ཚེ་བཀྲ།
ཉིན་འདི་ཚོར་ངོ་ཤེས་མིན་གཉིས་ཀྱི་སྤྱི་འཐུས་འོས་ཤོག་སློང་ཡིག་སྣ་ཚོགས་སྐད་འཕྲིན་དང་ངོ་དེབ་སོགས་བརྒྱུད་དེ་གད་སྙིགས་བཞིན་སྤུངས་ནས་ཡོང་དུས། མང་གཙོ་ཟེར་བ་འདི་ཡང་སྙིང་བསམ་བློའི་ཁོ་ལག་རྫོགས་པའི་མི་སྡེ་ཞིག་མིན་ཚེ། གྲལ་ནས་རྩོག་ཐུབ་མིན་གྱི་བྱིས་པ་ཚུན་ཆུད་འོས་མིར་འཇོག་མི་སྲིད་པའི་ངེས་པ་མེད་རྐྱེན། མང་གཙོའི་ཁྲིམས་སྲོལ་ལམ་ཚད་གཞི་ཞིག་གི་ཚད་དང་ཚོད་ཅིག་དགོས་གལ་ཆེ་བར་འདོད་བྱུང་ལ། མི་བུ་རེ་རེའི་སེམས་ངོར་འབབ་པའི་འོས་མི་གཅིག་པོའང་ལག་ནས་འཕྲོག་གྲབས་བྱེད་པའི་ཧམ་གཏམ་གཡོ་སྒྱུ་ཅན་ཡང་གང་སར་རླུང་བཞིན་རྒྱུ་བས་དངངས་སྐྲག་རེའང་ཞོར་དུ་སྐྱེས།
འདི་ནས་སྐད་ཆ་ཉུང་ཉུང་ཞིག་གིས་རང་ཉིད་ཀྱི་འོས་མི་དེའང་གང་མྱུར་སྤྱི་བསྒྲགས་སུ་མིང་འདོན་བྱ་མ་ཐུབ་དུས། སོ་སོའི་འོས་ཤོག་གཅིག་གི་ཐོབ་ཐང་དེ་ཡང་ཚོང་ཟོག་གི་བརྡ་སྦྱོར་ལྟ་བུའི་འོས་ཤོག་སློང་ཡིག་དག་གི་བར་གསེང་དུ་ལུས་གྲབས་འདུག་པས། སྐད་གསེང་མཐོན་པོས་རང་ཉིད་ཀྱི་འོས་ཤོག་གཅིག་པོ་དེ་ནི་སྨྲ་ལྕེ་རང་དབང་གིས་འབར་ཞིང་། མི་གཤིས་རྣོ་ལྕགས་བཞིན་སྲ་བ། སྐུ་ངོ་ཚོའི་ཁྲོ་ཞལ་དང་ཕྱུག་པོ་ཚོའི་རྒྱུ་ངོམ་གང་ལའང་གཉའ་མི་སྒུར་བ། ང་ཚོའི་ཆབ་སྲིད་བཙོན་མར་བསྙད་དེ་རང་དོན་སྐྱོང་བའི་བདེ་སྲུང་སྒོ་འགྲམ་གྱི་ནག་ཚོགས་ཚོ་དང་ཡང་གཏན་ནས་མི་འདྲ་བར། མི་རིགས་ཀྱི་ཆེད་དུ་རྒྱ་ནག་དམར་པོའི་ཁྲིམས་ལྕགས་ཀྱི་མནར་གཅོད་ལུས་ཀྱིས་མྱངས་མྱོང་ཞིང་། བཙན་པོའི་ལོ་རྒྱུས་དང་བདེན་པ་གཙིག་ཏུ་ཁུར་ནས་སྐྱབས་བཅོལ་དུ་འོང་བ། བོད་མེས་པོར་ཁྲེལ་གཞུང་རྣལ་མ་འཛིན་སྤོབས་པའི་ངེས་དོན་གྱི་བཙན་བྱོལ་བ་ཅིག་སྟེ་ཀླུ་མཁར་བྱམས་ཡིན།
ཁོང་ནི་བཙན་བྱོལ་སྤྱི་ཚོགས་ནང་གསན་མ་མྱོང་མཁན་ཕལ་ཆེར་མེད་པས། ཁོའི་ལོ་རྒྱུས་དང་འཇོན་ཐང་རེ་རེ་བཞིན་འདི་རུ་འབྲི་བའི་ངལ་བ་བསྟེན་མི་དགོས་པར་བསམས། སྤྱི་ཚོགས་ནང་བྲིན་མ་ཐུབ་པའི་ཚོང་རྫས་ཞིག་ནང་བཞིན་འོས་ཤོག་སློང་ཡིག་རེ་འགའ་འུར་གྱིས་ཆེན་པོ་ཆེན་པོར་ཁྱབ་བསྒྲགས་བྱེད་ཀྱིན་པ་ལྟར་འབྲི་མ་ཤེས་པའང་མིན་མོད། གཅིག་ནས་ཀླུ་མཁར་བྱམས་ཀུན་ལ་གྲགས་སྐད་ཆེ་བས་ཚང་མས་ཤེས་སྲིད་ལ། གཉིས་ནས་མང་གཙོའི་སྤྱི་ཚོགས་ནང་སོ་སོས་འགན་འཁུར་ལྟ་བུ་ཞིག་བླངས་ཏེ་མང་ཚོགས་ལ་མགོ་སྐོར་རམ་བསླུ་བྲིད་རེའང་གཏོང་བསམ་མི་ཕོད་པས། རང་ཉིད་ཀྱི་འོས་མི་དྲང་མོར་མིག་སྔར་བསྟན་པ་ཙམ་ཡིན་པས། སོ་སོའི་འོས་ཤོག་མིའི་མགོ་སྐོར་འོག་མ་ཤོར་བར་རང་གིས་གདམ་རྒྱུ་ནི་མང་གཙོའི་ནང་སྙིང་ཡིན་པ་སུས་ཀྱང་བརྗེད་མི་རུང་ངོ་།
གལ་སྲིད་ཁྱེད་ཀྱིས་ཀླུ་མཁར་བྱམས་ཞིབ་མོར་བཀླག་འདོད་ཚེ་དྲ་ལམ་བརྒྱུད་འཚོལ་ཞིབ་གནོངས་དང་། དེ་ནས་ཀླུ་མཁར་བྱམས་ཀྱི་ཕྱི་ནང་གསང་གསུམ་སྐོར་ལ་རང་གཞན་གཉིས་ཀྱིས་བོད་རྒྱ་དབྱིན་གསུམ་ཐོག་འབྲི་རྩོམ་བྱས་པའི་པོ་ཏི་རྟ་ཁལ་ལོངས་པ་རེ་རྙེད་སྲིད་ལ། རླུང་བརྙན་འཕྲིན་མང་བོས་ཧམ་རྩོད་བྱ་བཞིན་པའི་ཁོའི་ཁ་ལྕེ་དམར་པོ། གངས་སྐྱིད་སྤྱི་འཐུས་གྲོས་ཚོགས་ན་ཀླུ་མཁར་བྱམས་སླེབས་རྒྱུར་སྙམ་ནས་སྙིང་ཆུང་ཁ་ནང་དུ་ཟེགས་གྲབས་བྱེད་ཀྱིན་པའི་སྡར་མ་རེ་འགའ་ཞེད་སའི་ཁོའི་ལ་རྒྱའི་ཕོ་གཏམ་ངོ་མ་ཡང་དེ་ནས་གསན་གཟིགས་ཐུབ་པ་ཡིན་ནོ།།
ཕྱི་ལོ2014ཕྱི་ཟླ02-པའི་ཚེས16ཉིན།
དུས་ལ་བབ་པའི་རྩོམ་ཡིག་ངོ་མ་ཡག་པོ་ཞིག་བྲིས་འདུག ང་རང་ཡང་ལུང་ཚན་དང་ངོ་ཤེས་གྲོགས་པོ་སོགས་ཅི་ཡང་མིན་པའི་འོས་གཅིག་པོ་དེ་ཀླུ་མཁར་བྱམས་རང་ལ་ཡིན།
ཡ་ཡ་ ད་སང་ཉིན་བལྟ་རྒྱུ་ཡིན། སུ་ལ་ཐོབ་མིན་སང་ཉིན་བལྟ་ངེས་ཡིན། ཀླུ་མཁར་བྱམས་ཡིན་རྒྱུ་རེད།
ཁོ་ལ་འོས་འཕེན་ཁོ་ཐག་ཡིན།
འ་འ་ད་ཡིན་ན་སྤྱི་འཐུས་བདག་པོ་བཤད་ཐལ་ཡ།སུན་ནི་འདྲ་ཟིག་རེད།
མདོ་སྨད་པའི་ནང་ནས་ཀླུ་མཁར་བྱམས་ལ་འོས་བླུགས་ཟེར་མཁན་ཡོད་ན་དེ་དག་ནི་མདོ་སྨད་པའི་རིང་ལུགས་འདོར་མཁན་དང། ༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་མཐའ་དག་ལའང་ལྟོས་མེད་བྱེད་མཁན་རྐྱང་རེད།
ཁྱུང་ཆེན་ཤར་ཁུག་ལགས། མཚད་སྨོད་སུས་བྱེད་མིན་དང་གནད་འགག་ལ་ཐུག་དུས་སུ་ནི་རྒྱལ་བ་རིན་པོ་ཆེར་བརྩེ་དུང་ཆེ་མིན་མིག་ལྡན་ཚོས་ཤེས་རེད་ད། ཁྱེད་ཚོས་རྒྱལ་བ་རིན་པོ་ཆེ་རྒྱབ་ལ་གོན་ཞིང་ཁ་ཟས་བྱེད་སྟངས་ཀྱི་འཁྲབ་སྟོན་དེར་ང་ཚོ་སྐྱུགས་མེར་ལངས་ཀི་ལོ། ཀླུ་མཁར་བྱམས་ནི་རྒྱལ་བ་རིན་པོ་ཆེའི་དགོངས་པ་ངོ་མ་བརྩི་མཁན་ཞིན་ཡིན་པ་ཾམཚད་ཉིད་རིག་པའི་ངོས་ནས་ལྟོས་ན་ཤེས་ངེས།
ང་ལ་ཐོབ་པའི་འོས་ཤོག་གཅིག་པུ་དེ་ཁོ་རང་ལ་ཡིན།
ལམ་དབུ་མར་ཁས་འཆའ་བའི་བཙན་བྱོལ་བོད་གཞུང་ལ་སྤྱི་འཐུས་རང་བཙན་བ་ཞིག་འདེམས་ན་འོ་སྐོལ་གྱི་ལམ་ནི་ཇི་ཡིན་ནམ། ལུག་གི་ཚབ་ལ་གཡག་འདེམས་པ་ཞིག་མ་རེད་དམ། ༧གོང་ས་མཆོག་དང་སྲིད་སྐྱོང་མཆོག་ནས་ཀྱང་མུ་མཐུད་དུ་རྒྱ་གཞུང་ལ་རང་བཙན་རྩོད་ཀྱིན་མེད་ཅེས་གསུང་ཕོད་དམ དེ་ཕྱིར་ཀླུ་མཁར་བྱམས་འོས་གཞིར་ལངས་བ་དེ་འཚང་ངོ་།
