སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་གཉན་ཐར་ལགས་ངོ་སྤྲོད་མདོར་བསྡུས།
གཉན་ཐར་ལགས་ནི་༡༩༨༡.༡༢.༢༧ ཉིན་ཨ་མདོ་ཀླུ་ཆུ་རུ་སྐྱེས་ཤིང་། རང་ལོ་བདུན་ནས་དངས་བླངས་དགོས་སྔགས་བླ་ཞིག་གི་གམ་དུ་ཕྱིན་ནས་དབུ་ཅན་དང་དབུ་མེད་སྐུང་ཡིག སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། སྔགས་ཀློག་ཐབས་སོགས་བློ་འཛིན་དང་། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལོ་བཅུ་གསུམ་ལ་སློབ་གཉེར་གནང་།
སྤྱི་ལོ་༢༠༠༡ ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཛུལ་ཞུགས་བྱས་ཤིང་། ༢༠༠༣ ལོར་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ནས་༢༠༠༤ ལོ་ནས་རྡ་རམ་ས་ལར་ཧྥ་ཞང་ཧྲན་法相山 ཡིག་བསྒྱུར་གླིང་དུ་ལོ་ངོ་དྲུག་རིང་རྒྱ་ཡིག་དང་ནང་ཆོས་སོགས་སློབ་གཉེར་གནང་། ༢༠༠༨ ལོར་ས་རཱ་མཐོ་སློབ་ཏུ་མཐོ་རིམ་རིག་གནས་རབ་འབྱམས་པ་མཐར་ཕྱིན་པ་དང་། ༢༠༡༠ ལོར་法相山 ཧྥ་ཞང་ཧྲན་སློབ་གླིང་ནས་དབུ་མ་རབ་འབྱམས་པ་དང་ཕར་ཕྱིན་རབ་འབྱམས་པ་མཐར་ཕྱིན་པའི་ལག་འཁྱེར་ཐོབ།
༢༠༡༡ ནས་ཝཱ་རཱ་ཎ་སཱིའི་ Banaras Hindu University/ BHU ཧིན་དྷིའི་གཙུག་ལག་སློབ་གྲྭ་ཆེན་མོར་(M.A. Indian Philosophy & Religion ) རྒྱ་གར་གྱི་མཚན་ཉིད་རིག་པ་དང་ཆོས་ལུགས་ཞེས་པའི་བརྗོད་གཞིའི་ཐོག་སློབ་གཉེར་གྱིས་M.A མཐོ་རིམ་སློབ་དཔོན་གྱི་ལག་འཁྱེར་ཐོབ། ༢༠༡༣ ལོ་ནས་མུ་མཐུད་གཙུག་ལག་སློབ་ཆེན་དེ་གར་རྒྱ་གར་གྱི་རྣལ་འབྱོར་མཚན་ཉིད་རིག་པ་དང་བོད་ཀྱི་རྣལ་འབྱོར་རྒྱུད་གཉིས་ཞིབ་བསྡུར་ཀྱིས་འབུམ་རམས་པའི་Doctor of Philosophy /Ph.D སློབ་གཉེར་བྱེད་བཞིན་ཡོད། ཞོར་དུ་རྒྱ་ཡིག་གི་ལམ་ནས་ནང་བསྟན་གཏན་ཚིག་རིག་པའི་དེབ་ཅིག་བོད་བསྒྱུར་གནང་གིན་ཡོད་པ་དང་། ལྷག་ཏུ་རྣམ་འབྱོར་མཚན་ཉིད་རིག་པ་དབྱིན་ཡིག་གི་ཐོག་ནས་རིགས་གཅིག་རྐང་འཛིན་གྱི་འབུམ་རམས་པ་སློབ་གཉེར་གནང་མཁན་བོད་རིགས་ཐོག་མ་དེ་ཆགས་ཡོད། ༢༠༡༡ ལོ་ནས་ཤེས་རིག་ལས་ཁུངས་རིགས་གཅིག་རྐང་འཛིན་སློབ་ཡོན་འོག་རྒྱ་གར་གྱི་དགེ་ལུགས་པའི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱི་ལོ་ངོ་ལྔ་བཅུའི་བྱུང་བར་ཞིབ་འཇུག་གིས་༼འཕགས་ཡུལ་གདན་གསུམ་གྱི་བྱུང་བ་གནད་བསྡུས།༽ཞེས་པ་བརྩམས་གནང་ཡོད།
