འབྱུང་གནས་རྗེས་འབྲང་དང་བཅས་པ་ལ་མི་དགའ་བའི་ཕྱོགས་རིས་ཅན་དུ་སྒྲོ་བཏགས་པ་དང་ལྔ།
༦༽༼གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔༽ཞེས་རྗེ་ཙོང་ཁ་པ་དེ་ཉིད་མཚོན་ཐོགས་པའི་སངས་རྒྱས་ཀྱི་བསྟན་པ་འཇོམས་མཁན་ཡིན་པར་སྒྲོ་བཏགས་པ་དང་དྲུག་པོ་འདི་ལ། རྙིང་མའི་ཆོས་གྲོགས་བློ་གཟུ་བོར་གནས་པ་རྣམས་ཀྱིས་ཅིག་གཟིགས་དང་། དགེ་ལྡན་པའི་བླ་མ་འཇམ་དབྱངས་བཞད་པ་དང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ལ་ཐུགས་ཁག་འདུག་གམ། རང་གི་བླ་མ་ལ་དོན་ལ་མི་གནས་ཤིང་བློ་ཡུལ་དུ་མི་འཁྱུད་པའི་སྒྲོ་སྐུར་ཆེན་པོ་འདི་འདྲ་ཞུས་ན། སུ་ཡིན་ན་ཡང་ནད་ཁྱག་གི་མ་རེད་ད།
དགེ་ལུགས་པས་བླ་མ་འགའ་ཤས་ཀྱིས་རྙིང་མ་ལ་ཟུར་ཟ་མཛད་པ་དེ་དག་ཐུགས་ཁག་མེད་པར་ཁྱེད་རང་ཚོས་དྲངས་པའི་ལུང་དེ་ལ་བརྟེན་ནས། དེ་རིང་གསལ་པོ་ར་འཕྲོད་བྱུང་སོང་། ད་དུང་ལུང་ཡོད་ན་དྲང་རོགས། ཡག་པོ་འདུག དགེ་ལུགས་པ་ལ་ཁག་མི་འདུག་སྙམ་པའི་གཟུར་གནས་རྣམས་ལ་ངེས་ཤེས་འདྲོངས་པ་འདུག
འདི་འདྲའི་སྐུར་འདེབས་དང་མངོན་སུམ་ལ་སྙོན་པའི་མཚན་སྨད་འདི་འདྲ་ཚབས་ཆེན་ནི་ཁྱེད་ཅག་གིས་བདུད་དུ་བརྩི་བའི་ཕ་བོང་ཁ་པ་དང་རྗེས་འབྲངས་བཅས་པས་ཀྱང་སློབ་དཔོན་པདྨ་ལ་བྱས་མི་འདུག་གོ། ངས་སྔོན་མ་ཡང་ཁོང་ཅག་གི་དཔེ་ཆ་བཀླགས་མྱོང་། ད་ལྟ་ལམ་རིམ་རྣམ་གྲོལ་ལག་བཅངས་ངའི་ཤག་ལ་ཡོད། མགོ་མཇུག་བར་གསུམ་གང་ན་དེ་འདྲ་རིགས་ཟུར་ཙམ་ཡང་མཐོང་མ་བྱུང་།
ལར་ནས་ཕ་བོང་ཁ་པ་རྗེས་འབྲང་དང་བཅས་པ་སྐྲུན་མཁན་དེ་ཁྱེད་ཅག་རེད། ཁྱེད་ཅག་གིས་སྐད་ཆ་དེ་འདྲ་རྐྱང་རྐྱང་བཤད་ཙང་། མིས་ཀྱང་ཕར་ལའང་མི་དགའ་བ་དང་སྐུར་འདེབས་ཞུ་གི་ཡོད་རེད། ཕར་ལ་ཚིག་མཐོ་དམའ་རེ་ལའང་གྲི་དང་མེ་མདའ་ཁྱེར་ནས་མ་ཡོང་ཙམ་བྱེད། གཞན་གྱི་བླ་མ་ལ་སྒྲོ་སྐུར་བྱེད་པ་ལ་ཡ་ང་བག་ཚ་མེད་པ་འདི་བདུད་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་མངོན་རྟགས་རེད་ད།
ཁྱེད་ཅག་མིག་བཙུམས་ན་དམྱལ་བ་ཐག་རིང་པོ་རང་མ་རེད་མི་འདུག
ཐུགས་བསམ་ཡག་པོ་བཞེས།
ཐུགས་བསམ་ཡག་པོ་བཞེས།
ཐུགས་བསམ་ཡག་པོ་བཞེས།
ཞོ་ལྟར་ཆགས་པ་དེ་ཁྲག་ལྟར་མ་དཀྲུགས།
གཟུར་གནས་ཚོ་ཐུགས་བསམ་ཡག་པོ་བཞེས་དང་། གོང་གི་པདྨ་གླིང་པ་ཟེར་བ་གཏེར་སྟོན་རྫུན་པ་དེས། རྙིང་མའི་བསྟན་པ་ལ་ཞབས་འདེགས་ཞུས་འདུག་གམ། ཞབས་འདྲེན་ཞུས་འདུག
གོང་གི་ཚིག་དེ་དག་གིས་རྐྱེན་བྱས་ཏེ་གྲུབ་མཐའ་ཕན་ཚུན་གྱི་དབར་ལ་འཁོན་འཁྲུགས་དང་དབྱེན་འབྱེད། སྡུག་ས་ནས་མི་གསོད་ཁྲག་སྦྱོར་བྱུང་བ་ཡང་སྐད་ཆ་དེ་འདྲ་བཤད་ནས་བྱུང་བ་རེད།
ངས་བལྟས་ན་པདྨ་གླིང་པ་ཟེར་བ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་རྙིང་མའི་བསྟན་པའི་གཤེད་མ་ཞིག་བྱུང་་འདུག ཁོས་བྱེད་ཉེས་ལ་བརྟེན་ནས་རྙིང་མ་པའི་བསྟན་པ་རྣམ་པར་དག་ལའང་སྐུར་འདེབས་དང་མི་དགའ་བའི་མི་མང་པོ་ཞི་བཟོས་དང་བཟོ་བཞིན་རེད་འདུག
ང་ཚོ་སོ་སྐྱེ་ཐ་མལ་པ་ཆོས་བརྒྱུད་ཐམས་ཅད་ལ་དད་པ་དང་དག་སྣང་སྦྱོང་ཐབས་བྱེད་མཁན་ཚོ་ལ་ཡང་ཁག་པོ་འདུག ང་ཚོའི་གཞན་ལ་འགྲེལ་བཤད་རྒྱབ་ཁག་པོ་འདུག་ད། གཟབ་གཟབ་བྱོས།
ད་དུང་རྒྱུ་མཚན་མང་པོ་ཡོད་པ་འོག་ཏུ་གཟིགས།
ཤེས་རབ་འོད་ཟེར།
པདྨ་གླིང་པའི་གཏེར་རྫུས་ཀྱི་ཚིག་དེ་རྣམས་ལ་ལན་མཐར་ཆགས་སུ་གདབ་པར་བྱའོ། །
༡༽༼ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔༽
ལན།
དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བ། མདོ་སྡེ་བཅུ་གཉིས་བློ་ལ་
ཡོད་པ། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པ། བཅོམ་ལྡན་
འདས་ཀྱི་ཉེ་གནས་ལོ་བཅུ་གཉིས་བྱས་ཀྱང༌། བཅོམ་ལྡན་འདས་
སེམས་ཅན་འདུལ་བའི་ཐབས་དང་སྤྱོད་པ་ཅི་མཛད་ཐམས་ཅད།
གཡོ་དང་སྒྱུ་རུ་མཐོང་བས་ཉེས་དམིགས་ཀྱིས། དངོས་སུ་སའི་
མཐོངས་བྱེ་ནས་སེམས་ཅན་དམྱལ་བར་སོང་བའི་ལོ་རྒྱུས་དཔེ་ཆོས་
རིན་ཆེན་སྤུངས་པའི་འབུམ་འགྲེལ་ན་གསུངས་ལ།
ཚེ་དེར་མཐོང་ཆོས་ལ་དམྱལ་བར་སྐྱེས་པའི་སྡིག་ཅན་ལེགས་སྐར་ལྟ་བུ། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུའི་སྐྱེས་བུ་ཆེན་པོར་སྐྱེ་བ་བླངས་ཞེས་པ་འདི། ཁྱེད་ཅག་གིས་གཏེར་ནས་བཞེས་པའི་གཏེར་གཞུང་དག་གི་དགོངས་པ་ཡིན་ན་ལས། ལས་འབྲས་ལ་མ་རྨོངས་པའི་ནང་པ་སངས་རྒྱས་པའི་ལུགས་ལ་དེ་འདྲ་མི་སྲིད། ཡང་མིན་ན་ལས་འབྲས་མེད་ཟེར་དགོས། ཡང་མིན་ན་ལས་འབྲས་འཆོལ་ཏེ་མི་དགེ་བས་འབྲས་བུ་བདེ་འགྲོ་སྦྱིན་ཞེས་ཁས་བླངས་དགོས་པར་འགྱུར་རོ། །
གཉིས་པ་སོགས་ཀྱི་ལན་འོག་ཏུ་གཟིགས།
ཤེས་རབ་འོད་ཟེར།
མདོར་ན་པདྨ་གླིང་པས། རྗེ་རིན་པོ་ཆེ་ལེགས་སྐར་གྱི་སྐྱེ་བ་ཡིན་པར་བཤད་པ་ནི། ལས་འབྲས་ཀྱི་རྣམ་གཞག་མ་ཤེས་པའི་ནང་རྟགས་ཕྱི་རུ་གསལ་བ་ཡིན་ནོ། །
ད་ནི་སྐུ་ཞབས་སྒོམ་སྡེ་བས་ཀྱང་རྡོ་སྦིས་དགེ་བཤེས་ཚང་གི་སྨོན་ལམ་བདུད་སྡེ་ཚར་གཅོད་ཀྱི་དགག་ལན་ཉི་མའི་འོད་ཟེར་ལྟ་བུ་ཞིག་ལྗགས་རྩོམ་གནང་རྒྱུ་ཡིན་པ་འདྲ། ཐུགས་རྗེ་ཆེ།
རྗེ་བླ་མའི་ལམ་རིམ་ཆེན་མོའི་ཆེ་བ་བཞིའི་ཡ་གྱལ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་ཞེས་པ་འདི་ལན་གཅིག་མཐོང་བ་ཡིན་ན་དཔྱོད་ལྡན་སུ་ཞིག་རྗེའི་བླ་མའི་འཕྲིན་ལས་ལ་བཤུང་བར་འགྱུར།
ཤེས་རབ་འོད་ཟེར།
པདྨ་གླིང་པའི་གཏེར་རྫུས་ཀྱི་ཚིག་དེ་རྣམས་ལ་ལན་མཐར་ཆགས་སུ་གདབ་པར་བྱའོ། །
ཚིག་རྐང་གཉིས་པ། གསུམ་པ། ལྔ་པ། དྲུག་རྣམས་ལ་དཀྱུས་གཅིག་ཏུ་ལན་གདབ་པར་བྱ་སྟེ།
༢༽༼གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔༽
སྐྱེ་འགྲོ་རྣམས་ལོག་པའི་ལམ་དུ་འཁྲིད་པར་བྱེད་པའི་ལམ་མཁན་ཡིན་པར་སྐུར་བ་འདེབས་པ་དང་གཉིས།
༣༽༼དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔༽
༥༽༼པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔༽རྗེ་ཙོང་ཁ་པ་ཆེན་པོ་དེ་ཉིད་སློབ་དཔོན་པདྨ་འབྱུང་གནས་རྗེས་འབྲང་དང་བཅས་པ་ལ་མི་དགའ་བའི་ཕྱོགས་རིས་ཅན་དུ་སྒྲོ་བཏགས་པ་དང་ལྔ།
༦༽༼གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔༽
རྗེ་ཙོང་ཁ་པ་ཆེན་པོ་སྐྱེས་བུ་དམ་པར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་ཅིང་། སློབ་དཔོན་པདྨ་འབྱུང་གནས་ཉིད་ཀྱིས་ཀྱང་ལུང་བསྟན་པ་ཡིན་ཏེ།
༡༽ སྟོན་པ་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོངས་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་གནས་ཁ་བ་ཅན་དང༌། གདན་ས་དགའ་ལྡན་གྱི་མཚན་སྒྲ་དགའ་ཞེས་དང༌། ཁྱོད་ཉིད་ཅེས་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་དུ་གསལ་བར་ལུང་བསྟན་པ་དང༌།
༢༽ མཁའ་འགྲོ་གསང་བའི་རྒྱུད་ལས། འཇམ་དཔལ་སྤྲུལ་པ་བློ་བཟང་ཞེས། །བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །ཞེས་དང༌།
སློབ་དཔོན་པདྨ་འབྱུང་གནས་ཉིད་ཀྱིས་ཀྱང་།
༣༽ དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། །མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས། །ཞེས་པ་ནས། བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང༌། །གསང་ཚན་ལས་རབ་རྡོ་རྗེ་བདེ་བ་རྩལ། །ཞེས་དང༌། བཻ་རོ་ཙ་ནའི་སྐྱེ་བ་ཞིག །དབུས་ཕྱོགས་དགེ་ལྡན་ཞེས་པར་འབྱུང༌། །བྱང་སེམས་བློ་བཟང་ཞེས་གྲགས་པ། །ཞེས་སོགས་ཀྱི་རྩོད་མེད་ཀྱི་སྐྱེས་བུར་ལུང་བསྟན་ཅིང་།
༤༽ པདྨའི་བཀའ་ཆེམས་ལས། འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་བདག །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས། །མི་རབས་བརྒྱད་དུ་མདོ་སྔགས་རྒྱས་པར་སྟོན། །ཞིང་འདི་འདས་ནས་བྱམས་པའི་དྲུང་དུ་འགྲོ༌།དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན། །རང་བྱུང་བསྐལ་པ་ཆེན་པོ་ལ། །དགྲ་བཅོམ་ཐོབ་པར་ཐེ་ཚོམ་མེད། །ཅེས་སོགས་ལུང་ཆེས་མང་པོ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །
དེས་ན་རྒྱལ་བ་རང་ཉིད་དང་སློབ་དཔོན་པདྨས་ཀྱང་ལུང་གིས་ཟིན་པས། སྟོན་པ་ཤཱཀྱ་ཐུབ་པ་དང་། སློབ་དཔོན་པདྨ་འབྱུང་གནས་ལ་ཚད་མར་བྱེད་ན་ཁོང་ཅག་གི་ལུང་ལའང་ཚད་མར་བྱོས་ཤིག
ཤེས་རབ་འོད་ཟེར།
པདྨ་གླིང་པའི་གཏེར་རྫུས་ཀྱི་ཚིག་དེ་རྣམས་ལ་ལན་མཐར་ཆགས་སུ་གདབ་པར་བྱའོ། །
༣༽༼དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔༽
འདི་ལ་སླར་ཡང་ལན་གདབ་པར་བྱ་སྟེ། རྗེ་ཙོང་ཁ་པ་ཆེན་པོ་ནི་གཞན་ཁྱད་དུ་གསོད་པའི་མངོན་པའི་ང་རྒྱལ་ཕར་ཟད། ཐུགས་ཡིད་འབྱུང་དང་སྐྱོ་ཤས་དང་ཤིན་ཏུ་དུལ་བར་གནས་པ་ཡིན་ཏེ། བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་སྨད་ཆ་༡༢༥༠ལས། ༼རྗེ་ཙོང་ཁ་པ་ཆེ་པོ་ནི༽མཚན་ཉིད་ཀྱི་གྲྭ་རྣམས་སུ་བཞུགས་པ་ན་ལུང་དང་རིགས་པའི་སློབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཞན་ཁྱད་དུ་གསོད་པའི་ཅ་ཅོ་མང་པོའི་དབྱངས་དང་མཆོང་རྒྱུག་སོགས་ཀྱི་གར་མི་མཛད་པར་ཐུགས་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཤིན་ཏུ་འདུལ་བར་གནས་པ་ཉིད་དོ་ཞེས་བདག་གིས་བླ་མ་དག་ལས་ཐོས་སོ། །ཞེས་གསུངས་པས་སོ། །
གང་གཡག
ཁྱོད་ཚོ་ལྟ་བུས་ང་རིས་མེད་ཡིན་མིན་ལ་འགྱུར་བ་སྤུ་ཙམ་གཏོང་ཐུབ་ཀྱི་མ་རེད།
སྐྱེས་ཆེན་དམ་པ་ལ་སྐུར་འདེབས་ཞུས་ན་སུ་ཡིན་ཡང་རྣ་བར་འགྲོ་གི་མ་རེད།
མ་ཟད་སྐྱེ་འགྲོ་མང་དག་ཅིག་ངན་སོང་གི་གཡང་ས་ཆེན་པོ་འཁྲིད་པར་སེམས་ཀྱིས་བཟོད་མ་སོང་།
ང་ནི་བསམ་བློ་བཏང་གིན་བཏང་གིན་ཡ་མཚར་གི་འདུག སའི་གོ་ལའི་ཐོག་གི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་ཤོས་དེ་ཧ་ལམ་ཡེ་ཤུ་དང་ཁ་ཆེ། ཧིན་དཱུ་སོགས་ཡིན་པ་རེད། ཆོས་ལུགས་འདི་དག་གི་ནང་ན་ཡང་། གཞན་གྱི་ལྷ་ལ་མཆོད་ན་དམྱལ་བར་སྐྱེས་པའི་སྐད་ཆ་སོགས་ཡོད་པ་རེད། དེ་ཚོའི་ཐད་ཚིག་གཅིག་ཀྱང་བཤད་མ་ཕོད་པར། ལོ་ངོ་བརྒྱ་ཕྲག་བརྒལ་ཟིན་པའི་ས་དགེ་བཀའ་རྙིང་གི་བླ་མ་རྣམས་ཀྱི་མཚན་ནས་བོས་ཏེ་སྡིགས་ར་གཏོང་བ་འདི་ནི། ཧ་ལམ་ང་ཚོའི་བོད་རང་བཙན་ཤོར་པའི་དཔང་རྟགས་འདི་ཡིན་ཟེར་བ་འདྲ་ཞིག་འདུག མ་འོངས་པར་ཡང་ང་ཚོ་ལ་རང་བཙན་དང་མི་རིགས་འདིའི་རེ་བ་ཞིག་མེད་ཟེར་བའི་དཔང་རྟགས་གསོན་པོ་འདྲ་ཞིག་འདུག ཐུགས་རྗེས་གཟིགས། ཁྱེད་ཚོའི་ཆོས་ལུགས་ཀྱི་རྙོག་དྲ་རྣམས་ཁ་བརྡའི་ཐོག་འཁྱེར་མ་ཡོང་། ད་བར་དུ་ཆོས་ལུགས་ཀྱི་གླེང་རྙོག་གོང་ན་ཡོད་པ་དེ་ཚོའི་ཐད་དགག་སྒྲུབ་གཉིས་ཀ་འགྲོ་ཚར་སོང་། ད་དེའི་སྐོར་གྱི་གླེང་རྙོག་ལ་འབྲེལ་བའི་མཆན་མ་འབྲི་རོགས།
གངས་གཡག
རིས་མེད་ཀྱི་དོན་དེ་བླ་མའི་དབུ་ལ་སྐྱག་པ་བཏང་ཡང་ཁ་ཁར་བསྡད་དགོས་པའི་མ་རེད་ད། ཧ་གོ་ཨེ་བྱུང་།
ཁྱེད་ཅག་ཡིན་ན་གྲི་དང་མེ་མདའ་ཁྱེར་ནས་ཡོང་རྒྱུའི་ཉེན་ཁ་ཡོད།
ངེད་ནས་ཚིག་ངན་ཅིག་ཀྱང་བཤད་མེད་ད།
དགེ་འདུན་རབ་གསལ་ལགས། ཁྱེད་ལ་གུས་བརྩི་ཡོད།
འོན་ཀྱང་ཁྱེད་ཀྱིས་སྒོམ་སྡེ་སོགས་ཀྱིས་མཆན་བུ་རྣམས་བཞག་ནས་ངའི་མཆན་བསུབ་དོན་ཅི་ཡིན། བསུབ་ན་མཉམ་དུ་བསུབ་རོགས། དེ་མིན་རྒྱུ་མཚན་འགྲེལ་བཤད་གནང་རོགས།
སྒོམ་སྡེ་ལགས།
གྲི་དང་མེད་མདའ་ཁུར་ནས་དམར་གསོད་གཏོང་མཁན་དགེ་ལུགས་པ་རེད་མ་གཏོགས་ང་ཚོ་མ་རེད་ད།
དགེ་འདུན་རབ་གསལ་ལགས།
དེ་འདྲ་ཡིན་ན་ངའི་མཆན་དེ་ཡང་ཚུར་དྲ་སྟེང་དུ་འཇོག་རོགས་ཞུ།
སྒོམ་སྡེ་ལགས།
གྲི་དང་མེ་མདའ་ཁུར་ནས་ལམ་གསེང་དམར་གསོད་གཏོང་མཁན་སུ་ཡིན་ཤེས་འདོད་ན། དགེ་ལུགས་པའི་ཆོས་འབྱུང་ཡག་ཤོས་མུ་ལི་ཆོས་འབྱུང་དང་། རྣམ་ཐར་ཡག་ཤོས་འཇམ་བཞད་ལོ་རྒྱུས་བཙན་པོ་མ། འཇམ་མགོན་བསྟན་བསྲུང་ཆེན་པོའི་ཆོས་འབྱུང་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ་སོགས་ལ་ལྟོས་དང་ཤེས་པར་འགྱཱུར།
ད་དུང་དངོས་སུ་མིག་གིས་མཐོང་འདོད་ཡོད་ན། བཞུགས་སྒར་རྡ་རམ་ས་ལའི་མཚན་ཉིད་གྲྭ་ཚང་གི་དབུ་རྒེ་དམ་པའི་གཟིམ་ཆུང་དུ་སོང་ནས་ལྟོས་དང་། སུ་ཡིན་གསལ་བོར་ཤེས་ཀྱི་རེད། ཤ་ཟ་བཞིན་ཟ་བཞིན་ངས་ཤ་ཟོས་ན་དཀོན་མཆོག་གསུམ་ཞེས་མནའ་སྐྱེལ་རྒྱུ་ཡིན་ནམ།