སུས་སུ་མིང་འདོན་བྱས་ན་དེ་རང་འདོད་རེད། མི་མཐོ་དམའ་བར་གསུམ། རྒན་གཞོན་དར་གསུམ་ཚང་མར་རང་ཉིད་འདོད་འདུན་དང་ཁེ་ཕན་སྒྲུབ་རྒྱུའི་ཐོབ་ཐང་འདྲ་མཉམ་དུ་ཡོད་པ་རེད། དེར་བརྟེན། དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱིས། མཐོ་སྲིད་འཛིན་ནས་དམའ་སྤྲང་བོ་ཚུན་ཆད་ལ། ཆེ་ཆུང་དང་མཁས་བླུན། ཡག་བཙོག་གི་དབྱེ་ཕྲན་ཙམ་མེད་པའི་འོས་ཤོག་རེ་སྤྲད་ཡོད་པ་རེད། སོ་སོར་དབང་བའི་འོས་ཤོག་དེ་རང་ཁེ་ཕན་གང་ན་ཡོད་ན་དེ་ལ་བླུགས་དགོས་པ་རེད། རང་ཉིད་འདོད་མོས་གང་ལ་ཡོད་ན་དེ་བླུགས་དགོས་པ་རེད། སོ་སོས་འོས་བླུགས་ཏེ་སྲིད་སྟེགས་སུ་བཞག་པའི་མི་དེས། མ་འོངས་པར་སོ་སོའི་ཁེ་འདོད་སྒྲུབ་མ་ཐུབ་ཚེ། སོ་སོའི་ཁེ་ཕན་དང་འདོད་དོན་གྱི་ཆེད་ངོ་རྒོལ་གྱིས་སྲིད་སྟེགས་ནས་མར་འདྲུད་ཆོག་གི་རེད། ཆབ་སྲིད་ཀྱི་འོས་ཤོག་འཕེན་ས་ན་གཞན་པའི་མང་པོ་མང་པོ་ཞིག་རྩོད་རྒྱུ་གླེང་རྒྱུ་ཡོད་མ་རེད།
གནམ་གང་ལ་རྟ་གསོས། ཚེ་གཅིག་ལ་རྟ་རྒྱུགས། འདི་ཡང་འོས་ཤོག་གཉིས་གསུམ་འགུགས་ཐབས་ཤིག་ཡིན་སྲིད་མོད། ༸གོང་ས་མཆོག་ལ་དམ་ཚིག་གཙང་བའི་མི་མང་ཕལ་མོ་ཆེས་༸གོང་ས་མཆོག་ལ་དད་མོས་ཕར་ཞོག་བཀའ་དྲིན་བསམ་ཤེས་ཙམ་ཡང་བྱེད་མི་ཐུབ་པའི་མི་ཞིག་ལ་འོས་མི་འཕེན། དེ་བཞིན་དུ་དབུ་མའི་ལམ་གྱི་ཐབས་ཇུས་ལ་བྱང་ཆ་གང་ཡང་མེད་པ་དང་དགྲ་ཟླའི་དར་དམར་མཐོང་བ་ཙམ་གྱིས་ཞེ་སྡང་ལངས་མཁན་ཚོས་རྒྱ་ནག་གི་རྒྱལ་དར་ཕྱར་བ་ཞིག་ལ་བསམ་ཤེས་བྱེད་མི་ཐུབ། འདི་གཉིས་ད་ལྟའི་བཙན་བྱོལ་མི་དམངས་ཀྱི་འགལ་ཟླར་གྱུར་པའི་བསམ་བློའི་གནད་དོན་རིགས་གཉིས་རེད། འདི་གཉིས་ལས་ཅུང་རེ་བ་ཡོད་པ་དེ་དབུ་མའི་འཐབ་མོ་དེ་ཡིན་ཆོག གལ་ཏེ་ཁོང་གཉིས་ཀྱི་ཁ་གཏད་དུ་ཁོ་གཉིས་ཀྱི་ཤེས་ཡོན་དང་ཁ་ལྕེ། སྤོབས་པ་བཅས་ལྡན་མཁན་གཞན་ཞིག་ཡོད་ཚེ་ཁོ་གཉིས་ཆ་སང་ཉིན་ཕམ་ཉེས་འགྲོ་རྒྱུ་ཐག་གིས་ཆོད། འོན་ཀྱང་དེ་འདྲ་སུ་ཞིག་ཡོད་དམ། དེས་ན་སང་ཉིན་གྱི་སྔོན་འགྲོའི་འོས་གཞིའི་ནང་ལ་བདག་གི་ཁུག་རྟ་དང་ཁྱེད་ཀྱི་ཀླུ་མཁར་གཉིས་ལས་ད་དུང་སུ་དང་སུའི་རྒྱུག་རྟ་ཚུད་སྲིད་དམ། རྟ་བདག་ཚོ་སང་ཞོགས་སྔ་བོ་ནས་ལངསཏེ་བསང་གསོལ་རེ་བྱོས་ཡ་ཧཧཧཧཧཧཧ
དོལ་རྒྱལ་ཚོགས་པས་ཀྱང་ཀླུ་མཁར་བྱམས་ཀྱི་འདི་འདྲ་བཤད་མྱོང་མེད། ཁོང་ལ་གྲི་ཁ་ཁ་དང་ཤ་སོ་སོ་བྱེད་དགོས་པ་དེ་གསལ་བོ་རེད།
༼ གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད། ༽
བརླ་ཟུང་གཅོག་པའི་ཀླུ་མཁར་བྱམས།
བརླ་བཙོང་བློ་བཟང་ཆོས་འབྱོར་ལས།
བརླ་སྲུང་ཚངས་དབྱངས་རྒྱ་མཚོ་དང་།
བརླ་ལྡན་དབུ་མ་རྒྱལ་གྱུར་ཅིག
ང་དགའ་སའི་མི་བུ་གཅིག་པ་དེ་མཁས་དབང་ཀླུ་ཁོ་ན་ཡིན། ཁོང་གིས་གསུང་བཤད་གནད་ལ་ཁེལ་བ་རེ་གནང་ཡོང་དུས་༧གོང་ས་མཆོག་དང་། ཟམ་གདོང་ཚང་སོགས་འདར་སིགས་དང་། ཧང་སངས་དགོས་པ་དེ་འདྲ་བྱུང་ཡོད། དེ་ནི་ཁོང་གི་རྣམ་དཔྱོད་ཀྱི་སྟོབས་ཀྱིས་རེད། རྣམ་དཔྱོད་ཅན་དང་། དྲང་ཚུགས་ཅན་དང་། སྙིང་སྟོབས་ཅན་མི་བུ་ཁོང་ལྟ་བུ་དག་ལ་ང་ཚོས་བདག་པོ་མ་བརྒྱབས་ན། ང་ཚོས་སུ་ལ་བདག་རྒྱག་གམ། གྲོགས་པོ་ཚོ། བསམ་བློ་ཐོངས། ་་་་་་་
དྲང་མོ་བཤད་ན་མཁས་དབང་ཀླུ་མཁར་བྱམས་ལ་མདོ་སྨད་པས་རྒྱབ་སྐྱོར་མི་བྱེད་པ་དེ་ནི་མདོ་སྨད་པ་ཚོའི་ལྐུགས་རྟགས་ཆེ་ཤོས་དེ་རེད། བོད་ཀྱི་གནས་སྟངས་ཐབས་སྐྱོ་བོ་འདི་འདྲ་ཞིག་གི་སྐབས་ལ་མདོ་སྨད་མང་ཚོགས་ཀྱི་མཁས་དབང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མ་བྱས་པ་དེ་ནི། མདོ་སྨད་པའི་ཞབས་འདྲེན་ཚབས་ཆེན་ཡིན་པ་མདོ་སྨད་པ་ཁོང་ཚོས་ཤེས་དགོས་པ་རེད། ངས་བལྟས་ན་ཨ་མདོ་པ་ལ་ཨོང་དུང་མེད་པའི་དཔེ་ལྟར། ཐེངས་འདིར་ཡང་ཨ་མདོ་ཚོས་མཁས་དབང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་བཞིན་འདུག་གམ། ཞེས་བལྟས་ན་ཤེས་ཀྱི་གོ་རྒྱུ་མང་གི་རེད། ་་་་་་་
ཆབ་བྲག་ལགས། ཁྱེད་ལས་ངས་ཀླུ་མཁར་བྱམས་དཔའ་བོ་དང་རྩོམ་པ་བོ། ཤེས་ཡོན་ཅན། གོང་ས་མཆོག་གི་བཀའ་དྲིན་དྲན་ནས་ངེས་ཤེས་ཡོད་མཁན་ཞིག་ཡིན་པ་ཡིད་ཆེས་ཡོད། ཁྱེད་རང་༧ གོང་ས་མཆོག་ལ་དད་པ་དང་བཀའ་དྲིན་བསམ་ཤེས་ཡོད་ན་རྡ་ས་ནས་སློབ་མ་སྐྱང་ནས་འདུག་དགོས་རེད་མོ། གོ་སྐབས་ཤིག་རག་ཚེ་མགོ་སེར་ཚོའི་གཡོག་པོ་ལ་རྒྱུགས་སོང་ང་། ཁྱེད་ལ་དཔའ་བོ་ཀླུ་མཁར་ལ་བཤད་པའི་ཐོབ་ཐང་མེད། ཁྱེད་ཀྱིས་རྒྱ་དམར་མགོ་འདོགས་མཁན་ཞིག་ཅི་ལྟར་སྒྲོག་ཀྱང་རེ་མེད་ཡིན་པ་ཤེསདགོས། ཁྱེད་ཀྱིས་རྡ་སའི་མི་མང་བོ་ལ་ཡི་གེ་དང་རེ་སྐུལ་བསྐུར་ཡོད་པ་ཤེས་ཡོད། ཁྱེད་ཀྱི་རེ་བ་བསྒྲུབ་མཁན་ནི་་་་བུདྷ་སྐྱབས་སོགས་ལས་གཞན་མེད།