གཞན་ཡང་སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དང་། རྒྱལ་སྤྱིའི་རྣལ་འབྱོར་མཚན་ཉིད་རིག་པ་དང་། སྲིད་དོན་མཚན་ཉིད་རིག་པ་སོགས་རྒྱལ་སྤྱི་དང་རྒྱ་གར་གྱི་རིག་གཞུང་ཚོགས་འདུ་གང་མང་ལ་མཉམ་ཞུགས་བྱེད་མྱོང་བས་ཉམས་མྱོང་དང་ཤེས་ཡོན་གང་ཅིའི་ཐད་ནས་འཐུས་ཚང་ཡིན་པ་དང་། ལྷག་པར་ཏུ་བོད་ཕྱི་ནང་གི་གནས་སྟངས་དང་མི་མང་གི་མངོན་འདོད་སོགས་ལ་རྒྱུས་མངའ་གསལ་བོ་ཡོད་སྟབས་ཁོང་ལྟ་བུ་སྤྱི་འཐུས་ལ་ལངས་འོས་པ་ཞིག་དང་འདེམས་འོས་པ་ཡིན།
ཞེས་རྡ་ས་དང་བལ་ཡུལ། ལྡི་ལིར་གནས་སྡོད་མདོ་སྨད་གཞོན་སྐྱེས་སྐོར་ཞིག་གིས།
ཁོ་ནི་དངོས་གནས་མི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པ་མ་ཟད། སྒེར་གཤིས་གཏན་ཚིག་ཅན་ཞིག་ཀྱང་རེད། ཁོང་སྤྱི་འཐུས་འོས་མིར་བཏོན་པ་ཧ་ཅང་ལེགས་པོ་རེད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
ཁ་བརྡ་དྲ་བའི་ནང་དུ་གནས་ཚུལ་སྡུག་ཅག་མང་པོ་ཞིག་ཡོད་པའི་ཁྲོད། གྲོགས་གཉན་ཐར་ལགས་སྤྱི་འཐུས་སུ་ལངས་པའི་གསར་བསྒྲགས་ཞིག་འདུག་པ་འདི་གནས་ཚུལ་ཡག་པོ་ཞིག་རེད་འདུག རྟེན་འབྲེལ་ཞུ།
དེང་སང་མདོ་སྨད་ཀྱི་ནང་དུ་ར་དང་ལུག་ལྟ་བུའི་སྤྱི་ཐུས་མང་བོ་ལངས་པ་ཚོ་ལསཆེས་འོས་འཚམས་ཀྱི་སྤྱི་ཐུས་འོས་མི་ཞིག་ཡོད་པ་དེ་ཁོ་མཐོང་སོང་།
སློབ་སྦྱོང་གི་གནས་སྟངས་ཡག་པོ་ཡོད་ས་རེད། འོན་ཀྱང་སྤྱི་འཐུས་ལ་ལངས་ངོ་མ་ཡིན་ན་སློབ་སྦྱོང་ཡག་པོ་ཡོད་པ་གཅིག་པུས་ཆོག་གི་མ་ེརད། གནས་སྟངས་མང་པོ་ཞིག་མཁྱེན་དགོས་པ་རེད།
ད་ལོར་མདོ་སྨད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་ཚོ་གཅིག་མཇུག་གཉིས་ལངས་ཀྱིས་སྤྱི་འཐུས་འོས་མིར་བཞེངས་པ་ནི། རང་ཉིད་དང་མདོ་སྨད་སྤྱི་འཐུས་ལས་ཐོག་པ་ཕན་ཚུན་བསྡུར་བའི་རྗེས་ཀྱི་འགུལ་སྟངས་ཤིག་རེད་དྲན་ཡོད། ལས་ཐོག་པ་ཚོས་ཀྱང་སོ་སོའི་ཤེས་འཇོན་དང་འོས་མིར་བཞེངས་མཁན་གསར་པ་ཚོའི་ཚད་གཞི་བསྡུར་བ་ཞིག་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ད་ལྟ་འོས་མིར་བཞེངས་མཁན་ནང་ལ། སྐད་ཡིག་གཉིས་གསུམ་མཁྱེན་མཁན། ཤེས་ཡོན་ཚད་ལྡན་ཡོད་མཁན་མང་པོ་འདུག ལས་ཐོག་པ་ཚོ་སྤྱི་བར་བསམ་བློ་གཏོང་མཁན་ཡིན་པ་བདེན་ན། རྐུབ་སྟེགས་དེ་འཇོན་མཁན་ཚོར་྄འབུལ་བའི་བསམ་བློ་ཙམ་གཏོང་ཤེས་དགོས་པ་རེད།
ཡག་པོ་འདུག རྟེན་འབྲེལ་ཞུ་ཡ་ཡིན།