མཆན་འདི་གོང་གི་མཆན་གྲངས་ ༤༥ འཕྲོར་བཏབ་པ་ཡིན་མོད། བརྩེ་བའི་དྲ་བདག་ལགས་ཀྱིས་བསུབ་བཏང་བ་མ་ཟད། མཆན་འདེབས་སའི་སྒོ་ཡང་བརྒྱབས་པ་སོང་མོད། སྒོམ་སྡེས་ཙོང་ཁ་བ་དཀར་འདོན་བྱེད་དགོས་ཞེས་རེ་བསྐུལ་ཞུས་པ་ལྟར་སླར་ཡང་དྲ་སྒོ་ཕྱེས་འདུག་པས། ངས་ཀྱང་མཆན་བུ་དེ་བསྐྱར་འགོད་བྱས་པ་ཡིན།
ཨ་ལེ། སྒོམ་སྡེ་ལགས། དེ་སྔོན་ངས་ཁྱེད་ཀྱིས་ཚིག་མཛོད་ཐོག་བགྲོ་གླེང་བྱས་པའི་མཆན་ཁ་ཤས་མཐོང་སྐབས། གཟུར་གནས་མཁས་པ་ཞིག་རེད་བསམ་ནས་དགའ་བོ་བྱུང་མོད། ད་ལྟས་ངན་ལྷང་ལ་ཕུད་ཚར་སོང་། དེ་འདྲ་ཡིན་ན་ཁྱོད་ཀྱི་ཚིག་མཛོད་དེ་ཡང་རིས་མེད་ཅིག་མ་ཡིན་པ་ཚོད་དཔག་བྱེད་ཐུབ།
༡༽ དེ་སྔོན་དགེ་ལུགས་པ་དང་སོག་དམག་མཉམ་འབྲེལ་གྱིས། བོད་རང་གི་རྒྱལ་པོ་སྡེ་སྲིད་གཙང་བ་ཡབ་སྲས་དམར་གསོད་བཏང་། བཀའ་བརྒྱུད་སོགས་དགོན་སྡེ་མང་པོ་དམག་དང་དྲག་པོའི་མཚོན་ཆར་བརྟེན་ནས་དགེ་ལུགས་པར་བཙན་གྱིས་བསྒྱུར། དེ་རྗེས་ཡང་འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས། སོག་རྒྱལ་ལྷ་བཟང་དང་ངན་འབྲེལ་བྱས་ནས། བོད་ཆོས་སྲིད་གཉིས་ཀྱི་བདག་པོ་༧གོང་ས་སྐུ་ཕྲེང་དྲུག་པ་གནས་དབྱུང་བཏང་། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་མི་བཟོད་པའི་ངན་གསོད་བྱས་པ་སོགས་དམར་གསོད་ཁྲག་གི་འཁོར་ཐེངས་མང་བསྐོར།
ད་དུང་དགེ་ལུགས་པས་བོད་ནང་ཁུལ་དུ་དམར་གསོད་ཅི་ཙམ་བྱས་ཚུལ་ཁ་བརྡའི་ཐོག ལྷ་འདྲེ་ཡི་གཏོར་བརླག་གི་ཁྲོད་ན་ཡོད་པའི་བདག་གི་བོད། ཅེས་པར་ལྟོས་དང་། དཔྱོད་ལྡན་མང་པོ་ཞིག་གིས་གསལ་བཤད་གནང་འདུག
༢༽ ཉེ་དུས་ལ་ཆ་བཞག་ན། ༡༩༩༧ ལོར་དགེ་ལུགས་པའི་བླ་གྲྭ་འགའ་ཞིག་གིས། ༧གོང་ས་མཆོག་གི་བཞུགས་སྒར་དུ་འཇམ་མགོན་བསྟན་སྲུང་ཆེན་པོར་དམར་མཆོད་འབུལ་དགོས་ཟེར་ནས། མཚན་ཉིད་དབུ་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་སློབ་ཚོགས་དང་བཅས་པ་དམར་གསོད་ཁྲག་ལ་བསྒྲིལ་བས་ད་དུང་ཁྲག་དྲི་མ་སྐམ་པར་ཡོད་པ་སོགས་བསྟན་དགྲ་རྒྱ་ནག་བོད་ལ་མ་སླེབས་པའི་སྔོན་དུ་དགེ་ལུགས་པས་བོད་ནང་ཁུལ་དུ་དམར་གསོད་ཁྲག་གི་འཁོར་ལན་སྟོང་དུ་བསྐོར་ཡོད། དེ་དག་ཐམས་ཅད་གོང་གི་པདྨ་གླིང་བའི་ལུང་བསྟན་དེ་ལ་བརྟེན་ནས་བྱུང་བ་རེད་དམ། མི་དཔེ་པ། ༣༽ གལ་ཏེ་ཡིན་ན། དགེ་ལུགས་ནང་ཁུལ་དུ་དམར་གསོད་གཏོང་དགོས་དོན་ཅི་ཡིན་ནམ། ར་སྟག་བར་གྱི་འགལ་རྐྱེན་ལ་བརྟེན་ནས་དམར་གསོད་ཅི་ཙམ་བྱས་པར་སོམས་དང་། དེ་ཡང་གོང་གི་ལུང་བསྟན་དེ་ལ་སྙིང་ནད་བརྩད་པ་ཨེ་རེད།
༤༽ ངོ་མ་བཤད་ན། ཞོ་ལྟར་ཆགས་བསྡད་པ་ཁྲག་ལྟར་དཀྲུགས་མཁན་དགེ་ལུགས་པ་ཡིན་པ་ཤེས་དགོས། དེང་དུས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། འཛམ་གླིང་མི་མང་གིས་༧གོང་ཆ་ཆེན་པོར་དགའ་བའི་ཐལ་མོ་བརྡབ། དད་པའི་མིག་ཆུ་བཞུར། དུང་བའི་བསྟོད་བསྔགས་བྱེད་བཞིན་ཡོད་མོད། དགེ་ལུགས་པ་རྒྱ་དམར་ངན་འབྲེལ་བྱས་ཏེ། ༧གོང་ས་ཆེན་པོ་གར་ཕེབས་སར་ངོ་རྒོལ་གྱི་འོ་དོད། མཚན་སྨོད་ཀྱི་ཀུ་ཅོ་སྒྲོག་བཞིན་ཡོད་པ་འདི་ཡང་གོང་གི་ལུང་བསྟན་དེ་སྙིང་ནད་རྩོད་ཀྱི་ཡོད་པ་རེད་དམ།
༥༽ ད་བལྟས་ན་དགེ་ལུགས་པས་སྐྱབས་གནས་འདྲེ་ལ་བཅོལ་ནས་བོད་ནང་ཁུལ་དུ་གཏོར་བཤིགས་ཚབ་ཆེན་གཏོང་བཞིན་ཡོད་པ་འདི་ཡང་པདྨ་གླིང་བར་སྙིང་ནད་རྩོད་ཀྱིན་ཡོད་པ་རེད་འདུག
ད་ཡིན་ན་ཤེས་སོང་།
༦༽ ཧོར་མཇུག་གིས་རང་གི་དགྲ་བོའི་དང་རྩེ་རང་གི་ཕ་རྒན་ཡིན་ཚུལ་བཤད་ཅིང་། མ་རྒན་མོར་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ཡང་། པདྨ་གླིང་བར་སྙིང་ནད་རྩོད་ནི་ཡིན་རྒྱུ་རེད་པ།
༧༽ ད་ལྟ་ཧོར་མཇུག་གི་མོད་སྨད་ལོ་རྒྱུས་ནང་དུ་ཡང་རྙིང་མ་སོགས་བོད་ཀྱི་ཆོས་བརྒྱུད་གཞན་པ་རྣམས་ལྟ་ལོག་དང་ཆོས་ལོག་རེད་ཟེར་བ་འདི་ཡང་གོང་གི་ལུང་བསྟན་དེ་ལ་སྙིང་ནད་རྩོད་ཀྱི་ཡོད་པ་ཡིན་པ་ཤེས་སོང་། ༧༽ མདོར་ན་དགེ་ལུགས་པས་འདས་པའི་ལོ་རྒྱུས་ནས་བཟུང་ད་ལྟའི་བར་གྱི་བྱ་སྤྱོད་མཐའ་དག་གོང་གི་ལུང་བསྟན་དེའི་སྙིང་ནད་མ་བཟོད་པར་རྩོད་ཀྱིན་ཡོད་པ་ཡང་གསལ་བོར་ཤེས་སོང་།
རབ་གསལ་ལགས།
ངས་ཁྱེད་ཅག་ལ་རྙོག་ཁྲ་ཚིག་གཅིག་ཀྱང་བཤད་མྱོང་། ད་རེས་གསན་འཇོག་གནང་བར་ཐུགས་རྗེ་ཆེ།
འདིའི་རིགས་ཀྱི་སྐད་ཆ་དེ་ཚོ་གསལ་བཤད་བྱས་ན། བློ་གཟུ་བོར་གནས་པའི་མི་དེ་དག་གི་བློ་ཁུག་ཐུབ་ཀྱི་རེད། ཕྱོགས་རིས་ཅན་དེ་ཚོ་ནི་སངས་རྒྱས་ཀྱིས་ཀྱང་བཏུལ་ཐུབ་ཀྱི་མ་རེད།
ཤེས་རབ་འོད་ཟེར།
པདྨ་གླིང་པའི་གཏེར་རྫུས་ཀྱི་ཚིག་དེ་རྣམས་ལ་ལན་མཐར་ཆགས་སུ་གདབ་པར་བྱའོ། །
༤༼སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔༽
ལན་ནི།
རྗེའི་རྣམ་ཐར་ཆེན་མོ་ལས།
དེས་ན་ཇོ་བོ་རིན་པོ་ཆེར་དབུ་རྒྱན་ཕུལ་བ་ནི། སྤྱིར་ན་ཇོ་བོའི་སྣང་བརྙན་འདི་ཉིད་
སྔར་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པ་སོགས་ཀྱི་ཚེ་དབུ་རྒྱན་ཡོད་པར་གྲགས་པས་སྔར་གྱི་ལུགས་དང་མཐུན་པར་བྱ་བ་སོགས་དང༌། ལྷག་པར་དགོས་པའི་གཙོ་བོ་ནི་དབུ་རྒྱན་ཕུལ་ཏེ་ལོངས་སྐུའི་ཆ་བྱད་དང་མཐུན་པར་མཛད་པའི་རྟེན་འབྲེལ་ལས། ངེས་པ་ལྔ་
ལྡན་གྱི་སྟོན་པ་དང་མཚུངས་པར་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་བསོད་ནམས་ཀྱི་
ཞིང་དུ་བརྟན་པར་བཞུགས་པ་སོགས་ཀྱི་སླད་དུ་ཡིན་ལ། དབུ་རྒྱན་ཕུལ་ཞིང་སྨོན་ལམ་
ཆེན་མོའི་རྒྱུན་བཙུགས་པ་སོགས་ཀྱིས་བསྟན་པ་དང་འགྲོ་བའི་ཕན་བདེ་བླ་ནས་བླར་
འཕེལ་ཏེ་སྙིགས་མའི་དུས་ཀྱང་རྫོགས་ལྡན་བཞིན་དུ་གྱུར་བ་མཐོང་བཞིན་དུ། ཀུན་སློང་
ངན་བའི་དུག་ཆུས་མྱོས་པས། ཤཱཀྱ་མུ་ནིའི་རབ་གནས་ཆུག་པའི་མཐུས། །ཉི་ཟླ་མཐོ་
གང་མཁྲུ་གང་མར་བབ་པས། །དང་པའི་གཟའ་སྐར་གནས་མེད་འཁྲུག་པར་འགྱུར། །
ཞེས་སོགས་ཟེར་བའི་བསམ་དོན་གྱི་གཙོ་བོ་ནི། དབུ་རྒྱན་ཕུལ་བའི་ཚེ་ལྕགས་གཟེར་
བཏབ་ཡོད་རྒྱུ་བའི་ཁུལ་གྱིས་རབ་གནས་ཉམས་ཚུལ་བྱས་ན་རྒྱུས་མེད་ཀྱི་མི་རྣམས་ཀྱི་
བློ་ལ་ཨེ་འཐད་སྙམ་པ་དང༌། དེ་ལ་བརྟེན་ནས་ཉི་ཟླ་བབ་པ་སོགས་ཀྱི་ངན་ལྟས་
བྱུང་ཚུལ་ལབ་ན་རྒྱབ་སྐྱོར་དུ་ཨེ་འགྲོ་སྙམ་པ་ཡིན་འདུག་ཀྱང༌། ལྕགས་གཟེར་
བཏབ་མིན་མིག་གིས་བལྟས་ཤིང་ལག་པས་ཉུལ་ན་ཤེས་པས་ལུང་བསྟན་ཁུངས་མ་དག
ཡིན་པའི་རྒྱུ་མཚན་ནི་འདི་གཅིག་པུས་ཀྱང་ཤེས་པར་ནུས་སོ། །འདི་དག་གི་ལན་
ཞིབ་པ་ནི་མཁས་དབང་བྲག་སྒོ་རབ་འབྱམས་པའི་གསུང་དུ། ཉི་ཟླ་ནི་འཇིག་རྟེན་དེ་
ཁའི་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པས། གསུང་རབ་ནས་བཤད་པའི་
ཐོག་མཐའ་བར་གསུམ་གྱི་བྱ་བ་བྱེད་ཚུལ་ལས་གཞན་པའི་རྗེ་རིན་པོ་ཆེས་དབུ་རྒྱན་ཕུལ་
བས་རབ་གནས་ཉམས་ནས་ཉི་ཟླས་ཡར་མར་དུ་བློ་བུར་བའི་བྱ་བ་བྱེད་བསམ་པ་ནི། མི་ལ་མིའི་སེམས་དང་ལྡན་པ་རྣམས་ལ་ནི་མི་འབྱུང་བས་དེ་ལྟར་མ་བྱས་ཞེས་སྒྲུབ་མི་
དགོས་པ་འདྲ་སྟེ། སྔར་ཇོ་བོ་ས་འོག་ཏུ་སྦས་པའི་དུས་སུའང་རབ་གནས་ཉམས་
ནས་ཉི་ཟླ་མར་བབ་སྙམ་པའི་དོགས་པ་ནི་ཁྱི་རྒན་རྒྱའོ་ལ་ཡང་མ་བྱུང་འདུག་པས་སོ། །ཇོ་བོ་ལ་དབུ་རྒྱན་འབུལ་དུས་དབུ་ལ་ལྕགས་གཟེར་བཏབ་པས་རབ་གནས་ཉམས་ཞེས་པའི་དོགས་པ་ཞིག་དེ་ཁའི་དུས་ཀྱི་མིག་བུ་དང་མི་ལྡན་པའི་མི་ཕལ་ཆེར་ཞིག་ལ་བྱུང་ཚོད་འདུག་སྟེ། དེ་དག་ལ་ནི་ལག་པས་ཉུལ་ཞིག་ཅེས་བརྗོད་པར་བྱའོ། །ཞེས་
དང༌། ཉི་ཟླ་མཐོ་གང་མཁྲུ་གང་མར་བབ་པས། །ཞེས་སོགས་ཟེར་བ་ནི།
རབ་གནས་ཉམས་པའི་དོགས་པ་ཞིག་མི་རྣམས་ཀྱི་སེམས་ལ་ཤར་ན། དེའི་ངན་
རྟགས་སུ་ཉི་ཟླ་མར་བབ། གློག་འཁྱུག །ཐོག་བབ། སྐར་མདའ་རྒྱབ།
གཟའ་དུ་བ་མཇུག་རིང་ཤར། ཉི་ཟླ་གཟའ་འཛིན་བྱུང༌། ས་གཡོས། སྡིགས་
བྱུང༌། འཁྱུག་རྒྱབ། དགུ་ཚིགས་ལོག །ཐལ་རླུང་ལངས་པ་སོགས་ཀྱི་ངན་
ལྟས་སྐྲག་རྔམས་དཔེ་མེད་ཞིག་བྱུང་བར་མི་རྣམས་ཀྱི་གོ་རུ་རེ་བ་ཡིན་འདུག །གླིང་
ལོག་ལོ་གཅིག་ཟླ་བ་བཅུ་གསུམ་འབྱུང༌། །ཟེར་བ་ནི། གཏི་ཐུག་ལ་སོང་
བའི་གཤིས་ཀྱིས་གླིང་ལོག་གི་དོན་ནི་མ་ཤེས། རྣ་བས་དེ་འདྲ་ཞིག་ཐོས་པ་ན་མི་
ཤིས་པ་གོ་བ་ལོག་པ་འདྲ་བ་ཞིག་བྱུང་བར་གོ་རུ་རེ་བ་དང༌། དེ་ཡང་གྲངས་ངེས་
འདོགས་ཁ་པོ་བྱས་ན་བདེན་པར་འཛིན་ཨེ་ཡོངས་བསམ་པ་ཡིན་འདུག་ཀྱང༌། ཁོ་
རང་དང་རིགས་མཐུན་བྱུང་ན་མ་གཏོགས་སུས་བདེན་བར་འཛིན། ལྷས་སྦྱིན་གྱིས་དེ་
བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་དུས་སུའང་ཉི་ཟླས་མར་མ་
བབ་ན། སངས་རྒྱས་ཀྱི་སྐུ་ལ་དབུ་རྒྱན་སྒྲོན་པས་ཉི་ཟླ་མར་བབ་ཡོངས་སྙམ་པ་ནི་ཆོས་
ཀྱི་སྒྲ་མི་གྲགས་པར་སྐྱེས་ན་མ་གཏོགས་མི་འབྱུང༌། མཚམས་མེད་ལྔ་དང་ཉེ་བའི་
མཚམས་མེད་ལྔ་བྱས་ཀྱང་ཉི་ཟླ་མགོར་བབ་ཡོངས་སྙམ་པ་ནི་སུ་ལའང་མི་འདུག་ན།
ཡིད་མུག་དེ་གཅིག་པུའི་སེམས་ལ་ཅི་ཤར་ན། །ཞེས་གསུངས་པ་རྣམས་ཀྱིས་ཤེས་
པར་སྣང་བས་སྐྱར་དུ་བརྗོད་མ་དགོས་ལ།
རྒན་བདག་རབ་གསལ་ལྟ་བུ་ཞིག་མེད་ན། ཨ་མདོའི་བུ་ཕྲུག་འདི་ཚོར་སྒྲིག་འཛུགས་ཤིག་བཟོ་དཀའ་རྒྱུ་རེད་ཡ། རང་ལངས་སྐྱག་ལངས་དང་། ཁ་ལ་བདག་པོ་མེད་པ། དོན་དངོས་འགོ་འཚོས་རྒྱུ་མེད་པ། སྔ་ཕྱི་འདང་མི་དཔོག་པ། དོན་མེད་ཀུ་ཅོ་ཆེ་བ་འདི་ཚོ་ཚང་མ་སློབ་གྲྭ་འདིའི་ཞན་ཆ་རེད་ཡ།
སྒོམ་སྡེ་ལགས།
སྤྱིར་བཏང་ང་རྗེ་ཙོང་ཁ་བ་ལ་དད་གུས་ཡོད་མཁན་ཞིག་ཡིན་མོད། ཁྱེད་ཀྱིས་པདྨ་གླིང་བའི་ལུང་བསྟན་ལ་འགྲེལ་ལོག་རྒྱབ་ཡོང་དུས། ངས་ཀྱང་ལན་ཞིག་འབྲི་དགོས་པ་འདུག
༼ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔༽ ཞེས་པས་ ལེགས་སྐར་དམྱལ་བར་སྐྱེ་བའི་ལས་ངན་གྱི་ཁ་ཅུང་ཟད་མ་གང་བས་སླར་ཡང་སྐྱེ་བ་ངན་པ་ཞིག་བླངས་ཏེ་གཟོད་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་རྒྱུ་ཡིན་པར་བསྟན་པ་ཡིན་པས། ལས་འབྲས་འཆོལ་བར་འགྱུར་བའི་སྐྱོན་མེད་ཅིང་། ལས་འབྲས་མི་བསླུ་བ་ཡིན་པའི་རྒྱུ་མཚན་དུ་བགྲང་ཆོག དེ་ཡང་། ལས་ཅན་དག་གི་ལས་རྣམས་ནི།། བསྐལ་བ་བརྒྱར་ཡང་ཆུད་མི་ཟ།། ཞེས་གསུངས་པའི་ཕྱིར་རོ།།
༼གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔༽ཞེས་པ་ནི། དགེ་ལུགས་པས་དྲག་པོའི་དམག་དང་སྟོབས་ཤུགས་ཁོ་ནར་བསྟེན་ཏེ། ཆོས་བརྒྱུད་གཞན་པ་རྣམས་དམར་གསོད་དང་། གྲུབ་མཐའ་བཙན་བསྒྱུར་སོགས་ལས་ངན་ཚབ་ཆེན་བསགས་ཏེ། ཐུབ་པའི་བསྟན་པ་འཇིག་པར་བསྟན་པ་རེད།
༤༼སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔༽ཞེས་པ་ནི། ཁྱེད་ཀྱིས་བཤད་པ་ལྟར་སྟོན་པ་སྤྲུལ་སྐུའི་རྣམ་པ་ཅན་ལ་ལོངས་སྐུའི་ཆས་གསོལ་བར་བསྟན་པ་ཡིན་ལ། དང་པོར་ལོངས་སྐུའི་རྒྱན་ཆ་གསོལ་སྐབས་ལྕགས་འཛེར་བཏབ་ཡོད་མོད། ཕྱིས་སུ་དགེ་ལུགས་པ་རྣམས་ཀྱིས་པདྨ་གླིང་བའི་ལུང་བསྟན་དེ་རྫུན་མ་རེད་ཟེར་འདོད་ནས། ལྕགས་འཛེར་བླངས་ཏེ་འཛེར་ཁུང་མི་གསལ་བར་བྱས་པ་རེད། མདོར་ན་ལུང་བསྟན་གྱི་ཚིག་ཡོངས་རྫོགས་ལ་འགྲེལ་བཤད་སྟབས་བདེ་བྱེད་རྒྱུ་ཡོད་མོད། རེ་ཞིག་བཞག
དེ་བཞིན་ཁྱེད་ཀྱིས་ཙོང་ཁ་བ་སྐྱེས་བུ་དམ་པ་ཡིན་པའི་རྟགས་སུ་ལུང་ཙམ་དྲངས་བས་བསྒྲུབ་ཐུབ་ན། ངས་ཀྱང་པདྨ་གླིང་བ་གུ་རུའི་ཆོས་བདག་གཏེར་སྟོན་འཁྲུལ་མེད་བྱང་ཆུབ་སེམས་དཔའི་སྤྲུལ་བ་ཡིན་པ་ལུང་གིས་བསྒྲུབ་ཆོག་པས་ཉོན་ཨ། དེ་ཡང་ཨོ་རྒྱན་པདྨས་མཛད་པའི་བཀའ་ཐང་བསྡུས་པ་ལས། བཅུ་དྲུག་པ་ཆོས་བདག་གླིང་བ་བརྒྱད་རྣམས་བསྟན་པ་ནི། སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྤྲུལ་བ་སྟེ། དབུས་ན་ཨོ་རྒྱན་གླིང་བ་ཡོད།། ཤར་ན་རྡོ་རྗེ་གླིང་བ་ཡོད།། ལྷོ་ན་རིན་ཆེན་གླིང་བ་ཡོད།། ནུབ་ན་པདྨ་གླིང་བ་ཡོད།། ཞེས་སོགས་གསུངས་པའི་ཕྱིར་རོ།།
སྐུ་ཞབས་སྒོམ་སྡེ་བ་ལགས། པད་གླིང་གཏེར་རྫུན་ལྟ་བུ་དགག་རིགས་ཀྱང་། གཏེར་མ་གཞན་དག་ལ་གཟབ་གཟབ་རེ་གནངས་རོགས། ཉིད་བློ་གྲོས་ཤིན་ཏུ་རྣོན་པོ་ཅན་ཞིག་གིས་དེ་ལྟར་མི་བྱེད་པའི་ཡིད་ཆེས་ཡོད། རྡོ་སྦིས་དགེ་བཤེས་ཀྱིས་ཀྱང་གཏེར་མ་ཁ་ཚ་དགོས་གཏུགས་མ་ཞིག་གཏེར་རྫུན་ཡིན་ལུགས་དང་མའོ་ཡི་བཀའ་དྲིན་གྱིས་བོད་འདི་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་རྒྱུ་ཡིན་ལུགས་སོགས་ཡིད་ལ་གང་དྲན་བྲིས་ནས་དགག་རྩོམ་སྤེལ་བའི་ལོ་ཤས་རྗེས་སུ་གཏེར་མ་དེའི་ལུང་བསྟན་མངོན་དུ་གྱུར་ནས་དམར་སྲུང་དམག་ཚོར་བླ་རྒན་དམར་གསོད་བཏང་བ་རེད། རྗེ་བླ་མར་སྐྱོན་འདོགས་ཀྱི་གཏེར་མ་རྫུས་ཡིག་འཁྱར་དེ་ཚོར་དགག་དགོས་ཀྱི་ངལ་བ་ཅང་བསྟེན་ཨེ་དགོས་ཏེ། དཔྱོད་ལྡན་སུ་ཞིག་དེ་ལ་ཡིད་ཆེས་སྐྱེ།