ཨ། བདུད་འདུལ། ད་ཁྱོས་མདོ་སྨད་པ་ཚང་མ་ཁ་ལ་འཁྱེར་ནས་གློའུ་རྟག་ཅིག་སྟོན་ཀི་མ་འདུག སུ་ལ་འོས་འདེམས་བྱེད་མིན་སོ་སོའི་རང་དབང་རེད། བོད་ལ་རང་བཙན་ཅིག་འཐོབ་རྒྱུ་མེད་པའང་ཀུན་པོས་མཐོང་གསལ་རེད། དེ་ལས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལམ་དབུ་མར་བརྟེན་ནས་ཞི་འགྲིག་གི་ཐབས་རྩལ་ཁྲོད་ནས་གཞིས་བྱེས་མཉམ་འཛོམས་ཤིག་ཡོང་ན་དེས་དགའ་བ། ཀླུ་མཁར་ལགས། ཤེས་ཡོན་དང་རང་བཙན་གྱི་ལྟ་གྲུབ་ཆེ་ཆེར་མངའ་ནའང་དོན་དམ་པའི་གངས་སྐྱིད་ཚོགས་རྭར་ཟིང་ཟིང་གི་འདུ་ར་བསྐོར་བ་ཙམ་ལས་ཕན་ཁེ་གང་ཡང་འབྱུང་རྒྱུ་མེད་པ་ཚང་མས་མཁྱེན་གསལ་རེད། དེ་བས་གཉིས་ཕན་གྱི་ལྟ་གྲུབ་ལ་མཁྱེན་རྒྱ་ཡངས་ཤིང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་བུར་ཤེད་ཀྱིས་འཕུར་པའི་ཤར་ཕྱོགས་ཁུག་རྟས་དགའ། འདིས་ཕན་དོན་རེ་བསྒྲུབ་མ་ཐུབ་ཀྱང་གནོད་ངེས་ཀྱི་ལས་དོན་གང་ཡང་མི་བསྒྲུབ་པར་འདས་པའི་ཟིན་ཐོར་བལྟས་དང་ཤེས་ཡོང་། དེས་རྐྱེན་གྱིས་ད་རེའི་ངའི་འོས་མི་ཤར་ཁུགས་ལགས་ཡིན།
ཁུག་རྟ་ལགས། འདས་ཟིན་པའི་ལོ་ངོ་དྲུག་ཅུའི་བཙན་བྱོལ་ལོ་རྒྱུས་ནང་དུ་རྒྱ་དམར་དར་ཆ་རང་མོས་ངང་དགུང་ལ་འཁྱེེར་མཁན་ནི་དོལ་རྒྱལ་ཚོགས་པ་དང་། ཤར་ཕྱོགས་ཁུག་རྟ་ཁྱེད་རང་གཉིས་རེད། ཟིན་ཐོ་དེ་ལས་ཁྱེད་རང་འཐུས་མི་ཞིག་ལ་རེ་བ་སྟོང་བ་བརྒྱབ་དང་ཐོབ་ཀི་རེད།
རྒན་ཆབ་བྲག་ལ་གྲོས་སུ་འདེབས་རྒྱུ། ཁྱོད་ཀྱིས་ཟེར་ན་”ཀླུ་བྱམས་༧གོང་ས་མཆོག་ལ་དད་མོས་ཕར་ཞོག་བཀའ་དྲིན་བསམ་ཤེས་ཙམ་ཡང་མེད་པའི་མི”ཟེར་བའི་སྐད་ཆ་ཅུང་ཐལ་ཆ་ཆེ་བར་འདོད དང་པོ་༧གོང་ས་མཆོག་ལ་དད་པ་ཡོད་མེད་ཟེར་བ་ཆ་རྐྱེན་ཞིག་ལ་མ་བརྩི་རོགས། གཉིས་བཀའ་དྲིན་བསམ་ཤེས་མེད་མི་ཟེར་དོན་ཁྱོད་ཀྱིས་ཀླུ་བྱམས་ཀྱི་སྐད་ཆ་ཁ་ཤས་ཤིག་གི་ལྕི་ཡང་འཇལ་ཐུབ་ཨེ་ཡོད་ན་བསམ་བྱུང་། ཁྱོད་རང་ཉིད་ལ་མཚོན་ན་གྲོས་ཚོགས་ར་བ་དེའི་ནང་དུ་སོང་ཚར་བའི་མི་ཞིག་རེད། ཉམས་མྱོང་ཡང་གང་འཚམ་ཡོད་པ་རེད། དེ་འདྲ་ཡིན་དུས་ཀླུ་བྱམས་ཀྱི་སྐད་ཆ་ལ་རིན་ཐང་འཇལ་གྱི་ཡིན་ན་འུ་ཚོས་དད་པ་དང་ཚོར་བ་འཁྱེར་ནས་ཀླུ་བྱམས་ལ་ལྟོས་ན་ཡོང་གི་མ་རེད། ཆབ་སྲིད་ཀྱི་ངོས་ནས་ཅིག་བལྟས། ཆོས་ལུགས་ཀྱི་ངོས་བལྟས། ཚན་ཉིད་རིག་པའི་ངོས་ནས་ཅིག་བལྟས་དེ་བཞིན་མང་གཙོ་སོགས་ཕྱོགས་ཡོང་ནས་ཅིག་བལྟས་ཏེ་སྐད་ཆ་བཤད་དགོས་པ་རེད། བཤད་པ་དེ་ཡང་གོང་གི་ཚིག་དུམ་འདི་ལྟ་བུ་ཞིག་འཁྱེར་ཡོང་ནས་བཤད་ན་འགྲིག་གི་མ་རེད། རིག་པ་དང་གནས་ལུགས་རྒྱུ་མཚན་བདེན་པ་སོགས་གཞིར་བཞག་པའི་བརྡར་དགོས་རེད། ཀླུ་བྱམས་ལ་ཀླུ་བྱམས་ཀྱི་སྐད་ཆ་ཡོད་པས་ཁྱེད་ཀྱིས་དེ་རིང་མ་གཏོགས་མ་མཁྱེན་པ་ཡིན་རྒྱུ་མ་རེད། སྐབས་དང་དུས་སུ་དགག་བཞག་སྤོང་གསུམ་མི་བྱེད་དོན་ཅི། འུ་གཉིས་ཚུད་པའི་སྤྱི་ཚོགས་འདི་འདི་འདྲ་ཞིག་རེད། ཁེ་བཟང་དང་ཁེ་ཕན་རང་ཉིད་ཀྱི་འདོད་མོས་དང་བསྟུན་པ་ཞིག་བྱུང་ན་༧གོང་ས་མཆོག་གི་མཚན་མགོ་འཇུག་གཉིས་ལ་འཇོག་གི་རེད། རང་ཉིད་ཀྱིས་བློས་གཏོང་བྱེད་དགོས་ས་ཞིག་དང་རང་ཉིད་མི་འཐད་ས་ཞིག་གི་གནས་སྟངས་བྱུང་ན་༧གོང་ས་མཆོག་བརྗེད་ཟིན་པ་རེད། དེ་དངོས་ཡོད་རེད། འུ་གཉིས་ཀྱི་སྒང་ནས་དཔེ་མཚོན་ཡག་ཤོས་རེག་གི་རེད། གལ་ཏེ་ཀླུ་བྱམས་ལ་ཅིག་བཤད་དགོས་བྱུང་ན་ཅུང་རྒྱས་པ་ཞིག་འབྲི་བའི་རེ་བ་ཡོད། ཁྱོད་ལ་དམིགས་སུ་བཀར་ནས་རེ་བ་ཞིག་ཞུས་བ་ལ་ཡང་རྒྱུ་མཚན་ཡོད།
ཐབས་ཤེས་དང་ལྐོག་གཡོ་འདྲ་མིན་བརྒྱུད་ནས་ཕྱི་གླིང་མགོ་སེར་ཚོས་གཡོག་པོར་རྒྱུགས་བཞིན་པ་ཚོས། ཁ་ཚོད་ཡོད་ནང་གི་ཚིག་ཚོད་མེད་དེ་ཚོ་མ་བཤད་བ་བཟང་། གལ་སྲིད་སོ་སོར་དེ་འདྲའི་སེམས་ཤུགས་ཡོད་ན་ཚུར་རྡ་སར་ཕེབས་དང་དེང་སང་རྡ་ས་ན་གངས་སྐྱིད་དང་གཙུག་ལག་ཁང་གཉིས་ལས་ཕལ་ཆེར་མི་ཚང་མ་རྫོགས་ལ་ཉེ། དེའི་རྡ་སར་གཉུག་མར་གནས་མཁན་ཞིག་པ་ཕ་ཁོ་ཆེན་པོ་མ་བསྒྲགས་ན་ལེགས་པར་སེམས་སོ།།
ངའི་སང་ཉིན་གྱི་འོས་མིའང་ཁོ་རང་ཡིན།
ངའི་སང་ཉིན་གྱི་སྤྱི་འཐུས་ཀྱང་ཁོ་ཡིན།
རྒན་ལྷ་མོ་སྐྱབས་ལགས་ཀྱིས་སོ་སོའི་འོས་མིར་རྒྱལ་ཁ་ཐོབ་ཆེད་ལྷ་མཆོད་ཀླུ་འབོད་བྱ་དགོས་ཚུལ་བརྗོད་པ་ནི་དགོད་བྲོ་རང་རེད། ཁྱེད་རང་ལ་མཚོན་ན་སྤྱི་འཐུས་ཟུར་བ་ཞིག་རེད། རྩོམ་པ་པོ་ཞིག་རེད། ད་རུང་དགེ་རྒན་ཞིག་རེད། སྤྱི་ཚོགས་ནང་འདི་ལྟ་བུའི་བསམ་ཚུལ་བསྒྲགས་ན། རྗེས་ཕྱོགས་སྤྱི་ཚོགས་ནང་དེ་ལྟ་བུའི་གནས་ཚུལ་ཡང་སྤེལ་མི་སྲིད་པ་མིན་སྟབས། ང་ཚོའི་མང་གཙོ་འདི་ཡང་དག་ཅིག་སྐྱོང་བསམ་ན་ངེས་པར་བསམ་ཚུལ་དེའི་རིགས་སྤེལ་བར་ཅུང་གཟབ་ན་ལོས་དགའ་འདོད།
ངའི་རྒྱུགས་རྟ་ཀླུ་མཁར་བྱམས་ཡིན། རྟ་ཕོ་རྒྱུགས་མིན་སང་ཉིན་ལྟ་ཡ་རེད། ༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ནི་ཁོ་རང་གི་ནོར་འཁྲུལ་ཆེ་ཤོས་ཞིག་རེད། ཟུར་ཟ་བྱས་པ་དེ་ལས་མི་མང་པོ་ཞིག་ལ་ཕོག་ཐུག་བཏང་ཡོད་པ་རེད། མི་དམངས་ཀྱི་མགོ་ཁྲིད་མཁན་ཞིག་བྱེད་འདོད་ན་ཐོག་དང་པོར་མི་དམངས་འགུགས་པའི་ནུས་པ་ཡོད་དགོས།
“༸གོང་ས་མཆོག་ལ་དམ་ཚིག་གཙང་བའི་མི་མང་ཕལ་མོ་ཆེས་༸གོང་ས་མཆོག་ལ་དད་མོས་ཕར་ཞོག་བཀའ་དྲིན་བསམ་ཤེས་ཙམ་ཡང་བྱེད་མི་ཐུབ་པའི་མི་ཞིག་ལ་འོས་མི་འཕེན། དེ་བཞིན་དུ་དབུ་མའི་ལམ་གྱི་ཐབས་ཇུས་ལ་བྱང་ཆ་གང་ཡང་མེད་པ་དང་དགྲ་ཟླའི་དར་དམར་མཐོང་བ་ཙམ་གྱིས་ཞེ་སྡང་ལངས་མཁན་ཚོས་རྒྱ་ནག་གི་རྒྱལ་དར་ཕྱར་བ་ཞིག་ལ་བསམ་ཤེས་བྱེད་མི་ཐུབ། འདི་གཉིས་ད་ལྟའི་བཙན་བྱོལ་མི་དམངས་ཀྱི་འགལ་ཟླར་གྱུར་པའི་བསམ་བློའི་གནད་དོན་རིགས་གཉིས་རེད”
