ཉེས་མེད་བོད་མིར་བཙོན་འཇུག་ཁྲིམས་གཅོད།
སྟོང་ལོ་བརྒྱད་པའི་གཞིས་ལུས་བོད་མིའི་ཞི་རྒོལ་གྱེན་ལངས་ཁྲོད་འཛིན་བཟུང་བཙོན་འཇུག་བྱས་པའི་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུའི་ཤིས་ཚང་ཡུལ་གྱི་སྐྱ་སེར་བོད་མི་ཁག་ཅིག་ལ་ཚད་ལས་བརྒལ་བའི་ཁྲིམས་གཅོད་བྱས་པའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཉིན་ཤས་སྔོན་སྤྱི་ཟླ ༡༡ ཚེས ༡༩ དང་ཧོར་ཟླ་༡༠ཚེས་༢༢ཉིན་མདོ་སྨད་གཙོས་གྲོང་ཁྱེར་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་ཤིས་ཚང་སྒར་གསར་དགོན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་དང་འཇམ་དབྱངས་བསྟན་པ། གཞན་ཤིས་ཚང་དཔོན་སྐོར་སྡེ་བའི་མི་སྐྱ་ཡུལ་མི་བོའུ་ཧྲི་དང་དར་རྒྱས་ཟེར་བ་བཅས་ཁོ་ཚོ་བཞི་ཀླུ་ཆུའི་རྫོང་ཐོག་ཏུ་ཁྲིད་ཡོང་ནས་ལོ་བརྒྱད་ནས་ལོ་གཉིས་དང་ཕྱེད་ཀའི་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། འདི་ནས་བོད་ལ་ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་ཆོས་གྲགས་རྒྱ་མཚོར་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་གཅོད་དང་། འཇམ་དབྱངས་བསྟན་པ་ལ་ལོ་བདུན། མི་སྐྱ་གཞན་གཉིས་ལ་ལོ་གཉིས་དང་ཕྱེད་ཀ་རེ་ཡི་ཁྲིམས་གཅོད་བྱས་འདུག་ཟེར་ལ། ད་ལྟ་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་གང་ཡང་མི་འདུག
སྤྱིར་འདི་ལོའི་བོད་མིའི་ཞི་རྒོལ་གྱེན་ལངས་སྐབས་མདོ་སྨད་ཤིས་ཚང་སྐྱ་སེར་མི་མང་གིས་སྔ་ཕྱི་ཐེངས་འགར་ངོ་རྒོལ་སྐད་འབོད་བྱས་པའི་ཁྲོད་མ་ངེས་སྡེ་བའི་ཡུལ་མི་༧༠ལྷག་དང་། དཔོན་སྐོར་སྡེ་བའི་ཡུལ་མི་༡༤ ཆོས་འཁོར་སྡེ་བའི་ཡུལ་མི་༣༠ ཐང་ལུང་མདོ་སྡེ་བའི་ཡུལ་མི་༡༣ བླ་རི་འགུལ་སྡེ་བའི་ཡུལ་མི་༡༢ གཞན་ཤིས་ཚང་སྒར་གསར་དགོན་པའི་གྲྭ་༢༨བཅས་ཁྱོན་སྐྱ་སེར་༢༠༠ལྷག་འཛིན་བཟུང་བཀག་ཉར་བྱས་ཀྱང་གོང་འཁོད་ཁྲིམས་གཅོད་བྱས་པའི་བོད་མི་བཞི་དང་། གཞན་དཔོན་སྐོར་སྡེ་བའི་ཡུལ་མི་སྟག་ལྷ་དང་། ལྷ་མོ་སྐྱབས། ཀླུ་སྒྲུབ། ཚེ་རིང་སྐྱབས། རྟ་མགྲིན་མགོན་པོ། ལྕགས་ཐར་རྣམས་ལས་གཞན་ཚང་མ་གཅིག་རིམ་གཅིག་འཕྲོར་རྒྱ་སྒོར་༣༠༠༠ནས་༥༠༠༠བར་གྱི་ཉེས་ཆད་བཀལ་ཏེ་གློད་གྲོལ་བཏང་ཡོད་པ་རེད། གོང་འཁོད་བོད་མི་རྣམས་ལས་རང་ལོ་༦༠ཡིན་པའི་བོའུ་ཧྲི་ཞེས་པས་བཙོན་ཁང་དུ་སྐད་འབོད་བྱས་སྐབས་རྒྱ་གཞུང་གིས་ཁ་ནང་དུ་ཆུ་ཁོལ་བླུག་པ་སོགས་མི་སྤྱོད་ལས་འདས་པའི་གཅར་རྡུང་ཚབས་ཆེན་བཏང་བ་དང་། དཔོན་སྐོར་སྡེ་བའི་ཡུལ་མི་སྟག་ལྷ་དང་། ལྷ་མོ་སྐྱབས། ཀླུ་སྒྲུབ། ཚེ་རིང་སྐྱབས། རྟ་མགྲིན་མགོན་པོ། ལྕགས་ཐར་རྣམས་ད་དུང་ཁྲིམས་ཐག་བཅད་མེད་པར་མུ་མཐུད་དུ་བཙོན་འཇུག་བྱས་ཡོད་འདུག