ནོར་བཅོས། དམག་ཚོར་ དམག་ཚོས་
སྒོམ་སྡེ་ལགས།
དེ་བས་ཁྱོད་ཀྱིས་འདི་ལྟར་བཤད་ན་ཡག་པོ་འདུག དགེ་ལུགས་པས་དྲག་པོའི་དམག་དང་མཚོན་ཆའི་རྩེ་ནས་བོད་ཀྱི་ཆོས་བརྒྱུད་གཞན་པ་ཁག་དགེ་ལུགས་པར་བཙན་གྱིས་བསྒྱུར་ཅིང་། དམར་གསོད་ཁྲག་གི་འཁོར་ལོ་ལན་མང་དུ་བསྐོར། ད་དུང་དགེ་ལུགས་པའི་གྲྭ་རྒོད་རྣམས་ཀྱིས་མཚན་ཉིད་དབུ་དགེ་སློབ་ཚོགས་དང་བཅས་པ་དམར་གསོད་བཏང་ཡང་ཉི་ཟླ་མར་མ་བབ། དགེ་ལུགས་པའི་སྡུག་བཤེས་སྐལ་བཟང་རྒྱ་མཚོའི་སློབ་ཚོགས་རྣམས་ཀྱིས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་༧གོང་ས་ལྷ་མིའི་སྐྱབས་མགོན་ཆེན་པོར་མཚན་དམོད་དང་ངོ་རྒོལ་བྱས་ཀྱང་། ཉ་ཟླ་མར་མ་བབ་ན། སངས་རྒྱས་ཀྱི་སྐུ་ལ་དབུ་རྒྱན་སྒྲོན་པས་ཉི་ཟླ་མར་བབ་ཡོང་སྙམ་པ་ནི་ཆེས་བླུན་པོའི་བཤད་སྒྲོས་ཙམ་མོ།། ཞེས་སྨྲས་ན་དོན་དག་ཆེ་བར་འདུག་སྙམ།
ངས་ཁྱོད་ཚོའི་བགྲོ་ལ་ཞིབ་ལྟ་བྱས་གྱིན་བྱས་གྱིན་གསལ་པོར་མཐོང་ཡོང་བ་ནི། ཁྱོད་ཚོ་མང་པོ་ཞིག་ཧོར་གཙང་འཇིགས་མེད་ཀྱི་རྣམ་དཔྱོད་དང་གྲུབ་འབྲས་ལ་འགྲན་མ་ཐུབ་པའི་སྡུག་བསྔལ་རང་ལས། ཁོང་གི་རྩོམ་ཡིག་ལ་དཔྱད་པ་དངོས་གནས་གཏོང་ཐུབ་མཁན་སུ་ཡང་བྱུང་མི་འདུག ཁྱོད་ཚོས་བཤད་པའི་སྐད་ཆ་ཕལ་ཆེར་ཧོར་གཙང་འཇིགས་མེད་ཀྱི་རྩོམ་ཡིག་དང་འབྲེལ་བ་མེད་པའི་སྡིགས་སྨོད་དང་མཚང་འབྲུ། རང་རང་ཚོ་མིའི་རྗེས་མ་ཟིན་པའི་སྡུག་པསྔལ་བརྗོད་པ་རྐྱང་རེད་འདུག
གང་གཡག་ལགས།
མཐའ་དོན་དུ།
དེ་རིང་དངོས་གནས་སྐད་ཆ་ཁ་གསངས་ནས་བཤད་ཀྱི་ཡིན། ངེད་ནས་གཟུ་བོར་གནས་པའི་སྒོ་ནས་ལོ་རྒྱུས་དག་ལ་ཞིབ་ལྟ་བྱས་ཏེ་དགེ་ལུགས་དང་ཆོས་བརྒྱུད་གཞན་གྱི་དབར་དུ་རྙོག་ཁྲ་དེ་ཇི་ལྟར་བྱུང་འདུག་བརྟགས་དུས། རྗེ་རིན་པོ་ཆེ་ནི་ཐུན་མོང་སྣང་ངོར་ཡང་། འདུལ་ཁྲིམས་གཙང་ལ་དབང་པོ་སྡོམ་པ། ཐུགས་གཤིས་འཇམ་ལ་ཞི་ཞིང་དུལ་བ། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་སོགས་སྐུ་ཡོན་གྱི་ཆ་ནས་ཀྱང་མཁྱེན་རབ་ཀྱི་ཀློང་རྡོལ་བ་ལྟ་བུ་ཞིག་ཡོད་པས། ལོ་སྐོར་གཅིག་ཙམ་གྱི་ནང་དུ་གྲུབ་མཐའ་རིས་མི་གཅིག་པའི་མཁས་པ་ཕལ་ཆེར་སློབ་མར་འདུས། འཇིག་རྟེན་གྱི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུད་དེ་རི་བོ་དགེ་ལུགས་པ་ཞེས་ཤ་མོ་རྡོལ་བ་ལྟར་སྐད་ཅིག་ལ་བྱུང་བས་ཐབས་ཅད་མིག་ཧུར་རེ་ལུས། བྱ་ཐབས་དང་བྲལ། སྦྱིན་བདག་རྣམས་ཀྱང་རྗེ་ཙོང་ཁ་པ་ཡབ་སྲས་རྗེས་འབྲང་དང་བཅས་པའི་ཕྱོགས་སུ་འདུ་བར་མཐོང་ནས། ཕྲག་དོག་གིས་ཡིད་བསྐྱོད་དེ། འགའ་ཞིག་གིས་གཏེར་ལུང་ཡིན་ཚུལ་བརྩམས། གོ་ཤཱཀ་སོགས་ཀྱིས་ཁ་ངན་མང་དུ་བྱས་ཏེ། རྐྱེན་རྩ་བསླངས་འདུག་གོ།
ཡེ་ཤེས་ལགས།
ངས་ཉ་ཉུག་མཉམ་བསྲེ་བྱས་མེད།
པད་མ་གླིང་ཞེས་དམིགས་སུ་བཀར་ཡོད་པས། ཐུགས་དོགས་གནང་མི་དགོས། སྤྱིར་བཏང་མི་དེ་རྫུན་པ་ཡིན་མིན་དེ་དེའི་སྐད་ཆ་ལ་བལྟ་དགོས། པད་མ་གླིང་པས་བཤད་པ་དེ་རྫུན་ཡིན་པ། རྒྱལ་བ་རང་ཉིད་ཀྱི་ལུང་དང་། སློབ་དཔོན་པདྨའི་ལུང་གིས་ལེགས་པར་བསྒྲུབས་ཟིན་ཏོ། །
གངས་གཡག་དང་། སྒོམ་སྡེ་གཉིས་ཀྱིས་རྩོད་པ་འདི་ཧ་ཅང་རྩིང་པོ་འདུག ད་མཚམས་བཞག་ན་ལེགས། དེ་བས་ཧོར་མཇུག་གིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཀྱི་ཐོག་བགྲོ་གླེང་གནང་ན་བཟང་། འོན་ཀྱང་ཧོར་མཇུག་གི་མི་གཞི་ལ་སྐྱོན་བརྗོད་ཆེན་པོ་མ་བྱས་ན་བཟང་སྙམ། ངས་དང་པོར་ཧོར་མཇུག་ལ་སྐྱོན་བརྗོད་ཅུང་ཐལ་སོང་བས་དགོངས་དག་ཞུ། འོན་ཀྱང་མདོ་སྨད་ལོ་རྒྱུས་ཐོག་གི་ནོར་འཁྲུལ་དང་ཕྱོགས་རིས་ཀྱི་སྐད་ཆ་་ཚོར་དགོངས་དག་མི་ཞུ་ཐག་ཆོད་ཡིན། དེའི་སྐོར་ལ་རྩོམ་ཡིག་ཞིག་ཀྱང་འབྲི་བཞིན་ཡོད།
བོད་ཀྱི་ཤེས་ཡོན་ཅན་དང་ཆོས་པ་ཡིན་ཟེར་མཁན་འདི་ཚོ་དུག་སྦྲུལ་ལས་ཀྱང་ཞེ་སྡང་ཚ་པོ་ཡིན་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ་ཡིན་ནམ། ང་ཚོ་བོད་མི་འདི་ཁོང་ཚོ་ལྟ་བུའི་སྣེ་ཁྲིད་འོག་འགྲོ་དགོས་པ་ཡིན་ནམ། ཞབས་འདྲེན་འདི་ཚོས་གཞན་མི་ཤེས་ཀྱང་ངོ་ཚ་ཡག་ཅིག་ཤེས་གལ་ཆེ།
སྒོམ་སྡེ་ལགས།
ཁྱེད་ཀྱིས་པདྨ་གླིང་བའི་གསུང་རྫུན་ཡིན་པ་སློབ་དཔོན་པདྨའི་ལུང་གིས་ལེགས་པར་བསྒྲུབས་ཟིན་ཟེར་བ་ཅི་ཡིན་ནམ། དེས་ན་ངས་ཀྱང་གོང་དུ་པདྨ་གླིང་བ་གཏེར་སྟོན་འཁྲུལ་མེད་དང་། ཁོང་གི་ལུང་བསྟན་ཡང་རྫུན་མ་མ་ཡིན་པ་སློབ་དཔོན་པདྨའི་ལུང་བསྟན་གྱིས་བསྒྲུབས་ཟིན་ཏོ།།
ངས་བལྟས་ན་བླུན་པོས་སྨྲ་བ་ཉུང་ན་མཛེས་ཞེས་གསུངས་པ་ལྟར། ད་ཅང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ན་མི་ལེགས་སམ།
ལགས་སོ། །
གངས་གཡག་ལགས། ཁྱེད་ནས་གསུངས་པ་ལྟར་ང་བླུན་པོ་ཡིན། ཁྱེད་རང་མཁས་པ་རེད་བཞག ད་ང་གཉིས་འདིར་མཚམས་བཞག་ན་མཛེས་པོ་འདུག
དྲ་གྲོགས་སེང་གེ་རལ་བ་ཅན། ཁྱེད་ལ་འཇམ་བཞད་ལོ་རྒྱུས་བཙན་པོ་མ་ཡོད་ན། ང་ལ་མཁོ་སྤྲོད་གནང་ན་ཆོག་གམ། ངས་དུས་ཡུན་རིང་བརྩད་གཅོད་བྱས་ཀྱང་རག་མ་བྱུང་།
དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར།
ད་ལྟ་ཁྱེད་ང་གིས་མཆན་འབྲི་སའི་ཐོད་དུ་ཡོད་པའི་རེ་སྐུལ་གྱི་ཚིག་༼ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང༌། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ༽འདི་དྲན་གསོ་ཞིག་གནངས་རོགས་ཞུའོ།།
རྣམ་དཔྱོད་གངས་གཡག་ཁྲོས་པའི་རྭ་རྩེ་ནས།།
ལུང་རིགས་མེ་དཔུང་མཆེད་པའི་ཚ་ཟེར་གྱིས།།
སྒོམ་སྡེའི་སོམ་ཉིའི་རྩྭ་ཕུང་བསྲེག་དང་ལྷན།།
མི་སྨྲའི་རྟུལ་ཞུགས་ཁུང་བུར་གཏན་དུ་འཛུལ།།
དེང་སང་ཡི་གེ་འབྲི་ཀློག་ཙམ་ཤེས་པ་མང་པོ་ཞིག་མི་གཞི་ཡིན་ནམ་ཅིག་བཤད་ཁུལ་བྱེད་ཀྱི་འདུག་ཀྱང། ཧོར་གཙང་འཇིགས་ཕུད་པའི་ཁྱོད་ཚོ་ཚང་མ་སྐྱོན་གཅིག་ཀྱང་མེད་མཁན་རྐྱང་རྐྱང་ཅང་ཨེ་ཡིན། ཁྱོད་ཚོ་བོད་མི་ས་ཡ་དྲུག་ལས་རྒྱུ་སྤུས་ཡག་ཤོས་དྲག་འདེམ་གྱིས་ཁ་པརྡ་དྲ་ཐོང་ལ་གདན་འདྲེན་ཞུས་ཤག་པ་ཡིན་གྱི་མ་རེད། ཁྱོད་ཚོས་དོན་མེད་དུ་མི་ལ་ཁྱད་གསོད་བྱེད་ཚུལ་ལ་གཟིགས་དང། ཁྱོད་ཚོས་གོང་ས་མཆོག་ལ་སྐུར་འདེབས་ཞུ་ལ་ལྟོས་དང། ཁྱོད་ཚོའི་ནང་ལོགས་འབྲེལ་བཤད་དགོས་ས་རེད། གངས་གཡག་ཟེར་བ་དང། སེངྒེ་རལ་པ་ཅན། རིག་མཆོག དཔལ་ཆེན། པདྨ་བཟང་པོ་སོགས་མིང་རྫུན་གྱོན་ནས་བཀྲ་མ་ཤེས་པ་རྐྱང་ཤོད་མཁན་ཁོ་པ་ཚོ་ནང་པའི་ཆོས་ལུགས་པ་ཡིན་ཁུལ་རེད་རེད་དེ། ཁྱོད་ཚོའི་སེམས་དྲན་པ་དང། ལག་ནས་བྲིས་པ་གཟིགས་ན་བཤན་པ་ཞིག་ལས་ཆོས་པ་ཞིག་གི་གཤིས་ཀ་རྩ་ནས་མཐོང་གི་མི་འདུག དངོས་གནས་ཆོལ་ཁ་དང་ཆོས་ལུགས་དཀྲུག་མཁན་འདི་ཚོ་རེད་འདུག
གཞན་ཁྱེད་ཅག་གིས་བཤད་བཞིན་པའི་དགག་སྒྲུབ་དེ་ཚོ་ལ་ང་རྒྱུས་མངའ་གང་ཡང་མེད་ཀྱང་ལོ་རྒྱུས་ཆེན་མོ་དེའི་ས་བཅད་གཉིས་ལ་ཉན་མི་འདོད་པའི་ཐ་སྙད་ཞིག་འདྲེས་འདུག་སྙམ༼རྗེ་ཙོང་ཁ་བས་རིག་གཞུང་གསར་བརྗེ་དང་བོད༽ད་དུང་་གསོན་ཤུགས་ལྡན་པའི་རྗེ་ཙོང་ཁ་བའི་བསྟན་པ། གསར་བརྗེ། གསོན་ཤུགས་ལྡན། ཐ་སྙད་དེ་གཉིས་ནི་ང་ཚོའི་དྲ་རྒྱ་འདི་ནང་ཧ་ཅང་རྒྱུགས་ཆེ་བའི་རྒྱ་དམར་གྱི་རྗེས་འབྲང་ཞེས་པ་དང་དོལ་རྒྱལ་ཞེས་པ་གཉིས་དང་མཐུན་ཕྱོགས་ཆེ་བས་ཡིད་ལ་མཐད་མ་སོང་། འདི་ནི་ངས་ཐ་སྙད་གཅིག་པུའི་ངོས་ནས་བཤད་ཀྱིན་ཡོད།
གཞན་གངས་གཡག་ཟེར་བའི་དུད་འགྲོ་གཡག་གི་རྟུལ་ཞུགས་ཅན་དང་ལྷ་རམས་པ་ཟེར་བའི་ལྷ་ཐལ་བ་རམས་པ་ལ་འགྱུར་ཚར་བ་ཁྱེད་རང་གཉིས་ནས་ཆོས་སྤངས་ཀྱི་ལས་གསོག་དགོས་ཀྱང་ང་ཚོ་ཆོས་ལུགས་བར་ལ་གཏོར་གཤིགས་དེ་མ་རྒྱག་རོགས་
པདྨ་གླིང་པའི་ལུང་དེ་འབྲུག་པ་ཕྱོགས་ཀྱི་ཕྱག་དཔེ་འགའ་རེ་ལ་ཡོད་ཀྱང་གཞན་གྱིས་ལྷད་བཅུག་པ་ཞིག་ཡིན་པར་
བཤད། དེའི་འབྱུང་རྩ་གཙོ་བོ་སྤྱིར་འབྲུག་པདྨ་དཀར་པོ་ལ་ཙོང་ཁ་པ་བདུད་ཀྱི་སྤྲུལ་ཡིན་པའི་ལུང་བསྟན་མང་པོ་ཡོད་
འདུག བཀའ་བརྒྱུད་དང་དགེ་ལུགས་ཞེ་འཁོན་ཆེ་ཞིང་དམག་འཁྲུག་སོགས་ཀྱི་ལས་ལ་ཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་
ཞབས་ཕྱི་མང་པོ་སྒྲུབ་ཡོད་ཅིང་འབྲུག་པ་པད་དཀར་གྱིས་ལུང་བསྟན་མང་པོ་བཟོས་བཅོས་བརྒྱབ་པའི་ལོ་རྒྱུས་གོང་ས་ལྔ་པའི་གསུང་དུའང་གསལ་ཡོད།
ཡང་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་དབྱངས་བཞད་
པ་གཉིས་ཀྱི་འགལ་ཟླ་ལ་དཔྱད་པའི་སྐབས་སུ་ཤོག་གྲངས་ ༥༥༡ དང་ ༥༥༢ པ་ལས། ཡིན་ནའང་ཁོང་རྣམ་གཉིས་ཀྱི་བར་
ལ་བྱུང་བའི་འགལ་ཟླ་དེ་སྲིད་དོན་འཕྲོག་རྩོད་ཀྱི་འགལ་ཟླ་ཞིག་རྩ་བ་ནས་མ་ཡིན་པར། ཆོས་ལུགས་གཉའ་གནོན་གཏོང་
མཁན་དང་གཉའ་མྱོང་མཁན་གཉིས་ཀྱི་བར་གྱི་འགལ་ཟླ་རེད། ཅེས་བྲིས་འདུག སྐབས་དེའི་བོད་ཆོས་སྲིད་གཉིས་ལ་
མཁྱེན་རྒྱ་དང་བཀའ་དྲིན་འགྲན་ཟླ་དང་བྲལ་བ་སྡེ་སྲིད་སངས་རྒྱ་མཚོ་ལ་སྐུར་འདེབས་འདི་ལྟར་བྱེད་ཕོད་དམ་དྲྭ་གྲོགས་
ཚོ་གཅིག་ཤོད་དང་སྡེ་སྲིད་ཀྱིས་དགེ་ལུགས་པ་ལ་གཉའ་ནོན་བྱས་པའི་ཁུངས་སྐྱེལ་ཧོར་འཇིགས་ལ་ཡོད་དམ། འདི་ལྟར་
བཤད་དགོས་དོན་ནི་སྐབས་དེར་འཇམ་དབྱངས་བཞད་པས་ཏཱ་ལི་བླ་མའི་ཁྲི་ལ་དམིགས་ནས་ཕྱི་རྒྱལ་གྱི་མི་སྣ་དང་ངན་
འབྲེལ་བྱས་པའི་རྐྱེན་གྱིས་དགའ་ལྡན་ཕོ་བྲང་ཉམས་ཆགས་སུ་སོང་བའི་ནག་ཉེས་འགེབ་འདོད་གཅིག་པུ་ལས་གཞན་གང་ཡང་མ་རེད། དེང་སང་ཡང་འཇམ་དབྱངས་བཞད་པ་དང་གངས་ཅན་བླ་མ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏད་ག་
ཚོད་གཅོག་གིན་ཡོད་པ་ཚང་མས་མཁྱེན་བཞིན་པ་རེད། ང་ཚོས་རྩེ་ཕོ་བྲང་པོ་ཏ་ལ་མཇལ་ཐེངས་རེ་ལ་ཕོ་བྲང་གསར་
བཞེངས་ལ་བཀའ་དྲིན་ཆེ་བ་སྡེ་སྲིད་སངས་རྒྱ་མཚོའི་བཀའ་དྲིན་རེ་དྲན་རྒྱུ་དང་འཇམ་དབྱངས་བཞད་པ་ནི་དགའ་ལྡན་ཕོ་བྲང་ཕུང་ལ་སྦྱོར་བའི་ཕུང་འདྲེ་ཡིན་སྙམ་དུ་དྲན་དགོས་པ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བརྗེད་མི་ཉན།
རྗེ་ཙོང་ཁ་པ་རྒྱ་ནག་དབུ་བླ་ལ་མ་ཕེབས་པར་བསྔགས་བརྗོད་མང་ཙམ་བྱས་པ་ལས་ཙོང་ཁ་པ་ཆོས་པ་རྣམ་དག་ཡིན་པ་དང་
སྲིད་དོན་གྱི་མདོ་མ་ཤོར་བ་སོགས་མང་པོ་ཞིག་བྲིས་འདུག་པ་འདི་ནི། ཇི་སྐད་དུ། ཤེས་རབ་ཀྱི་རལ་གྲི་སོ་ཉིས་མ། །ཤེ་བྱའི་
ཆོས་ལ་གདེང་ཆེ་ན། །རང་མགོ་བོ་གཅོད་ཀྱིས་ཨ་ཙ་མ། །ཞེས་གསུངས་པ་བཞིན་ཡིན་པས་གཟབ་དགོས་རྗེ་ཙོང་ཁ་པ་ལ་
བསྟོད་པའི་ཤུགས་ཀྱིས་རྒྱལ་པཎ་གཉིས་ཀྱི་གཙོས་པའི་དགེ་ལུགས་པའི་བླ་ཆེན་མང་པོ་ཞིག་རྒྱ་ནག་གི་དབུ་བླར་ཕེབས་
ཡོད་པ་དེ་ཚོ་ཆོས་པ་རྣམ་དག་མིན་པ་དང་སྲིད་དོན་གྱི་མདོ་ཤོར་ཡིན་པ་ཤུགས་ཀྱིས་ཁས་བླང་བ་སོགས་རིག་པ་ཕན་ཚུན་གོ་
ལྡོག་བྱས་ན་སྐྱོན་མང་པོ་འཇུག་པ་དེ་འདྲ་བ་མང་པོ་འདུག
ངས་བརྒྱ་མི་ཤེས་རུང༌། རྒྱ་ཁྱི་རྣ་ལེབ་ཁྱོས་ཧོར་འཇིགས་དགག་རྒྱུ་མི་འཇོན་པ་ནི་ང་འདྲ་བའི་དཔྱོད་ལྡན་རྣམས་ལ་གསལ་ནི་རེད། སྒོམ་སྡེ་ལྷ་རམས་པས་བཤད་པ་ཤིན་ཏུ་མད་དེ། གང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།།
ཚུར་ཁབ་བཙག་དང་འབིག་བཙག་བྱས་པར་ཕྱིར་ཡ་ལན་ཅུང་ཙམ་བྱས་ཀྱང་དེའི་ན་མི་ཁྱོགས་ཡ།
སེང་གེ་རལ་པ་ཅན་སྐད་པའི་རྒྱ་ཁྱི་རྣ་ལེབ་འདིའི་རིགས་ལ། གནའ་མིའི་ཁ་དཔེར། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་ཟེར་བ་དེ་རང་རེད།
ཁྱོད་ཀྱིས་རྣ་མི་ན་ཡང་ང་ལྟ་བུའི་མི་རྒན་པའི་ཁ་ན་གི་འདུག
ཨ་ཧ་བོ། རྒྱ་ཁྱི་རྣ་ལེབ་འདི་ཡང་བསོད་ཟད་ཅིག་ཡིན་ལེ་རེད།
ཡ་ཡ་སྒོམ་སྡེ་ལྷ་རམ་པ་ཟེར་བ་ཁྱེད་ཁ་སྔོན་ཆོས་ལུགས་རིས་མེད་ལ་དད་པ་ཡོད་མདོག་གི་རྩོམ་ཡིག་བྲིས་པ་མཐོང་ཡང་དེ་རིང་རྫུན་སྐུབ་རྟོལ་འདུག
གཏེར་སྟོན་པདྨ་གླིང་པ་ལ་སྐུར་འདེབས་མང་པོ་བྱས་འདུག ད་དུང་
རང་ཕྱོགས་བཟང་རབ་མང་པོ་བྲིས་པ་དེ་ཚོ་སྐབས་འདིའི་བསྒྲུབ་བྱ་ལས་སྒྲུབ་
བྱེད་མིན་ང་ཚོས་འདིར་ལུང་རིག་གིས་བགྲོ་གླེང་བྱེད་སར་ཁྱེད་ཀྱིས་ལུང་
བསྟན་ཡིན་ཟེར་བའི་ཚིག་འདི་དཀྲུགས་ཤིང་གི་ཆེད་དུ་ཁུར་ཡོང་བ་འདྲ།
དཔལ་ཆེན་ལགས།
ཁྱེད་རང་ཚོ་མངོན་སུམ་མཐོང་ཆོས་ལའང་སྐྱག་རྫུན་ཤ་སྟག་བཤད་ཡ་སྐྱག་ལངས་ཤོར་བ་རེད། པད་མ་གླིང་པའི་ལུང་དེ་སུས་སྔོན་ལ་དྲངས་འདུག་མིག་ལ་ལེགས་པར་ཕྱིས་ལ་ལྟོས་ཤིག ལུང་དེ་འདྲེན་མཁན་ཤེས་རབ་འོད་ཟེར་བ་དེ་རེད། ཁོ་པའི་མཆན་༢༣ལ་གཟིགས་དང་། དེ་ནས་ངེད་ཀྱིས་དེ་ལ་མཆན་༤༤སྐབས་གཞི་ནས་དགག་ལན་བྱས་པ་ཡིན།