འདི་གི་སྐད་ཆ་འདི་ངས་བཙན་བྱོལ་བོད་མིའི་བསམ་ཚུལ་ལ་རྒྱུས་ལོན་བྱས་པའི་སྐབས་དོན་གྱི་སྡོམ་ཚིག་ཅིག་ཡིན། དེ་ངའི་ལྟ་བ་ཡང་ཡིན་དགོས་པས་མ་ཁྱབ་བོ།
བསོད་ནམས་ཟེར་བ་འདིས་ང་དང་ལྷན་དུ་ངའི་སློབ་མ་ཡང་་དྲུད་ཡོང་ནོ་ཅི་རེད། ངས་ང་ཡག་པོ་ཡོད་ངས་འཇོན་ཟེར་མ་མྱོང་ཟེར་གི་ཡང་མེད། འོན་ཀྱང་ང་ཡང་མདོ་སྨད་པ་ཞིག་ཡིན་པ་དང་དམངས་གཙོ་བཀའ་དྲིན་ཅན་གྱི་བཙན་བྱོལ་ན་ཡོད་པ། སྤྱི་་འཐུས་ཤིག་གི་འོས་ཆོས་གང་དགོས་ལ་ཡང་ཉམས་མྱོང་ཅུང་ཡོད་མཁན་ཞིག་ཡིན་པའི་ཆ་ནས་འགན་ཁུར་རང་བཞིན་གྱི་སྐད་ཆ་བཤད་རྒྱུར་སུས་ཀྱང་ཁ་གཅོད་མི་ཐུབ་བོ།
ཀླུ་མཁར་བྱམས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་ཁྲིད་ཅིག་གི་ཚད་ལ་བཞག་ཡོད་མ་རེད་ལ། ཁོང་གི་རིན་ཐང་བྲལ་བའི་གཟེངས་རྟགས་དེ་དག་བྱས་རྗེས་ཤིག་གི་ཚད་གཞིར་བཞག་མྱོང་མེད་པ་རེད། དེ་དགོང་མ་ཞིག་ལ་མཁའ་འགྲོ་རྒྱལ་གྱི་ཁང་པ་ནང་ནས་ང་ཚོས་ཆང་མཉམ་དུ་འཐུང་དུས་ཡང་བཤད་སོང། ༸ད་དུང་རྒྱལ་བ་རིན་པོ་ཆེ་ལས་པཎ་རིན་པོ་ཆེ་ཨོ་ཙི་ཡིན་ཚུལ་མང་པོ་བཤད་སོང། ཡིན་ན་ཡང་ངས་ཁ་རྩོད་ཙམ་ཡང་བརྒྱབ་མེད། རྒྱུ་མཚན་ཁོ་ང་ཁོ་ལ་འདུལ་སྐལ་མེད་པ་ཚོར་བྱུང། ད་དུང་ཡིད་མི་ཆེས་ན་་ཁོ་རང་ལ་འདྲི་རོགས། མ་གཞི་སྐད་ཆ་འདི་རིགས་ཡར་མར་མང་པོར་བཤད་མྱོང་བས་ཚང་མས་གོ་ཡོད་པས་ངས་གླེང་འདོད་མེད་ན་ཡང་། ད་བཙན་པོ་སོགས་ཀྱིས་ང་དེད་ནས་མི་གཏོང་བས་དེ་རིང་ངས་ཟུར་ཙམ་མི་བཤད་ཀ་མེད་ཆགས་སོང། ངས་ཁོ་ལ་གླེང་འགེལ་གི་འདུག་བསམ་གི་ཡོད་ས་རེད། ད་ཆོག་གི་ངའི་ཁ་མ་གློང་རོགས།
བཀུར་འོས་ཆབ་བྲག་ལྷ་མོ་ལགས། འདིར་ལྗིད་ཁོག་ཡོད་མེད་གང་ལྟར་རང་ཉིད་ཀྱིས་གང་བསམ་པ་ཞིག་གྲོས་སུ་བཏབ་པ་ཡིན་མ་གཏོགས་གཞན་ཀུན་སློང་མ་དག་དེ་འདྲ་མེད་ཟེར་ནས་བཤད་ཆོག
བགྲོ་གླེང་ཟེར་ན་རྣམ་པ་འདི་འདྲ་ཞིག་མ་ཡིན་ནམ། ཡ་ཡ། ཁ་དྲོ།
སྐུ་ཞབས་ཀླུ་མཁར་བྱམས་ལགས་ལ་ཁ་ལྕེ་དང་སྤོབས་པ། འཇོན་ཐང་དང་ཤེས་ཡོན་སོགས་ཡེ་ནས་མེད་པ་མ་རེད། དེ་ཚོའི་ཕྱོགས་ནས་བཤད་ན་གནས་སྐབས་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པའི་སྤྱི་འཐུས་འོས་མི་རྣམས་ཀྱི་ནང་ནས་”ལ་ལས་གོང་མ་དང་ ལ་ལས་འོག་མ་”རེད། ཡིན་ནའང་། ཁོས་སྐད་ཆ་ཤོད་སྟངས་དང་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ཀྱི་ཐད་ནས་༧གོང་ས་མཆོག་གི་དགོངས་གཞི་དང་མདོ་སྨད་མི་མང་གི་མངོན་འདོད་དང་རྦད་དེ་འགལ་གྱུར་ཡོད་པས། ང་ཚོས་མདོ་སྨད་མི་མང་གི་མངོན་འདོད་དང་མཚམས་པའི་སྤྱི་འཐུས་ཤིས་གདམ་རྒྱུ་སྨྲས་མ་དགོས་པ་ཞིག་རེད། ཁ་ཇེ་གསལ་དུ་བཏང་ནས་བཤད་ན། ཀླུ་མཁར་བྱམས་ནི་རང་བཙན་གཙང་མའི་གར་སྟེགས་སྟེང་ན་ངལ་བ་འབྲས་མེད་ཀྱི་སྤྲོ་གར་འཁྲབ་པའི་འཁྲབ་སྟོན་པ་ཆུང་ཆུང་ཞིག་རེད་ལ། ལྟད་མོ་བ་རྣམས་ཀྱང་རང་བཙན་གཙང་མ་རྩོད་མཁན་དང་ཤུགས་ལྡན་སྐྱབས་སུ་འཛིན་མཁན་རྐྱང་རྐྱང་ཡིན་པ་མངོན་སུམ་དུ་མཐོང་འདུག་པ་དེ་རེད། གལ་སྲིད་ཁོང་ཚོར་ངེས་པར་དུ་ཀླུ་མཁར་བྱམས་གདམ་རྒྱུའི་འདུན་པ་དང་དམིགས་ཡུལ་དེ་འདྲ་ཞིག་ཡོད་ན་གཞོན་ནུའི་ཚོགས་གཙོར་གདམ་ཆོག་ཆོག་ཡོད་པ་རེད། ཁྱེད་ཚོས་ཀླུ་མཁར་བྱམས་གཞོན་ནུའི་ཚོགས་གཙོར་མ་འདེམས་པར། ཁོའི་ཆབ་སྲིད་ཀྱི་ལངས་ཕྱོགས་མདོ་སྨད་མི་མང་གི་མངོན་འདོད་དང་རྦད་དེ་ཁ་ཁ་ཡིན་པ་ཤེས་བཞིན་དུ་ཁོ་གདམ་དགོས་པ་རེད་ཅེས་ཨུ་ཚུགས་ཀྱིས་བསྐུལ་བ་ནི་དངོས་གནས་མཚར་བོ་རང་རེད།
འོས་ཤོག་མ་འཕེན་པའི་ཡར་སྔོན་དོན་དག་གཉིས་གསལ་བོ་བཟོ་དགོས་ཀྱི་འདུག ༡ དབུ་མའི་ལམ་ལ་འཇུག་མཁན་ཞིག་ཡིན་ན། ངེས་པར་དུ་རང་བཙན་དགྲ་རུ་འཛིན་མཁན་ཞིག་ཡིན་དགོས་ཀྱི་ཡོད་དམ། ༢ གལ་སྲིད་བླ་རྒན་ཟེར་བ་མཚན་སྨོད་ཡིན་ཚེ། རྒྱལ་བ་རིན་པོ་ཆེ་ནས་ཟམ་གདོང་བླ་མར་བླ་རྒན་མགོ་དཀར་ཞེས་གསོལ་བ་ནི་མཚན་སྨད་རེད་དམ་གསོལ་རས་རེད། ཡང་ཅིག་བཤད་ན། བླ་རྒན་ཟེར་བ་འདིའང་རྒྱལ་བ་རིན་པོ་ཆེ་ནས་ང་ཚོར་བསྩལ་བའི་གསོལ་རས་མ་རེད་དམ།
ཁ་སྣོན་གཅིག མདོ་སྨད་མི་མང་གི་ལངས་ཕྱོགས་ཞེས་གཅིག་ཆོད་མ་གནང་རོགས། མདོ་སྨད་ནས་བྱུང་བའི་མེ་བསྲེག་ངོ་རྒོལ་བ་ཕལ་ཆེ་བའི་དགོས་འདུན་བོད་རང་བཙན་ཡིན་པས། དེའང་མདོ་སྨད་མི་མང་གི་ལངས་ཕྱོགས་ལ་འགལ་བ་རེད་དམ།
ཆབ་བྲག་འདི་ལ་དངོས་གནས་ཉོབ་སོང་། གད་སྙིགས་ནང་གི་སྐད་ཆ་རྐྱང་རྐྱང་བཤད་ནས་ཉོབ་སོང་།
རིམ་འགྲོ་གསལ་བསྒྲགས།
ངས་འདི་ནས་རིས་མེད་འོས་ཤོག་རིམ་འགྲོའི་ཞབས་བརྟན་བྱེད་ཀྱི་ཡོད། འོས་ཤོག་ཐོབ་འདོད་ན་དངུལ་ཐོངས། ཐོབ་པ་ལ་ཐེ་ཚོམ་མེད།
ངའི་ཞབས་རིམ་གྱིས་འདས་པའི་རྒྱལ་ཁ་ལོན་པའི་ཚོང་ཤག་ལ་རྣམས་འོས་ཤོག་ཐོབ་ནས་ལོ་ལང་པོ་སྐྱིད་པའི་དཔལ་ལ་རོལ་ཡོད། མིང་ཐོ་གཤམ་ལ་ཡོད།
ཀ་རྡར་ཀི། ཁོ་རྗེས་མ་ཨོ་སྦར་མས་དཀྲོངས་སོང་མ་གཏོགས་དབང་ཐོབ་ལེ་རེད།
དཀར་མཛེས། ཨབ་གན་སྲིད་འཛིན།
ཀྲུ་ཡུང་གར། རྒྱ་ནག་བདེ་སྲུང་དཔོན་པོ།
ཁིམ་ཇོན ཨན།
མའོ་ཙེ་ཏུང།
སི་ཏར་ལིན།
ཧེ་ཊི་ལགས།
སྦིན་ལ་ཌིན།
སྦོ་ཤི་ལས།
ཧུ་ཅིན་ཐའོ།
ཅང་ཛར་མིན།
ལུས་ཕུང་།