གྲྭ་ཆོས་གྲགས་རྒྱ་མཚོ་དང་འཇམ་དབྱངས་བསྟན་པ་གཉིས་ནི་འདི་ལོའི་ཕྱི་ཟླ་༣ཚེས་༡༧ཉིན་ཤིས་ཚང་སྒར་གསར་དགོན་པའི་གྲྭ་༢༥༠ལྷག་གིས་ཀླུ་ཆུའི་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་པའི་ཁྲོད་མཉམ་ཞུགས་བྱས་ཡོད་ལ། ཕྱི་ཚེས་༢༤དགོང་མོར་ཤིས་ཚང་སྒར་གསར་དགོན་པའི་གྲྭ་༢༤འཛིན་བཟུང་བྱས་པའི་ཁྲོད་ཚུད་དེ་ད་བར་སྔ་ཕྱིར་ཀ་ཆུ་དང་ཁང་ལུང་། གཙོས་གྲོང་ཁྱེར་སོགས་སུ་བཙོན་འཇུག་བྱས་ཡོད་པ་རེད། གོང་བཀོད་གྲྭ་ཆོས་གྲགས་རྒྱ་མཚོ་ནི་ད་ལྟ་རང་ལོ་༢༦དང་། འཇམ་དབྱངས་བསྟན་པ་རང་ལོ་༢༥ཡིན་ལ་ཁོ་གཉིས་ཀྱི་སྐྱེས་ཡུལ་རྒྱལ་དགུར་སྡེ་བ་ནས་ཡིན་པ་དང་། གཞན་མི་སྐྱ་བོའུ་ཧྲི་ནི་ལོ་༦༠དང་། དར་རྒྱས་ཞེས་པ་ལོ་༡༩བཅས་ཡིན་ལ་ཁོ་གཉིས་ཤིས་ཚང་དཔོན་སྐོར་སྡེ་བ་ནས་ཡིན་པ་རེད།
ཕྱི་ཚེས་༢༢ཉིན་ཀླུ་ཆུའི་རྫོང་གི་ཆོས་དོན་ལས་ཁུངས་(རྒྱ་སྐད་དུ་ཙོན་ཅའོ་ཅུས་ཟེར།)ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཤིས་ཚང་སྒར་གསར་དགོན་པར་ཡོང་ནས་གྲྭ་མང་ལ་ཚོགས་འདུ་བསྡུ་བསྐོང་བྱས་འདུག་ལ། སྐབས་དེར་རང་ལོ་བཅོ་བརྒྱད་ལོན་མེད་པའི་གྲྭ་བ་ཚང་མ་ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་བཅས་ཀྱི་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་།
འཕགས་ཡུལ་ལྷོ་ཕྱོགས་སུ་ཡོད་པའི་ཤིས་ཚང་ཕྱི་སྡོད་སློབ་གཉེར་བ་ཐུན་མོང་གིས།འདི་ནི་ཁ་བརྡ་ལ་བཏང་བའི་གནས་ཚུལ་རེད་ལ། ཟུར་གསལ་འབྲེལ་ཐག་ལ་བསྣུན་ཏེ་གཟིགས་འཚལ།
news_in_shitsang

འཕགས་ཡུལ་ལྷོ་ཕྱོགས་སུ་ཡོད་པའི་ཤིས་ཚང་ཕྱི་སྡོད་སློབ་གཉེར་བ་ཐུན་མོང་གིས།
ཁྱོད་ཚོ་ནི་མིའི་རིགས་ཀྱི་དཔའ་བོ་ཡིན་ལ་བོད་རིགས་སྤོབས་པ་ཡིན། ཁྱོད་ཚོ་ནི་མ་ཡུམ་གངས་རིར་སེམས་པ་གླན་མཁན་དང་ཁ་བ་རི་བ ར་ལོ་རྒྱུས་གསར་བའི་བདེན་པ་དང་སྟོབས་ཤུགས་བསྩལ་མཁན་རེད། ཁོ་ཚོས་འོ་བརྒྱལ་མྱངས་སོང༌། དཀའ་ལས་རེག་སོང༌།
ཡིན་ནའང༌། མ་འོངས་པའི་ལོ་ཟླའི་ཁྲོད་དུ་ཁ་བ་རི་བའི་རི་ཆུ་ནགས་གསུམ་གྱིས་ཁྱོད་ཚོ་བརྗེད་པར་མི་སྲིད་ལ། ས་ཡ་དྲུག་གིས་ཀྱང་ཁྱོད་ཚོ་བརྗེད་པར་མི་སྲིད། ད་ལོའི་ཁྲག་དམར་ལོ་རྒྱུས་ཀྱི་ཡིག་ཕྲེང་རེ་རེས་ཁྱོད་ཚོ་བརྗེད་པར་མི་སྲིད། བདག་གི་ཤ་གསེང་རུས་རྐང་ན་འཕྱུར་གིན་པའི་སྤོབས་པའི་ཁྲག་རྒྱུན་གྱིས་ཁྱོད་ཚོ་གཏན་དུ་བརྗེད་པར་མི་སྲིད།