ཁྱོད་བྱས་ན་རྒྱལ་བ་ཙོང་ཁ་པ་ཆེན་པོར་དེ་ལྟ་བུས་སྐུར་སྨད་བྱས་པར་ལན་གང་མ་བཏབ་པར་རང་འགར་བཞག་དགོས་ཡོད་ཟེར་བ་ཡིན་ནམ།
ད་ཡིན་ན། དག་སྣང་གོས་དེ་དོར་ནས་རང་གཤིས་གཅེར་བུ་མངོན་གྱིན་འདུག་གོ ལྟོ་འབྲང་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ་གསུང་པ་ལྟར་མི་འགྱུར་བ་གལ་ཆེ། ས་དཀར་རྙིང་གསུམ་གྱིས་རྗེ་རིན་པོ་ཆེ་ལ་ཕྲག་དོག་གིས་དགག་བཞག་བྱས་པ་རེད་ཟེར་བ་དེ་ནི། རང་ལྟ་མཆོག་འཛིན་དང་། གཞན་གྱི་མཁས་གྲུབ་རྣམས་ལ་མཐོང་ཆུང་ཆེད་སྤྱོད་བྱེད་པའི་ཤོག་དྲིལ་ངན་ལམ་དུ་སོང་བའི་ལག་རྗེས་སུ་མངོན། རྒྱུ་རྐྱེན་འདི་ལ་བརྟེན་ནས་ད་ལྟའི་གླེང་སློང་སྣ་ཚོགས་འབྱུང་དང་འབྱུང་བཞིན་དང་། ད་དུང་སྐུ་སྒེར་ཡིག་ཚང་གིས་བོད་འཇིགས་དེབ་དེ་སྤར་བསྐྲུན་བྱས་པ་བདེན་ན། གོང་ས་སྐྱབས་མགོན་ཆེན་པོས་དེ་སྔོན་རྒྱལ་ཆེན་ཤུགས་ལྡན་མཐར་བསྐྲད་མཛད་ཅིང་། བོད་ཀྱི་ཆོས་བརྒྱུད་ཀུན་མཐུན་འབྲེལ་སྔར་མེད་ཡོད་པར་མཛད་པའི་སྐུ་ངལ་ཚད་མེད་བསྐྱོན་པ་ཀུན་ཆུད་ཟོས་སུ་མི་བཏང་བའི་ངེས་པ་མེད་པར་གྱུར་པས་འགན་སྐུ་སྒེར་ཡིག་ཚང་གིས་ཁྱེར་དགོས་པ་སྣང་། ངས་བོད་འཇིགས་ཟེར་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་ཆོས་ལུགས་དང་ཆོལ་ཁ་ཀུན་རྡོག་རྩ་གཅིག་སྒྲིལ་ཞིག་རེད་ན་བསམ་པའི་ལྷག་བསམ་ཅན་གྱི་བོད་པ་ཡོངས་ལ་དེབ་དེའི་ལོ་རྒྱུས་ཀྱིས་འཇིགས་པར་བྱེད་པས་བཏགས་པ་ཡིན།
འདི་ཡན་ཆད་ཀྱི་བགྲོ་གླེང་ལ་བལྟས་པ་ཡིན། ཕན་ཐོགས་ཡོད་པ་གཅིག་ཀྱང་མཐོང་མ་སོང་། མུ་མཐུད་འདི་ལྟ་བུ་སོང་བ་ཡིན་ན། ཁ་བརྡ་དྲ་རྒྱ་འདི་ཡང་ཁ་གཏོང་དྲ་རྒྱ་འམ། ཁ་རྡུང་དྲ་རྒྱ་ཞིག་ཏུ་གྱུར་འདུག སྐད་ཆ་ཕྱོགས་གཉིས་ཀར་ཞིབ་བརྟག་བྱས་པ་ཡིན། སེངྒེ་རལ་པ་ཅན་ཟེར་བ་དེ་ཡང་མཁས་པ་ཞིག་རེད་འདུག སྒོམ་སྡེ་ལྷ་རམས་པ་ཡང་མཁས་པ་རེད། ངས་བལྟས་ན་རྩོད་རྙོག་མང་པོ་ཞིག་གླེང་ནས་མཐར་ཐུག་གི་དམིགས་ཡུལ་ག་རེ་ཡིན་མིན་དང་། ཕན་ཐོགས་ག་རེ་ཡོད་མེད། ཧོར་འཇིགས་ཀྱི་དེབ་གླེང་ས་ནས་རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོ་ལ་སྐུར་འདེབས་དང་། གཏེར་ཆེན་པདྨ་གླིང་པ་ལ་སྐུར་འདེབས་བྱས་ནས་ཕན་ཐོགས་ཡོད་དམ། ཤེས་རབ་འོད་ཟེར་ཟེར་བ་དེས་ལུང་དྲངས་པའི་རྒྱུ་མཚན་ཤེས་མ་སོང་། དངོས་གནས་པདྨ་གླིང་པས་དེ་འདྲ་ཞིག་གསུངས་ཡོད་མེད་ཀྱང་ཐེ་ཚོམ་རེད། ང་ལ་མཚོན་ན་ཡིད་ཆེས་མེད། རྗེ་ཙོང་པ་ཚད་མའི་སྐྱེས་བུ་ཡིན་མིན་རྩོད་དགོས་པ་མ་རེད། ཚད་མའི་སྐྱེས་བུ་ཡིན་པ་གྲུབ་ཟིན་པ་ཞིག་རེད། དེར་བརྟེན་ཕན་ཐོགས་མེད་པའི་གླེང་མོལ་འདི་དག་ངེས་པར་དུ་མཚམས་འཇོག་དགོས་པ་ལྟ་བུ་ཞིག་མཐོང་སོང་། ང་ལ་མཚོན་ན་ཁ་བརྡ་དྲ་རྒྱའི་ནང་མང་པོ་ཡོང་གི་མེད། སྐབས་རེ་ཡོང་དུས་ཧ་ཅང་ཐལ་ཆེ་བ་འབའ་ཞིག་བཤད་བསྡད་པ་ལྟ་བུ་མཐོང་སོང་། ལྷག་པར་དུ་ད་ལྟའི་བགྲོ་གླེང་གི་བརྗོད་གཞི་དེ་ཧོར་འཇིགས་ཀྱི་དེབ་ལ་བལྟས་ནས་བཤད་ཀྱི་ཡོད་ན་དེ་ལྟར་བཤད་དགོས་པ་ལས། ཧོར་འཇིགས་ལ་སྨད་ཁུལ་བྱས་ནས་མཐའ་མ་རྗེ་རིན་པོ་ཆེ་དང་སྦྱར་ཡོང་དུས་ཧོར་འཇིགས་ལ་ཚད་ལས་བརྒལ་བའི་བསྟོད་པ་རེད་བསམ་སོང་།
མཐའ་མ་དགོངས་དག་ཞུ་རྒྱུ་ཞིག་ལ། ངས་བཤད་སྟངས་དེ་བཀའ་སློབ་ལྟ་བུ་ཆགས་སོང་། ང་བཀའ་སློབ་གནང་ཤེས་མཁན་ཞིག་མིན་ལ། བཀའ་སློབ་གནང་རྒྱུའི་འོས་བབས་ཡོད་མཁན་ཞིག་དེ་བས་ཀྱང་མིན་མོད། སེམས་ཚོར་མ་བཟོད་པར་བྲིས་པ་ཡིན། གང་ལྟར་ཚང་མས་མ་གཟབ་ན་ཡག་པོ་མི་འདུག
སླར་ཡང་དགོངས་དག་ཞུ་རྒྱུ་ཞིག་ལ། ཡིག་ནོར་སྡུག་ཤོས་དེ་མ་ནོར་བ་དེ་རེད། ངས་ཀྱང་མ་གཅིག་ནོར་ནས་བྲིས་འདུག ཚང་མས་གཟབ་ན་ཡག་པོ་འདུག་ཟེར་བ་ཡིན་ཡང་ནོར་ནས་མ་གཟབ་ན་ཞེས་བྲིས་པ་ནི་ནོར་བ་རེད། བསྐྱར་དུ་དགོངས་དག་ཞུ་རྒྱུ་ཡིན། སྤྱིར་ཁ་བརྡ་དྲ་རྒྱ་ལ་ཡིག་ནོར་བཅོས་ས་མེད་པ་འདི་ཆེས་ཞན་ཆ་ཆེ་ཤོས་དེ་རེད། དེ་ལ་ཐབས་ཤེས་མི་འདུག་གམ། སྔོན་མ་ལོ་རྒྱུས་ནང་སྒང་ནི་ནག་པོ་དེ་ན་ཞིག་ཡིན་ཞེས་མཆན་བརྒྱབ་པ་བཞིན་རྒྱག་དགོས་ན་དཀའ་ལས་ཁག་པོ་འདུག
གངས་གཡག་ལགས།
འདི་ཁྱེད་རང་ལ་ཡིན་ད།
རྣམ་དཔྱོད་ལུས་སྟོབས་བརྟས་པའི་སེང་གེ་ཞིག །
ལུང་རིགས་མཆེ་སྡེར་རྣོན་པོ་ངོམས་པ་ན། །
དོན་མེད་ཀུ་ཅོ་འབྱིན་པའི་ཝ་སྐྱེས་དག །
དབང་མེད་དྲི་ཆུ་ཤོར་འདི་སྙིང་རེ་རྗེ། །
ད་བགྲོ་གླེང་མང་པོ་བྱས་སོང་། ཐང་ཆད་ཡོད་ཀྱི་རེད།
རྣམ་དཔྱོད་ལྡན་པའི་དྲྭ་གྲོགས་ཚོ་ལགས། དངོས་ནས་བཤད་ན་གྲུབ་མཐའ་རིས་མེད་དེ་ཕྱི་ནང་གྲུབ་མཐའ་ཀུན་ཤེས་ནས་ངེས་པའི་དོན་ངེས་ཤེས་ཁོ་ཐག་ནང་ནས་ཆོད་པ་ཅན་ཞིག་ལ་རིས་མེད་དང་། སེམས་རྒྱུད་ལ་ཆགས་སྡང་མེད་པར་དམ་པའི་གསུང་ལ་ཡིད་ཆེས་པའི་དག་སྣང་ཅན་ལ་རིས་མེད་ཅེས་བརྗོད་ཀྱང་། དེ་གཉིས་ལས་གང་ཡང་མེད་པར་ལུང་ཚིག་རེ་གཉིས་ལ་ཨུ་ཚུགས་བྱས་པས་ཅི་ཡང་མི་ཕན། རང་རང་གི་བསམ་ཚུལ་གྱི་ཁ་བརྡ་རེ་འམ་ལབ་རེ་རྒྱབ་པ་ལས་ཁ་རྩོད་མང་པོ་བྱས་ན་རང་རྒྱུད་བརླགས་པ་ལས་ཅི་ཡང་མི་ཕན་སྙམ་མོ། ཁ་བརྡ་དྲྭ་བ་ཞེས་པའི་ཚིག་ཙམ་མ་གོ་བ་ན་ཁ་རྩོད་དྲ་བ་ཆགས་ན་དྲྭ་བདག་ཀྱང་ཤ་མི་ཚ་འམ། ཤེར་འོད་དང་སྒོམ་སྡེ་ལྟ་བུ་རིས་མེད་བསྟན་འཛིན་ཡིན་ན་སྟོན་པ་རྫོགས་པའི་སངས་རྒྱས་ཉིད་ཀྱི་ལུང་བསྟན་པ་གུ་རུ་རིན་པོ་ཆེ་དང་། གུ་རུ་རིན་པོ་ཆེས་ལུང་བསྟན་པ་པད་གླིང་དང་རྗེ་རིན་པོ་ཆེ་རེད། གུ་རུ་རིན་པོ་ཆེ་ཉིད་ཀྱིས་རྗེ་རིན་པོ་ཆེ་དང་པད་གླིང་ང་ཡིན་གསུངས་པ་རེད། ང་ཡིན་གསུངས་པའི་དོན་ཡང་གང་ལ་གང་འདུལ་གྱི་འགྲོ་དོན་མཛད་ཚུལ་སྟོན་ནི་རེད། ཇི་སྐད་དུ། ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །སྣང་བ་ཇི་སྙེད་ཁྱོད་ཀྱི་ཕྲིན་ལས་ཡིན། ཞེས་དང་། དཔེར་ན་སྟོན་པ་ཞལ་བཞུགས་སྐབས་དྲུག་སྡེ་ལ་སོགས་ཀྱང་སྤྲུལ་བའི་ཉན་ཐོས་ཡིན་གསུངས་པ་བཞིན། པདྨ་གླིང་པའི་གཏེར་ལུང་དེ་གོ་མྱོང་བ་ལས་མཇལ་མ་མྱོང་ཡང་འདི་ཡིན་པ་འདྲ། ངས་བསམ་ན་དེ་དུས་རྗེ་རིན་པོ་རེད་ཅེས་འགའ་རེས་ལོག་འབྲེལ་གསུངས་ཀྱང་དེ་ཁོ་ན་ལ་འགྲེལ་བཤད་རྒྱབ་རྒྱུ་ག་ལ་ཡིན་མ་རེད་བསམ། དགེ་ལུགས་པ་ཁོ་ན་ལ་ཡང་མ་རེད། ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་ཁ་ཁྱེར་བ་སེར་གོས་ཙམ་གྱོན་ནས་རྟོག་གེ་མགོ་མཁྲེགས་དགེ་མེད་སྡིག་མེད་ཀྱི་ཁ་བཤད་ཁོ་ན་ཁྱེར་བའི་དམ་ཉམས་ཚོ་ལ་གོ་ན་ཤིན་ཏུ་ཟབ་བོ། དཔེར་ན་དང་པོ་རབ་བྱུང་སྤྲུལ་སྐུ་ཆགས་བྲལ་ལ་ཡིན་འདོགས་ཟེར་ནས། ཕྱིས་ཆགས་བཅས་རྒྱུ་ནོར་ལོངས་སྤྱོད་ལ་མགོ་འཁོར་བའི་བླ་ལོག་གྲྭ་ལོག་དེ་ཚོའི་བསྟན་པ་ལ་འགན་འཁུར་ཡོད་འདོགས་དང་སྒྲོ་བཀུར་གྱི་བསྟན་བཅོས་རྩོམ་འདོགས་དེ་ཚོ་་ལ་གོ་བ་རེད། ལྷག་བསམ་ཅན་ནི་མ་གཏོགས་སོ་སྙམ་མོ། ཇི་སྐད་དུ། དང་པོ་ཆོས་ལམ་མི་ཚུད་གཡག་རྒོད་བཞིན། །བར་དུ་ཐོས་བསམ་ལ་སྡང་ཚེ་འདིར་གཉེར། །ཐ་མར་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །ལས་མཐའ་ལོག་པར་ནགས་མཐའི་མི་རྒོད་བཞིན་ཞེས་པ་ལྟ་བུ་འགྱུར་འགྲོ་གི་སྙམ་མོ། ལུང་དེ་དག་ཁས་ལེན་པའི་དབང་དུ་བྱས་པདྨ་གླིང་གིས་ང་ལེགས་སྐར་རེད་གསུངས་པ་དང་གཅིག་མཚུངས་རེད། རིགས་པ་ནི་ཡོངས་གྲགས་ཀྱི་མཚན་ལྡན་གྱི་དམ་པ་གཉིས་བྱོན་པ་ཡིན་དེ་མངོན་སུམ་རེད། གླེང་གཞིའི་སྐབས་ཐེག་པ་ཆེ་ཆུང་བཤད་སྐབས་སུ། ཀླུ་སྒྲུབ་བདུད་ཀྱི་སྤྲུལ་བ་ཡིན། །ཨ་ཇོ་དེ་ཡི་རྗེས་སུ་འཇུག ཅེས་པའི་ཁ་རྩོད་ལྟ་བུ་རང་རང་སོ་སོའི་ཆོས་སྤང་གི་ལས་ངན་མ་བྱས་ན་བཟང་ངོ་སྙམ།
ང་རང་གི་བསམ་པ་ལ་དངོས་ནས་བཤད་ན་བདུད་ལྷས་བྱིན་དང་ལེགས་སྐར་ཟེར་བ་དེ་གཞན་ཞིག་དུ་མ་བཟུང་བར་རང་རང་སོ་སོའི་རྣམ་རྟོག་གི་མ་རྟོག་ལོག་རྟོག་ཐེ་ཚོམ་ལ་གོ བསྟན་འཛིན་དམ་པ་ཕལ་ཆེར་ཞི་བར་གཤེགས། ང་ཚོ་ད་ལྟ་བསྟན་པ་ཉག་ལ་ཕྲ་བ་རྟ་རྔ་ཉག་གཅིག་པ་ལྟ་བུ་འདི་ལ་ཕར་འཐེད་ཚུར་འཐེན་འགའ་བྱས་ན་ཆད་ངེས་སམ་ཞིག་ངེས་རེད། དེས་ན་ཀུན་མཁྱེན་མི་ཕམ་རིན་པོ་ཆེས། སྟོན་པ་གཅིག་གི་རྗེས་ཞུགས་ནས། །བསྟན་པ་གཅིག་ལ་སློབ་པ་ཀུན། །ཞེན་ལྟའི་སྡང་མིག་སྤངས་བྱས་ནས། །དགའ་བའི་འཛུམ་གྱིས་འགྲོགས་གྱུར་ཅིག །བསྟན་པའི་དོན་དང་མཐུན་པའི་ཆ། །རང་གཞན་སུ་ལ་ཡང་ཡོད་ཀྱང་སྒྲུབས། །དེ་མཐུས་གངས་རིའི་ཁྲོད་འདི་རུ། །སྒྲུབ་བརྒྱུད་རྒྱལ་ཐབས་ཆེན་པོ་བཞི། །ཆོས་ཀྱི་འབྱོར་པས་མཛེས་འབར་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་གསུངས་བཞིན་མཛད་རོགས་མཁྱེནན། ཁོག་ལ་ཅི་ཁ་བརྡ་ནང་གྲོས་བསམ་འཆར་འདོན་ན་ལེགས། བོད་ཕྲུག་ཚོས་མ་འོང་པ་ཕུག་འདུན་ཡོད་པ་རེ་རེམ་རེམས་ཞེས་ཤྲྰིས་གུས་ཕུལ།། །།
ང་རང་གི་མཐོང་སྣང་ལ། ཁ་བརྡའི་ནང་བསམ་ཚུལ་འདོན་མཁན་ཚོ། ནམ་རྒྱུན་ནས་རྩོད་གཞི་ངོ་མ་མི་རྩོད་པར་ལམ་ཡན་ཞིག་ཏུ་འཁྱར་འགྲོ་ཡི་འདུག་སྟབས། གོང་གི་མཆན་ ཨང་ ༢༨ དང་ ༢༩ དེ་ནས་ ༣༠ བཅས་ཀྱི་ནང་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བའི་དེབ་དེར་གང་གསལ་བ་དེ་བཀོད་ཡོད། དེ་ནི་བརྗོད་གཞི་རང་ལ་འཇུས་ནས་གླེང་ཐུབ་ན་ཕན་ཐོགས་ཆེ་བར་སྙམ་ནས་ཡིག་འཇུག་གི་དཀའ་ལས་བརྒྱབ་ཡིན། རྒན་མོ་ལག་འཛིང་ལྟ་བུ་གནང་ལུགས་འདི་ཡག་པོ་མ་རེད། རྣམ་པ་ཚོས་ཐུགས་བསམ་ཞིག་བཞེས་གནང་རོགས།
གུས་བཀུར་འོས་པའི་སྒོམ་སྡེ་ལྷ་རམས་པ་དང་གང་གཡག་ཟུང་གྱི་ཞབས་དྲུངདུ།
བཤད་ནས་མི་གོ་ངན་ནས་གོ་ཞེས་པའི་ཁ་དཔེ་ལྟར་ཆོས་བརྒྱུད་ཕན་ཚུན་བར་འདི་འདྲའི་རྩེད་གླེང་ཞིག་མཆིས་པ་དེ་རིང་རང་ཤིས་སོང་། སྤྱིར་བཏང་ང་ཆོས་ཉམས་ལས་བྱེད་མཁན་ཞིག་མེད་པཌྷའི་སྟིང་ཤིས་རྒྱལ་ཞན་པའི་དབང་གི་ཆོས་བརྒྱུད་བར་རྩེད་སྙོག་རི་ལས་མཐོ་བ་ཡོདཔ་ད་བར་མ་རྟོགས་ཀྱང་བོད་ཀྱི་ནང་བསྟོན་བོན་དང་བཅས་པ་རང་མི་རིགས་ཀྱི་རྩ་་ཆེ་འགྲན་ཟླ་བྲལ་བཌྷཌྷའི་གཅེས་ནོར་གཅིག་རེད་བསམ་ནས་རང་སྤོབས་པ་སྐྱེས་པ་མ་ཟད། ཆེས་གུས་ཞབས་དང་བརྩི་བཀུརཡང་ཞུ་མཁན་ཞིག་ཡིན།
འོ་ན་ཆོས་བརྒྱུད་བར་འདི་ལྟ་ལོག་དང་ཆོས་ལོག་རེད། ངཌྷའི་ཆོས་བརྒྱུད་དམ་གྲུབ་མཐའ་དེ་རྩེ་ཕུད་ཡིན་ཞེས་ཁ་ཚད་ཇི་ལྟར་གཅོད་དགོས་སམ། ཆོས་བརྒྱུད་ཀྱི་རྩེད་རྙིག་འོང་སའི་རྒྱུ་རྐྱོན་གཙོ་བོ་དེ་ཆོས་བྱེད་མི་ལ་རག་ལས་ནའང་། དེ་མེད་ཆོས་རང་ལ་རག་ལས་ཡོད་དམ། གུས་འོས་སྒོམ་སྡེ་ལྷ་རམས་པ་དང་གང་གཡག་གཉིས་ནས་ལེན་རི་འབྲི་ཐུབ་ན་དགེ་བ་ཆེ་ཁ་བྲོ་ལོ་བརྒྱ།
སྒེར་གྱི་འཆར་སྣང་ཞིག་བཤདདྲན།
ཆོས་ལུགས་ཀུན་གྱི་སྲོལ་སྟོན་པ་པོ་རྣམས་ཀྱིས་འདུལ་བྱ་ལ་རན་ཌྷཌྷའཚམས་ཀྱིས་ཆོས་གསུང་བ་ལས་དིང་གྱི་ཆབ་སྲིད་པ་ཚོས་རང་རྒྱལ་གཞན་ཕམ་གྱི་ལྟ་བ་འཛིན་པཌྷའི་ངན་སྐུལ་བྱེད་མཁན་དེའི་རིགས་མེད་ལས་ཆེ་མོད། དིང་གྱི་སྐབས་འདིེར་སྤུལ་སྐུ་རྫུན་མ་དང་བླ་མ་རྫུན་མ་ཆོས་པ་རྫུན་མ་བཅས་ནས་ཆོས་ཀྱི་འབག་གྱེན་ནས་ཆོས་རྭ་དང་ཁྲོམ་རྭ་ཚོང་རྭ་སོགས་ནང་སྐྱ་སེར་གཉིས་ཀྱི་འཆམ་མཐུན་སྤྲུག་མཁས་པའི་རྐུ་དམར་ཅན་གྱི་སྤྲིའུ་མང་སྟབས་དིའི་རིགས་ཀྱི་མི་རྣམས་ཀྱིས་བྱེད་ཚུལ་ལ་ཆགས་མི་ཉེན་སྙམ། མཚམས་རེ་འདིའི་རིགས་གློ་བུ་དུ་གོ་དུས་སེམས་ནང་བསུན་འཇིཊ་ཀྱི་འཆར་སྣང་སྐྱུག་དྲོ་བ་ཞིག་ཤར།
ངེད་ནས་མ་རབས་ཀྱི་ལས་ལ་འཇུག་མི་ཚོར་སེམས་ཕམ་ནས་བཤད་པ་ལས་སངས་རྒྱས་ཀྱི་ཆོས་ཉམས་ལས་གནང་མའི་སྐྱབས་གནས་དགེ་འདུན་རྣམས་ལ་སྐུར་འདེབས་དང་སྒྲོ་སྐུར་བཏམས་པ་སོགས་ནི་རྩ་བ་ནས་མིན། འདིའི་རིགས་ནི་བོད་པའི་སྤྱིར་ཚོགས་ཙམ་མ་ཡིན་པ་ཆོས་ཀྱི་རིགས་མཆིས་པའི་ས་ཕྱོགས་ཀུན་ལ་ཌྷཁྱབ་ཡོད་པ་ཤིས་དགོས། སྙོག་གླེང་འདིའི་རིགས་ཀྱི་བྱུང་རྐྱོན་ནི་འཛིན་པ་བྱ་པའི་ཆོས་ཀྱི་རང་གཤིས་མིན། འདིའི་ཡོང་ཁུངས་ནི་རྨོངས་པའི་ལམ་ཐོག་སྐྱོད་པཌྷའི་གང་ཟག་རེ་འགས་སྒེར་དོན་བསྒྲུབ་རྒྱུའི་སྤྱོད་ལམ་ལས་བྱུང་བ་ཡིན།
དག་ཡིག་ནོར་ཡོད་ན་བཟོད་སྲན་སྙིང་ནས་ཞུ། ད་བདི་མོ།
༈གཏེར་ཆེན་པདྨ་གླིང་པ་གུ་རུའི་ལུང་ཟིན་འཁྲུལ་མེད་གླིང་པ་བརྒྱད་ཀྱི་ཡ་གྱལ་བསམ་མི་ཁྱབ་པའི་སྐྱེས་བུ་ཆེན་པོ་ལགས་ཀྱང་། བཀའ་ཐང་ལ་གཞན་གྱི་བསྲེ་སླད་བཏང་བ་ཡོངས་སུ་གྲགས། བཀའ་ཐང་སྒྲ་ཅི་བཞིན་པ་ཁས་ལེན་དགོས་ན་རང་ཕྱོགས་ཁོ་ན་ལས། བོད་ཀྱི་བླ་ཆེན་ཕལ་མོ་ཆེར་བཀའ་སྐྱོན་གནང་འདུག་པར་མ་ཟད་གུ་རུའི་ལུང་བསྟན་གཞན་དང་འགལ་བ་ཡོད་ས་མང་པས་བཏང་སྙོམ་མཛད་ན་ལེགས་སྙམ། ཆོས་རྒྱུན་གྱི་ཁ་འཛིན་གནང་སྐབས་རང་རེ་ནང་པ་སྤྱི་དང་བོད་ཀྱི་གནས་སྟངས་ཀྱང་ཐུགས་ཡེངས་མི་ཤོར་རྒྱུ་མཁྱེན།