ངའི་བཤད་པའི་སྐད་ཆ་གད་སྙིགས་ཡིན་ན་མིན་ན་བདེན་པ་རང་ཡིན། ང་རང་གི་དངོས་སུ་གོ་བ་དང་མཐོང་བ་དག་ཡིན། མ་གཞི་ནས་གད་སྙིགས་སུ་མཐོང་མཁན་ཚོས་གད་སྙིགས་སྔོག་ནས་ཅི་བྱེད།
གསེར་མིག་ལགས་ཀྱིས་ཀླུ་མཁར་གཞོན་ནུའི་ཚོགས་གཙོར་མི་འདེམས་དོན་ཅི་ཟེར་བ་དེ་ངོ་མ་རེད། འོན་ཀྱང་རང་བཙན་བསྐྱར་གཙོའི་ཆོད་སེམས་དང་དམིགས་ཡུལ་འཛིན་མཁན་མང་པོས་གཞུང་གི་ལངས་ཕྱོགས་སྒྱུར་ན་འདོད་ཀྱིན་པ་རེད། དེ་བས་སྤྱི་འཐུས་ནང་ལ་མི་དེའི་རིགས་སོང་ན་བསམས་པ་ལོས་ཡིན། གལ་ཏེ་ཁོ་ཚོའི་བསམ་བློའི་རྒྱབ་ལྗོངས་འདི་འདྲ་ཞིག་ཡིན་ཚེ་གཟབ་གཟབ་བྱེད་དགོས་པ་ཞིག་རེད།
གལ་ཏེ་ད་རེས་ཀླུ་མཁར་ལགས་ལ་འོས་འཕེན་མཁན་མང་པོ་བྱུང་ན་དབུ་མའི་ལམ་མི་འདོད་མཁན་ཡང་ཇེ་མང་ལ་སོང་བར་ངོས་འཛིན་ཆོག སྲིད་སྐྱོང་མཆོག་ལ་ཡང་དེ་སྔོན་འོས་འཕེན་མཁན་གང་མང་ཞིག་རང་བཙན་ལ་རེ་མཁན་ཚོ་རེད། གཅིག་བྱས་ན་ཡང་བསྐྱར་བཙན་བྱོལ་ནང་ལ་དབུ་རང་སོགས་ཀྱི་སྐོར་ལ་འོས་ཤིག་འཕེན་དགོས་ཆགས་སྲིད།
ཨ་མདོའི་བླ་མ་མིང་ཅན་ལགས། རང་བཙན་རྩོད་མཁན་ཞིག་ཡིན་ན་ལམ་དབུ་མ་རྩོད་མཁན་དག་གི་དགྲ་བོ་ཡིན་མི་དགོས་ཏེ། དཔེར་ན་ཁྱེད་དང་ངེད་གཉིས་ལྟ་བུ་རེད། ངེད་ཀྱིས་སྐུ་ཉིད་ལ་དགྲ་འཛིན་གྱི་བློ་སྤངས་ནས་ཡོད་ལ་སྐུ་ཉིད་ཀྱང་དེ་བཞིན་ཡིན་པའི་རེ་བ་དང་ཡི་ཆེས་ཡོད། སྐུ་ཞབས་ཀླུ་མཁར་བྱམས་དང་མདོ་སྨད་མི་མང་གི་མངོན་འདོད་རྦད་དེ་ཁ་ཁ་ཡིན་པ་ས་རིས་ཐང་གསལ་ཡིན་པས་མང་པོ་མང་པོ་བཤད་དགོས་པ་མི་འདུག གཞན་དེ་”བླ་རྒན”ཞེས་པ་དེ་རེད། ༧གོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེར་” བླ་རྒན་”གསུངས་པ་ནི་ཀུ་རེའམ་རྩེད་མཚར་གྱི་ཚུལ་དུ་གསུངས་པ་རེད་ལ་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་”བླ་རྒན་”ཟེར་བ་ནི་མཐོང་ཆུང་དང་ཁྱད་གསོད་ཀྱི་ཚུལ་དུ་བཤད་པ་རེད། “བླ་རྒན”ཞེས་པའི་ཚིག་དེ་གཅིག་ཡིན་ཀྱང་བེད་སྤྱོད་བྱེད་སྟངས་ཀྱི་ཆ་ནས་དང་། ཚིག་སྔ་ཕྱི་བསྡུར་བ། འཆད་བྱའི་ཡུལ་དེར་བསམ་བློའི་འཛིན་སྟངས་སོགས་ཀྱི་ངོས་ནས་ཀྱང་ཁྱད་པར་ཆེན་པོ་ཡོད་པ་དེ་བཞིན་རེད། ཟེར། ཨ་མདོའི་བླ་མ་འདིའི་སྐད་ཆར་ཉན་ན། ཁོང་གིས་མདོ་སྨད་ཕྱོགས་ནས་རང་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་དག་གི་ཞལ་འཆེམས་ལ་ཐུགས་སྣང་ཡེ་་ནས་གནང་མི་འདུག་པས་ཁོ་བོར་ཤིན་ཏུ་ནས་ཀྱང་བློ་ཕམ་ཡོད་ཞུ་རྒྱུ་ཡིན། གལ་སྲིད་ཁོང་རྣམ་པའི་ཞལ་འཆེམས་ཀྱི་དགོངས་དོན་སྐུ་ཉིད་ཀྱིས་མཁྱེན་བཞིན་དུ་དེ་ལྟར་གསུངས་པ་ཡིན་ན་དེ་ནི་བསམ་བཞིན་དུ་སྐུ་གཤེགས་རྒྱལ་གཅེས་དཔའ་པོ་དེ་དག་ལ་ཁྱད་གསོད་བྱས་པ་རེད། ལམ་དབུ་མ་དང་རང་བཙན་གྱི་ལྟ་བའི་ལངས་ཕྱོགས་འཛིན་མཁན་སུ་ཡིན་ཡང་རུང་རང་སྲེག་ངོ་རྒོལ་བ་རྣམས་ཀྱི་རེ་འདུན་དང་ཞལ་འཆེམས་ལ་རང་འདོད་ལྟར་འགྲེལ་བཤད་གནང་ན་ཐབས་སྐྱོ་བོ་མ་རེད་དམ། །
གྲྭ་བ་ཚོས་ནམ་རྒྱུན་གཅིག་གིས་གཅིག་ལ་བླ་རྒན་ཟེར་བ་འདི་གཅིག་ནས་འདྲ་མཉམ་ཞིག་དང་གཉིས་ནས་སེམས་ཐག་ཉེ་བ་མཚོན་བྱེད་ཅིག་ཡིན། ཁོང་ཚོས་ངོ་མི་ཤེས་པའི་རིགས་ལ་དེ་བེད་སྤྱོད་མི་གཏོང། བཏང་ན་ཅུང་མ་གུས་པའི་རྣམ་འགྱུར་རེད། ཀླ་ལ་སོགས་པས་ཀྱང་བོད་ཀྱི་ཆེས་མཐོའི་དབུ་ཁྲིད་ལ་སེམས་ཐག་ཉེ་བོ་དང་འདྲ་མཉམ་གྱིས་དེ་ལྟར་མིང་འདོགས་བྱས་པ་ཡིན་ན་མི་འོས་པ་ཞིག་ཡིན་ན་ཡང་སྐྱོན་མི་ཆེ་གི ཡིན་ཡང་ཀླུ་ལགས་ཀྱིས་བྲིས་པ་དང་བཤད་པའི་ནང་གི་སྐད་ཆའི་ནང་དོན་དང་སྦྱར་ན་ནས་བསམས་ན་ད་གཟོད་བླ་རྒན་ཞེས་འབོད་དོན་ངོ་མ་ཅི་ཡིན་གསལ་ཐུབ། སྐྱོན་བརྗོད་དང་དམའ་འབེབས་དག་བྱས་ན་ཡང་དོན་ལ་གནས་ན་ལོས་ཆོག ཆོག་ནས་མི་ཚད་ཡག་ཤོས་རེད། འོན་ཀྱང་དེ་འདྲ་ཞིག་ཡིན་མིན་ཚང་མས་བསཌྷ་བློ་བཏང་ན་ཤེས་ཐུབ། མ་མཐར་ཡང་གུས་བརྩིའི་རྣམ་འགྱུར་ཞིག་ལོས་དགོས།
ང་ལ་དྲི་བ་ཞིག་ཡོད་པ་ནི། ཁོས་ཅིའི་ཕྱིར་ཐལ་ཆ་ཆེ་བའི་སྤྱོད་ཚུལ་འདི་འདྲ་ཞིག་མངོན་གསལ་དོད་པས་ཤུགས་ཆེན་པོས་སྟོན་དགོས་པ་རེད། ཅིའི་ཕྱིར་སྟོན་ཐུབ་ཀྱིན་པ་རེད། དེ་ཡིན།
གངས་སེང་གི་རྒྱལ་དར་དང་སྐར་ལྔའི་དར་དམར་གཉིས་ཧ་ལམ་བསྡུར་ཐབས་མེད་པ་འདྲ་པོ་རེད། ཁྲག་དར་དམར་པོ་དེ་དེང་སང་རླུང་རྟ་དར་བའི་དུས་རེད།
ཧ་ཅང་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་མི་ཁག་གཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་མཆུ་རྩེར་ཁྱེར་ནས་རང་ཉིད་ཀྱིས་བྱས་པའི་སྐྱུག་བྲོ་བའི་ལས་དོན་གསང་སྦས་ཐོག་གཞན་ལ་འབུར་འཇོམས་ཀྱི་ལས་འགུལ་སྤེལ་གྱི་འདུག
ང་ཚོ་མདོ་སྟོད་དཔའ་བོའི་ལུང་པ་ལ་མཁས་དབང་ཀླུ་མཁར་བཤམས་ལྟ་བུ་ཇེ་མང་རེད། དཔེར་་ན། ཨ་མདོ་མགོ་ལག་གསེར་རྟའི་ཚུལ་ཁྲིམས་ཀྱང་རང་བཙན་རྩོད་མཁན་གྱི་རྒྱལ་གཅེས་དཔའ་བོ་རེད། འོན་ཀྱང་མདོ་སྨད་པ་ཚོས་ཁོང་ལ་རྒྱབ་སྐྱོར་མ་བྱས་པར་བརྟེན། མཐའ་མ་ཁོང་མདོ་སྟོད་ནང་ལ་ཞུགས་པ་རེད། ད་ལྟ་ཁོང་མདོ་སྟོད་ཀྱི་སྤྱི་འཐུས་ཨང་དང་པོའི་གྲས་རེད།
