——–ལྷ་སྲས་བསོད་ནམས།
བསོད་ནམས་དབང་མོ་ལགས་ཀྱི་ཨ་ཕའི་མཚན་ལ་ཨ་མདོ་སྟག་ལུང་དགེ་འདུན་བླ་མ་༼དགེ་འདུན་སྟག་ཕྲུག༽ཟེར་བ་དང་སྐྱེས་ཡུལ་ཨ་མདོ་བླ་བྲང་ནས་ཡིན། ཨ་མའི་མཚན་ལ་ཚེ་རིང་མཚོ་དང་སྐྱེས་ཡུལ་ཨ་མདོ་རྨ་ཆུ་ནས་རེད།
བསོད་ནམས་དབང་མོ་ལགས་ནི། རྒྱ་གར་ལྡེ་ར་ལྡན་དོན་གྲུབ་གླིང་གཞིས་ཆགས་ནས་འཚར་ལོངས་བྱུང་ཞིང་། སློབ་ཆུང་དང་སློབ་འབྲིང་། རྒྱ་གར་མཐོ་སློབ་བཅས་བརྒྱུད་ནས་སློབ་མཐར་ཕྱིན། དབྱིན་ཡིག་དང་རྒྱ་གར་སྐད་ཡིག་གི་སློབ་སྦྱོང་ཆུ་ཚད་མཐོན་པོ་ཡོད། ལྷག་པར་ཏུ་ད་ལྟའི་སྤྱི་འཐུས་ནང་རྒྱ་གར་གཞུང་དམངས་དང་། ཉེན་རྟོག་ལས་ཁུངས་སོགས་སུ་ཐ་ན་སྐད་འབོད་ཙམ་གྱི་ཕྱིར་དུ་ཡང་འབྲེལ་གཏུགས་དགོས་པ་མཚོན་པའི་དཀའ་ངལ་ཆེ་ཆུང་སོགས་ལ་ཐད་ཀར་ཕན་ཐོགས་ཐུབ་མཁན་གྱི་མི་སྣ་ཞིག་ཡིན། ང་ཚོ་བཙན་བྱོལ་བ་གཞུང་མང་གཉིས་གས་རྒྱ་གར་ས་ཐོག་ཏུ་བསྡད་ནས་རྒྱ་གར་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས་ལ་སྟབས་བསྟུན་བྱས་ནས་འགྲོ་དགོས་སྟབས། འདི་འདྲའི་མི་སྣ་ཞིག་མེད་ཐབས་མེད་པ་ལྟ་བུ་ཞིག་རེད།
ཁོ་མོ་ནི་ལོ་མང་སྔོན་ནས་ས་གནས་རྒྱ་གར་ལྡེ་ར་ལྡན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སློབ་གྲྭའི་དགེ་རྒན་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི། འགན་འཛིན་བཅས་ལོ་མང་རིང་གནང་མྱོང་བ་དང་། དུས་ཕྱིས་སུ་་མདོ་སྨད་དབུས་རྒྱུན་གྱི་དྲུང་ཆེ་དང་དཔལ་འབྱོར་འགན་འཛིན་ཡང་ལོ་མང་གནང་མྱོང་བ་མ་ཟད། ད་ལྟ་ཡང་བསྐྱར་མདོ་སྨད་དབུས་རྒྱུན་གྱི་ལས་བྱེད་ལས་ཐོག་པ་ཡིན། བོད་ལ་སྔ་ཕྱི་ཐེངས་གཉིས་ལ་ཕྱིན་ནས་གཞིས་བྱེས་གཉིས་ཀའི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་གྱི་མི་སྣ་ཞིག་ཀྱང་ཡིན།
མདོར་ན་སེམས་ཤུགས་དང་ལྷག་བསམ། འཇོན་ཐང་། སློབ་སྦྱོང། ལངས་ཕྱོགས་བཅས་ཀྱི་ཆ་རྐྱེན་ཚང་མཁན་གྱི་འོས་མི་ཞིག་ཏུ་ངོ་སྤྲོད་མདོར་བསྡུས་སུ། ཕྱི་ལོ་༢༠༡༥། ཟླ་༨ ཚེས་༡༣ ལ་ཕུལ།