འ་འ་རབ་གསལ་ལགས། ཁྱོད་ཀྱི་འཛིན་ཁང་གི་སློབ་མ་འདི་ཚོ་ལ་སྒྲིགས་ལམ་ཟེར་ནི་ཟིག་མེད་གི ར་ལངས་ཆ་ལངས་རྐྱང་རེད་འདུག འདི་ན་མང་པོ་ཅིག་གིས་བོད་ཀྱི་ཆོས་རིགས་ལ་མི་ཕན་པ། རིག་གཞུང་ལ་མི་ཕན་པ། བོད་སྤྱི་བ་ལ་མི་ཕན་པ། གང་ལ་ཡང་འགན་མི་ཁྱེར་བར་ནང་ཁུལ་དཀྲུགས་གཞི་རིགས་རྐྱང་བཤད་དགོས་པ་འདི། བོད་རྩམ་ཟན་ཚང་གི་ལས་དབང་ཚར་བསྡད་པ་ཅིག་སྟོན་གྱི་མི་འདུག་གམ།
འདི་ཚོ་ལ་བསམ་བློ་བཏང་གི་བཏང་གི་སྲོང་བཙན་སྒམ་པོས་རྒྱ་མོ་དེ་མནའ་མ་བླངས་མེད་ཀྱི་ན། ནང་ཆོས་བོད་ལ་དར་ཡོད་ཀྱི་མ་རེད་ལ། ནང་ཆོས་བོད་ལ་མ་དར་ན་འདི་འདྲའི་རྙོག་དྲ་ཡོད་ཀྱི་མ་རེད། བསམ་བློ་བཏང་གི་བཏང་གི་རྒྱ་མོ་དེར་སྙིང་ལངས་གི་ལ་སྲོང་བཙན་ལ་ཡང་ཁེངས་ར་ཡོད་གི་ཡ
འ་ཤི་རེ་ཀོ། གླང་དར་མས་ཚང་མ་གཙང་ཕྱག་བཟོས་ནས་གཅིག་ལ་མེད་པ་བཟོས་ཡོད་ཀྱི་ན། ད་འདི་འདྲའི་མི་ཕན་པའི་རྙོག་དྲ་གང་ཡང་ཡོད་ཀྱི་མ་རེད་ཡའ།
མདོ་སྨད་ལོ་རྒྱུས་ཆེན་མོ་ལས་རྗེ་ཙོང་ཁ་པས་རིག་གནས་གསར་བརྗེ་དང་བོད་ཅེས་པའི་སྐབས་ཀྱི་རྗེ་ཙོང་ཁ་པའི་གསར་བརྗེ་བྱས་པ་ཁྱོན་ཡོངས་ལ་སྡོམ་ཚིག་ལྟ་བུ་ཞིག་བྲིས་འདུག་པ་དེར་དཔྱད་པ་འགའ་ཞིག་འབྲི་རྒྱུ་ཡིན་དེ་ཡང་དེབ་དང་པོའི་
ཤོག་གྲངས་ ༤༩༩ པ་ལས། གཅིག རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་གྲུབ་མཐའ་གསར་བ་སྤེལ་བ་དེས་བོད་ཀྱི་ཡུལ་ཁམས་ཕལ་
མོ་ཆེར་རང་བཞིན་གྱིས་གྲུབ་མཐའ་གཅིག་མཐུན་བྱུང་བ། གཉིས། བོད་མི་མང་ཤོས་ཀྱི་ཆོས་ལུགས་གྲུབ་མཐའ་
གཅིག་གྱུར་བྱུང་བ་དེས་མི་དམངས་ཀྱི་བསམ་བློ་གཅིག་མཐུན་བྱུང་བ། གསུམ། མི་དམངས་ཀྱི་བསམ་བློ་གཅིག་གྱུར་
བྱུང་བ་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཧྲིལ་བོར་གཅིག་གྱུར་གྱི་རྨང་གཞི་བསྐྲུན་པ། བཞི། དགེ་ལུགས་ཀྱི་དགོན་སྡེ་
ཁག་གི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ཅན་དང་། སྒྲིག་གཞི་ཅན། འདུལ་ཁྲིམས་དམ་པོ་ཅན། ཆོས་བྱེད་ཕྱོགས་སྤྱི་
ཡོངས་ནས་གཞུངས་ལུགས་ཅན། སྐྱ་སེར་བར་ཁྱད་གསལ་བོ་ཅན་བཅས་ཆོས་བྱེད་དགེ་འདུན་པའི་སྤུས་ཀ་གོང་མཐོར་
བཏང་བ་བཅས་ཀྱིས། མི་དམངས་ཀྱིས་རང་རང་དད་ཡུལ་ལ་ཡིད་ཆེས་ལྷག་པོ་བྱུང་ནས་རྒྱབ་སྐྱོར་ཐོབ་པ་བཅས་ཡིན་
པར་སྙམ། ཞེ་བྲིས་འདུག་པའི་དོན་ཚན་བཞི་པོ་དེ་ལ་རེ་བཞིན་དཔྱད་པ་ཐུང་ཐུང་རེ་འབྲི་རྒྱུ་ཡིན་པས་གཤམ་དུ་རེ་རེ་
བཞིན་གསལ་ཡོང་།
མདོ་སྨད་ལོ་རྒྱུས་ཆེན་མོའི་
དེབ་དང་པོ་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་ཤོག་གྲངས་ ༤༩༩ པ་ལས། གཅིག རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་
གྲུབ་མཐའ་གསར་བ་སྤེལ་བ་དེས་བོད་ཀྱི་ཡུལ་ཁམས་ཕལ་མོ་ཆེར་རང་བཞིན་གྱིས་གྲུབ་མཐའ་གཅིག་མཐུན་བྱུང་བ།
ཞེས་བྲིས་པ་ལ་དཔྱད་པ་ཅུ་ཟད་བྱས་ན། རིག་གནས་གསར་བརྗེ་ཞེས་པའི་ཚིག་འདི་རྒྱ་ནག་ནས་བོད་ལ་གསར་དུ་དར་
བ་ཞིག་ཡིན་ལ་དེའི་གོ་དོན་རྙིང་པ་རྩ་གཏོར་དང་དེའི་ཚབ་ཏུ་རིག་གནས་གསར་བ་སྤེལ་བ་ཞིག་ཡིན། རྗེ་ཙོང་ཁ་པས་
རིག་གནས་རྙིང་པ་རྩ་གཏོར་བཏང་བ་དེ་འདྲ་གང་ཡང་མེད་ཅིང་སོ་བྱང་སྔགས་གསུམ་གྱི་སྡོམ་རྒྱུན། གཞུང་ལུགས་ཁྲིད་
རྒྱུན། རྩ་བའི་བླ་མ་ཚང་མ་རྙིང་པ་ཤ་སྟག་ཡིན། ཐ་ན་དབུ་ཞྭ་སེར་པོ་མནབ་པ་དེ་ཡང་སྔར་བླ་ཆེན་དགོངས་པ་རབ་
གསལ་གྱིས་རང་གི་མཁན་བུ་ཀླུ་མེས་ཚུལ་ཤེས་ལ་གོས་ཁ་དོག་གཅིག་པ་དགག་པའི་སླད་དུ་དབུ་ཞྭ་ཁ་དོག་སེར་པོ་ཅན་
ཞིག་གནང་བ་དེའི་ཕྱག་སྲོལ་ཡིན། དབུ་མའི་གྲུབ་མཐའ་འགའ་ཞིག་གི་སྐབས་སུ་ཁྱད་ཆོས་གཙོ་བོ་རྣམ་བརྒྱད་སོགས་
རང་ལུགས་ཐུན་མོང་མ་ཡིན་པ་འགའ་ཞིག་ཡོད་པ་དེ་ཚོ་ལ་གསར་བརྗེ་ཟེར་ནའང་མི་འཐད་དེ། སྤྱིར་ཁྱད་ཆོས་གཙོ་བོ་
རྣམ་བརྒྱད་སོགས་ལ་མཁས་གྲུབ་སྔ་མ་རྣམས་ཀྱིས་དགག་བཞག་མང་དུ་བྱས་འདུག་པས་འདིར་རྗེས་ཟློ་མི་བྱ་ཞིང་ཁྱད་
ཁྱད་ཆོས་དེ་དག་སྟོན་པ་རྒྱན་དྲུག་དང་བཅས་པའི་དགོངས་ཡིན་ནམ་མིན། ཡིན་ན་གསར་བ་མ་ཡིན་ལ་མིན་ན་
སྟོན་པའི་དགོངས་པ་མིན་པས་སྟོན་པ་སུ་ཡིན་བརྟག་དགོས་སོ། ཙོང་ཁ་པའི་གྲུབ་མཐའ་བྱུང་བས་བོད་ཀྱི་ཆོས་ལུགས་
གྲུབ་མཐའ་ཚང་མ་གཅིག་གྱུར་བྱུང་མེད་དེ་ད་ལྟའི་བར་དུ་ཆོས་བརྒྱུད་བཞི་གཡང་དྲུང་བོད་དང་བཅས་པའི་གྲུབ་མཐའ་ཚང་མ་གནས་ཡོད་པ་མ་ཤེས་སམ། དགེ་ལུགས་ནང་ཁུལ་ལའང་གྲུབ་མཐའ་མི་འདྲ་བ་མང་དུ་བྱུང་བས་མདོར་ན་ཙོང་ཁ་
པས་གྲུབ་མཐའ་གསར་བ་ཞིག་བཤད་པ་དེས་བོད་ཀྱི་ཆོས་པ་རྣམས་ལ་ཆག་སྡང་དང་འཐེན་ཁྱེར་ཆེ་རུ་བཏང་སྟེ་འགལ་བ་
ཆེ་རུ་བཟོས་པ་རེད་ཅེས་བརྗོད་ན་ལན་ཅི་ཡོད།
ཡང་མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་དང་པོའི་ཤོག་གྲངས་ ༤༩༩ པ་ལས། གཉིས། བོད་མི་མང་ཤོས་ཀྱི་ཆོས་ལུགས་
གྲུབ་མཐའ་གཅིག་གྱུར་བྱུང་བ་དེས་མི་དམངས་ཀྱི་བསམ་བློ་གཅིག་མཐུན་བྱུང་བ། ཞེས་པ་དཔྱད་པ་བརྗོད་པ།
བོད་མི་མང་ཤོས་ཀྱི་བསམ་བློ་གཅིག་མཐུན་མ་བྱུང་བ་དཔེར་ན། རྒྱལ་བ་ ༡༣ པ་དང་པཎ་ཆེན་ ༩ པའི་བར་
གྱི་འགལ་ཟླ་ལ་ལྟོས་དང་། རེ་སྟག་བར་གྱི་འགལ་ཟླ་ལ་ལྟོས་དང་། སྡེ་སྲིད་སངས་རྒྱམ་དང་འཇམ་བཞད་བར་གྱི་འགལ་
ཟླ་ལ་ལྟོས་དང་། ཀར་དགེ་གཉིས་ཀྱི་འགལ་ཟླ་ལ་ལྟོས་དང་། ར་སྒྲེང་དང་བཀའ་བློན་བཤད་སྒྲ་བར་གྱི་འགལ་ཟླ་ལ་ལྟོས་
དང་། ཕ་ཝོང་ཁ་པ་དང་རྒྱལ་བ་ ༡༣ པའི་འགལ་ཟླ་ལ་ལྟོས་དང་། རྒྱལ་བ་བཅུ་བཞི་པ་དང་དོལ་རྒྱལ་ཚོགས་པའི་འགལ་
ཟླ་ལ་ལྟོས་དང་། དགེ་བཤེས་སེར་རབ་རྒྱ་མཚོ་དང་བོད་བཞུང་བར་གྱི་འགལ་ཟླ་ལ་ལྟོས་དང་། འགལ་བ་འདི་དག་གིས་
བོད་ཕུང་བ་མ་ཡིན་ནམ། འགལ་བ་འདི་དག་སློང་མཁན་ཙོང་ཁ་པའི་བརྒྱུད་འཛིན་ཤ་སྟག་མ་ཡིན་ནམ། འགལ་བ་
དེ་དག་གིས་བོད་མི་མང་གི་བསམ་བློ་ལ་གཏོར་བཤིག་བཏང་བ་མ་ཡིན། ཁྱད་ཆོས་བཞི་པའི་ལན་དེས་མ་འཐུས་པ་མེད་པས་
ལོགས་སུ་འབྲི་རྒྱུ་མིན།
ཡང་མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་དང་པོའི་ཤོག་གྲངས་ ༤༩༩ པ་ལས། བཞི། དགེ་ལུགས་ཀྱི་དགོན་སྡེ་
ཁག་གི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ཅན་དང་། སྒྲིག་གཞི་ཅན། འདུལ་ཁྲིམས་དམ་པོ་ཅན། ཆོས་བྱེད་ཕྱོགས་སྤྱི་
ཡོངས་ནས་གཞུངས་ལུགས་ཅན། སྐྱ་སེར་བར་ཁྱད་གསལ་བོ་ཅན་བཅས་ཆོས་བྱེད་དགེ་འདུན་པའི་སྤུས་ཀ་གོང་མཐོར་
བཏང་བ་བཅས་ཀྱིས། མི་དམངས་ཀྱིས་རང་རང་དད་ཡུལ་ལ་ཡིད་ཆེས་ལྷག་པོ་བྱུང་ནས་རྒྱབ་སྐྱོར་ཐོབ་པ་བཅས་ཡིན་
པར་སྙམ། ཞེས་པའི་ཁྱད་ཆོས་བཞི་པ་འདི་ལ་དཔྱད་ན་འདུལ་ཁྲིམས་ཅན་ཡིན་ན་བཟང་མོད་ཀྱང་འདུལ་ཁྲིམས་དང་
ལྡན་མི་ལྡན་ཐེ་ཚོམ་གྱི་གཞི་སྟེ། དམག་འཁྲུག་གི་ལས་དང་། དགྲ་འདུལ་གཉེན་སྐྱོང་གི་ལས་དང་། མི་གསོད་ཁྲག་སྦྱོར་
གྱི་ལས་ཀ་བྱས་བསྡད་ན་དེ་འདུལ་ཁྲིམས་རེད་དམ། དགྲ་འདུལ་གཉེན་སྐྱོང་གི་ལས་ཀ་སྤུས་དག་པོ་ཞིག་བྱེད་ཐུབ་ཡོད་ན་
འདུལ་ཁྲིམས་དང་མ་མཐུན་རུང་འདྲ་སྟེ། དེ་ལྟར་མིན་པར་འདུལ་ཁྲིམས་འདུལ་ཁྲིམས་ཤོར་རྒྱལ་ཁམས་རྒྱལ་ཁམས་ཤོར་
ཚང་མ་ཤོར་སོང་ན་བློ་ཕང་པོ་མ་རེད་དམ། ད་དུང་སྐྱ་སེར་བར་ཁྱད་གསལ་པོ་ཅན་ཞེས་རྙིང་མའི་སྔགས་པ་རྣམས་ལ་
ཟུར་བའི་ཚིག་བྱུང་མོད་སྔགས་པའི་ཆོས་ལུགས་འདི་ལ་ཁྱད་ཆོས་མང་པོ་ལྡན་ཡོད་ཀྱང་ཁྱོད་ལྟ་བུའི་ཕྱོགས་རིས་ཅན་
རྣམས་ཀྱིས་ཁོང་དུ་ཆུད་དཀའ། ངོ་མ་ཆོས་སྲིད་གཉིས་ཀ་མཉམ་དུ་སྐྱོང་དགོས་ན་སྔགས་པ་རྣམས་ལ་འོས་འཚམ་ཞིག་
ཡིན་པ་ལས་རབ་བྱུང་ལ་ལམ་ཁ་གཏན་ནས་མེད་པ་སངས་རྒྱས་ཀྱིས་བཀག་ཚར་བས་ཅི་བྱེད། སྔགས་པའི་ཆོས་ལུགས་
འདིའི་ཡོན་ཏན་བརྗོད་ན་མི་ཚར་བ་ཞིག་ཡོད་ཀྱང་དེ་རིང་འབྲི་རྒྱུ་མིན།
གང་ལྟར་པད་གླིང་གཏེར་མ་ཡིན་ཟེར་བའི་རྗེ་བླ་མར་སྐུར་འདེབས་ཚད་མེད་ཞུས་ཡོད་པ་དེ་ནམ་ཡང་ཁས་ལེན་ཐབས་བྲལ། གུ་རུ་རིན་པོ་ཆེས། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་ལྡན། །ཞེས་གསུངས་འདུག་པས། དགེ་ཕྱོགས་ལ་མི་དགའ་བའི་བླུན་པོ་ཞིག་གིས་བཟོ་བཅོས་བྱས་པའམ་ཡང་ན་ལུང་བསྟན་དེ་མཐུན་གྱི་བསྟན་དཀྲུགས་ཤིག་ལོ་རྒྱུས་སྟེང་བྱུང་ཡོད་པ་ཡང་འདྲ། གང་ལྟར་ལུང་བསྟན་དེ་རྗེ་བླ་མར་སྦྱོར་རྒྱུ་ཟེར་ན་ནི་བསྟན་དཀྲུགས་རང་རང་གི་སྣང་ངོར་མ་གཏོགས་དོན་ལ་འབྱོར་ཐབས་ཤིག་ཡེ་ནས་མེད་དོ།།
ཨ་ལགས་ཚང་ཐུགསབདེན
རྫོགས་ཆེན་ལྟ་ལོག་སྒྲུབ་དང་བློ་བཟང་གྲགས། །གདུད་སྤྲུལ་ལུང་དུ་བསྟན་པ་གཉིས་ཆར་དེ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་དེ། །དོན་གསལ་མཐོང་ན་གཉིས་ཆར་བརྫུན་པར་ངེས།
ང་ཚོར་དགོས་རྒྱུའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཟེར་བ་དེ་དགོས་ན་དཔེར་ན་ད་ལན་ཧོར་འཇིགས་ཀྱིས་འཁྱོག་བཤད་དེ་ཚོ་བྱེད་དུས་དགེ་ལུགས་པ་ཚོས་ཁོ་ལ་མཐུན་བསྒྱུར་རོགས་རམ་འདྲ་བྱེད་བསྟན་པ་འགོ་ནས་བཤིག་སྟེ་སྙིང་ཚིམས་ཐིང་ངེར་མ་བསྡད་པར་དང་པོར་མཆོང་སྟེ་འདི་ནོར་བ་རེད་ཟེར་ཐུབ་པ་ཞིག་དང་་་་་་་་་་་་་་་་་་
རྗེ་རིན་པོ་ཆེར་ལེགས་སྐར་གྱི་སྐྱེ་བ་རེད་ཟེར་ནས་སྐུར་བ་བཏབ་དུས་རྙིང་མ་བ་ཚོ་ཡིད་ཚིམས་སྟེ་མ་བསྡད་པར་ལྷག་བསམ་བཟོད་མེད་ཀྱིས་འདི་བཀའ་ཐང་བསྡུས་པ་ལས་སློབ་དཔོན་པད་མས་འདི་འདྲ་གསུང་ཡོད་ཟེར་ནས་དགག་ཀྱང་བྱེད་དགོས་རྒྱུ་ལས་འདྲ་ཆགས་པོ་རྐྱང་པས་མི་འཐུས་པ་གསལ་པོ་རེད་དོ་་་་་་་་་་་་་་་་་་་་་
ལུང་རིགས་ཟིལ་མངར་བཅུད་དང་མི་ལྡན་པའི །
འཆལ་ཚིག་ངན་སྐྱུག་བརྩེགས་པའི་མཆན་བུ་ལ། །
ཤེས་མེད་སྦྲང་འབུའི་ཚོགས་རྣམས་རོལ་འགྱུར་གྱི། །
དཔྱོད་ལྡན་སྦྲང་རྩི་ཟ་རྣམས་ལ་ག་ལ་དགྱེས། །
གངས་གཡག་ལགས།
འདི་ཡང་ཁྱེད་རང་རང་ལ་ཡིན་ད།
ནོར་བཅོས།
དཔྱོད་ལྡན་སྦྲང་རྩི་ཟ་རྣམས་ག་ལ་དགྱེས། །
ཕྲག་དོག་ངན་སྐྱུག་ཟས་ཀྱིས་ལྟོ་འགྲེངས་བའི།།
རྨོངས་རྒན་ཕག་པའི་ངར་སྐད་འབུམ་བསྒྲགས་ཀྱང་།།
གཡུལ་ལས་རྣམ་རྒྱལ་གངས་རིའི་གཡག་རྒོད་ངའིི།།
བ་སྤུའི་རྩེ་ཙམ་གཡོ་བ་གནས་མ་ཡིན།།
དགེ་ལོག་སྒོམ་ལའོ།།
ཕྱོགས་ཞེན་སྐྱག་དྲི་འཐུལ་བའི་ཚིག་མཛོད་དང་།།
ནང་དཀྲུག་ཁྲག་དྲི་བྲོ་བའི་ལོ་རྒྱུས་གཉིས།།
བོད་མིའི་སྙིང་ཁམས་དཀྲུག་པའི་གཤེད་ཡིན་པས།།
འདི་གཉིས་མི་དོར་དཔྱོད་ལྡན་སུ་ཞིག་ཡོད།།
སྒོམ་ཧོར་ཟུང་ལའོ།།
ལུང་རིགས་གོས་དང་མི་ལྡན་གཅེར་བུར་རྒྱུ། །
འཐེན་འཁྱེར་རྣ་བ་བརྩེ་བའི་སྐད་ངན་སྒྲོག །
ང་རྒྱལ་ཕོ་རྟགས་ཆེ་བའི་ཁྱད་ཆོས་འདི། །
ཁྱོད་དང་བོང་བུ་གཉིས་ཀྱི་འདྲ་ཆོས་ལགས། །
མི་ཡི་ཤ་གཟུགས་གཡག་གི་འདུ་ཤེས་ཅན་དེ་ལའོ། །
མི་རུ་སྐྱེས་ཀྱང་གཡག་ཏུ་བརྫུས་པ་ཡི། །
མི་ཡི་ཤ་གཟུགས་གཡག་གི་འདུ་ཤེས་ཅན། །
ཕུང་ཀྲོལ་འཆལ་གཏམ་སྒྲོག་པའི་བྱ་བ་ལས། །
ལེགས་བཤད་གཏམ་གྱིས་ཁྱོད་ཉིད་ཡོངས་སུ་ཕོངས། །
ཕ་མར་སྙིང་ནད་རྩོད་པའི་ཧོར་མཇུག་དང་།།
རྙིང་བསྟན་དགྲ་རུ་འཛིན་པའི་དགེ་ལོག་གཉིས།།
འཕུང་དཀྲུག་ཀུ་ཅོ་འདོན་ལ་མཐུན་པ་འདི།།
སྡོམ་ཤོར་དམྱལ་བར་སྐྱེ་བའི་སྔ་ལྟས་རེད།།
ཧོར་སྒོམ་ཟུང་ལའོ།།
ཧ་ཧ་ཧ། ད་ཁྱོད་ཀྱི་རྩོམ་དེ་ལ་ཅིག་ལྟོས་དང་། བོང་བུའི་ཕྲུག་གུ་ནང་བཞིན་མདོག་ཉེས་སུ་ཉེས་སུ།
གངས་གཡག་ལགས།
ཁམས་གསུམ་སྐྱེ་དགུ་མ་ལུས་དགྲར་ལངས་ཀྱང་། །
བདེན་གཏམ་གསོང་པོར་སྨྲ་ལ་ང་མི་འཇིགས། །
ཡིན་ལ་མིན་དང་མིན་ལ་ཡིན་ཞེས་པའི། །
སྒྲོ་སྐུར་གཅམ་བུའི་ཚིག་ཀྱང་ངས་མི་ཤེས། །
འགོ་འཛུགས་མཁན་ཁྱེད་རང་ཡིན།
ད་ང་གཉིས་འདིར་མཚམས་འཇོག་བྱེད་ན་མཛེས། གཞིས་ལུས་སྤུན་ཟླ་རྣམས་ཐུགས་ཕམ་གྱི་རེད། ད་ཞོགས།
འགོ་འཛུགས་མཁན་སུ་ཡིན་གོང་གི་མཆན་བུ་རྣམས་ལ་ལྟོས་དང་ཤེས་ནུས།
གཏེར་ལུང་རྣ་བས་ཐོས་ཚེ་ང་རྒྱལ་གྱིས།།
འཆི་གྲབ་བྱེད་པའི་ངང་ཚུལ་འདིར་ལྟོས་དང་།།
ཁམས་གསུམ་སྐྱེ་དགུ་ཁྱོད་ཀྱི་དགྲར་ལངས་ན།།
དགེ་ལོག་རང་སྲོག་གཅོད་པར་ཐེ་མི་ཚོམ།།
ཁྱོད་ཀྱིས་མཚམས་འཇོག་ཅེས་རེ་བསྐུལ་ཐེངས་གཉིས་ལ་བྱས་པ་ཡིན་པས། ད་མཚམས་འཇོག་བྱེད་ཆོག
གངས་གཡག་ལགས།
བཞག་ཟེར་འཇོག་གི་མི་འདུག
ཡབ་རྗེ་རྒྱལ་བ་གཉིས་པར་སྒྲོ་སྐུར་གྱི། །
ལུང་བསྟན་རྫུན་མ་བཀྲམ་ལ་འདིར་གཟིགས་དང་། །
གཏེར་ལུང་ཚད་མ་རྣམས་ལའང་ཐེ་ཚོམ་པའི། །
ལས་ངན་རྐྱེན་རྩ་འདི་ཀོ་སུ་ཡིས་ནོངས། །