དེ་བཞིན་མཁས་དབང་ཀླུ་མཁར་བཤམས་ཀྱང་ད་ནས་མདོ་སྟོད་ནང་ཕེབས་ན་ཡག་ཤོས་རེད། མཁས་དབང་ཁོང་གི་ལངས་ཕྱོགས་དང་མི་གཤིས་ཚང་མ་ཁམས་པ་དང་མཐུན་པོ་ཡོད་པ་རེད། དེར་བརྟེན་ཁོང་མདོ་སྟོད་ནང་ཕེབས་ན། ང་ཚོ་མདོ་སྟོད་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱ་ངེས་ཡིན། ཁོང་ཡང་ང་ཚོའི་སྤྱི་འཐུས་ནང་ལ་ཕེབས་འགྲོ་ངེས་རེད། དེ་དུས་གཞི་ནས་ཨ་མདོ་ཚོས་འགྱོད་པ་བྱེད་ངེས་རེད། དེ་དུས་ཚར་སོང་བ་རེད། ད་ལམ་ཁ་དེ་མིན་ཡོད་པ་མ་རེད།
བདུད་འདུལ་གྱི་བཤད་པ་ལ་རྒྱབ་སྐྱོར་ཡོད་ལ། བཅའ་ཁྲིམས་་ནང་ལ་ཡང་ཐོབ་ཐང་ཡོད་རེད། ལྷག་པར་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་མདོ་སྨད་ཀྱི་མི་འཁྲབ་རྒན་ཚོས་དཔའ་བོ་ཀླུ་མཁར་བྱམས་ལ་མགོ་མནོན་སྟངས་དེར་བོད་གཞིས་བྱེས་གཉིས་ཀྱིས་ཤེས་ལྡན་ཚོ་ཐང་ཆད་ཡོད།
ང་ཚོའི་དཔའ་བོ་ཀླུ་གར་བྱམས་རྒྱལ་འགྱུར་ཅིག་་་་་་ཁྱེད་རྒྱལ་ན་་་་་་ང་ཚོ་གངས་ཅན་པ་དང་གངས་ཅན་པའི་བདེན་པ་རྒྱལ་བ་རེད་་་་་་་་་་་་
ཆབ་གྲགས་ལྷ་མོ་ཟེར་བའི་མི་ཕོ་བུ་མོའི་མིང་ཅན་ཁྱ྄ོད་དང་སྐར་ལྔའི་ཁྲག་དར་དམར་པོ་ཕམ་འགྱུར་ཅིག་་་་་་་དེ་གཉིས་ཕམ་ན་ང་ཚོ་གངས་ཅན་པ་འབུམ་བཅུ་གཉིས་ལྷག་ཙམ་གྱི་རྣམ་ཤེས་ཀྱི་དགྲ་བོ་དང་ཁོང་རྣམས་ཀྱིས་ཁྲག་གི་གོས་པའི་གོས་དར་དམར་པོ་ཕམ་པ་རེད་་་་་་་་་་་་་་་་་སྐད་ཆ་འདི་་་་་རྣམ་ཤེས་དང་རྣ་ཅོག་ཡོད་པའི་་་་་་་ཨ་མདོ་བ་ཚོས་ཤེས་རྒྱུ་གལ་ཆེ་་་་་
ཀླུ་མཁར་བྱམས་ཟེར་པ་ཁ་ལོ་པ་ཐབས་ཆག་ཅིག་གིས་རྒྱ་གར་ནས་ཆབ་སྲིད་པ་བྱེད་རྒྱུ་ཡིན། ༸རྒྱལ་བ་རིན་པོ་ཆེས་ཅིག་འགྲིག་གི་མི་འདུག བཙན་བྱོལ་བོད་གཞུང་གན་དབང་བསྒྱུར་གྲལ་རིམ་རེད། རྒྱ་ནག་གཞུང་གན་གི་མཉམ་དུ་ཤི་གསོན་གྱི་འཐབ་རྩོད་བྱེད་དགོ་ནི་རེད་ཅན་པོ་བཤད་དེ་མྱི་བཅའ་གི་ཡིན་བཟོས་ན་བོད་ལ་མྱི་ཚར་སོང་ནི་མིན་དུས། ཀླུ་མཁར་བྱམས་གན་ལ་ཤུགས་ལྡན་གྱིས་གདོང་གྲོགས་མཛད་དེ་རང་ངོ་ཟིན་གི་འཇུག་གི་མེད་པ་འདྲ། ་་་་་་ཤུགས་ལྡན་བསྟེན་ནས་ཤི་མ་ཐུབ་གསོན་མ་ཐུབ་ནི་ཚང་མའང་་་་མྱི་ཡིན་དུས་བྱེད་སྟངས་དེ་འདྲ་ཞིག་ཡོད་པ་རེད།།། ཧཧཧཧཧཧ
ང་ཚོས་རྒྱུན་དུ་གནས་ལུགས་ལ་མི་བལྟ་ཞིང་། རྒྱུ་མཚན་མི་གླེང་བར་ཐད་ཀར་མི་ག་གེ་མོར་ཁ་མྱིང་སྣ་མིང་འདོག་ཅི་ཐུབ་བྱེད་པ་ནི་ཡིད་སྐྱོ་བ་ཙམ་ལས་ཅི་གང་མི་འདུག
རྒན་ལྷ་མོ་སྐྱབས་ལགས་ཀྱིས་སོ་སོའི་འོས་མིར་རྒྱལ་ཁ་ཐོབ་ཆེད་ལྷ་མཆོད་ཀླུ་འབོད་བྱ་དགོས་ཚུལ་བརྗོད་པ་ནི་དགོད་བྲོ་རང་རེད། ཁྱེད་རང་ལ་མཚོན་ན་སྤྱི་འཐུས་ཟུར་བ་ཞིག་རེད། རྩོམ་པ་པོ་ཞིག་རེད། ད་རུང་དགེ་རྒན་ཞིག་རེད། སྤྱི་ཚོགས་ནང་འདི་ལྟ་བུའི་བསམ་ཚུལ་བསྒྲགས་ན། རྗེས་ཕྱོགས་སྤྱི་ཚོགས་ནང་དེ་ལྟ་བུའི་གནས་ཚུལ་ཡང་སྤེལ་མི་སྲིད་པ་མིན་སྟབས། ང་ཚོའི་མང་གཙོ་འདི་ཡང་དག་ཅིག་སྐྱོང་བསམ་ན་ངེས་པར་བསམ་ཚུལ་དེའི་རིགས་སྤེལ་བར་ཅུང་གཟབ་ན་ལོས་དགའ་འདོད། -:)
ཀླུ་བྱམས་རང་བཙན་མཐའ་ལ་ལྷུང་། ཤར་ཁུག་དབུ་མའི་མཐའ་ལ་ལྷུང་བས། མང་གཙོ་ཚད་ལྡན་ལྟར་ན། སྤྱི་འཐུས་ནི་བོད་མི་མངས་ཀྱི་གཡོག་པོ་ཡག་པོ་ཅིག་ལ་ངོས་འཛིན་ཐུབ་པ་དགོས་པས། ཁོང་གཉིས་ནི་བོད་རིགས་མི་མངས་གཡོག་པོར་མི་འོས་སོ།། །།སྙམ་ལགས།། །།
མི་ཁག་ཅིག་གིས་ཀླུ་མཁར་བྱམས་ཀྱི་ཡོན་ཏན་བརྗོད་ཀྱི་འདུག་ མཁས་པ་རེད།ཟེར་ཡིན་དུ་བཅུག སྲིད་དོན་པ་རེད་ཟེར་ཡིན་དུ་བཅུག མཁས་དབང་རེད་ཟེར་མ་རེད། མཚན་ཉིད་རིག་པ་བ་རེད་ཟེར་མ་རེད། ཁོང་བཙོན་ཁང་དུ་འགྲོ་མྱོང་མཁན་ཞིག་རེད། ཁོ་བོད་པ་ཞིག་རེད། ཁོ་སྐྱབས་བཅོལ་བ་ཞིག་རེད། དེ་དག་ཚང་མ་བདེན་པ་རེད། ང་ཁོ་ལ་དགའ་སའང་དེ་ཡིན། ད་དུང་ཁོའི་ཨུ་ཚིགས་དེ་ལ་དགོས་བོ་བྱེད་ཀྱི་ཡོད། འོན་ཀྱང་ཁོའི་བཟང་དང་སྐྱོན་གཉིས་བསྡུར་གཤིབས་ཤིག་བྱས་ན་། ནོར་འཁྲུལ་གནམ་སར་མི་ཤོངས་ཐབས་མི་འདུག ཁོ་རང་བཙན་རྩོད་མཁན་ཡིན་པའི་མ་རེད། རང་བཙན་རྩོད་ཐུབ་ན་བུ་རྒོད་རེད། དབུ་མའི་ཁ་གཏད་རེད་ཟེར་ན་དེའང་མ་རེད། རང་བཙན་རྩོད་ན་རྒྱ་མིར་རྩོད་དགོས་པ་ལས་ནང་དུ་ལམ་དབུ་མར་ཅི་རྩོད་མི་དགོས་ཀྱང་ཤེས་ངེས་རེད། ཁོ་ཆོས་ལ་དད་པ་མེད་མཁན་ཡིན་པས་ཀྱང་མ་རེད། གོང་ས་མཆོག་ལ་དད་མ་དད་ཀྱང་མ་རེད། དེ་རང་དབང་རེད། ལྷག་པར་དུ་གོང་ས་མཆོག་ལྷ་ལ་ལྟ་དགོས་པ་མ་རེད་ལ་སྤྱན་རས་གཟིགས་དངོས་ལ་ལྟ་དགོས་མེད། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་སླད་མེད་ཅིག་དང་། མི་རིགས་འདིའི་དུས་ཀྱི་དཔའ་བོ་ཞིག་ཡིན་པ་ཁོས་ལེན་དགོས་པ་རེད་དེ། འོན་ཀྱང་ཁོས་དེ་ལྟར་ཁོས་བྱེད་ཀྱི་མི་འདུག། བླ་རྒན་ཙམ་མ་རེད། ཀླུ་མཁན་བྱམས་ཀྱི་བཤད་བཤད་ཚང་མ་སྐྱག་པ་ལྟ་བུ་ཞིག་ཡིན་ན། བླ་རྒན་ཟེར་བ་དེ་སྐྱག་པའི་ནང་གི་སྤུ་ཉག་མ་ཅིག་རེད་ དེ་སྐྱག་པ་དངོས་མ་རེད། མི་ཁག་ཅིག་གིས་ཀླུ་མཁར་བྱམས་ཀྱི་སྐྱག་པར་ལག་པ་འཆིངས་མ་འདོད་པར་ནང་གི་སྤུ་དེའི་སྣེ་མོར་འཇུས་ནས་འདི་སྐྱག་པ་མ་རེད་ཟེར་གྱིན་འདུག ཁོས་དོད་རྒྱལ་གྱི་རྒྱབ་ལང་བྱས་ནས་ལ་ཕར་རྒྱབ་ཀྱི་ཆོས་དད་རང་དབང་མེད་པའི་གནས་སྟངས་དང་ལ་ཚུར་རྒྱབ་ཀྱི་ཆོས་དད་རང་མེད་པ་གཅིག་པ་རེད་ཅེས་བཤད་མྱོང་ཡོད། ད་དུང་དཔལ་ལྡན་ལྷ་མོ་དང་གནས་ཆུང་གཉིས་སྔོན་དོད་རྒྱལ་ལ་མི་དགའ་མཁན་ཡིན་བཞིན་དུ་དེ་གཉིས་ཀྱི་ཁར་ཉན་ནས་དོད་རྒྱལ་དམ་དྲག་བྱས་པ་ནི་རྒྱལ་བ་རིན་པོ་ཆེས་དྲང་པོ་མ་བྱས་པ་ཞིག་ཡིན་པས་ཐ་ན་རྫི་བོ་ཚུན་ཆད་ཀྱིས་ཁས་ལེན་བྱེད་ཀྱི་མ་རེད་ཅེས་བཤད་འདུག། ད་དུང་སྐྱག་པ་མང་ཐག་ཆོད་ཅིག་འདུག དེ་བས་ཁོ་རང་ལ་རང་དབང་གི་སྐྱག་པ་བཏང་བཅུག་ན་ཡག་པོ་འདུག་ གངས་སྐྱིད་ནས་སྐྱག་པ་དེ་འདྲ་བཏང་ན་ལྷ་འཁྲིགས་ལངས་ཀྱི་རེད་དོ།། ངས་ནི་ཁོ་ལ་འོས་ཤིག་ད་གང་ནས་་ཁོའི་དྲན་པ་སོས་སོང་ན་ཡིན་དང་ཡིན་འོས་བླུག་ཆོག་གོ