ང་ཚོ་རྒྱ་གར་ལ་ཐོག་མ་འབྱོར་སྐབས་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་དངོས་གནས་བྱུང་ཡོད་རེད། དེང་སང་མི་ལོ་ལྔ་བཅུ་ང་ལྷག་ཙམ་རྒྱ་གར་ནང་འཚར་ལོང་བྱུང་ནས་ད་དུང་སྐད་ཡིག་གི་གོ་བརྡ་མི་འཕྲོད་མཁན་སྤྱི་འཐུས་ནང་ཡོད་ན་ལས་མི་མང་ནང་རང་མགོ་འཐོན་ནས་རང་མི་རང་ལས་དང་རང་ཁ་རང་གསོ་བྱེད་མཁན་ཤ་རྟག་ཡིན་ན་ང་ཚོ་མི་མང་ལ་སྐད་བསྒྱུར་ནམ་ཡང་དགོས་པ་མེད་ཐུགས་རྗེ་ཆེ་བཀྲིས་བདེ་ལེགས།
ད་ཡིན་ད། བུ་མོ་ཚོ་ཤུགས་རྒྱབ་ཤོག་ཨ། འདི་མོ་ཞིག་བྱེད་ན་ཧྲ་གི་།
ན་གཞོན་ལྷག་བསམ་ལྡན་ལ་ཤེས་འཇོན་ཉམས་མྱོང་ཡོད་པའི་མི་རབས་གསར་པ་གང་མང་གཞུང་འཛིན་ལས་སྣེ་ལ་ཕེབས་ཐུབ་ན་དེས་བོད་མིའི་ས་ཡ་དྲུག་གི་བདེན་དོན་ལ་ཕན་པ་ལས་གནོད་མེད་དོ།། དེ་བཞིན་ཆོལ་ཁའི་དབྱེ་བ་མེད་པའི་ཐོག་ནས་བུད་སྨན་འདི་འདྲ་ངེས་པར་དུ་འོས་འདེམས་ཅིག།
སློབ་སྦྱོང་དང་འཇོན་ཐང་གཞི་རྩར་བཞག་ནས་དྲང་ཚུགས་ལྡན་པའི་སྐྱེས་མའི་རིགས་མང་ཚོགས་ཀྱི་མདུན་དུ་ཐོན་པར་དགའ་བསུ་དང་བསྔགས་བརྗོད། དེ་མ་གཏོགས་སྤྱི་འཐུས་གྲོས་རྭར་ངག་བཅད་ཀྱི་བརྟུལ་ཞུགས་བཟུང་བ་དང་སྤྱི་བའི་ལད་དོན་ཐད་སྒེར་ནད་འཁུར་ནས་དོ་ཕོག་ཡོང་གཞིའི་རིགས་ལ་དང་པོ་ནས་མི་གཤིས་དང་ལྷག་བསམ། འཇོན་ཐང་བཅས་ལ་རྩད་ཞིབ་བྱས་ནས་འོས་བླུག་རྒྱུ་གལ་ཆེན་དུ་མཐོང་།
གལ་ཆེ་ཤོས་དང་ཆ་རྐྱེན་ཚང་དགོས་ཤོས་གཅིག་ཡོད། དེ་གང་ཡིན་ཟེར་ན། མོ་རང་ལ་ཕྲུ་གུ་ག་ཚོད་ཡོད་ན། གལ་སྲིད་ཕྲུ་གུ་བཟོས་མེད་ན་སྤྱི་འཐུས་ཀྱི་ལས་འགན་སྤྲད་ནའང་ལས་དོན་ཆ་ཚང་བ་ཞིག་བྱེད་ཨེ་ཐུབ། དཔེར་ན་བོད་ལ་དགོས་པ་དེ་བོད་མི་གཙང་མ་ཞིག་ཡིན།
མོ་རང་ཁྱོ་ཀ་དེ་རྒྱ་གར་བ་ཞིག་རེད་ཟེར་བ་བདེན་ནམ།
བུད་མེད་འདི་ཡག་མདོག་ཁ་བོ་འདུག་་་་ཀླུ་མཁར་བྱམས་ཀྱི་སྐྱེ་དམན་དང་འདི་གཉིས་བསྡུར་ཐབས་མེད་པ་འདྲ་་་་་
ཁྱོད་ཀ་དང་ཅིག་ཅིག་ཅིག་ཟེར་བ་ག་རེ་ཡིན་ན་ཡིན། ཁོ་རང་ནི་འཇོན་ཐག་ཆོད་ཡོད་པ་རེད། ངས་ནི་རང་གི་འོས་ཤོག་གཅིག་ནི་ཁོ་མོར་འཕེན་ཐག་ཆོད་ཡིན་ཏོ། མོ་ལྟ་བུ་མདོ་སྨད་སྤྱི་འཐུས་ནང་དུ་སླེབས་ན་འགྲིག་ཐག་ཆོད་ཡོད་པ་རེད། དེ་མ་གཏོགས་འཇིམ་ཀོང་་ལྟ་བུའི་མི་དེ་ཚོར་འོས་མི་
ཕེན་ཁོ་ཐག་ཡིན།
སྤྱི་འཐུས་རྣམ་པ་ཚོ་མ་མཐའ་ཡང་ཟས་བཅད་ངོ་རྒོལ་དུ་བཞུགས་མི་དགོས་པར་ཡར་མར་གང་ལ་འབྲེལ་བ་ཞུ་དགོས་ཀྱང་། ལས་བགོས་གོ་བརྡ་འཕྲོད་ཐུབ་པ་ཞིག་ངེས་པར་དགོས་ཀྱི་འདུག