དྲ་དཔོན་རབ་གསལ་འདི་དངོས་གནས་མི་བྱབ་ཆུང་ཞིག་རེད་འདུག ཁོས་མཆན་བཀག་གཏོང་བྱེད་པར་ཚད་ཆག་འཇོག་ས་གང་ཡང་མི་འདུག ཁོས་བྱེད་ཐབས་འདི་མོ་མཚན་དང་གཅིག་པ་གཅིག་རྐྱང་རེད་འདུག མོ་མཚན་དེ་འགག་དུས་འགག་དུས་གཅིན་པ་འགག་ལ་ཤོང་དུས་ཤོང་དུས་ཕྲུ་གུ་སྐྱེ་གི་ཡོད།
ཙོང་ཁས་རིག་གཞུང་གསར་བརྗེའི་སྟོབས་ཤུག་དང་།
གུང་ཁྲན་དམར་པོས་གསར་བརྗེའི་སྟོབས་ཤུགས་གཉིས།
སྟོསས་རྩལ་འདྲ་ཡང་ནང་འགལ་དམ་སེལ་སྟོབས།
འགྲན་པར་མི་ནུས་དགའ་ལུགས་སྟོབས་ཤུགས་ཆེ།
འཇམ་མགོན་བསྟན་སྲུང་ཤུགས་ལྡན་མཐུ་སྟོབས་ཆེ
སྡུ་རྟགས་ཚད་སྒྲུབ་འགལ་འདུ་རིགས་སྟོབས་ཆེ།
ཧོར་འཇིགས་བོད་ཁམས་འཇིགས་པའི་རྫུན་དྲུག་ལས།
ཆོལ་གསུམ་གཞིས་བྱེས་སོམ་ཉིས་དྲྭ་བར་བཅུག
རྣམ་དཔྱོད་གང་གཡག་འགྱིང་བའི་གཟི་བརྗིད་དང་།
ལྷག་བསམ་སེང་རལ་གསིག་པའི་བར་ཞིག་ན།
ལྷ་རམས་སེམས་ཆུང་བྱི་ལའི་རྟུལ་བཞུག་གསལ།
དུས་རབ་ཉེར་གཅིག་གོ་ལ་ཟླུམ་པོས་ངོག
ཞྭ་སེར་མཁན་པོས་ཞིན་རས་དྲི་མེད་ཞིག
ཁ་བརྡ་དྲྭ་བའི་ནང་ལས་གསལ་བ་འདི།
སུས་ཀྱང་མ་བྱས་རྒྱུ་འབྲས་བདེན་པ་ལགས།
ཆོས་གྲོགས་ཚོ།
ད་མཐོལ་ལོ་བཤགས། ངས་ཚིག་རྩུབ་སྨྲ་བའི་གཞི་ལ་གྲྭ་པ་ཡོད་ན་དམིགས་བསལ་གྱིས་མཐོལ་ལོ་བཤགས།
དགེ་ལོག་དགེ་སྡུག་གང་ཡིན་ངོས་ཟིན་ན།།
པདྨའི་རྒྱལ་ཚབ་སྙིང་ནས་སྨོད་པ་དང་།།
གྲུབ་མཐའི་ཆགས་སྡང་བྱས་པར་འགྱོད་བཤགས་ཀྱིས།།
སྐྱབས་གནས་འདྲེ་ལ་མི་བཅོལ་དམ་བཅའ་གྱིས།།
སྒོམ་ལའོ།།
སྒོམ་སྡེ་ཚིགས་མཛོད་ཧོར་འཇིགས་ལོ་རྒྱུས་སོགས་། དགོས་མེད་ཆུ་སྒྱུརམེ་སྲག་བཤད་པ་ལས་། རྒོལ་བར་མི་ནུས་རྡོ་རྗེ་བྲག་རི་དང་། རྩོད་པར་མི་ནུས་ཐུབ་པའི་གསུངས་འདྲ་བ་། ལོ་རྒྱུས་ད་དུང་བྲིས་དང་ཁོ་ངོས་ཡིན་། ཚིགས་མཛོད་ད་དུང་བྲིས་དང་སློབ་བུ་མང་། རྗེ་རིན་པོ་ཆེའི་རིག་གཞུང་གསར་སྟོད་མཛད་ཟེར་པར་ཁྱོད་འཚོས་སྙིང་ནད་མི་བཟོད་རྒྱུ་ཞིག་། མོ་ཙེ་ཏུང་གི་རིག་གནས་གསར་རྗེ་བྱས་བ་ཁྱེད་འཚོའི་རྣ་བས་མ་གོ་བ་བཞིན་། ཁ་ནང་ལ་འཁོར་ནས་དཔའ་སྐད་དང་ཚང་འབྲི་སྨོད་ཚིགས་གང་འདོད་བཤད་པས་སྤྱོད་ངན་པ་ཁྱེད་འཚོར་། ཤེས་ཡོན་ཡོད་ན་བྲིས་དང་། རྒྱ་ནག་གཞུང་ནས་ཧམ་པ་ཆེན་པོས་བོད་ས་བཙན་བཟུང་བྱས་དེ་མི་ལོ་ལྔ་ཅུའི་ནང་། ཧམ་པ་ཆེན་པོས་ལོ་རྒྱུས་འཆོག་བཤད་ཀྱི་དེབ་རི་རྩག་པ་ཇི་བཞིན་བྲིས་ཡོད་པ་ཤེས་མ་སོང་ངམ་།
ད་རང་གཞན་ཚང་མ་གཉིད་སད་རན་འདུག བྱུང་ན་གོང་དུ་ཤེས་རབ་འོད་ཟེར་བ་མཆན་༢༣དེ་ཐོག་མར་འགོད་མཁན་དེ་སུ་ཡིན་བརྟག་དཔྱད་ནན་ཏན་བྱེད་དགོས་པ་ཞིག་འདུག ཁོ་རྒྱ་མི་ཁོང་དུ་ཞུགས་པའི་བོད་པ་ཞིག་ཡིན་ན། ང་ཚོས་ཁོའི་བཞེད་པ་ཡག་པོ་བསྐངས་པ་རེད། ཁོ་གད་མོ་ཡག་པོ་དགོད་རྒྱུ་བྱུང་ཡོད་རེད། ཁོས་ང་ཚོ་ཚང་མ་རྩེད་ཆས་༼ཨ་ལས་པད་ཀོག༽བཟོས་པ་རེད། ང་ཚོས་ད་དུང་མ་ཤེས་པར་འཇོན་མདོག་གིས་སྤུན་ཟླ་ནང་ཕན་ཚུན་དབར་ལ་ཁྱོད་དང་ང་ཞེས་སྐྱོན་མཚང་འདོན་རེ་བྱས་ཏེ་བསྡད་པ་་རེད།
སྤྱིར་བཏང་བླ་མ་རྣམས་ཀྱིས་ཆོས་ལུགས་ཀྱི་སྐད་ཆ་འདི་རྫོགས་མཐའ་ཡོད་མ་རེད་ཟེར་བ་འདི་བདེན་པར་འདུག བྱུང་ན་དག་སྣང་གང་སྦྱོང་ཐུབ་ཐུབ་སྦྱོངས། མ་ཐུབ་ཀྱང་འབྲིང་འབྲིང་ཞིག་ལ་བཞག་ན་སྡིག་པ་་གསོག་མི་དགོས་པ་དང་། སེམས་སྐྱིད་པ་ཁེ་བཟང་རེད། ཆགས་སྡང་འདི་རྒྱུད་ལ་སྐྱེས་པ་ཙམ་གྱི་རང་རྒྱུད་མ་ཞི་བར་བྱེད་ཅིང་། མི་སྐྱིད་པར་བྱེད་པ་འདི་ལུང་རིགས་ཀྱིས་བསྒྲུབ་མི་དགོས་པར་མྱོང་་གྲུབ་རེད།
ད་དུང་སྐད་ཆ་འདི་གཞི་རྒྱ་ཆེ་རུ་སོང་སྟེ་འཐབ་ཀྲོལ་གྱི་རྒྱུ་ཆེན་པོ་ཞིག་ལ་གྱུར་པ་ཡིན་ན། རང་རང་གི་ཆོས་བརྒྱུད་ལ་ཞབས་འདེགས་སུ་རྩ་བ་ནས་འགྲོ་གི་མ་རེད། དེ་བས་མེ་ཆུང་དུས་ནས་བསད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་རེད་ཅེས་གསོལ་འདེབས་ཞུ་རྒྱུ་ཡིན།
ད་ཕན་ཆད་དམངས་གཙོའི་རང་དབང་བེད་སྤྱད་དེ་རང་གཞན་ཚང་མས་རང་གི་བསམ་ཚུལ་དང་དགེ་སྐྱོན་ལྷུག་པོར་ཤོད་རེས་བྱས་པ་རེད། ད་སེམས་པ་སྐྱིད་པོ་བྱས་ནས་མ་ཎི་འདྲེན་ནས་བསྡད་ན་སྐྱིད་ཀྱི་རེད་ལགས།
ཆོས་གྲོགས་ཚང་མ་ཐུགས་སྤྲོ་པོའི་ངང་ནས་བཞུགས་རོགས།
བཀྲ་ཤིས་བདེ་ལེགས།
བོད་གངས་ཅན་གྱི་རྙིང་མའི་དགོན་སྡེ་ཐམས་ཅད་རྩ་གཏོར་གཏོང་མཁན་རྒྱ་མི་རེད། དགེ་ལུགས་པ་མ་རེད། རྒྱ་གུང་ཁྲན་ལ་ཁ་གཏད་གཅོག་མཁན་རྒྱ་ཆ་དགུ་བཅུ་དགེ་ལུགས་པ་རེད། རྙིང་མ་པ་མ་རེད། ད་ལྟ་རྒྱ་མིའི་བཙོན་ཁང་ནང་གྲྭ་བཙུན་ག་ཚོད་འདུག དེའི་ནང་ན་རྙིང་མ་པ་ག་ཚོད་འདུག དགེ་ལུགས་པ་ག་ཚོད་འདུག ཁྱོད་ཚོས་རྒྱ་མི་ལ་ཚིག་གཅིག་ལབ་པ་གོ་མ་མྱོང༌། ཁྱོད་ཚོ་ལ་བོད་པ་ནང་ཁུལ་ཕྱོགས་རེས་འཐེན་ཁྱེར་དང་ཐོབ་ཐང་རྩོད་པ་མ་གཏོགས་མི་ཤེས་པ་ཅི་རེད། བོད་དོན་ལ་སྐད་གཅིག་རྒྱག་དགོས་ན་མི་གཅིག་མཐོང་ས་ལ་མེད། ད་ལོ་བོད་བར་གོམ་བགྲོད་ཐུབ་མིན་ལ་མ་ལྟོས་པར་དཀའ་ལས་རྒྱག་མཁན་ག་ཚོད་བྱུང་སོང༌། དེ་དག་ནང་དགེ་ལུགས་པ་འདུག་དང༌། རྙིང་མ་པ་འདུག ད་དུང་བོད་པ་ནང་སྐད་ཅ་བཤད་པ་ངོ་ཚ་རྒྱུ་མེད་པ་ག་རེ་རེད། ཆོས་དུག་རེད་ཟེར་མཁན་ལ་གང་ཡང་མ་ལབ་པ་ག་རེ་ཡིན། རོ་གིས་མནན་ནམ་མཛོ་ཡིས་བརྫིས་བྱུང༌། དགེ་ལུགས་པས་དགེལུགས་པ་ཡག་པོ་ཡོད་ཤོད་མི་ཆོག་པ་ག་རེ་རེད
བདེན་བདེན་འདྲ་ཞིག་གསུངས་ཏེ་འདུག
མི་ལས་ལོག་པ་རྙིང་མའི་བུ་སྡུག་ཁྱོད༎
རྒྱལ་བ་གཉིས་པ་རྙིང་ནས་སྨོད་པ་དང༌༎
གྲུབ་མཐའི་ཆགས་སྡང་བྱས་པ་འགྱོད་བཤགས་ཀྱིས༎
སྐྱབས་གནས་རྒྱ་ལ་མི་བཅོལ་དམ་བཅའ་གྱིས༎
གོང་གི་མཆན་གཉིས་ཀ་གངས་གཡག་ལ་ཡིན༎
ཁ་བརྡ་དྲ་ཚིགས་འདི་བོད་ཐབ་ཅིག་གི་འཁྲིས་སུ་བཙུགས་ཡོད་པས། གསར་མོ་ཚོས་མགོ་སྐྲ་སླ་བཞིན་ཁ་བརྡ་བྱེད་ཆོག་ལ། གསར་བུ་ཚོས་ནས་ཆང་འཐུང་བཞིན་ཡང་ཁ་བརྡ་བྱེད་ཆོག རྒན་རྒོན་ཚོས་ཉི་མར་ལྡེ་ཞོར་ཁ་བརྡ་བྱེད་ཆོག་ལ། བྱིས་པ་ཚོས་སྣབས་ལུད་འདྲུད་ཞོར་ཡང་ཁ་བརྡ་བྱེད་ཆོག ཡིན་ན་ཡང་ཆོལ་ཁ་དང་ཆོས་ལུགས་བརྩད་ནས་དགྲ་དགའ་གཉེན་སྡུག་རེ་མ་བྱེད་རོགས། སྐུ་མཁྱེན། རྩམ་པ་བཟའ་མཁན་ཡིན་ན་བོད་པ་ཡིན་པ་གཅིག་རེད། སྟོན་པར་དད་པ་ཡོད་ན་ནང་པ་ཡིན་པ་གཅིག་རེད།
ད་མཚམས་ཞོག
དགེ་སྦྱོང་ཆོས་བཞི་རྩ་བའི་སྲོག་ཏུ་འཛིན། །གྲོང་ཚིག་ཁ་སྨྲས་བཟོད་པའི་པའི་རྐྱེན་དུ་སྒོམ། །ལུང་དང་རིག་པའི་རལ་གྲིའི་བརྒལ་བརྟགས་ཀྱིས། །བརྫུན་ཁུག་རྡོལ་བ་མཛངས་པ་རྣམས་ཀྱི་འགན།
འ་ལ་ལ་ལ། ད་ཡིན་ན་འདི་ཚོས་སྡིག་ཁམ་པོ་ཆེ་ཅི་ཐུབ་གང་ཐུབ་བསགས་ཀྱི་འདུག་ག ད་ནང་དམེ་བྱོས། དགྱ་ནག་གིས་བསད་པའི་ལྷག་མ་དེ་ཚོ། ཁྱོད་འདྲེ་རེད་། ང་ལྷ་རེད་ཟེར་ཞོར་ཟེར་ཞོར་གཅིག་གིས་གཅིག་ལ་གསོད་གང་ཐུབ་བྱོས། སྔ་ས་ས་ནས་རྫོགས་སོང་ན་དག་དག་རེད། རྒྱ་རྒན་ཚོ་ལ་རྙོག་དྲ་མེད་སོང་ནི་རེད། ང་ཚོ་ལ་རྐུབ་འཛུགས་ས་མེད་ན་ཡང་འདི་འདྲིའི་ང་རྒྱལ་ཅིག་དང་ཞེ་སྡང་ཅིག་འདུག ད་དུང་ནང་པ་སངས་རྒྱས་པ་ཡིན་ན་ཅིག་ཡིན་ཟེར། ངོ་ཚ་རྒྱུ་མེད་པ་ཡ་མཚན་རེད། བོད་པ་འདི་ཚོ་མགོ་ཆེ་ན་ཡང་ཀླད་པ་ཆུང་བ་འདི་ས་མ་འགྲིག་པ་རེད་དམ་ཆུ་མ་འཕྲོད་པ་རེད། ༧གོང་ས་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ཏེ། བོད་གཞི་བྱེས་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་བྱས་ཡོད་ན་ཡང་། སྙིང་ལ་གདོན་ཞུགས་པ་འདི་ཚོས་སྤྱི་དོན་གྲོག་མའི་སྒོ་ང་ཙམ་སྒྲུབ་རྒྱུ་མེད་པར། ནང་ཁུལ་རྙོག་དྲ་རྐྱང་བཤད་ནས་སྡོད་སྟངས་ལ་ལྟོས་དང་། འ་ཁ་ཁ།
དངོས་གནས་བྱས་ན་རྩོད་པ་འདི་ལ་ཆོ་ཐིགས་པ་གཅིག་མི་འདུག དངོས་གནས་མཚམས་བཞག་ན་རེད། སྤྱིར་ཧོར་འཇིགས་ཀྱི་སྐོར་གླེང་དུས་འབྲི་མཁན་ཚོས་འབྲི་ཤེས་ཀྱང་ང་ཚོ་ལྟ་མཁན་ཚོས་ལྟ་ཤེས་ཀྱི་མི་འདུག ཁ་ཤས་ཀྱིས་ཧོར་འཇིགས་ལ་བསྟོད་པ་ཡིན་ཁུལ་བྱས་ནས་ཅིག་བྲིས་ཡོང་དུས། དངོས་ནས་ལས་དཔག་ཚད་སྟོང་ཕྲག་གིས་བརྒལ་བ་དེ་འདྲ་འདུག དེར་བརྟེན་དེ་ལ་བགྲོ་གླེང་ཞིག་བྱས་ཡོང་དུས་དོན་དངོས་ཐོག་ཧོར་འཇིགས་ལ་སྨད་པ་རང་ཆགས་འདུག ཁ་ཤས་ཀྱིས་ཧོར་འཇིགས་ལ་སྨད་པའི་ཁུལ་བྱས་ནས་ཅིག་བྲིས་ཡོང་དུས་ཧོར་འཇིགས་རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོ་དང་སྦྱར་ནས་ཅིག་བཤད་ཡོང་གི་འདུག དེར་བརྟེན་ལྟ་ཤེས་ཀྱི་མི་འདུག བསྟོད་པ་བྱེད་མཁན་ཡིན་ཟེར་མཁན ཚོས་སྨད་པ་ལྟ་བུ་འདུག་ལ། སྨད་པ་བྱེད་མཁན་ཚོས་བསྟོད་པ་ལྟ་བུ་བྱས་འདུག དངོས་གནས་བཤད་མི་ཤེས་པ་ཞིག་རེད་འདུག དེ་ལ་ང་ཚོ་མགོ་མི་ཚོས་མཁན་ཚོས་ཁ་རོག་གེར་སྡོད་པ་ལས་བཤད་ཤེས་མ་ས་རེད། གང་ལྟར་རེ་བ་ཉག་གཅིག་ནི་ད་ལྟའི་དགོས་མེད་ཀྱི་རྩོད་པ་འདི་མཚམས་ན་བསམ་པའི་རེ་བ་ཡོད།
ཨོ་ཡ། གཡག་སྒོམ་གཉིས་ཀྱིས་གཙོས་པའི་དྲ་གྲོགས་ཚོ། ཁྱེད་ཚོས་རྒྱག་རེས་སྣ་ཚོགས་བརྒྱབ་འདུག ཨ་ཧ་ཧ། ཅིག་འཇིག་གི་ཡ། ངས་ནི་པདྨ་གླིང་པ་དང་རྗེ་རིན་པོ་ཆེ་གཉིས་གླེང་དགོས་དུས་གླེང་མི་ཤེས་ལ་གླེང་ཡང་མི་ཕོད། དེ་ལས་ཧོར་དང་ཧོར་གྱི་སྐྱག་པའི་ནང་གི་སྲིན་འབུ་འཆི་བདག་སྐྱབས་སོགས་ཀྱི་གནོད་པ་ཞི་ཆེད་ཧོར་འདུལ་གསོལ་འདེབས་འདི་གྲངས་གསོག་བྱས་ཏེ་གཉོམ་ཆུང་འདུག་ཤེས་བྱས་བསྡད་ན་ང་རང་ལ་དེས་དགའ་ས་རེད།
༄༅།། ཧོར་གཙང་སྤྲེའུ་ཞར་མའི་སྤྱི་བོ་རུ།། ལུང་རིགས་རྔ་ཆེན་དྲག་ཏུ་བརྡུངས་པ་ཡིས།། འཇིགས་མེད་འཇིགས་པའི་དྲི་ཆུ་ཤོར་མཛད་པ།། ས་དཀར་འོད་ཟེར་ཞབས་ལ་གསོལ་བ་འདེབས།། སྐྱེ་བ་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས།། རྗེས་བཟུང་ཧོར་གྱིས་གནོད་པ་ཞི་བ་དང་། ཧོར་གྱི་རྒྱུ་མའི་ནང་དང་སྐྱག་པ་དང་།། རྐང་བའི་སེན་མོ་སོགས་ལ་ཚང་བཅས་པའི།། སྲིན་བུ་འཁྲུགས་པའི་ནད་གདོན་བར་ཆད་ཀུན།། ཞི་ནས་བོད་ཁམས་ཀུན་དུ་བདེ་བར་མཛོད།། ཨོཾ་བཛྲ་ས་དཀར་ས་དཀར། འོད་ཟེར་འོད་ཟེར། རྡོ་རྗེའི་ཁྲོ་བོ་ཆེན་པོའི་རང་གཟུགས་བྱོན་བྱོན། ད་ཚུར་བྱོན། ད་ཚུར་བྱོན། གཤེད་མ་རྣམས་ཀྱི་མགོ་ཁོས་ཁོས། སྨྲ་བ་ངན་པའི་ལྕེ་ཆོད་ཆོད། ་་་་་་་་་་་་་་་་་་་་་འུམ་འུམ་འུམ།
༄༅།། ཧོར་གཙང་སྤྲེའུ་ཞར་མའི་སྤྱི་བོ་རུ།། ལུང་རིགས་རྔ་ཆེན་དྲག་ཏུ་བརྡུངས་པ་ཡིས།། འཇིགས་མེད་འཇིགས་པའི་དྲི་ཆུ་ཤོར་མཛད་པ།། ས་དཀར་འོད་ཟེར་་་་་་་་་་་་་་།།
ཨོཾ་བཛྲ་ས་ཏྭ་ཧྰུཾ། གོང་གི་མཆན་༡༢༡པ་འབྲི་མཁན་ཉི་འོད་ཟེར་བ་དེ་ལ་རྩེད་མོའི་ཚུལ་དུ་ལན་མི་འདྲ་བ་གཉིས་རང་བརྒྱབ་ན།
༡༽ རྙིང་མའི་དགོན་པ་ཚོ་ཐེངས་གཉིས་ལ་གཏོར་མྱོང་ནི་རེད། ཐེངས་དང་པོ་དགེ་ལུགས་པས་གཏོར་བ་རེད། ཐེངས་གཉིས་པ་རྒྱ་མིས་གཏོར་བ་རེད།
༢༽ དེང་སང་རྒྱ་གུང་ཁྲན་ལ་ཁ་གཏད་གཅོག་མཁན་རྒྱ་ཆ་དགུ་བཅུ་དགེ་ལུགས་ཡིན་ན་དེ་ལ་ངོ་སོ་་ཆེ་རྒྱུ་ཡོད་ནི་མ་རེད། གང་ཡིན་ཟེར་ན་དགེ་ལུགས་པས་དམག་ཤུགས་བཀོལ་ནས་བཀའ་བརྒྱུད་དང་རྙིང་མ་གཉིས་ཐེར་ཚལ་སྦར་ཚལ་དུ་བཏང་སྟེ་དགའ་ལྡན་ཕོ་བྲང་ཟེར་བ་བཙུགས་ཤིང་བཟུང་བ་རེད། དེ་རྗེས་ནང་ལ་ཐུབ་པ་མ་གཏོགས་ཕྱིའི་རྒྱ་མི་མ་ཐུབ་པར་བོད་དགེ་ལུགས་པའི་གཞུང་གི་ལག་ནས་ཤོར་བ་རེད། དེས་ན་རང་གི་ལག་ནས་ཤོར་བ་རང་གིས་ཚུར་ཨེ་ལོན་བལྟས་པར་ངོ་སོ་ཆེ་རྒྱུ་ཅི་ཡང་མེད་ལ། མ་ལོན་ན་དགེ་ལུགས་ལ་དུས་མཐའི་བར་དུ་འཁང་ར་ཡོད།
༄༅།། ཧོར་གཙང་སྤྲེའུ་ཞར་མའི་སྤྱི་བོ་རུ།། ལུང་རིགས་རྔ་ཆེན་དྲག་ཏུ་བརྡུངས་པ་ཡིས།། འཇིགས་མེད་འཇིགས་པའི་དྲི་ཆུ་ཤོར་མཛད་པ།། ས་དཀར་འོད་ཟེར་ཞབས་ལ་གསོལ་བ་འདེབས།། ་་་་་་་་་་་་་་་་འུམ་འུམ་འུམ།
ཆོས་ལུགས་གང་ལ་དད་པ་རང་དབང།།
མངོན་ཞེན་ལ་རྒྱ་མེད་ཀྱང་ཆོག་གི།།
སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་ཕལ་ཆེར།།
སྦས་པའི་ཚུལ་གྱིས་བཞུགས་པ་མིན་ནམ།།
བོད་དོན་གཉེར་ལ་གསར་རྙིང་ཁྱད་མེད།།
རྐང་པ་སྦོ་ཚུལ་མགྱོགས་དལ་ཙམ་ལ།།
ངོ་སོ་འདོན་དང་སྤུན་ལ་སྙིང་ཚིམས།།
སྨྲ་བ་དོན་ཆུང་མཐུན་སྒྲིལ་མ་བརྗེད།།
ཨོ། ཉི་འོད་མིང་ཅན་ལེ་ལེ། གལ་སྲིད་དགེ་ལུགས་པ་ཡག་པོ་ཡོད་ན། དགེ་ལུགས་པས་དགེ་ལུགས་པ་ཡག་པོ་རེད་ཅེས་ཤོད་ལོས་ཆོག དགེ་ལུགས་པ་ཡག་པོ་ཡིན་ཚུལ་དགེ་ལུགས་པའི་མུ་ལི་ཆོས་འབྱུང་དང་། དགེ་ལྡན་ཆོས་འབྱུང་ཆེན་མོ་གསེར་གྱི་མཆོད་སྡོང་འབར་བ། ད་དུང་འཇམ་བཞད་རྣམ་ཐར་བཙན་པོ་མ་སོགས་དགེ་ལུགས་པས་དགེ་ལུགས་ཡག་རབས་བཤད་པའི་ཡིག་ཉོག་ཚོ་རེད། ད་དུང་ཁ་བོང་ཁ་བ་ཕ་བུ་རྣམས་ཀྱིས་བྲིས་པའི་ཤི་འདྲེ་ཡི་དམ་དང་སྦྱར་བའི་བཀའ་རྒྱ་མ་ཡང་མང་པོ་ཡོད་རེད། དེ་བཞིན་ཁྱོད་ཀྱིས་ཀྱང་ཁ་ན་ན་བར་དུ་དགེ་ལུགས་པ་ཡག་ན་ཡག་རབས་ཤོད་དང་ལོས་ཆོག་རང་དབང་རེད། ཚེ་རིང་རྒྱོ།