འབྲོག་པ་ལགས། ངས་གོང་དུ་་་”རྟ་བདག་ཚོ་སང་ཞོགས་སྔ་བོ་ནས་ལངསཏེ་བསང་གསོལ་རེ་བྱོས་ཡ་ཧཧཧཧཧཧཧ” ཟེར་བའི་ཀུ་རེ་ཞིག་ཡོད་པ་འདི་ལ་གོ་བ་དེ་འདྲའི་ཟབ་མོ་ཞིག་ལེན་རྒྱུ་འདུག་གམ། ཧཧཧཧ
མ་གཞི་ལྷ་མཆོད་ཀླུ་གསོལ་འདི་བོད་ཀྱི་དམངས་ཁྲོད་རིག་གནས་གོམས་སྲོལ་ཆེ་ཤོས་ཤིག་རེད། རྡ་རམ་ས་ལའི་ལྷ་རྒྱལ་རི་ན་ཡང་རྟག་པར་བསང་གསོལ་རྒྱུན་ཆད་ཀྱི་ཡོད་མ་རེད། དེ་དག་ངས་བསྐུལ་བ་མིན་ལ་ངས་སྐུལ་དགོས་བྱུང་ན་ད་ཚར་བ་རེད། ཧཧཧཧཧ
གང་ལྟར་ཁྱེད་ཀྱིས་ང་ལ་བསླབ་བྱ་གཅིག་ཐེངས་གཉིས་ལ་བསྐྱར་འགོད་གནང་ནས་སྤྱི་ཚོགས་ལ་སེམས་ཁུར་གནང་བར་བཀའ་དྲིན་ཆེ།
རང་རེའི་བོད་མི་རིགས་འདིར་ལྷ་མཆོད་ཀླུ་འབོད་ཀྱི་དམངས་སྲོལ་རིག་གནས་ཡོད་པ་ངས་ཀྱང་ལོས་ཤེས་མོད། དམངས་གཙོའི་བྱ་འགུལ་ནང་དེ་འདྲ་ཞིག་གཏན་ནས་དར་སྲོལ་མི་འདུག་ལ། གལ་སྲིད་རྗེས་སུ་དེ་འདྲ་ཞིག་དར་བ་ཡིན་དེ་ནི་བློ་ཕམ་གྱི་གནས་སུ་འགྲོ་བས། སྔར་ནས་ཀུ་རེ་རྩེད་མོའི་ཚུལ་དུའང་མ་གླེང་ན་དགའ་བར་འདོད་པས་ཡིན། མི་ཚང་མའི་བསམ་ཕྱོགས་མི་གཅིག་སྟབས་སྐབས་རེ་དེའི་རིགས་ཀྱང་བེད་སྤྱོད་བྱ་མི་སྲིད་པ་མིན་པས་སེམས་འཚུབ་ལྟ་བུ་ཞིག་སྐྱེས་སོང་། ཁྱེད་ཀྱིས་ལྗགས་ལན་གནང་བཀའ་དྲིན་ཆེ་ཞུ།
ད་རེས་ཀྱི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་མི་དེ་གཉིས་ཀྱི་གནད་དོན་དང་འབྲེལ་ནས་གསལ་རྟོགས་ཐུབ་པ་ནི་རྒྱབ་སྐྱོར་བ་ཚོས་རང་ཉིད་ཀྱི་ལུང་ཚན་གཅིག་པ་དང་། ཡང་ན་གྲོགས་པོ་སོགས་གཙོ་བོར་འཛིན་ནས་མི་དེ་གཙོ་འདོན་བྱེད་པ་ལས་མི་དེའི་བྱས་འབྲས་ཡིག་ཐོག་ཏུ་སྤུངས་ཏེ་རྒྱབ་སྐྱོར་བྱེད་དགོས་ལུགས་བརྗོད་ཀྱི་མེད་པ་དེ་ནི་ངོ་མ་ཧ་ཅང་གི་སྐྱོ་བོ་ཞིག་རེད་འདོད།
ཀླུ་བྱམས་ཀྱི་”ངའི་བླ་རྒན།”འདི་ལ་བསམ་ཚུལ་ཏོག་ཙམ་ཡོང་བཞིན་གདའ།
བླ་རྒན་ཞེས་པ་འདི་ནང་ཚགས་ཀྱི་འབོད་སྒྲ་ཡིན་པར་ཚང་མས་ངོས་འཛིན་བྱེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོར་ཆེར་དེ་ལྟ་བུའི་ནང་ཚགས་འགྲོ་བར་མི་བྱེད། ལོ་ནའི་འབབ་དང་། ཡོན་ཏན། གོ་ས། སྤྱི་ཚོགས་ཀྱི་ཆེ་མཐོང་སོགས། དེར་བརྟེན་འགྲོ་མི་སྲིད་པ་དེར་ཨུ་ཚུགས་བྱེད་དུས། གུས་ཞབས་མེད་པར་སོང་། གུས་ཞབས་མེད་པའི་ནོར་འཁྲུལ་རེད།
གོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེར་ནང་ཚགས་ཐོག་བླ་རྒན་ཟེར་ན་འགྲིགས། ལོ་འབབ་དང་། ཡོན་ཏན། གོ་ས། སྤྱི་ཚོགས་ཀྱི་ཆེ་མཐོང་སོགས་ནས་འགྲིགས་ཀྱི་འདུག
བླ་རྒན་ཟེར་བའི་ཚིག་འདི་གཙོ་བོ་ཆོས་ལུགས་པར་ཁྱབ། དེ་ཡང་ཆོས་པ་ལོ་ན་རྒན་འགྲས་དང་མགོ་མཁྲེགས་པོ་ཡིན་པ་ལ་ཨུ་ཚུགས་ཅན་ཞིག་ལ་གོ། ཚིག་དེ་ཆོས་མེད་སྨྲ་བ་ཞིག་གིས་ཆོས་པ་ཞིག་ལ་བཀོལ་ན་དེ་ཡང་ནོར་འཁྲུལ་རེད། དེས་ན་ཀླུ་བྱམས་ཀྱིས་བླ་རྒན་ཟེར་བའི་ཐ་སྙད་དེ་ནོར་ནས་བེད་སྤྱོད་བཏང་གདའ།
ད་དེ་ཚར་བ་རེད། སྐྱོན་མིན་འདུག སླད་རྗེས་མ་སྐྱར་དུ་འདི་ལྟར་བེད་སྤྱོད་གཏོང་མི་སྲིད་ལ། ད་བར་བཏང་མ་སོང་བས། འདས་ཚར་བ་ལ་སྐྱར་བཤད་མི་དགོས་པར། གནས་ཚུལ་འདི་སྤྱི་འཐུས་ཀྱི་གནད་་དོན་ལ་འབྲེལ་བ་མེད་པ་བཟོ་ནའང་མི་འགྲིགས་པ་མིན་འདུག
ཆབ་བྲག་ལྷ་མོ་སྐྱབས་ནི་གཡོ་སྒྱུ་ཅན་གྱི་ཝ་ཞིག་ལས་མ་འདས། ཝ་ཕྲུག་ཀྱང་མང་པོ་འདུག ཝ་ཚོའི་འཁྲབ་སྟོན་ཀྱིས་གངས་སེང་ཀླུ་མཁར་བྱམས་ནི་མི་ནུས་པ་ཅན་ཞིག་ཡིན་པ་སྒྲུབ་ཀྱིན་འདུག
བསམ་ཤེས་ལགས། ངས་ཀྱང་དོན་ངོ་མ་ཀླུ་ལགས་ཀྱིས་བསམ་ཤེས་ཐུབ་ན་ལྷ་རབ་དང་མ་ཤེས་བ་ཡང་གཏམ་བརྗོད་ཐད་ནས་ཅུང་གཟབ་ན་བཟང་གི་འདོད། ཁོརང་གཡས་གཡོན་གང་ལ་ཡང་མ་ལྷུང་བའི་གཟུར་གནས་པ་ཞིག་ཡོང་རྒྱུར་རེ་བ་ཆེ། ཡང་གཅིག་ནས་བཤད་ན་ཁོ་རང་ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་རྒན་པའི་གྲས་ཀྱང་རེད། དེ་བས་ང་ཁོ་ལ་ཤ་ལོས་ཚ་འགན་ལོས་ཡོད། ངས་ཁོ་རང་དེ་སྔོན་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ལ་ཡང་གཏམ་བཤད་དུ་སྐད་བཏང་བ་ཡིན། ཁོ་རང་ཡང་ཡོང་བ་རེད། བསམ་ཚུལ་མི་མཐུན་པ་ཙམ་གྱིས་དགྲ་ཟླར་བཟུང་ན་ག་ལ་འགྲིགས། ཡིན་ན་ཡང་བློ་མཐུན་གྲོགས་པོ་ནི་མ་རེད། ཧ་ཧ་ཧ་་ཧ་་་་་ང་ཚོ་ཚང་མས་ཅིག་རྩོད་ཀྱིན་པ་འདི་བོད་ཀྱི་སྤྱི་དོན་རེད་མ་གཏོགས་སུ་ཞིག་གི་སྒེར་དོན་མ་རེད། དེ་བས་གཅིག་གཅིག་ལ་བསམ་ཤེས་དང་གུ་ཡངས། བཟོད་བསྲན་ཅི་རིགས་བྱེད་དགོས་པ་རེད། ལྟ་སྤྱོད་མི་མཐུན་ས་ནས་སོ་སོའི་བསམ་ཚུལ་ཤུགས་ཀྱིས་གླེང་དགོས་པ་རེད། འོན་ཀྱང་སྒེར་ངོས་ནས་མ་དགའ་བ་ཅི་ཡང་བྱེད་དགོས་དོན་ཡོད་མ་རེད། ཨ་རོ་བདེ་མོ། བཀྲ་ཤིས་བདེ་ལེགས་ཞུས་ནས་འགྲོ་ཡ་རང་རེད། འདི་ངའི་རྩ་དོན་འདྲ་བོ་རེད། སྤྱི་ཙོགས་མེ་ལོང་འདོན་ཐེངས་བརྒྱ་དང་ལྔ་བཅུ་བའི་ཐོག་ལ་ངས་འབོལ་རྩོམ་ཞིག་བྲིས་ཡོད། དེའི་ནང་ན་ཡང་ངའི་རེ་བ་འདི་ནན་གྱིས་བཏོན་ཡོད།