ངས་ཆབ་སྲིད་མ་སྲིད་དང་སྤྱི་འཐུས་མ་འཐུས་དེ་ཚོ་ཤེས་ཀིན་མེད་ལ། དགའ་ཡང་མི་དགའ་འོན་ཀྱང་མི་འདིའི་དམིགས་ཡུལ་གཅི་ཞིག་ཡིན་མིན་ཡང་མི་ཤེས། ཤེས་ཡོན་གྱི་གནས་ཚད་ཡག་པོ་རེད།
ངས་ཆབ་སྲིད་མ་སྲིད་དང་སྤྱི་འཐུས་མ་འཐུས་དེ་ཚོ་ཤེས་ཀིན་མེད་ལ། དགའ་ཡང་མི་དགའ་འོན་ཀྱང་མི་འདིའི་དམིགས་ཡུལ་ཅི་ཞིག་ཡིན་མིན་ཡང་མི་ཤེས། ཤེས་ཡོན་གྱི་གནས་ཚད་ཡག་པོ་རེད། འོས་མི་དེ་ཚོའི་ནང་དུ་ཤེས་ཚད་ཁོ་ཡག་པོ་ཡོད་པ་འདྲ། འོན་ཀྱང་ཉམས་མྱོང་མི་ཤེས། ཉམས་མྱོང་ཟེར་བ་དེའང་དེ་འདྲ་ཧང་སང་ཡ་ཡོད་མ་རེད། སྤྱི་འཐུས་ཤིག་གི་ལས་གནས་ལ་དེ་འདྲ་ཉམས་མྱོང་ཆེན་པོ་ཞིག་ཀྱང་དགོས་མ་རེད། ཤེས་ཡོན་གྱི་ཚད་གཞི་ཡང་འདི་འདྲ་ཞིག་དགོས་མ་རེད། མ་གཞི་ནས་ང་ཚོའི་སྤྱི་ཚོགས་ཀྱི་སྤྱི་འཐུས་ཚོ་ཀླད་པ་འཁྲབ་མཁན་རྐྱང་ལས་མེད་པ། དེ་བས་ཤེས་ཡོན་པ་འདི་འདྲ་ཞིག་རྐུབ་སྟེགས་དེ་འདྲ་ཞིག་ལ་འགྲོ་རྒྱུ་ཟེར་ན་ངའི་སེམས་བདེ་མོ་ཞིག་རེད་མིནའདུག དེ་ལས་ཀྱང་ཤེས་དགོས་པ་ཞིག་ལ་ང་ཚོའི་སྤྱི་ཚོགས་འདི་ཤེས་ཡོན་པ་རེ་ཟུང་གིས་བསྒྱུར་ཐུབ་པ་ཞིག་མ་རེད། དེ་འདྲ་ཞིག་ཡིན་ན་ང་ཚོའི་གནས་སྟངས་སྔ་ས་ནས་བརྗེས་ཚར་ཡོད།
ནམ་རྒྱུན་ངས་སྤྱི་འཐུས་དང་སྲིད་སྐྱོང་སོགས་ཀྱི་སྐོར་ལ་སྐད་ཆ་གཅིག་ཀྱང་དྲ་ཐོག་ཏུ་མ་བཤད་ནས་ལོ་མང་སོང་། དེ་ནི་ངས་བཤད་མི་འདོད་པ་དང་འགན་མ་ཁུར་བ་མིན་ཕན་ཐོག་མེད་དང་སྐབས་འགར་ཕན་པ་ལས་གནོད་ངེས་པའི་ཡིན། འོ་ན་དེ་རིང་ང་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་སྐབས་རྗེས་མའི་སྤྱི་འཐུས་སུ་ལངས་འཆར་ཡོད་པ་མཐོང་དུས་སྐད་ཆ་ཞིག་བཤད་འདོད་བྱུང་། སྤྱིར་གཉན་ཐར་ལགས་ལ་རྒྱུས་མངའ་ཡོད་རིགས་རྣམ་པར་ངས་མ་ཞུས་ཀྱང་མཁྱེན་གསལ་རེད་མོད། འོན་ཀྱང་འོས་འཕེན་མཁན་ཚང་མས་ཁོང་ཤེས་རྟོགས་ཡོད་པའི་ངེས་པ་མེད་པས་ངའི་ཤེས་པའི་གཉན་ཐར་ལགས་ཁྱེད་ཅག་གི་མདུན་དུ་འགྲེམ་འདོད་བྱུང་། ཁོང་ནི་སྤྱིའི་ཆ་ནས་མི་གཞི་བཟང་ལ་དྲང་ཚུགས་ལྡན་དེའི་སྟེང་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ལ་མཁྱེན་རྒྱ་ཡངས་ཤིང་གནའ་དེང་གི་ཤེས་ཡོན་ལ་དབང་འབྱོར་བ་ཙམ་མ་ཟད་ལེགས་ཉེས་བླངས་དོར་འབྱེད་པའི་ཤེས་རབ་དང་སྤོབས་པ་ཟུང་ལྡན་ཡིན། དེའི་སྟེང་ས་གནས་རྒྱ་གར་གྱི་སྐད་གཞིས་ལུས་བོད་མི་དང་བྱེས་འབྱོར་བོད་མི་གསར་རྙིང་གི་གནས་སྟངས་སོགས་གསལ་བོ་མཁྱེན་མཁན་ཞིག་ཡིན་པས་ཁོང་ནི་ཚད་ལྡན་གྱི་སྤྱི་འཐུས་ཤིག་ཏུ་འདོད་དོ། །