ཁྱོད་ཀྱིས་བཤད་པ་བདེན་པ་རེད། བོད་གངས་ཅན་གྱི་དགོན་སྡེ་ཐམས་ཅད་རྩ་གཏོར་གཏོང་མཁན་རྒྱ་མི་རེད། དེའི་ནང་དུ་རྙིང་མའི་དགོན་སྡེ་ཡང་ཡོད་པ་རེད། དེ་ནི་ཨ་ཆེན་ཁ་བ་སྤྱི་འབབ་རེད་མ་གཏོགས། རྒན་མོའི་ཞི་ལིར་སྒོས་འབབ་མ་རེད། དགྲ་བོ་རྒྱ་ནག་ལ་རྙིང་མ་ཙམ་མ་ཟད། བོད་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ཁ་གཏད་གཅོག་མ་ཐུབ་པར་བོད་དགྲ་འོག་ཏུ་ཤོར་བ་རེད། དགྲ་དང་འཐབ་ནས་ཕམ་རྒྱལ་བྱུང་རྒྱུ་འདི་འཇིག་རྟེན་དང་མི་མཐུན་པ་ཞིག་མ་རེད། དེ་བས་ནང་དགྲ་དགེ་ལུགས་པས་རྒྱ་ནག་བོད་ལ་མ་སླེབས་གོང་དགེ་ལུགས་པས་ཕྱི་རྒྱལ་སོག་པོ་དང་ངན་འབྲེལ་བྱས་ནས། དགེ་ལུགས་གདན་ས་གསུམ་གྱི་གྲྭ་དམག་གིས། བོད་ཀྱི་རྒྱལ་བོ་སྡེ་སྲིད་གཙང་བ་རྩ་མེད་བཟོས་ཤིང་། བཀའ་བརྒྱུད། རྙིང་མ། ཇོ་ནང་སོགས་ཀྱི་དགོན་སྡེ་མང་པོ་གཏོར་བཤིགས་དང་། བླ་ཆེན་མང་པོ་དམར་གསོད་བཏང་སྟེ། བོད་གཞུང་གནམ་སྐོས་དགའ་ལྡན་ཕོ་བྲང་ཟེར་བའི་དགེ་གཞུང་འདི་བཙུགས་པ་རེད། གནམ་ཟེར་བ་སོག་རྒྱལ་ཀུ་ཤིར་ཧན་དང་བསྐོས་ཟེར་བ་དེས་དགེ་ལུགས་པ་བོད་ཀྱི་བདག་པོར་བསྐོས་པས་ཟེར་བ་རེད།
ད་ལྟ་རྒྱ་གུང་ཁྲན་ལ་ཁ་གཏད་གཅོག་མཁན་རྒྱ་ཆ་དགུ་བཅུ་དགེ་ལུགས་པ་རེད་ཟེར་བ་ཁྱོད་ཀྱིས་སྐྱག་རྫུན་བཤད་པ་རེད། དེ་འདྲ་བཤད་ན་གཞི་བྱེས་བོད་མིའི་སེམས་ལ་ཕོག་ཐུག་འགྲོ་གི་རེད། གཟབ་གཟབ་ཀྱིས། གལ་ཏེ་ཡིན་ན་ལོས་ཡིན། དགེ་ལུགས་པས་རང་གི་ལྟོ་བའི་དོན་དུ་རང་གི་ཡན་ལག་འགུལ་ལོས་དགོས།
བོད་ནང་ཁུལ་དུ་ཕྱོགས་རེས་འཐེན་ཁྱེར་དང་བརྙས་བཅོས་གཏོང་མཁན་དགེ་ལུགས་ཡིན་པ་ལས་རྙིང་མ་མ་ཡིན་པ་ཤེས་པར་གྱིས། ཁྱོད་ཀྱིས་བོད་དོན་ལ་སྐད་གཅིག་རྒྱག་དགོས་ན་མི་གཅིག་མཐོང་ས་ན་མེད་ཟེར་བ་མིག་ཡོད་བཞིན་གཟུགས་མ་མཐོང་བ་རེད། ན་ནིང་༧གོང་ས་ཐམས་ཅད་མཁྱེན་པ་ཨ་རིའི་ཉོའུ་ཡོཀ་གྲོང་ཁྱེར་དང་། དབྱིན་ཇིར་ཕེབས་སྐབས། དགེ་ལུགས་པ་དང་རྒྱ་ནག་མཉམ་འབྲེལ་གྱིས་སྐད་འབོད་ངོ་རྒོལ་གནམ་ས་རལ་བ་ལྟ་བུ་བྱེད་མཁན་ཚོ། མི་མིན་ན་དེ་དག་འདྲེ་ཡིན་ནི་ཨེ་རེད། ཡང་ན་དགེ་ལུགས་པའི་བསྟན་སྲུང་ཤུགས་ཟད་ཀྱི་ཆོ་འཕྲུལ་ཡིན་ནི་མ་ར། ལྟ་འདོད་ན་ youtube ཐོག་ལྟོས་དང་འུར་དུར་རེ་འདུག ད་དུང་དགེ་ལུགས་པས་བོད་ནང་ཁུལ་དུ་དམར་གསོད་ཅི་ཙམ་བྱས་པ་དང་། འཕུང་དཀྲུག་ཅི་ཙམ་བཏང་བ་ཤེས་འདོད་ཡོད་ན། ཅུང་སྒུག་དང་ངས་ཁྱེད་ཚོར་དེབ་རྒན་ལག་པས་མི་ཐེག་ཙམ་ཞིག་རིན་མེད་དུ་སྤྲོད་ཆོག ངོ་མ་ངོ་ཚ་ཟེར་བ་དེ་ཁྱོད་ཚོར་མི་འདུག་ཡ།
རེད། ཆོས་དུག་རེད་ཟེར་མཁན་རྒྱ་ནག་ཡིན་མོད། རྒྱ་གཞུང་གིས་ཆོས་ལུགས་ཡོངས་རྫོགས་དུག་རེད་ལབ་པ་རེད་མ་གཏོགས། དགེ་ལུགས་པའི་བྱ་སྤྱོད་བཞིན། རང་གི་ཆོས་བརྒྱུད་མ་ཡིན་པ་དུག་རེད། ལྟ་ལོག་རེད་ཟེར་གྱི་ཡོད་པ་མ་རེད། འདི་ཡང་སྤྱི་མཚུངས་ཡིན་པ་ཤེས་པར་གྱིས་ཤིག
༧གོང་ས་མཆོག་གིས་བོད་བསྟན་སྲིད་བདེ་ཐབས་ལ་དགོངས་ཏེ། རྒྱལ་ངན་དོལ་འདྲེ་དམ་བསྒྲགས་མཛད་ཀྱང་། ཁྱོད་དགེ་ལུགས་པས་ཁོང་གི་བཀའ་ལ་རྒྱབ་གཏོད་བྱས་ཏེ། དགའ་ལྡན་དགོན་པར་འདྲེ་ཚང་གསར་བ་ཞིག་བཙུགས་ནས་བསྐལ་བའི་བར་དུ་ཤི་འདྲེ་འཁྱམ་པོར་སྐྱབས་སུ་འགྲོ་རྒྱུ་ཁས་ལེན་བྱས་པ་མི་ཤེས་སམ། ལྟོས་དང་། ད་དགེ་ལུགས་པ་ཡག་པོ་འདུག་དམ། དགེ་ལུགས་པ་ཡག་པོ་ཡོད་ན་ཡོད་པའི་རྒྱུ་མཚན་ཁྱེར་ཤོག་དང་། རྒྱུ་མཚན་ཡང་དག་ཡོད་ན་ཁས་མི་ལེན་མཁན་སུ་ཡང་མེད། ད་ཁྱོད་ཚོས་ངའི་ཁ་མ་བརྩེས་ན་ཡག་གི་འདོད་ཀི འོན་ཀྱང་ཁྱོད་ཚོས་གང་དགའ་གྱིས།
རྗེ་བླ་མ་བློ་བཟང་གྲགས་པ་རྒྱ་ནག་གི་དབུ་བླར་མ་བྱོན་པ་ལ་བསྔགས་བརྗོད་མཛད་པའི་སྐབས་ལ་ཅུང་ཟད་དཔྱད་ན།
མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་དང་པོའི་ཤོག་གྲངས་ ༤༨༡ པར། ཆུང་ས་ནས་བོད་ཀྱི་དགེ་སློང་བླ་གོས་དམར་སེར་གྱིས་
སྤུད་པ་ཞིག་རྒྱའི་རྒྱལ་བློན་དང་བཙུན་མོ། དམག་དཔུང་དང་གཡོག་འཁོར་གྱིས་དབུས་སུ་ཞུགས་ནས། མེ་ཏོག་ཡོངས་
འཛིན་གྱི་གསོལ་ཇ་དང་། འབུ་སྲིན་སྤྲེའུ་ཀླད་ཀྱི་ཞལ་ཟས། རྒྱ་མོ་ན་ཆུང་མའི་བྲོ་གར་ལ་རོལ་རྒྱུ་འོས་བབ་ཡེ་ནས་མེད་
ཁར། དེ་སྔོན་ནས་རྒྱ་སོག་གི་རྒྱལ་པོ་ཚོས་བོད་ཀྱི་བླ་མ་བསླུ་འགུག་གིས་བོད་ཁམས་ཟ་ཧམ་གྱི་དམིགས་ཡུལ་ཡོད་པ་
མཁྱེན་ནས་རྒྱ་ཡུལ་ཕེབས་རྒྱུ་ཞལ་བཞེས་གནང་མེད། ཅེས་བྲིས་འདུག་པ་རྗེ་བླ་མར་བསྔགས་བརྗོད་མཛད་པ་ལ་རྗེས་
སུ་ཡི་རང་ཡོད། འོན་ཀྱང་སྐབས་དེར་རྗེ་བླ་མའི་དགོངས་གཞི་གང་ཡིན་དེ་ཁྱེད་ཀྱིས་མངོན་མཁྱེན་གནང་བའམ་མོ་
བཏབ་པ་ཡིན། ཡང་ན་ཁུངས་སྐྱེལ་གྱི་ཡིག་ཆ་ཡོད་པ་ཡིན། དང་པོ་ལྟར་ན་དེར་ཟད་གལ་ཏེ་ཁུངས་སྐྱེལ་ཡོད་ན་རྗེ་བླ་
མས་རྒྱ་ནག་རྒྱལ་པོས་ཆབ་སྲིད་ཀྱི་བསླུ་བྲིད་ཡིན་པར་ཤེས་ཡོད་པའི་ཁུངས་སྐྱེལ་ཡིག་ཆ་དེ་གཅིག་སྟོན་དང་། དེ་ལྟར་
མིན་ཚེ་ཚོད་དཔག་བྱས་པ་ཙམ་ལས་རྒྱུ་མཚན་མེད་པ་རེད། ཡང་ཁྱེད་ཀྱིས་འདོད་པ་ལྟར་ན་རྒྱ་པཎ་གཉིས་དང་། དེ་བཞིན་ལྕང་སྐྱ་རོལ་རྡོལ། ཐུའུ་བཀན། ར་སྒྲེང་ལ་སོགས་པ་དགེ་ལུགས་པའི་ཆེན་པོ་མང་པོ་ཞིག་རྒྱ་ནག་གི་དབུ་བླར་
ཕེབས་ཡོད་པ་དེ་ཚོས་གཅིག་ནས་རབ་ཏུ་བྱུང་བ་ཞིག་ལ་གོང་གི་སྐྱོན་དེ་འབྱུང་བ་མ་དགོངས་པ་དང་། གཉིས་ནས་རྒྱ་ནག་རྒྱལ་པོས་ཆབ་སྲིད་ཀྱིས་བསླུ་འགུག་ཡིན་པ་མ་མཁྱེན་པའི་དབང་གིས་ནོར་འཁྲུལ་ཤོར་ཡོད་པ་
ཁས་ལེན་རྒྱུ་ཡིན་ནམ་གང་ཡིན།
སྙིང་ནས་རེ་བ་ཞུ་རྒྱུ་ཞིག་ལ། ཆོས་བརྒྱུད་ཀྱི་མིང་བེད་སྤྱོད་བྱས་ནས། ང་ཆེ་ཁྱོད་དམན། ངས་འཇོན་ཁྱོད་ལོད། ཟེར་ཞིང་། ཞོ་བཞིན་ཆགས་སར་ཁྲག་བཞིན་མ་དཀྲུག་རོག དཔལ་ཆེན་གྱི་རྩོམ་དྲ་ཤོག་༡༡༣་འདི་ནང་བཞིན་དྲིས་ན། བོད་འཇིགས་ཀྱི་དེབ་དེ་ལ་དངོས་གནས་ཞུ་དག་འགྲོ་རྒྱུ་རེད། གཞན་ཁ་ངན་དང་། མཐུན་འབྲེལ་ལ་མི་གནོད་པའི་ཐབས་གང་དྲག་གི་སྒོ་ནས་སོ་སོའི་བསྟན་པ་དེ་སོ་སོས་འཛིན་དགོས་པ་ཡིན་ལུགས་རེད་ལ། རང་དབང་ཡོད་ནི་རེད།
གོང་དུ་མཆན་ ༡༢༡ པར་ཉི་འོད་ཟེར་བའི་མི་ངན་ཞིག་གིས་མཆན་བཏབ་པ་དེ་རྒྱ་མའི་སོ་བ་ཞིག་
གི་སྐད་ཆ་ཡིན་པ་འདྲ་དྲྭ་གྲོགས་ཚོས་ངེས་པར་གཟབ་དགོས། དེ་མིན་སྒོེམ་སྡེ་གང་གཡག་སེང་རལ་ལ་
སོགས་པ་ཚང་མས་ལུང་རིག་གི་བགྲོ་གླེང་བྱས་པ་ལ་ཐུགས་རྗེ་ཆེ་ཞུ། ཉི་འོད་ཀྱི་སྐད་ཆ་དེ་ལ་ངས་ལན་
འདེབས་ཞིག་བྱས་ང་ལ་བཤད་རྒྱུ་ཡོད་ཀྱང་འདི་རྒྱ་མའི་རྒྱུག་ཁྱི་ཞིག་གི་སྐད་ཆ་དང་འདྲ་བས་འན་འདེབས་རྒྱུ་མིན། ད་ཕྱིན་ཆད་རྙིང་མ་དགེ་ལུགས་སོགས་ཀྱི་སྐོར་མང་པོ་མ་གསུང་རོགས་གཙོ་བོ་ཧོར་འཇིགས་ཀྱི་
དེབ་ལ་དཔྱད་པ་རྒྱོབ་དང་དཔྱད་པ་རྒྱག་ལོས་ཆོག་སངས་རྒྱས་ཀྱི་བཀའ་ལ་བརྟག་ཆོག་ན་ཧོར་དེབ་ལ་
བརྟག་མི་ཆོག་དོན་ཅི་ཡོད། ལུང་རིག་གིས་དགག་བཞགྷག་བྱས་པ་ལ་ཁོང་ཁྲོ་ཟ་ན་རང་སྐྱོན་རེད་དེ་མིན་
འདྲ་མི་འདྲ་མང་པོ་བཤད་མ་ཡོང་སྐྱ་ཚེ་རིང་།
དྲ་གྲོགས་རྣམས་ལ་ཞུ་རྒྱུར། ངས་གཤམ་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་གསུང་ཞིག་ཆེད་དུ་འདིར་བཀོད་ཡོད། འདི་དྲ་གྲོགས་རྣམས་ལ་ཐུགས་ཕན་སོས་པའི་རེ་བ་ཆེན་པོ་བཟུང་ནས་བཀོད་པ་ཞིག་མིན་པར་རང་གིས་རང་ལ་གསལ་འདེབས་ཀྱི་ཚུལ་དུ་བཀོད་པ་ཞིག་ཡིན་མོད། ཅིག་བྱས་ན་དྲ་གྲོགས་རེ་ཟུང་ལ་ཞོར་དུ་ཕན་པ་རེའང་ཡོང་སྲིད་པའི་རེ་བ་ཡོད།
༄༅༎དབང་གི་དུས་གཏམ་བདེ་སྟོང་གློག་དམར་འཁྱུགས་པའི་རང་འོད་ཅེས་བྱ་བ།
སྙིང་དབུས་མི་ཤིགས་ཐིག་ལེའི་གུར་ཁང་ན་བཞུགས་པའི༎
གཉུག་མ་དོན་གྱི་ཡེ་ཤེས་རིག་སྟོང་གི་འཇམ་དབྱངས༎
བྱིན་རླབས་བདུད་རྩིའི་ཆར་རྒྱུན་ཕན་བདེ་ཡི་དགའ་སྟོན།
འགྲོ་ཁམས་རྒྱ་མཚོའི་དཔལ་ལ་ཅི་དགའ་རུ་སྙིལ་ཤོག།
བསླབ་གསུམ་དཔག་བསམ་ལྗོན་པའི་འཁྲི་ཤིང་གི་རྩེ་མོར༎
དད་གསུམ་འདབ་བརྒྱ་དགོད་པའི་སྐལ་བཟང་གི་མཆེད་ལྕམ༎
དྲི་མེད་ལྷག་བསམ་འོ་མའི་མཚོ་མོ་ལས་བྱུང་བའི༎
དྲིན་ཆེན་ཕ་རྒན་བགྲེས་པོའི་སྙིང་གཏམ་འདི་གསོན་དང༌།
འུ་ཅག་ལས་སྨོན་བཟང་པོའི་རྒྱང་གླུ་ཡིས་བསྐུལ་ནས༎
བསིལ་ལྡན་ཁ་བ་རི་པའི་སྨན་ལྗོངས་སུ་འཛོམས་བྱུང༌༎
དཔོན་སློབ་མི་འབྲལ་རྒྱལ་སྲས་སྤྱོད་པ་ལ་འཇུག་ན༎
ཚོགས་གསོག་སྒྲིབ་པ་སྦྱོང་བའི་ཉམས་ལེན་དེ་སྙིང་གཏམ༎
འདྲ་མིན་གྲུབ་མཐའི་ཆོས་ལ་ཕྱོགས་རིས་དེ་མ་བྱེད༎
རང་གཞན་ཕུང་ལ་སྦྱོར་བའི་ཆོས་སྤོང་གི་ལས་ཡིན༎
ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དེ་ཟུང་ལ༎
གཞན་ལུགས་གྲུབ་མཐའ་ཀུན་ལ་དག་སྣང་དེ་སྙིང་གཏམ༎
ཁམས་གསུམ་སྐྱེ་འགྲོ་མ་ལུས་དྲིན་ཆེན་གྱི་ཕ་མ༎
བྱམས་དང་སྙིང་རྗེ་ཆེན་པོས་མཉམ་པོ་རུ་སྐྱོངས་དགོས༎
རང་རིགས་གཉེན་དང་གཞན་རིགས་དགྲ་ཕྱོགས་སུ་མ་འཛིན༎
རིས་མེད་ཉམ་ཐག་འགྲོ་བའི་དེད་དཔོན་ཞིག་སྙིང་གཏམ༎
དམ་ཆོས་སྙིང་པོ་བསམ་པ་བཟང་པོ་འདི་ཡིན་ལ༎
མི་ཆོས་རྩ་བ་གཞན་ཕན་སྤྱོད་པ་ལ་རག་ལས༎
ཁྲེལ་མེད་གཡོ་སྒྱུའི་ངན་སྤྱོད་དུག་བཞིན་དུ་སྤོངས་ལ༎
ཡ་རམས་དམ་པའི་སྲོལ་བཟང་སྐྱོང་བ་དེ་སྙིང་གཏམ༎
དེང་ནས་བཟུང་སྟེ་རང་ཅག་སྟོན་འཁོར་གྱི་ཚོགས་རྣམས༎
རབ་འབྱམས་ལུས་ཀུན་གཅིག་འདུས་ངོ་མཚར་གྱི་མཛད་བཟང༌༎
སྣང་སེམས་དབང་དུ་སྡུད་པའི་ཐབས་མཁས་ལ་བརྟེན་ནས༎
འགྲོ་ཀུན་བདེ་ཆེན་ས་ལ་འགོད་ཐབས་དེ་སྙིང་གཏམ༎
དེ་སྐད་སྨྲས་པའི་དགེ་རྩ་དུས་གསུམ་གྱི་ཚོགས་དང༌༎
ལྷན་ཅིག་བསྡུས་པའི་འབྲས་བུ་འགྲོ་ཀུན་ལ་སྨིན་ཏེ༎
སྤང་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་མཐའ་རུ་ཕྱིན་ནས༎
མཐའ་ཡས་འགྲོ་བའི་དོན་ཆེན་འབད་མེད་དུ་འགྲུབ་ཤོག།
ཅེས་པ་འདི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོའི་ཟླ་5 ཚེས་8 ཀྱི་སྔ་དྲོའི་ཆར་འཁོར་འདས་དབང་བསྒྱུར་རྩལ་དུ་འབོད་པས་ཐོལ་བྱུང་སྨྲས་རིམ་བཞིན་ཁྲིམས་ལྡན་སྡེ་སྣོད་འཛིན་པ་མཁན་རྣམ་འདྲེན་དང་འཆི་མེད་རིག་འཛིན་གཉིས་ཀྱིས་ཡི་གེའི་གཟུགས་སུ་བགྱིས་པ་མངྒ་ལཾ༎ ༎ སྤྱི་ལོ་2000 ལོའི་ཟླ་7 ཚེས་9 ལའོ༎
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་གསུམ་པ། ཤོག་ངོས་362 པར་གསལ།
གསལ་བཤད།
གོང་གི་ཉི་འོད་མིང་ཅན་འདིས་ངས་མིང་བརྐུས་འདུག ཉི་འོད་འདི་ངའི་རང་མིང་ལས་ངོ་འབག་མིན། ང་རང་ལོ་སྔོན་མ་ནས་དྲ་ལམ་འདིར་ཞུགས་ནས་མཆན་ཐ་ཐོར་འགོད་ཀྱི་ཡོད་པ་དྲ་གྲོགས་ཀུན་ཀྱིས་མཁྱེན་གསལ་རེད།
དྲ་ལམ་འདིར་ང་སྔོན་མ་ཡིན་ཙང་གོང་གི་ཉི་འོད་མིང་ཅན་ཁྱེད་ཀྱིས་ངས་མིང་བེད་སྤྱོད་མ་གཏོང་རོགས། གཞན་དང་མ་ནོར་བའི་མིང་ཐོག་ནས་ཁྱོད་ཀྱིས་བསམ་ཚུལ་བཤད་རྒྱུར་རང་དབང་རེད།
མ་གཞི་ནས་ཁ་བརྡའི་དྲ་དཔོན་དེ་ཚོས་རྒྱུན་དུ་བརྟག་དཔྱད་ཁུངས་སྐྱེལ་ཡོད་ལུགས་ཟེར་བཤད་འདུག་གི་ཡོད། དོན་ངོ་མ་དྲ་ལམ་འདིར་མིང་གཅིག་པའི་མགོ་རྙོག་ཙམ་ཡང་དབྱེ་གསལ་དང་འདོར་ལེན་ཐུབ་ཀྱི་མི་འདུག
ཧོར་གཙང་འཇིགས་མེད་ལགས།