ང་ཚོའི་དཔའ་བོ་ཀླུ་གར་བྱམས་རྒྱལ་འགྱུར་ཅིག་་་་་་ཁྱེད་རྒྱལ་ན་་་་་་ང་ཚོ་གངས་ཅན་པ་དང་གངས་ཅན་པའི་བདེན་པ་རྒྱལ་བ་རེད་་་་་་་་་་་་
ཆབ་གྲགས་ལྷ་མོ་ཟེར་བའི་མི་ཕོ་བུ་མོའི་མིང་ཅན་ཁྱ྄ོད་དང་སྐར་ལྔའི་ཁྲག་དར་དམར་པོ་ཕམ་འགྱུར་ཅིག་་་་་་་དེ་གཉིས་ཕམ་ན་ང་ཚོ་གངས་ཅན་པ་འབུམ་བཅུ་གཉིས་ལྷག་ཙམ་གྱི་རྣམ་ཤེས་ཀྱི་དགྲ་བོ་དང་ཁོང་རྣམས་ཀྱིས་ཁྲག་གི་གོས་པའི་གོས་དར་དམར་པོ་ཕམ་པ་རེད་་་་་་་་་་་་་་་་་སྐད་ཆ་འདི་་་་་རྣམ་ཤེས་དང་རྣ་ཅོག་ཡོད་པའི་་་་་་་ཨ་མདོ་བ་ཚོས་ཤེས་རྒྱུ་གལ་ཆེ་་་་་
ཆབ་གྲགས་ལྷ་མོའི་རྣ་དེ་་་་་་་རྐུབ་ལ་ཡོད་པ་འདྲ་་་་
ཆབ་བྲག་ལགས་ཁྱེད་རང་ཡོ་རོབ་གླིང་ནས་བསྡོད་མཁན་ཞིག་ཡིན་པས། ཡོ་རོབ་སྤྱི་འཐུས་ཀྱི་འོས་མ་གཏོགས་གཞན་ཐོབ་ཐང་ཡོད་པ་མ་རེད། ད་ཁྱོས་བསམ་བཞིན་དུ་ཕྱིར་མདོ་སྨད་ནང་ལ་དཀྲུགས་ཤིང་མ་བཟོ། ཁྱེད་རང་རྩོམ་པ་པོ་ཡིན་ནའང་བསམ་བློ་ཅན་ཞིག་ཅན་ཞིག་མ་རེད། ཕྱིར་རང་གིས་ལས་བ་ལ་བསམ་བློ་ཞིག་ཐོང་དང་། རང་གིས་རྡ་ས་ནས་སྤྱི་འཐུས་ཀྱི་ལས་ཀ་མ་བྱེད་ནས། སྤྱི་འཐུས་ཀྱི་མིང་ཁྱེར་ནས། རང་དོན་གྱིས་ཆེད་དུ་ཕྱི་རྒྱལ་ལ་སོང་རང་དོན་ཉར་ནས་བསྡད་པ་རེད། ཅི་ཞིག་ལ་རྡ་ས་ནས་སྤྱི་འཐུས་སྐབས་སྔོན་མའི་ལས་ཀ་མཇུག་མ་བསྐྱངས་ཕྱི་རྒྱལ་ལ་སོང་ནས་རང་དོན་བྱས་བསྡད་པ་ཡིན། སྤྱི་འཐུས་ཀྱི་མིང་ཙམ་རེད། ད་དུང་ཕྱིར་ནང་དཀྲུག།
གངས་ཅན་པ་དང་་་་་་བདེན་པ་དང་་་་་་དམངས་གཙོ་་་་་་་་ཀླུ་གར་བྱམས་དང་་་་་བཅས་པ་རྒྱལ་འགྱུར་ཅིག་་་་་་་ཁྱེད་རྣམས་རྒྱལ་ན་དགྲ་བོ་རྒྱ་དམར་ཕམ་པ་ཡིན་པ་ཨ་མདོ་བ་ཚོས་ཤེས་པར་མཛོད་
གངས་ཅན་པའི་དགྲ་བོ་དང་་་་་་་གངས་ཅན་འབུམ་བཅུ་གཉིས་གསད་པའི་ཁྲག་གིས་གོས་པའི་ཁྲག་དར་དམར་པོ་དང་་་ཆབ་བྲག་ལྷ་མོ་ཟེར་བའི་ཕོ་ལོག་མོ་ལོག་དང་་་་་་་་ཤར་ཕྱོགས་འདྲེ་བྱ་ནག་པོ་་་་་་བཅས་ཕམ་པར་གྱུར་ཅིག་་་་་་དེ་རྣམས་ཕམ་ན་ང་ཚོ་གངས་ཅན་པ་རྒྱལ་བ་ཡིན་པ་ཨ་མདོ་བ་ཚོས་ཤེས་པར་མཛོད་
སྤྱི་འཐུས་བཤད་ནས་གནམ་ས་བཀང་འདུག ཀླུ་ཡིན་ན་ཆོག གང་ཡིན་ཡང་གཞུང་གི་ལངས་ཕྱོགས་འཛིན་མཁན་ཙམ་མ་ཡིན་པར་བོད་རྒྱ་གཉི་ཀའི་སྤྱི་ཚོགས་ལ་མཁྱེན་མངའ་ཡོད་མཁན་ཞིག་ཡིན་ན་འགྲིག་གི་རེད་མ་གཏོགས་རྩོམ་པ་པོ་ཡིན་རབས་དང་། སྤྱི་ཚོགས་ནང་འུར་ཆེ་མིན་འདི་དང་འབྲེལ་བ་ཆེན་པོ་མི་འདུག ད་གང་ལྟར་སང་ཉིན་གནང་ཉིན་ཤེས་ཐུབ།
སྐབས་དོན་ལ་གནས་ལུགས་བཤད་རྒྱུ་མེད་ན། འབྲེལ་མེད་དོན་གཞན་གྱི་ཤེས་ལ་མ་ཤེས་པའི་སྐྱོན་བརྗོད་དང་དམོད་མོས་གོ་ཅི་ཡང་མི་ཆོད།
ད་རྟ་རྒྱུགས་ཀྱི་ཨང་རིམ་གསལ་བསྒྲགས་ལ་ངང་སྒུག་བྱས་ཡོད། ཨང་དང་པོ་ཁུག་རྟ་ཟེར་བ་ཞིག་གོ་རྒྱུར་བྲེལ་བ་ལངས་ནས་བསྡད་ཡོད་ཡ་་་ཧཧཧཧཧཧཧ ང་རྟ་བདག་དགའ་ཞིག་ཡིན་པས་རང་གི་རྟ་ལ་འདང་རྩིས་ཆེ་ནི་རེད་གོ་་གལ་ཏེ་ཨང་མ་ལོན་ན་ཡང་ཁོ་ཆད་ནི་མ་རེད། ད་དུང་མུ་མཐུད་དུ་རྟ་བྱང་གི་འཇུག་རྒྱུ་མིན་ན་བདེན་ཆ་ཆ་ཨོ་ལེ།
བདེན་ཁྱ་ཁྱ། རྒྱ་རྟ་རྔོག་ལོ་ཞིག་གིས་ཅང་བ་ནི་མ་རེད། སེམས་བདེ་མོ་བྱོས། རྒད་པོ་མགོ་ཆག། ཧ་ཧ་ཧ།
ད་ཐེངས་ཀི་མདོ་སྨད་སྤྱི་འཐུས་སྐོར་དེ་བཀའ་བློན་ཁྲི་བ་འདེམས་པ་ལས་ཀྱང་འུར་ལངས་སོང་ང་། ཧཧཧཧཧཧཧཧཧ
ཨ་ཚོགས་ཀླུ་ཁར་འབྱམས་ལ་དངོས་འགྲོའི་སྤྱི་འཐུས་ནང་བརྒྱ་ཆ་མཐོ་ཤོས་ཐོབ་པའི་སྨོན་འདུན་ཞུ།
གོང་གི་དྲ་གྲོགས་འགས་ཀླུ་ཁར་བྱམས་ལ་རྒྱབ་སྐྱོར་དགོས་ལུགས་སྐད་གསང་མཐོན་པོས་སྒྲོགས་པ་དང་ཆབས་ཅིག་དུ་༸ གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། བཙན་བྱོལ་སྒྲིག་འཛུགས་སོགས་ལ་ཡང་ཟུར་ཟ་མང་པོ་བྱས་འདུག ང་ཚོས་ཞིབ་ཏུ་བསམ་བློ་ཐོངས་དང་། ཀླུ་མཁར་བྱམས་ལགས་ཀྱི་སྔ་ཕྱིའི་གཏམ་བཤད་དང་ཀུན་སྤྱོད་གང་ཐད་ནས་གོང་ས་མཆོག་ལ་གུས་བརྩི་ཕར་གཞོག་དྲིན་ལན་ལོག་མཇལ་གྱི་བྱེད་བབ་དེས་་བོད་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུའི་སེམས་ལ་ཕོག་ཐུག་དང་ན་ཟུག་བསླངས་ཡོད། ལྷག་པར་དུ་རང་སྲེག་གནང་མཁན་རྒྱལ་གཅེས་བློས་གཏོང་བ་ཚོའི་མངོན་འདོད་དང་མཐུན་པ་རེད་དམ། ཁོ་ཚོའི་རྣམ་ཤེས་ཀྱིས་ཐུགས་ཕམ་དང་སྤྱན་ཆབ་ཤོར་རྒྱུ་ལས་མ་འདས།
གཞན་ཡང་། གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་དེ་ནུས་མེད་དང་ལམ་ལྷོངས་མེད་པར་འགྱུར་རྒྱུའི་རེ་ངན་འཆང་བཞིན་པའི་དོལ་ཚོགས་དང་གུང་ཁྲན་ཏང་གི་རྒྱུགས་ཁྱི་ཚོས་ཆེད་མངགས་གོ་སྐབས་དམ་འཛིན་གྱིས་བེད་སྤྱོད་གཏོང་གི་ཡོད་པའི་གཡོ་སྒྱུའི་འོག་མ་འཚུད་པ་གནང་དགོས་གལ་ཆེ།།
བོད་རྒྱལ་ལོ། ཨ་ཚོགས་ཀླུ་ཁར་འབྱམས་རྒྱལ་ལོ།