ཁྱེད་རང་གིས་མདོ་སྨད་ལོ་རྒྱུས་གླེགས་བམ་དང་པོའི་ནང་གསལ། ༼མདོ་སྨད་ལོ་རྒྱུས་ཆེན་མོ་ལས་གཙང་བ་སྡེ་སྲིད་ནས་གཞུང་ས་དགའ་ལྡན་བའི་བར་གྱི་མདོ་སྨད༽ཅེས་པའི་ནང༌། ༼ང་ཚོས་ཐོག་མར་གཞུང་ས་དགའ་ལྡན་ཕོ་བྲང་བ་འདི་ཉིད་འཛུགས་དགོས་པའི་རྒྱུ་མཚན་ལ་ལྟ་སྐབས་གསལ་བོར་མཐོང་བའི་དོན་གནད་གཅིག་ཡོད་པ་ནི། གཞུང་ས་དགའ་ལྡན་ཕོ་བྲང་འཛུགས་དགོས་མིན་དེ། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་གཙོས་པའི་རི་བོ་དགེ་ལུགས་པའི་བསྟན་པ་བསྟན་འཛིན་དང་བཅས་པ་འཆི་གསོན་གྱི་ཁྲུན་ཐག་གཅོད་རྒྱུ་དེ་ཡིན།༽ཞེས་བཤད་འདུག་པ་དང༌། ཡང༌། དགའ་ལྡན་ཕོ་བྲང་གི་གཞུང་བཙུགས་པའི་རྒྱབ་ལྗོངས་གླེང་སྐབས།༼༡། རིན་སྤུངས་པ་དང་གཙང་བ་སྡེ་སྲིད་སོགས་ཀྱིས་དགེ་ལུགས་པ་བསད་གཏུབ་གཏོར་བཅོམ་གྱིས་གཉའ་གནོན་བརྙས་གཙེས་ཡང་ཡང་བྱས་པ་ནི་གཞུང་ས་དགའ་ལྡན་ཕོ་བྲང་མི་འཛུགས་མཐུ་མེད་བཟོ་མཁན་གྱི་ཚུར་རྒོལ་སྟོབས་ཤུགས་ཡིན་པ་དང༌། ༢། ཕྱག་མཛོད་བསོད་ནམས་ཆོས་འཕེལ་སོགས་དགེ་ལུགས་པའི་སྦྱིན་བདག་རྒྱབ་སྐྱོར་བ་དག་གིས་རང་ཉིད་དད་པའི་ཆོས་རྒྱུད་སྐྱོབ་ཕྱིར་སོག་པོ་གུ་ཤྲི་ཧན་ལ་རྒྱབ་རྟེན་བཅོལ་བ་ནི་སྲིད་གཞུང་འཛུགས་རྒྱུ་དོན་གཉེར་བྱེད་མཁན་གྱི་གང་ཟག་ཡིན་པ། ༣། ཨ་མདོ་མཚོ་སྔོན་གྱི་སོག་པོ་དང་དཔའ་རིས་སོགས་མདོ་སྨད་ལྷོ་བྱང་གི་བོད་སོག་མཉམ་འབྲེལ་གྱིས་ཆོག་ཐུ་དང་བེ་རི། གཙང་རྒྱལ་བཅས་ཕམ་ཉེས་སུ་བཏང་སྟེ་གཞུང་ས་དགའ་ལྡན་ཕོ་བྲང་བཙུགས་པ་མ་ཟད། བཙུགས་མ་ཐག་པའི་སྲིད་གཞུང་དང་འབྲེལ་བོད་ཁྱོན་ཡོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་དབང་རྒྱལ་དབང་ལྔ་བར་རྩིས་འབུལ་ཞུས་པ་དེ་སྲིད་གཞུང་འཛུགས་པ་ལ་མེད་ཐབས་བྲལ་བའི་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཡིན་པ། ༤། རྒྱུ་ཚོགས་དེ་དག་ལ་བརྟེན་ནས་དགེ་ལུགས་པ་གསོན་གནས་ཐུབ་པ་དེ་སྲིད་གཞུང་འཛུགས་དགོས་པའི་དམིགས་ཡུལ་ཡིན་པ་བཅས་རེད།༽ཅེས་བཀོད་འདུག་པ་སོགས་ལ་ཁུངས་སྐྱེལ་གྱི་ལན་རེ་དང༌། ཡང་གལ་ཤོས་གཅིག་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་དཔར་ཁང་ནས་སྤྱི་ཚོགས་སྟེང་བསྐྱལ་ཐུབ་ཙམ་བྱས་ནས་ཁྱེད་རང་ཡལ་ཕྱིན་པ་ཡིན་ན། ད་ལྟ་གླེང་བཞིན་པ་འདིས་མཚོན་པའི་གླེང་རྙོག་ཇེ་མང་དུ་འགྲོ་བ་ལས་འོས་མེད་པ་མཐོང་གསལ་ལགས་སྟབས། ད་ནི་མ་གོ་མ་ཐོས་ཀྱིས་ཉིན་འགྱངས་ཞག་འགྱངས་གནང་ནས་བསྡད་པས་ཕན་ས་མ་རེད། མདོ་སྨད་ལོ་རྒྱུས་ཀློག་མཁན་དང་གླེང་མཁན་ཚོར་གསལ་བཤད་རེ་དང༌། མདོ་སྨད་ལོ་རྒྱུས་ལ་བསྐྱར་ཞིབ་ཀྱི་གོ་སྐབས་ཀྱང་བཞེས་རན་རེད། འདི་འཇམ་དབྱངས་ནོར་བུའི་ཕྱོགས་ལ་གཏམ་ཚོགས་སྤེལ་བ་དང་རྩ་ནས་འདྲ་པོ་ཡོད་པ་མ་རེད། ཡང་མིན་ན། ཁྱེད་རང་གི་ཨབ་ཕྲུག་ཚོ་ལས་མ་བྱུང་ནའང༌། གླེང་སློང་འདིའི་ནང་ཆ་ཤས་བཞེས་རོགས་ཞུ་ཡག་ཡིན། ཁྱེད་རང་འདི་ལྟར་གྲག་མེད་དུ་བསྡད་པ་ཡིན་ན། ལོ་རྒྱུས་འདི་ཚོ་བདག་མེད་དུ་ལུས་ཉེན་འདུག མ་གཞི་ཁྱེད་རང་གིས་དེབ་དང་པོ་འདིར་དཀའ་ལས་མང་པོ་བརྒྱབ་འདུག་པ་བཀླགས་པས་ཤེས་ཐུབ་པ་འདུག ཡིན་ཀྱང༌། གླེང་མཁན་ཚོས། གནད་དོན་རེ་རེ་ནས་གླེང་སླེབས་ཀྱི་འདུག་གཱ། ད་ནི་གོ་སྐབས་འདི་བཟུང་ནས་ཁྱེད་རང་གིས་ཀྱང་གསལ་བཤད་རེ་གནང་ན་ཡག་པོ་འདུག་བསམ་བྱུང༌།
སིངྒེ་རལ་བ་ཅན་ཞེས་པའི་མིང་འདི་མཐོང་བ་ཙམ་གྱིས་ཅ་མ་ཟིངས། ད་ཡང་རྩ་མ་ཚང་མཁན་ཞིག་དྲ་རྒྱ་ནང་མང་དུ་སོང་འདུག་སྙམ་ནས་མཆན་འགྲེལ་ལ་མ་ལྟས་ནས་སྐྱུར་པ་ཡིན། དེ་རིང་སྟེས་དབངལྟ་བུས་གཅིག་བལྟས་པས་ཁོང་ལེགས་ཉེས་རྣམ་འབྱེད་དང་མཐོང་རྒྱ་ཐོས་རྒྱ་ངེས་ཅན་ཡོད་མཁན་ཞིག་རེད་འདུག དེར་བརྟེན་ངས་ཁོང་གིས་གཙོས་བརྗོད་གཞི་འདིའི་ནང་གི་བགྲོ་གླེང་པ་ཚོར་དྲན་སྐུལ་ཞིག་གཏོང་འདོད་བྱུང༌། དྲན་སྐུལ་ནུ་དྲན་སྐུལ་རང་ཡིན། སྔོན་གྱི་ཚད་མའི་སྐྱེས་བུ་ཚོས་རང་རང་གི་ལྟ་གྲུབ་དེ་ཉིད་དར་རྒྱས་ཡུན་གནས་ཀྱི་ཁྱད་དུ་དྲང་ངེས་ཀྱི་གསུང་ཅི་རིགས་པ་གསུང་སྣང་ལ། དེ་དང་ཆབས་གཅིག་ཏུ་གཞན་ལུགས་ལ་དགག་བཞག་ཤུགས་ཆེར་བྱས་འདུག་པ་དེ་དག་གི་དགོངས་པ་ཇི་ལྟར་ཡིན་ཞེ་ན། གདུལ་བྱའི་དབང་གིས་དགག་གཞག་གནང་དགོས་བྱུང་ཡོད་པ་ཡིན་གྱི། གཞན་ཕྱོགས་སུན་འབྱིན་པའི་ཆེད་ཁོ་ན་མ་ཡིན་ཏེ། གཞན་དུ་ན། སྟོན་པས་དགོངས་འགྲེལ་ལས། འཁོར་ལོ་བར་བ་བླ་ན་མཆིས་པ། སྐབས་མཆིས་པར་གསུངས་པ་དང༌། ཐོགས་མེད་ཀྱིས་ངོ་བོ་ཉིད་མེད་པ་ཆད་ལྟར་གསུངས་པ་དང༌། དབྱིག་གཉེན་གྱིས། ཀླུ་སྒྲུབ་བདུད་ཀྱི་ཆོ་འཕྲུལ་དང༌། ཇོ་ཇོ་དེའི་རྗེས་འབྲངས་སུ་གསུངས་པ་དང༌། ཟླ་བ་གྲགས་པས། ཁྱེད་དང་འཇིག་རྟེན་འདི་ནི་རྩོད་གྱིས་དང༌།།ཕྱིས་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ།།ཞེས་དང༌། འཇུག་འགྲེལ་དུ། དབྱིག་གཉེན་དང་ཕྱོགས་གླང༌། བཟང་སྐྱོང་སོགས་ཀྱིས། གནས་ལུགས་ཕྱོགས་ཙམ་ཡང་མ་མཐོང་བ་གསུང་པ་དང༌། བོད་དུའང་རྗེ་མར་པས་བོད་ཀྱི་སྒོམ་ཐམས་ཅད་གཅིག་ཏུ་བསྡུས་ཀྱང་ཁོ་བོའི་ལུགས་ཀྱི་སྡོད་སྟངས་ཙམ་ཡང་མི་དོ་གསུངས་པ་དང༌། རྗེ་ས་པཎ་ཀྱི་སྡོམ་གསུམ་རབ་དབྱེ་ལས། དེ་ནས་ཆོས་རྗེ་ས་སྐྱ་པ།།ཆེན་པོ་བཞུགས་པ་ཡན་ཆད་དུ།།ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས།།ཕྱི་ནས་ཕག་མོའི་བྱིན་རླབས་དང༌།།སེམས་བསྐྱེད་རྨི་ལམ་མ་ལ་སོགས།།ཡི་དམ་བསྒོམ་པ་དཀྲོང་བསྐྱེད་དང༌།།དཀར་པོ་ཆིག་ཐུབ་ལ་སོགས་པ།།སངས་རྒྱས་བསྟན་དང་འགལ་བ་ཡི།། ཆོས་ལོག་དུ་མ་དེང་སང་འཕེལ།།ཞེས་སོགས། ཚད་མའི་སྐྱེས་བུ་ཤིན་ཏུ་མང་པོའི་ཞལ་ནས། གདུལ་བྱའི་ཁམས་དང་བསྟུན་ནས་གསུངས་པ་དེ་ཀུན་དེ་དང་དེ་དངོས་སུ་ཐལ་ན། ཡང་དག་པའི་ལམ་ཞིག་འཚོལ་དུ་མེད་པར་མི་འགྱུར་རམ། དེས་ན་གསར་རྙིང་དང་བོན་བན་ཕྱོགས་འཛིན་གྱིས་བསྐུར་བ་འདེབས་པ་ལས། གཉིས་ཀའི་གཞུང་ལ་འདྲིས་པར་བྱས་ན། ད་བཟོད་རང་ཉིད་ཀྱིས་ཉམས་སུ་ལེན་པ་ནུས་མིན་ཇི་ལྟར་ཡང༌། ཉམས་སུ་ལེན་དུ་ཡོད་པ་ཞིག་ཏུ་ངེས་པས། རྒྱུས་མེད་འུར་སྒྲོག་བྱེད་པ་ལས་མཐོང་རྒྱ་དང་ཐོས་རྒྱ་བསགས་ནས་བན་བོན་གཉིས་ཀར་ཐུགས་རྒྱུས་ཡོད་པ་ཞིག་གནང་ན་འཚེངས་སོ།།
མདོར་བསྡུས་ན་ཀུན་མཁྱེན་མི་ཕམ་པའི་གསུང་ལྟར་རང་ལུགས་ཁ་འཛིན་བྱེད་པའི་ཆེད་དུ་བསྔགས་བརྗོད་དང་ལུང་རིགས་གང་འོས་ཀྱིས་རང་བསྟན་ལ་དད་པ་དང་དང་བ་འབྱུང་ཐབས་གནང་རྒྱུ་དེ་ཆོས་པ་ཚོའི་འགན་དུ་ཁྱེར་རྒྱུ་ལས། དེའི་རྒྱབ་ལོག་ལ་གཟན་ལུགས་དམའ་འབེབས་མ་བྱས་ན་དེ་གས་འཐུས་པ་བྱེད་རྒྱུ་རང་རེད་སྙམ། གཞན་ང་ཚོས་རང་བསྟོད་གནང་སྐབས་རྒྱབ་ལྗོངས་ལ་བསམ་གཞིགས་མ་གནང་ཚེཆོས་གྲགས་དང་ཨརྻ་དཱེ་བ་སོགས་ལ་བསྟོད་པའི་སྐབས་རྒྱབ་ལྗོངས་ནས་རིག་པའི་གནོད་པ་ཡ་མཚཉ་པ་མང་པོ་ཞིག་ཡོང་གི་ཡོད་པ་དེ་རིགས་གཟབ་དགོས་ཀྱི་འདུག
དེ་བས་གལ་ཆེ་བ་ཞིག་ལ། བགྲོ་གླེང་སྐབས་རྩོམ་པ་པོ་དང་རྩོམ་ཆོས་ལ་ལུང་རིགས་ཀྱིས་དགག་བཞག་གནང་བ་ལས་སྔོན་གྱི་སྐྱེས་ཆེ་ཚོར་བསྟོད་སྨོད་ཀྱི་གླེང་གཞིར་ཁུར་རྒྱུ་མི་འདུག འདིས་ང་ཚོའི་ཆོས་སྲིད་གཉིས་ཀར་གནོད་ཆེན་པོ་བསྐྱལ་གྱི་འདུག
ཨ་རོ། གངས་གཡག ཁྱོད་ལ་པདྨའི་རྒྱལ་ཚབ་དང་ཞེ་པོ་བཤད་རྒྱུ་ཡོད་ན་སློབ་དཔོན་པད་མ་རྫུན་སྐྱེས་རེད་དམ་མ་རེད། རེད་ཟེར་མཁན་གྱི་གཏེར་ཡིག་དེ་དག་པ་རེད་དམ་མ་རེད་ཟེར་མཁན་དེ་དག་པ་རེད། སྐུ་ལ་འདས་གྲོངས་མེད་གསུང་ཙ་ན། འ་ད་ག་བར་ཡོད་རེད། ཐའེ་ཝན་ལ་ཡོད་རེད་དམ་ཨ་རི་ལ་ཡོད་རེད། ཡང་ན་པེ་ཅན་ལ་ཡོད་རེད། ཁྱོད་ལ་གསུང་རྒྱུ་ཨེ་ཡོད། ཙོང་ཁ་པ་ནི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ལྟར་མི་ལས་སྐྱེས་པ་དང་མི་ལྟར་གྲོངས་བ་སོགས་ཆ་ཚང་དགེ་ལུགས་པ་ལ་ལབ་རྒྱུ་འདུག གཏེར་ཡིག་དེ་ཚོ་ཞེ་པོ་ཡིན་ན་དེང་སང་མི་འདོན་པ་ག་རེ་བྱས་པ་རེད། ཚན་རིག་པས་རྫུན་རྐུབ་བརྟོལ་ཡོང་བསམ་པ་རེད་དམ། ཁྱོད་ཀྱིས་གཏེར་ཡིག་ངོ་མ་ཞིག་མཐོང་མྱོང་ངམ། ཡང་ན་ཁྱོད་ཀྱི་ཕ་ཨ་མྱེས་ཀྱིས་མཐོང་མྱོང་འདུག་གམ། འདུག་ན་དེ་ཚོས་ཡིག་གཟུགས་དེང་སང་ལྟར་རེད་འདུག་གམ། སྔོན་མའི་ཡིག་གཟུགས་ལྟར་རེད་འདུག ཏོང་ཧོང་ཡིག་གཟུགས་དང་འདྲ་ལོད་འདུག ཤོག་བུ་ག་འདྲ་ཞིག་འདུག ཤོག་བུ་ལྷེབ་ཙམ་ཞིག་ཡོད་ན་ཚན་རིག་པས་ག་དུས་ཡིན་པ་བལྟ་ཡོང་གི་རེད། ཨ་བྱི་ལེ་དེ་འདྲའི་ལྐུག་པ་ཞིག
འ་སྒོམ་སྡེ། ངས་ཁ་སྔོན་ནས་ལུང་བསྟན་བརྒྱབ་ཡོད། དེང་སང་ཡང་ལུང་མ་བསྟན་གྱི་ལྟ་བ་ཡོད་ཆོག་ནི་རེད་ལབ་ཡོད། འདི་འདྲ་ལ་ངས་ཅུང་ཟད་ཤེས་ཀྱི་རེད། ད་ཡིན་ན་ལུང་མ་བསྟན་པར་ཁ་རོག་གར་བཞུགས་དགོས་གི་འདུག་ག དེ་ལས་རང་གི་འབྲི་དགོས་པའི་དེབ་དེ་ཚོ་ལྷག་བསམ་རྣམ་དག་གིས་བྲིས། བོད་སྤྱི་བ་ལ་ཕན་སེམས་ཀྱིས་བྲིས། འཚམ་འཚམ་ལ་ཞལ་འདོན་རེ་བཏོན། དེ་ནས་དྲ་རྒྱ་འདི་འདྲའི་ནང་དུ་མཚར་གཏམ་རེ་ཤོད། དེས་ཕན་གྱི་རེད།
ད་དུང་སྔོན་མ་ས་གནས་རང་བཙན་ཚོགས་གཙོ་བླ་རྒན་ཅིག་གིས་སྔོན་མ་འདི་འདྲ་ཅིག་གཏམ་བཤད་གནང་བ་དྲན་གི་འདུག ཁྱོད་ཚོ་དེང་སང་གི་གཞོན་སྐྱེས་འདི་ཚོ་ལ་དབང་ཆ་རེག་ན། དེ་ནས་སྐྱག་པ་ལ་རྒྱུགས་པས་བཞུས་པ་ལྟར་ས་གཏོར་གནམ་གཏོར་བྱས་འགྲོ་གི་འདུག ད་ཅི་དྲག་ཟེར། སྐབས་དེར་ངས་དེ་ནི་ངོ་ནས་མཚར་གཏམ་འདྲ་བོ་ཅིག་རེད་བསམ་ཡོད། ད་འདི་ལྟར་བལྟ་ཡོང་དུས་དེ་ནི་ངོ་ནས་ང་ཚོ་རྗེས་རབ་པའི་རང་གཤིས་སྟོན་པའི་མེ་ལོང་ལྟ་བུ་ཅིག་རེད་འདུག་དྲན་ཡོང་གི་འདུག། །།
དྲྭ་དྲོགས་ཚོ་ད་ང་ཚཽས་ཧོར་དེབ་ལ་དཔྱད་པ་དངོས་གཞིའི་ཐོག་ཏུ་སླེབས་ཐུབ་པའི་རེ་སྐུ་ཞུ། སྤྱིར་ཧོར་དེབ་
འདི་ལ་དཀའ་ལསབརྒྱབ་འདུག་ནོར་བའང་མང་པོ་འདུག་མ་ནོར་བའང་མང་པོ་འདུག་དེབ་འདི་ཚོ་དངོས་
གནས་དཔྱད་གཞི་ཆེན་པོ་རེད། ཆོས་བརྒྱུད་ཁག་གི་ནོར་འཁྲུལ་དེ་ཚོ་ང་ཚོས་ཆེར་མ་གླེང་ན་ཡག་པོ་འདུག་
གང་ཡིན་ཟེར་ན་ནང་བསྟན་སྤྱི་ལ་གནོད་ཀྱི་རེད། རྒྱལ་དབང་ལྔ་པ་ཆེན་་པོ་ལྟ་བུའི་དགེ་རྙིང་རིས་མེད་
ཀྱི་བླ་མ་ཞིག་ཕལ་ཆེར་ཡོད་ཀྱི་མ་རེད་ཁོང་དགེ་རྙིང་གཉིས་ཀ་ལ་བཀའ་དྲིན་ཆེན་པོ་རེད་ཁོང་གིས་བཙུགས་
པའི་དགའ་ལྡན་ཕོ་བྲང་ལ་ང་ཚོ་མཉམ་རུབ་ཀྱིས་རོགས་སྐྱོར་བྱེད་དགོས་པ་སྨོས་མ་དགོས་པ་རེད།
གོང་ས་བཅུ་བཞི་པ་ཆེན་པོའི་ཞལ་ནས་ཀྱང་ངས་གོང་ས་ལྔ་པའི་མཛད་པ་སྐྱོང་གི་རེད། སུ་དགའ་རུང་འདྲ་མ་དགའ་རུང་འདྲ་གོང་ས་ལྔ་པའི་མཛད་པ་སྐྱོང་གི་ཡིན་ཞེས་བཀའ་ཕེབས་ཡོད་རེད་
ང་ཚོ་ཚང་མ་དགའ་འོས་པ་ཞིག་རེད། སྤྱིར་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་དགེ་རྙིང་གཉིས་མཐུན་ལམ་
ཆེ་ཤོས་ཆགས་ཡོད། སོག་པོ་ཇུར་གར་བས་རྙིང་མ་གཏོར་བའི་རྒྱབ་ལྗོངས་ལ་འཇམ་དབྱངས་བཞད་པ་
ཡོད་ཀྱང་ཟེར་མེད་ཀྱང་ཟེར་དེ་ནི་གང་ལྟར་བོད་སྤྱིའི་གོང་གུད་རེད་ལྷག་པར་སོག་པོ་ཇུན་གར་བས་དགའ་
ལྡན་ཕོ་བྲང་ཉམས་ཆགས་ཆེན་པོ་བཏང་བ་རེད་དེ་རྗེས་ཕ་ཝོང་ཁ་པ་སོགས་ཁ་ཤས་ཞིག་གིས་དགེ་རྙིང་
མཐུན་ལམ་ལ་གཏོར་བཤིག་ཅུང་ཟད་རེ་བྱས་མོད་དེ་ནི་སྲུང་མ་བསྟེན་ཕྱོགས་ཀྱི་གནས་ཚུལ་ཞིག་རེད་གོང་
ས་བཅུ་བཞི་པས་བཀག་ཚར་བ་རེད་བཀའ་དྲིན་ཆེན་པོ་རེད། ད་ང་ཚཽའི་མཐུན་ལམ་ཧོར་འཇིགས་ལྟ་
བུ་ཞིག་གིས་གཏོར་ཐུབ་ཀྱི་མ་རེད་ཚང་མ་སྤྱང་པོ་རེད།
འོ་སྒོམ་སྡེ་ལགས། ངས་ཁ་སྔོན་ནས་ཁྱོད་ཀྱི་དྲི་བ་༼དེ་ཐང༽ ཟེར་བ་དེར་ལན་རྒྱབ་ནས་དེ་དང་མཉམ་དུ་༼ཐང་ཆད་སོང་༽ཅེས་པའི་ཐང་གི་སྐོར་ལ་དྲི་བ་དྲིས་ཡོད་ན་ཡང་། ངས་དྲི་བའི་སྐོར་ལ་ལན་བཏབ་མི་འདུག ད་དེ་རིང་ངའི་དྲི་བ་དེ་ཆུང་ཆུང་རེད་མ་བསམ་པར་ལན་འདེབས་ངེས་རེད།
དྲྭ་གྲོགས་གསེར་སྨྱུག་ལགས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གི་གསུང་བྱིན་ཅན་འདི་ལྟ་བུ་འདྲེན་བཀོད་བྱས་པར་ཐུགས་རྗེ་ཆེ། གསུང་འདིས་ཆོས་ལུགས་དང་ལུང་ཁུག་བྱེ་བྲག་པའི་ཕྱོགས་ཞེན་བོད་པའི་རྩ་དོན་ལས་ཀྱང་གལ་ཆེར་འཛིན་པའི་ཀླད་མེད་མགོ་མཁྲེགས་རིགས་ལ་ཕན་དཀའ་ནའང་བློ་གནད་དུ་གནས་མཁན་རང་རིགས་མང་པོ་ཞིག་ལ་ཏན་ཏན་ཕན་ཐོགས་བྱུང་དང་འབྱུང་རྒྱུ་ཡིན་པ་ཐེ་ཚོམ་མེད། ཨོ་་་་གོང་དུ་སྐུ་ཞབས་གངས་གཡག་སོགས་མི་ཁ་ཤས་ཀྱི་གསུང་སྟངས་དེ་ནི་ཅུང་ཐལ་ཆ་ཆེ་དྲགས་པ་མིན་ནམ། རང་རེའི་གནས་སྟངས་ཧ་ཅང་ཉག་ཕྲ་བའི་དུས་འདིར་དགེ་ལུགས་པ་ཡོངས་དོལ་རྒྱལ་གྱི་རྗེས་འབྲངས་རེད་མདོག་མདོག་བཤད་པའི་དགོས་དམིགས་ག་རེ་ཡིན་ནམ། དགེ་ལུགས་པ་ཡོངས་དོལ་རྒྱལ་རྗེས་འབྲངས་ནང་བཞིན་ང་ཚོའི་ཁ་གཏད་དུ་བསླང་ཐུབ་ན་ཁྱོད་ཀྱི་བསམ་དོན་འགྲུབ་སོང་བ་ཨེ་རེད། ཡང་གཅིག་བཤད་ན་ང་ཚོས་དགོངས་དག་ཞུ་ས་དེ་སངས་རྒྱས་པའི་ཆོས་བརྒྱུད་ནང་ཁུལ་མ་ཡིན་པར་སངས་རྒྱས་པ་ཚོས་རང་རེའི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་པོ་རྣམས་ལ་བཟོད་གསོལ་ཞུ་དགོས་པ་རེད། ཡིན་ནའང་ནང་ཁུལ་གྱི་རྩོད་རྙོག་ཙོར་བོ་དེའི་རིགས་གླེང་ཡོང་ན་དགྲ་དགའ་གཉེན་སྡུག་ལས་རྩ་དོན་ལ་གནོད་ཆེ་བས་བཏང་སྙོམས་ལ་བཞག་ན་ཡག་གི་རེད་ལ། ཡིན་གཅིག་ཞེན་ཁོག་ཅིག་བྱེད་ས་ཞིག་དགོས་ན་༧གོང་ས་མཆོག་གི་ལམ་སྟོན་གནང་བཞག་པའི་རིས་མེད་ཀྱི་ལམ་འདི་ཡག་ཤོས་མ་རེད་དམ། ཨ་་་་ཨ་་་་་་ཨ་ད་ཡིན་ན་བོད་ནང་གི་མི་མང་གི་བཙན་གནོན་མ་ཆོག་པར་སྡོད་དུས་ནང་དཀྲུག་གི་སྐད་ཆ་ཆོ་མེད་འདིའི་རིགས་མཐོང་ཐོས་བྱུང་ན་དངོས་གནས་སེམས་ཕམ་རྒྱུ་རེད་ཡ།
ད་ཆོས་ར྄ྩོད་མ་བ྄ྱེད་མཚམས་ཤོག
རྩོམ་ཡིག་འདི་ལ་འབྲེལ་ནས་ འཁོན་འཛིང་གི་རྩོམ་མཆན་མང་དུ་བཀོད་ཤོར་འདུག་པ་དེ་དག་ལ་སྟངས་འཛིན་བྱས་སྐབས་དྲ་གྲོགས་ཚོས་ངར་སྐད་བཏོན་པའི་རྐྱེན་བྱས་ཏེ་ཉིན་ཤས་མུ་མཐུད་ནས་བཞག་པ་ཡིན། ད་ནི་མཚམས་ཞོག་ཟེར་མཁན་འགའ་ཡང་བྱུང་སོང་ལ། སྐད་ཆ་གསར་པ་དང་བརྗོད་གཞི་ལ་ཕན་པའི་གཏམ་ཡང་མི་འདུག་སྟབས། རྩོམ་མཆན་འགོད་ས་དེ་ཁ་བརྒྱབ་པ་ཡིན། ཁ་བརྡས།